Video Overview
The director of the factory discusses the warehouse of medicinal materials.
- ཀངས་བཤད་ཡས་དེ་ཨ་ནི་གཙོ་བོ་དེ་ག་རེ་ཟེར་ན་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་གི་སྨན་རྩིས་ཁང་གི་སྨན་བཟོ་གྲྭའི་གནས་ཚུལ་ཟེར་དགོ་༼དགོས་༽རས་༼རེད་དམ་༽་དེ།
- ཀསྐབས་དེ་དུས་ཙ་ནས་ཆ་བཞག་ན།་
- ཀང་རང་ཚོའི་སྨན་རྩིས་ཁང་གིའི་ཆ་རྐྱེབ་ད་མ་སོང་ནས་ཞེ་དྲག་༼ཧ་ཅང་༽་སྐྱོ་པོ་རེད།
- ཀབྱས་ཙང་སྨན་རྩིས་ཁང་ཁོ་རང་ལ་ཆ་བཞག་ན།
- ཀ1916ལོ་ལ་བཙུགས་པ་རེད།
- ཀ16ལོ་ལ་བཙུགས་བྱས་བྱས་སྐབས་དེ་དུས་ཙ་ནས་ཆ་བཞག་ན།
- ཀསྨན་རྩིས་ཁང་གི་སྨན་བཟོ་ཡས་ཟེར་ཡས་དེ་གང་འདྲས་བྱེད་ཀྱི་ཡོའོ་༼ཡོད་༽རས་༼རེད་དམ་༽ཟེར་ན།
- ཀད་ལྟ་ནང་བཞིན་གྱིས་དེ་འདྲས་ཀྱིའི་ཆ་རྐྱེན་དེ་འདྲས་ཁྱོན་ནས་༼རྩ་བ་ནས་༽་ཡོའོ་༼ཡོད་༽མ་རེད།
- ཀསྐབས་དེ་དུས་མཛོད་ཁང་ནང་ལ་རྩ་བའི་གཅིག་ད་མ་རྩ་ད་མ་སོང་ནས་བསྡོམས་པ་ཡིན་ན།
- ཀལྔ་སྟོང་ནས་བཞི་སྟོང་བར་དུ་མ་གཏོགས་སྤྱིར་བཏང་གི་དེ་འདྲས་ཁྱོན་ནས་༼རྩ་བ་ནས་༽ཡོའོ༼ཡོད་༽མ་རེད།
- ཀབྱས་ཙང་ཡིན་ནའི་ལའི༼ཡིན་ནའང་༽་ག་རེ་རས་༼རེད་དམ་༽ཟེར་ན།་
- ཀསྐབས་དེ་དུས་ང་རང་ཚོའི་ཨེམ་རྗེ་༼སྨན་པ་༽གཅིག་གིའི་ངོས་ནས་ཆ་བཞག་ན།
- ཀསྤྱི་ཚོགས་རྙིང་པའི་ང་རང་ཚོའི་བོད་པའི་ཨེམ་རྗེ་༼སྨན་པ་༽དེ་ག་རེ་རས་༼རེད་དམ་༽་ཟེར་ན།
- ཀགཅིག ཕྱོགས་གཅིག་ནས་ཆ་བཞག་ན་སོ་སོའི་སྨན་སོ་སོས་བཟོ་ཡས་ཟེར་ཡས་དེ་འདྲས།
- ཀབྱས་ཙང་དབྱར་ཁའི་དུས་སུ་ཆ་བཞག་ན།
- ཀརི་ལ་ཕྱིན་བྱས་སྨན་བཀོག་ཡས་འོང་དགུན་ཁའི་དུས་སུ་སྨན་བཟོ་ཡས་ཟེར་ཡས་དེ་འདྲས།
- ཀབྱས་ཙང་དེ་ལ་ཆ་བཞག་ན། ཨེམ་རྗེ་༼སྨན་པ་༽དགུང་ལོ་བགྲེས་་པ་ཡར་ཕུད་པའི་གཞན་གྱིའི་ལོ་གཞོན་པ་ཚང་མ་ལོགས།
- ཀདེའི་ནང་ཁུལ་ལ་ཆ་བཞག་ན། སློབ་སྦྱོང་ནང་ཁུལ་ལ་བཞུགས་དགོ་༼དགོས་༽རེད།
- ཀབྱས་ཙང་གཅིག་ག་རེ་རས་༼རེད་དམ་༽ཟེར་ན་ད།
- ཀདབྱར་ཁ་ལ་ཆ་བཞག་ན་ཟླ་བ་དྲུག་པ་དང་བདུན་པའི་ནང་ཁུལ་ལ་ཆ་བཞག་ན།
- ཀདོག་སྡེ་བཀྱོན་བྱས་རི་ལ་ཕྱིན་བྱས་སྨན་བཀོག་ཡས་ཟེར་ཡས་དེ་འདྲས།
- ཀའོང། ད་ག་ནང་བཞིན་གྱི་ཨ་ནི། ཁག་གཅིག་ལ་ཆ་བཞག་ན།
- ཀསྐབས་དེ་དུས་ཙ་ན་ག་རེ་རས་༼རེད་དམ་༽ཟེར་ན།
- ཀང་རང་ཚོས་ཙུའུ་དང་མ་སོང་ནས་་བགོས་བྱས་བྱས།
- ཀཨེམ་རྗེ་༼སྨན་པ་༽ཁག་གཅིག་ཀོང་པོ་ལ་བཏང་ཡས། ཁག་གཅིག་ལ་ཆ་བཞག་ན་ཕར་ནག་ཆུའི་རྒྱུད་ལ་བཏང་ཡས།
- ཀཁག་གཅིག་ལྷོ་ཁ་རྒྱུད་ལ་ཕྱིན་བྱས་བྱས།
- ཀསྐབས་དེ་དུས་དེ་རིང་སང་ནང་བཞིན་གྱིས་ང་ཚོར་ཆ་རྐྱེན་ཡོའོ་༼ཡོད་༽་མ་རེད།
- ཀསོ་སོའི་སྨན་དེ་སོ་སོས་བཟོ་ཡས་ཟེར་ཡས་དེའི་ནང་ཁུལ་ལ་ཆ་བཞག་ན།
- ཀཨེམ་རྗེ་རང་ལ་ཆ་བཞག་ན། རྒྱགས་རང་འཁུར་བྱས་ནས་འགྲོ་རྒྱུ་རེད།
- ཀམ་གཏོགས་གཅིག་གི་ཡིན་ན། ད་ལྟའི་གཅིག་གིས་འགྲིམ་འགྲུལ་དེ་འདྲས་གནས་ཚུལ་དེ་འདྲས་སྟབས་བདེ་པོ་དེ་འདྲས་སྐབས་དེ་དུས་ཡིན་ན་ཁྱོན་ནས་༼རྩ་བ་ནས་༽ཡོའོ་༼ཡོད་༽་མ་རེད།
- ཀའདུག་ཟེ་བྱས་བྱས་གཅིག་རེད།
- ཀད་དེ་བཞིན་གྱི་དཔེར་ན་དགུན་ཁའི་དུས་སུ་སླེབས་སོང་ན།
- ཀསྨན་དེ་སུས་བཟོ་དགོ་༼དགོས་༽རས་༼རེད་དམ་༽ཟེར་ན། ཨེམ་རྗེ་༼སྨན་པ་༽རང་གི་སྨན་བཟོ་དགོ་༼དགོས་༽རེད།
- ཀད་ཉིན་མའི་དགུང་ལ་སློབ་ཚན་ཚོགས། མཚན་ནང་གུང་ལ་སླེབས་དུས་ཙ་ན། ག་རེ་བྱེད་དགོ༼དགོས་༽་རས་༼རེད་དམ་༽ཟེར་ན།
- ཀཨ་ནི་རྦད་དེ་འབངས་བསྒྲིགས་བྱས་བསྡད་བྱས་བྱས། ཁག་གཅིག་གིས་ཆ་བཞག་ན་རིལ་བུ་སྒྲིལ།
- ཀཁག་གཅིག་གི་ཡིན་ན་རིལ་ཕྱག་བརྒྱབ། འདུག་བྱས་བྱས་སྨན་བཟོས་བྱས་བྱས་ཨ་ནི་དེ་འདྲས་ཀྱི་ག་རེ་ཟེར་དགོ་༼དགོས་༽རས་༼རེད་དམ་༽ད་འཚོ་བ་མ་སོང་ནས་བསྐྱལ་བྱས་བྱས།
- ཀཨ་ནི་སྐབས་དེ་དུས་ཀྱིས་ད་ལྟ་ང་རང་ཚོའི་སྨན་ཟེར་དགོས་རེད་པས།
- ཀཁོ་རང་ནང་ཁུལ་ལ་ཆ་བཞག་ན། གཙོ་བོ་དེ་ཕྱི་རྒྱལ་ནས་ཚུར་ཐོན་པའི་སྨན་གྱི་རིགས་མཐའ་དག་ཡིན་ན།
- ཀད་ཚོང་པ་ལ་མངགས་བྱས་བྱས་ཕྲན་བུའི་ཕྲན་བུའི་ཉོ་ཡས་ཟེར་ཡས་དེ་འདྲས།་
- ཀས་གནས་རང་ཁོངས་ནས་ཐོན་པའི་སྨན་ཟེར་ཡས་དེ་འདྲས་ཡིན་ན། རྦད་དེ་རྒྱགས་རང་ཁུར་བྱས་བྱས།
- ཀསོ་སོ་རང་ཉིད་ཀྱིས་རང་མགོ་རང་ཐོན་བྱས་བྱས་ནས་ད་གང་ལྟར་ད་ལྟའི་སྟོབས་དང་མ་སོང་ནའི་་ཆེན་པོ་དེ་ག་ཙམ་ཞིག་བྱུང་ཡོའོ་༼ཡོད་༽རེད།
- ཀཡིན་ནའི་རེད་པཱ། སྐབས་དེ་དུས་ཙ་ནས་ཆ་བཞག་ན།
- ཀསྨན་ཟེར་དགོ་རས་༼རེད་དམ་༽དེ་ཚོ་ནང་ཁུལ་ལ་ཆ་བཞག་ན།
- ཀསྤུད་ཚད་རེད་དེ་ཚོའི་སྒང་ལ་ཆ་བཞག་ན།
- ཀང་རང་ཚོས་ལོ་རབས་དྲུག་བཅུ་དང་ལྔ་བཅུའི་ནང་ལོགས་ལ་ཆ་བཞག་ན།
- ཀསྨན་རྩིས་ཁང་གིའི་ཡོན་ཀྲང་མཁྱེན་རབས་ནོར་བུ་རང་གིས།
- ཀཞིབ་བཤེར་དང་མ་སོན་ནས་གནང་གི་རེད།
- ཀབྱས་ཙང་གནང་དུས་གང་འདྲས་ཟེ་གནང་གི་རས་༼རེད་དམ་༽ཟེར་ན།
- ཀསྨན་དེ་འདུག་ཟེ་སྦྱོད་ཏེ་བྱས་ཚར་སོང་ན།
- ཀསྐབས་དེ་དུས་ཙ་ནས་རྒྱ་མ་ལ་བཀྱག་དེ་འདྲས་ཀྱིའི་དེ་ཡོའོ་༼ཡོད་༽མ་རེད།
- ཀསྲང་ཚད་མཇལ་ཡས་ཟེར་ཡས་དེ།
- ཀསྐབས་དེ་དུས་ག་རེ་རས༼རེད་དམ་༽ཟེར་ན་ཚོད་དཔག་གནང་གི་རེད།
- ཀགཞོང་པའི་ནང་ལོགས་ལ་མཇལ་གནང་མཇལ་གནང་ཚར་སོང་ན།
- ཀཨ་ནི་གཞོང་པ་དེ་ཁིར་༼འཁྱེར་ཕྱིན་བྱས།
- ཀཨ་ནི་མཁྱེན་རབས་ནོར་བུའི་སྐུ་མདུན་ལ་ཁིར་༼འཁྱེར་༽ཕྱིན་བྱས་ཨ་ནི།
- ཀཨ་ནི་མཁྱེན་རབས་ནོར་བུས་ག་རེ་གནང་གི་རས་༼རེད་དམ་༽ཟེར་ན།
- ཀསྤྱན་ཡོའོ་༼ཡོད་༽མ་རེད་སྟེ་ཡིན་ནའི་༼ཡིན་ནའང་༽འདུག་ཟེ་གཟིགས་གནང་གི་རེད།
- ཀསྨན་གྱིའི་སྤོངས་ཆེ་ཆུང།
- ཀསྨན་འདི་ནས་ག་ག་ཙ༼ཙམ་༽་རྒྱག་དགོ་༼དགོས་༽ཀྱི་རས་༼རེད་དམ་༽། འདི་ནས་ག་ད་ཙ་རྒྱག་དགོ་༼དགོས་༽ཀྱི་རས་༼རེད་ད་མ༽།་
- ཀདེ་གྱད་༼དེ་རྣམས་༽དེ་གཟིགས་ཚར་སོང་ན། ཨ་ནི་གཞི་ནས་ད།
- ཀཁ་ཤས་ས་ལ་ཡིན་ན་བསྐྱར་དུ་ཁ་སྣོན་རྒྱག་དགོས་ཡས་ཟེར་ཡས་དེ་འདྲས།
- ཀཁ་ཤས་ས་ལ་མང་དྲགས་ཤག་ཕར་ཏས་ཙ་༼ཏོག་ཙམ་༽འཕྲི་གསུངས་ཡག་གིའི་བཟོ་འདྲ་དེ་འདྲས།་
- ཀའདུག་ཟེ་བྱས་བྱས་ཨ་ནི་སྨན་དེ་གཏན་དང་མ་སོང་ནས་འཁེལ་བ་རེད།
- ཀའཁེལ་ཚར་སོང་ན། ཨ་ནི་གཤམ་ལ་མར་ཕྱིན། ང་རང་ཚོས་ད་གིན་གོང་ལ་ཞུས་པ་ནང་བཞིན་གཞོན་ཀྲལ་ཡོའོ་༼ཡོད་༽རེད་པཱ།
- ཀལོ་གཞོན་པ་དེ་གྱད་༼དེ་རྣམས་༽་རེས་མོས་བྱས་བྱས་སྨན་དེ་དགོ་༼དགོས་༽རེད། སྐབས་དེ་དུས་ཙ་ན་ཆ་བཞག་ན།
- ཀདེ་རིང་སང་ནང་བཞིན་འཁྲུལ་འཁོར་དེ་འདྲས་ཡིན་ན་ཁྱོན་ནས་༼རྩ་བ་ནས་༽་ཡོའོ་༼ཡོད་༽མ་རེད།
- ཀཨ་ནི། དཔེར་ན་ག་རེ་རས་ཟེར་ན། རྟིང་ཁུང་ནང་ཁུལ་ལ།
- ཀརྦད་དེ་ཉི་མ་ཉིན་གང་རྡོ་ཞུས་བྱས་ནས་འདུག་ཟེ་བྱེད་དགོ་༼དགོས་༽་རེད་པཱ།་
- ཀདེ་བྱས་ཚར་སོང་ན་ཨ་ནི་ག་རེ་རས་༼རེད་དམ་༽ཟེར་ན།
- ཀམཚན་ནམ་གུང་ལ་ཆ་བཞག་ན་ཨ་ནི་རིལ་བུ་དྲིལ་ཡས་ཟེར་ཡས་དེ་གནས་ཚུལ་ངོ་མ་དེ་འོ་འདུག་བྱས་བྱས་དེ་འདྲས་རེད།་
- ཀདེ་དེ་རིང་སང་ནང་བཞིན་གྱི་ཆ་རྐྱེན་ཟེར་དགོ་༼དགོས་༽རས་༼་རེད་དམ་༽དེ་འདྲས་ཡིན་ན་ཁྱོན་ནས་༼རྩ་བ་ནས་༽ཡོའོ་༼ཡོད་༽མ་རེད།
- ཀསྨན་རྩིས་ཁང་ཁོ་རང་ལ་ཆ་བཞག་ན་རེད།
- ཀབྱས་ཙང་སྨན་རྩིས་ཁང་ལ་སྐབས་དེ་དུས་སྒང་ནས་ཆ་བཞག་ན་ཨེམ་རྗེ་ཟེར་ནའང་འདྲ་ལས་བཟོ་ཟེར་ནའང་འདྲ།་
- ཀབསྡོམས་པས་མི་དྲུག་ཅུ་ནས་བདུན་བཅུའི་པ་རུག་༼བར་༽ལས་ཡོའོ་༼ཡོད་༽མ་རེད།
- ཀསྐབས་དེ་དུས་སྨན་རྩིས་ཁང་ཁོ་རང་ལ་ཆ་བཞག་ན།
- ཀད་ཡིན་ནའི་༼ཡིན་ནའང་༽ལའི་མཇུག་གུ་ལ་ག་རེ་རས་༼རེད་དམ་༽་ཟེར་ན། ས་གནས་སྲིད་གཞུང་ལ་ཨ་ནི་མཁྱེན་རབས་ནོར་བུས་སྙན་སེང་ད་མ་སོང་ནས་ཞུས་བྱས་བྱས།
- ཀཨ་ནི་སྟག་ལུང་བྲག་རྒྱལ་ཐོག་གི་སྐབས་ལ་ཆ་བཞག་པ་ཡིན་ན། ཨ་ནི་གཞི་ནས་སྨན་བརྡུངས་པ་ཟེར་དུས་ཡིན་ན།
- ཀསྟོད་ལུང་གི་ད་ལྟ་ཆུ་གསངས་ནས་མི་སྣ་བཞི་གཅིག།
- ཀཨ་ནི་གཞི་ནས་སྐབས་དེ་དུས་ས་གནས་སྲིད་གཞུང་གིས་བཀོད་སྒྲིག་ད་མ་སོང་ནས་གནང་བཞག
- ཀསྨན་བརྡུངས་མཁན་ཆེད་མངགས་སྨན་བརྡུངས་པ་ཟེར་མཁན་དེ་འདྲས།
- ཀསྨན་རྫོགས་མཁན། དེ་ཕན་ཆད་ལ་ཆ་བཞག་ན། ད་ག་རེད།
- ཀབོད་ཁོ་རའི་ལོ་རྒྱུས་ཐོ་གནས་ཆ་བཞག་ན།
- ཀབོད་ཀྱི་ཨེམ་རྗེ་ཞིག་ཡིན་ཕྱིན་ཆད་ལ་ཆ་བཞག་ན། སོ་སོའི་སྨན་སོ་སོས་བཀོག། སོ་སོའི་སྨན་སོ་སོས་བཟོས།
- ཀཨ་ནི་ཕྱོགས་གཅིག་ནས་ནད་པ་བལྟས། ཕྱོགས་གཅིག་ནས་སྨན་བཟོས།
- ཀདེ་འདྲས་བྱས་ནས། ཨ་ནི་ལོ་མང་པོ་འདུག་ཟེ་བྱས་བྱས་ཁྱོན་གང་ལྟར་ལོ་ངོ་སྟོང་ཕྲག་གཉིས་ལྷག་ཙམ་དེ་འདྲས་ཀྱི་ལོ་རྒྱུས་ཡོའོ་༼ཡོད་༽རེད་པཱ།
- ཀད་ཡིན་ནའི་རེད་པཱ། མཇུག་གུ་ལ་ཆ་བཞག་ན། ཨ་ནི།
- ཀག་ལེར་ག་ལེར་ཆ་རྐྱེན་དང་མ་སོང་ན་ཨ་ནི་་ཡག་རུ་ཡག་རུ། ཡག་རུ་ཕྱིན་བྱས་ནས། ཨ་ནི་ད་ལྟའི་ང་རང་ཚོའི་སྨན་བཟོ་གྲྭ་དེ་ལ། བོད་སྨན་བཟོ་གྲྭ་དེ་ལ་ཆ་བཞག་ན་ཨ་ནི།
- ཀཞེ་དྲག་གིས་སྟོབས་དང་མ་སོང་ན་ཆེན་པོ་ཆགས་ཡས་ཟེར་ཡས་དེ་རྨང་གཞི་དེ་འདྲའི་ཞིག་གིས་འོག་ནས་ཆགས་པ་དེ་འདྲས་རེད།
- ཀད་ཡིན་ནའི་རེད་པཱ། སྐབས་དེ་དུས་ཙམ་ནས་ཆ་བཞག་ན།
- ཀང་ཚོ་བོད་ལ་སྨན་བཟོ་མཁན་སྨན་རྩིས་ཁང་མ་གཏོགས་སྨན་རྩིས་ཁང་གི་སྨན་བཟོ་གྲྭ་མ་གཏོགས་ཅིག་གི་ཡིན་ན་དེ་རིང་སང་ནང་བཞིན་གྱི་ཀྲོན་ཆུས་ཁག་གི་སྨན་བཟོ་གྲྭ་ཟེར་ཡས་དེ་འདྲས་སྐབས་དེ་དུས་གཅིག་ཀྱང་ཡོག་མ་རེད།
- ཀགཅིག་ཀྱང་ཡོག་མ་རེད། ད་མཇུག་གུར་ག་རེ་རས་༼རེད་དམ་༽ཟེར་ན།
- ཀཨ་ནི་ང་ཚོའི་བྱམས་པ་ཡོན་ཀྲང་གིས་ཆ་བཞག་ན།
- ཀཕྱོགས་གཅིག་ནས་ང་རང་ཚོའི་སྨན་བཟོ་གྲྭ་དེ་འཕེལ་རྒྱས་ད་མ་སོང་ནས་བཏང་གནང་།
- ཀདེའི་ནང་ཁུལ་ལ་ཆ་བཞག་ན་ཆ་རྐྱེན་དང་མ་སོང་ན་མང་པོ་དེ་འདྲས་སྐྲུན།
- ཀགཉིས་ནས་ཆ་བཞག་ན། ཞོར་ལ་ཨ་ནི་ཀྲོན་ཆུས་ཁག་ལ་རོགས་པ་གནང་བྱས་ནས།
- ཀཨ་ནི་ད་ལྟ་ལྷོ་ཁ་ཟེར་ཡས་དེ་འདྲས་ནག་ཆུ་ཟེར་ཡས་དེ་འདྲས་འདུག་གཱ། གཉའ་ལམ་ཟེར་ཡས་དེ་འདྲས།
- ཀདེ་ཚོ་ཚང་མ་ལོགས་ལ་ཆ་བཞག་ན།་སྨན་རྩིས་ཁང་གིས་རྒྱབ་སྐྱོར་ད་མ་སོང་ན་བྱས་ནས།
- ཀཨ་ནི་གཞི་ནས་ད་ལྟ་སྨན་བཟོ་གྲྭ་དེ་འདྲས་ཆུང་ཆུང་དེ་འདྲས་ཡིན་ན་ཆགས་བྱས་དེ་འདྲས་རེད།
- ཀད་ཡིན་ནའི་རེད་པཱ། དངོས་གནས་དྲང་གནས་ཀྱི་དེའི་ནང་ཁུལ་ལ་ཆ་བཞག་ན།
- ཀཆ་རྐྱེན་དང་མ་སོང་ན་ཡག་ཤོས་དེ་ང་ཚོའི་ཨ་ནི་སྨན་བཟོ་གྲྭ་དེ་ལ་ཆ་བཞག་ན་ད།
- ཀལོ་ངོ་བཞི་བཅུ་ལྷག་ཙམ་གྱི་ད་ལོ་རྒྱུས་ཡོའོ་༼ཡོད་༽རེད་པཱ།
- ཀབྱས་ཙང་འདི་ཡིན་དུས་ཙ་ནས་ཆ་བཞག་ན། དངོས་གནས་དྲང་གནས་དེ་ཚོའི་ནང་ཁུལ་ལ་ཆ་བཞག་ན།
- ཀཕྱོགས་གཅིག་ནས་སྨན་གྱིས་སྤུས་ཚད་ཡིན་ནའི་༼ཡིན་ནའང་༽འདྲ་འདུག
- ཀགཉིས་ནས་ཆ་བཞག་ན་སྨན་གྱི་སྦྱོར་སྡེ་བྱེད་ཡས་ཡིན་ནའི་འདྲ་འདུག
- ཀདེ་ཚོ་ཚང་མ་ལོགས་སྔོན་མ་ཡི་ང་རང་ཚོའི་ག་རེ་ཟེར་དགོས་རས་༼རེད་དམ་༽་ད།
- ཀབོད་སྨན་རང་གི་གཞུང་ལུགས་གཞིར་བཟུང་བྱས་ནས། དེ་མ་གཏོགས་ཞིག་གིས་ཡིན་ན།
- ཀདེའི་ནང་ཁུལ་ལ་བཟོ་ལྟ་བཟོ་ཡས་ཟེར་ཡས་དེ་འདྲས། བེད་སྤྱོད་བཏང་ཡས་ཟེར་ཡས་དེ་འདྲས་རྩ་བའི་ཆ་ནས་ཡིན་ན་ཁྱོན་ནས་ཡོའོ་༼ཡོད་༽་མ་རེད་ཟེ།
- ཀབྱས་ཙང་དེ་ཡིན་དུས་ཙ་ན་ཆ་བཞག་ན་ང་ཚོ་སྨན་རྩིས་ཁང་གི་སྨན་བཟོ་གྲྭ་ཟེར་དགོས་རེད་པས།
- ཀདེ་ལ་ཆ་བཞག་ན་དངོས་གནས་དྲང་གནས་ཀྱི་ལོ་རྒྱུས་ཡིན་ན་རིང་པོ་ཡོད་པ་ད་ལྟའི་གནས་ཚུལ་ལ་བལྟས་པ་ཡིན་ན་ཆ་རྐྱེན་ཡིན་ནའི་ཡག་པོ་ཡོད་པ།
- ཀའོ་དེ་ཚོ་ཚང་མ་ལོགས་ལ་ཆ་བཞག་ན།
- ཀདངོས་གནས་དྲངས་གནས་ཀྱི་ད་ཡོད་ཀྱི་སྨན་དོན་མི་སྣ་ཚང་མ་ལོགས་ཀྱིས་ཤུགས་དང་མ་སོང་ན་རྒྱབ་བྱས་ནས། ད་གཅིག
- ཀཕྱོགས་གཅིག་ནས་ཆ་བཞག་ན། ང་རང་ཚོའི་ལྗོངས་ནང་ཁུལ་ལ་མཁོ་འདོན་བྱེད་ཡས་ཟེར་ཡས་དེ་འདྲས།
- ཀགཉིས་ནས་ཆ་བཞག་ན་ང་རང་ཚོ་སྨན་རྩིས་ཁང་རང་ནས་བེད་སྤྱོད་བྱེད་ཡས་ཟེར་ཡས་དེ་འདྲས།
- ཀད་དེ་རིང་ཁ་སང་དེ་ལས་རྒྱ་ཆེ་རུ་ཕྱིན་བྱས་ནས་ད།
- ཀང་རང་ཚོའི་རྒྱལ་ནང་གི་ས་ཆ་ཁག་གཅིག་དང་། ཕྱི་རྒྱལ་གྱི་ས་ཆ་ཁག་གཅིག་ལ་ཡང་ང་ཚོའི་སྨན་དེས་མུ་མཐུད་ནས་བཏང་ཡས་ཟེར་ཡས་དེ་འདྲས་གནས་ཚུལ་དེ་འདྲས་ཡོའོ་༼ཡོད་༽རེད།
- ཀབྱས་ཙང་སྐབས་དེ་དུས་ང་རང་ཚོའི་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་གི་ཆ་རྐྱེན་ནང་བལྟས་པ་ཡིན་ན་དངོས་གནས་དྲངས་གནས་སྨན་རྩིས་ཁང་གི་ཆ་རྐྱེན་སྐྱོ་པོ་རེད།
- ཀསྐྱོ་པོ་ཡིན་ནའི་༼ཡིན་ནའང་༽སྨན་རྩིས་ཁང་ལ་ཕྱོགས་གང་ལྟར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་བྱས་ནས།
- ཀཕྱོགས་གཅིག་ནས་ཆ་བཞག་ན་གྲོང་གསེབ་ཁག་ལ་ཕྱིན་ནས་སྨན་གཏོགས་ཡས་ཟེར་ཡས་དེ་འདྲས༎
- ཀགཉིས་ནས་ཆ་བཞག་ན་ཚོང་པ་ཁག་ལ་ཆ་བཞག་ན་ཕྱི་རྒྱལ་ནས་ཐོན་པའི་སྨན་ཁག་གཅིག་ཨ་ནི་བསྡུ་ཉོ་བྱེད་ཡས་ཟེར་ཡས་དེ་འདྲས་ཀྱི་རྨང་གཞིའི་ཐོག་ལ་ཆ་བཞག
- ཀཨ་ནི་ང་ཚོའི་སྨན་བཟོ་གྲྭ་འདི་འདུག་ཟེ་ཆགས་པ་རེད་ཟེར།