Skip to main content Skip to search
15 Dec 2011
18 min 16 sec
Rating
0
No votes yet
Video Overview
Creators: 
Unknown

A doctor introduces the warehouse in which medicinal materials from around the world are stored.

Show More

  • ལགས་སེ།
  • ལགས་སེ།
  • ང་ཚོའི་བཟོ་གྲྭ་ཡི།
  • བཟོ་གྲྭའི་ལོ་རྒྱུས་དེ་ད་སྨན་རྩིས་ཁང་འགོ་ཚུགས་པ་ནས་བྱས་བྱས་བརྩི་དགོ་༼དགོས་༽རེད་པཱ།
  • ད་ག་རེད།
  • སྨན་རྩིས་ཁང་གི་ཐོག་མར་ལྕགས་པོ་རི་ནས་བརྩི་དགོས་རེད་པཱ།
  • ལྕགས་པོ་རིའི་གོང་ལ་ཡ་འབྲས་སྤུངས།
  • འབྲས་སྤུངས་ལའི་༼ལ་ཡང་༽།
  • ཕོ་བྲང་ནང་མའི་ནང་ལ་ཡ་སྨན་གྱི་སློབ་གྲྭ་གཅིག།
  • ཨ་ནི། བླ་སྨན་པ་བྱས་ཞུ་ཡན་ཡོའོ་༼ཡོད་༽་རེད་པཱ།
  • ཏག་ཏག།
  • ཨ་ནི། གཞུག་གུ་༼རྗེས་ལ་༽་ཡ་ལྷ་སར་ཡ་རྩ་བ་ཐོག་མར་འཚུགས་་ཡས་ད།ཨེ
  • ༡༦༠༠འོང་། ༡༦༠༠ནང་ལོགས་ལ་ཡ།
  • ལྕགས་པོ་རི་བཙུགས་པ་རེད་པཱ།
  • སྡོ་སྲིད་སངས་རྒྱས་རྒྱ་མཚོས།
  • ལྕགས་པོ་རི་བཙུགས་ནས་ལྕགས་པོ་རི་ཡི་ནང་ལོགས་ལ་ཡ་ཨ་ནི།
  • ཨེམ་རྗེ་བྱས།
  • ཨ་ནི། སྨན་གྱི་སློབ་གྲྭ། 
  • ཨི་ནེ་ད་ག་ནང་བཞིན་གྱིས་སྨན་བཟོ་ཡས།
  • འོ་དེ་ནས། ལྷ་སར་རྩ་བ་འཚུགས་ས་ར་དེ་ལྕོག་པོ་རི། ད་རྩ་བ་བྱེད་དགོ་༼དགོས་༽རེད་པཱ།
  • ལྕགས་པོ་རི་འཕེལ་རྒྱས་ཕྱིན་བྱས།
  • ད་ལྕགས་པོ་རིའི་རྨང་གཞིའི་ཐོག་ནས་ད་བོད་ཀྱིའི་གསོ་རིག།
  • ཡར་རྒྱས་ཀྱིའི་དགོས་མཁོ་དང་བསྟུན་བྱས། ཨ་ནི།
  • ༡༩༡༦ལོ་ལ་ཡ།
  • སྨན་རྩིས་ཁང་བཙུགས་པ་རེད་པཱ།་
  • སྨན་རྩིས་ཁང་བཙུགས་བྱས་བྱས་༼བྱས་ནས༽། 
  • ཡང་སྨན་རྩིས་ཁང་ནང་ལའི་༼ལ་ཡང་༽སྨན་བཟོ་མཁན་དང།
  • ཨ་ནི་སྨན་གྱི་སློབ་གྲྭ།
  • ནད་པ་བལྟ་ཡས་བཅས་དེ་གྱད་་༼དེ་དག་༽ཆ་ཚང་གནང་གི་ཡོག་རེད་པཱ།་
  • ཏག་ཏག།
  • ཨ་ནི་གཞུག་གུ་༼རྗེས་ལ་༽ཡ།་བོད་ལ་བཅིངས་འགྲོལ་བཏང་ནས།
  • ཨ་ནི། ལྕགས་པོ་རི་དང་སྨན་རྩིས་ཁང། ཚུར་ཟླ་སྒྲིལ།
  • ཟླ་སྒྲིལ་ཚར་ནས། ལྕགས་པོ་རི་དང་སྨན་རྩིས་ཁང་གི་སྨན་བཟོ་གྲྭ་དེ་གཉིས་ཡའི། ཚུར་ཟླ་སྒྲིལ་བ་རེད།
  • ཟླ་སྒྲིལ་བྱས་ནས་དེའི་སྒང་ལ་ཡ།་
  • ཨ་ནི། ང་རང་ཚོ་རྩེའི་ཕོ་བྲང་གིའི།
  • སྨན་བཟོ་ཡས་ཀྱི་ཡོ་བྱད་དང་སྨན་དང་།
  • ཨེམ་རྗེ་༼སྨན་པ་༽ཚང་མ་སྨན་རྩིས་ཁང་ནང་ཟླ་སྒྲིལ་བ་རེད་པཱ།
  • ལགས་ལགས་སེ།
  • ལྕོགས་པོ་རི་དང་སྨན་རྩིས་ཁང་ཟླ་སྒྲིལ།
  • ཨ་ནི་དེའི་སྒང་ལ་ཡཱ།
  • འོང། ལྷོ་ཁ་སྨིན་གྲོལ་གླིང་ལ་ཡོད་པ་དང་། 
  • ཚུར་ཕུ་དགོན་པ་དང་། དེའི་གཞུག་གུའི་༼རྗེས་ཀྱིའི་༽ཨ་ནི།
  • སྨན་གྱི་དེ་གྱད་༼དེ་རྣམས་༽ཚང་མ། སྨན་རྩིས་ཁང་ལ་རུབ་རུབ་བཟོས་བྱས། 
  • ལགས་སེ།
  • སྨན་བཟོ་ཡས་ཀྱི་ཡོ་བྱད་དང་སྨན་གྱི་ལྷག་མ་དང་ཚང་མ།
  • ལགས་སོ། 
  • སྨན་རྒྱུ་ལྷག་མ།
  • ཨ་ནི་རྩ་ཆེ་བ་དེར།
  • ད་ལྟ་ནོར་བུ་གླིང་ཁའི་ནང་ལོགས་ལ་ཡོད་པའིཨི། འོང། བླ་སྨན་པའི་སྨན་གྱི་ལྷག་མ་དང་།
  • ཨ་ནི་སྨན་གྱི་བཟོ་ཡས་ཀྱི་ཡོ་བྱད་ཁ་ཤས། ལྷག་པ་དེ་གྱད་༼དེ་རྣམས་༽་དེ།
  • ཨ་ནི། ཚུར་སྨན་རྩིས་ཁང་ལ་ཟླ་སྒྲིལ། 
  • ཟླ་སྒྲིལ་ཚར་ནས། ཨ་ནི་ད་སྨན་རྩིས་ཁང་གི་སྨན་བཟོ་གྲྭ་ཞེས་བྱས་ནས།
  • ༡༩༦༢ལོ་ལ་ཡ།
  • དངོས་སུ་རྒྱལ་ཁབ་ཀྱིས་སྒོ་བྱང་བཀལ་བྱས་བྱས་༼བྱས་ནས༽། 
  • ད་དེ། སྔ་མོའི་དེ་གྱད་༼དེ་རྣམས་༽དེ་ཚུར་རུབ་རུབ་བཟོས་བྱས་བྱས་༼བྱས་ནས་༽།
  • ཨ་ནི་སྨན་རྩིས་ཁང་གི་སྨན་བཟོ་གྲྭ་ཡིན་ཞེས་ཟེར་བྱས་བྱས་༼བྱས་ནས་༽་སྒོ་བྱང་༦༢ལོ་ལ་བཀལ་བ་རེད་པཱ།
  • ལགས་སེ།
  • དེ་ནས་༡༩༦༢ལོ་ལ་ཡ་ལྷ་ས་ཧྲི་ཡིས་༼གྲོང་ཁྱེར་༽ཡིས། 
  • ཨ་ནི་ཕ་གིར། ལྷ་སའི་ད་ལྟ་གཡུ་ཐོག་ཤར་སྨན་བཟོ་གྲྭ་ཟེར་ས་དེར་ཡ། 
  • ལྷ་སའི་དེའི་སྔོན་གྱི་བོད་ཀྱི་ཤོག་བུ་བཟོ་གྲྭ་ཞིག་ཡོག་རེད་ཟེར་ཟག་རེད་པའ།་
  • འོང་འོང།
  • ཤོག་བུ་བཟོ་གྲྭ་དེ་ཨ་ནི།
  • འོང། ང་ཚོ་སྨན་རྩིས་ཁང་ལ་སྤྲད་བྱས་བྱས་༼བྱས་ནས་༽། 
  • ཨ་ནི་དེའི་སྒོ་རའི་ནང་ལ་ཡ་ཨ་ནི།་ཁང་པ་གསར་པ་བརྒྱབ་ཡས་ཡིན་ནའི་༼ཡིན་ནའང་༽རེད། 
  • ཤོག་བུ་བཟོ་གྲྭའི་འཕྲུལ་འཁོར་དེ་ཚོ་བཟོ་བཅོས་བརྒྱབ་བྱས་བྱས།
  • སྨན་བཟོ་གྲྭའི་སྨན་བཟོ་ཡས་ལ་  
  • ཨ་ནི། རང་ཚོའི་ད་མེས་པོ་རྒན་རབས་ཚོས།
  • དཀའ་ལས་ད་མ་སོང་ནའི་གང་མིན་ཚད་སྐྱོན་བྱས་བྱས། 
  • ཕ་གིའི་ནང་ལོགས་ལ་ཡ། 
  • ཨ་ནི། ཁང་པ་བརྒྱབ་ཡས་ཡིན་ནའི་རེད།
  • འཕྲུལ་འཁོར་བཟོ་བཅོས་བརྒྱབ་ཡས་ཡིན་ནའི་༼ཡིན་ནའང་༽རེད།
  • ད་་དེ་འདྲས་འདྲ་མི་འདྲ་བྱས་བྱས་བྱས་༼བྱས་ནས་༽།
  • ཨ་ནི་སྨན་གྱི་བཟོ་གྲྭ་དེ་༦༢ལོ་ལ་ཕ་གའི་རྩ་བ་འཚུགས་པ་རེད་པཱ། 
  • རྩ་བ་འཚུགས་བྱས་བྱས་བྱས་༼བྱས་ནས༽། 
  • ཨ་ནི། ད་མི་དམངས་ཀྱིས། 
  • རྒྱལ་ཁབ་ཀྱིས་མི་དམངས་ལ་ད།་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་ཡས་ཀྱི་སྲིད་ཇུས་ཡོའོ་༼ཡོད་༽རེད་པཱ།
  • སྲིད་ཇུས་ཡོད་ཙང་ད། སྨན་རིན་མི་དགོས་པར་སྨན་བཅོས་བྱོད་དགོས་ཡོད་ན། 
  • ཨ་ནི། སྨན་དེ་ད་མཁོ་འདོན་བྱེད་ཡས་དེ།
  • ཨ་ནི་ཤུགས་ཆེན་པོ་མ་བྱས་ན་རྒྱ་ཆེའི་མི་དམངས་ཚང་མར་ཡ་སྨན་ཟ་ཡས་འདང་གི་མ་རེད་པཱ། 
  • དེ་འདྲས་ཡིན་དུས།
  • སྐབས་དེ་དུས་ཕལ་ཆེར་སྨན། 
  • ཐོག་མར་ཡ། སྨན་སྣོ་ཁ་ལྔ་བཅུ་ཙ་༼ཙམ་༽ལས་བཟོ་ཐུབ་ཀྱི་མེད་པ་འདྲ། 
  • ལྔ་བཅུ་ཙ་༼ཙམ་༽དེ་ཐོན་འབབ་ཡང་ཞེ་དྲག་༼ཧ་ཅང་༽ཆེན་པོ་མེད་པ་དེ་འདྲས་རེད། 
  • ག་རེ་ཟེར་ན། གཅིག་ཡིན་ན། ཚང་མ་ལོགས་ཕྱོ་མ་འཐག་ཡས་ཡིན་ནའི་རེད།
  • རིལ་བུ་བཟོ་ཡས་ཡིན་ནའི་རེད། ཚང་མ་ལག་པས་བྱེད་ཀྱི་ཡོའོ་༼ཡོད་༽་རེད་པཱ། 
  • འོ་དེ་འདྲས་སོང་ཙང་ཨ་ནི། 
  • འདང་གི་མི་འདུག མང་ཚོགས་ཀྱི་དགོས་མཁོ་དང་མི་འཚམས་པ་ཡིན་ཙང་
  • ཨ་ནི། ང་རང་ཚོའི་མེས་པོ་རྒན་རབས་ཚང་མས། 
  • ཧ་རུབ་སྦར་རུབ་བྱས་ནས། ད་དེ་བར། འོང་བོད་ལ་ཡ།
  • སྐབས་དེ་དུས་འགྲིམ་འགྲུལ་སྟབས་བདེ་པོ་ཞེ་དྲག་༼ཧ་ཅང་༽མ་ཆགས་པ་དང་། དེ་འདྲའི་གནས་ཚུལ་འོག་ལ་ཡཱ། ཨི་ནི་སོ་སོས་ཤིང་གི་འཕྲུལ་འཁོར་དེ་འདྲས་བཟོས། ཨི་ནི་ནང་ནས་ཟངས་ཀྱི་ཆུ་སྒྲོམ་མ་དེ་འདྲས་ཚུར་ཁྱོར་ཡོང་བྱས་ནས། དེ་བླངས་བྱས་ནས་ཟངས་ཀྱིས་ད་ལྟའི་རིལ་བུ་བཟོ་ཡས་ཀྱི་རྨང་གཞིའི་ལག་རྩལ་དེ་ཚོ་དེ་ལྟར་བཟོས།
  • དེ་འདྲའི་གནས་ཚུལ་འོག་ལ་ཡཱ། 
  • ཨ་ནི་སོ་སོས་ཤིང་གི་འཕྲུལ་འཁོར་དེ་འདྲས་བཟོས།
  • ཨ་ནི་་ནང་ནས་ཟངས་ཀྱི་ཆུ་སྒྲོམ་མ་དེ་འདྲས་ཚུར་ཁྱེར་ཡོང་བྱས་ནས། 
  • དེ་བརྡུངས་བྱས་ནས་ཨ་ནི་ཟངས་ཀྱིས་ད་ལྟའི་རིལ་བུ་བཟོ་ཡས་ཀྱི་རྨང་གཞིའི་ལག་རྩལ་དེ་ཚོ་དེ་བཟོས།
  • ཨ་ནི་ཤིག་གི་འཁོར་ལོ་དང་ཆེ་ཆུང་འདྲ་མི་འདྲ་བཟོས་བྱས་ནས། 
  • ཨ་ནི་སྨན་གྱི་ཕྱེ་མ་འཐག་ཡས་ཡིན་ནའི་རེད། རིལ་བུ་བཟོ་ཡས། རིལ་བུ་ཚགས་རྒྱག་ཡས་། 
  • ང་ཚོ་ཐོག་མར་སླེབས་པའི་སྐབས་ལ་ཡ་༧༥ལོ་ལ་ཡའི་་འཕྲུལ་འཁོར་དེ་ཚོ།་ ད་དུང་བེད་སྤྱོད་བཏང་གིས། དེ་ཡིན་དུས་དེ་ཚོར་བལྟས་པ་ཡིན་ན།
  • ད་དུང་བེད་སྤྱོད་བཏང་གིས།
  • ལའོ་ལགས་སེ།
  • དེ་ཡིན་དུས་དེ་ཚོར་བལྟས་པ་ཡིན་ན།
  • དངོས་གནས་ཁོ་རྣམ་ཚོ་མེས་པོ་རྒན་པ་ཚོས་དངོས་གནས་དཀའ་ལས་གང་ལ་གང་འཚམས་བརྒྱབ་བཞག།
  • པའི་འབྲས་བུ། ད་ལྟ་ཤིང་གི་འཕྲུལ་འཁོར་གྱི་ཤུལ་དེ་འདྲས་ད་དུང་དེ་བར་བསྡད་ཡོའོ་༼ཡོད་༽་རེད། 
  • ལའོ་སེ།
  • དེ་ཚོ་དེ་བྱས། ཨ་ནི། ག་ལེར་ག་ལེར་ནང་ལ་ཡ་ཨ་ནི་རྒྱ་ནག་ལ་ཡ།
  • སློབ་སྦྱོང་ལ་འགྲོ་ཡས་དང་སོ་སོའི་འཕེལ་རྒྱས་ལ་སོ་སོས་བསམ་བློ་བཏང་ཡས་དེ་བྱས་བྱས་བྱས། 
  • ཨ་ནི་འཕྲུལ་འཁོར་རེ་རེ་བྱས་བྱས་འཕེལ་རྒྱས་བཏང་བྱས་བྱས།
  • ཨ་ནི་་སྨན་གྱིའི་་ཐོན་འབབ་༨༤ལོ་ལ་ཡ་ཁྲི་ཉི་ཤུ་ཙམ་ཞིག་བཟོ་ཐུབ་པ་རེད།
  • རྒྱ་མ།
  • ལོ་རྒྱུས་ཀྱིའི་ཐོག་ལ་ཡ། ད་སྨན་བཟོ་ཡས་མང་ཤོས་རེད། ཨི་ནེ། དེ་བྱས་ནས། ཨི་ནེ་སྨན་གྱིས་དཱ་ལྗོངས་ཡོངས་ལ་དེ་ག་ནང་བཞིན་དེ་བར། གང་བྱས་དེ་བར་བོད་རིགས་སྡོད་པའི་གནས་ཁུལ་།་ཀ། བོད་རིགས་ས་ཁུལ་ཚང་མ་ལ།་ཁ། མཚོ་སྔོན། དེ་ག་ནང་བཞིན་གྱིས་ཤིང་ཅང་། ཟི་ཁྲོན། ཡུན་ནན་དེ་ཚོ་ཚང་མའི་སྨན།
  • ལགས་སེ།
  • ཨ་ནི་དེ་བྱས་བྱས། 
  • ཨ་ནི་སྨན་གྱིས་ད་ལྗོངས་ཡོངས་ད་ག་ནང་བཞིན་གྱིས་དེ་བར། 
  • གང་བྱས་ད་བོད་རིགས་བསྡད་སའི་གནས་ཁུལ། 
  • འོང་ད་བོད་རིགས་ས་ཁུལ་ཚང་མ་ལ། 
  • འོང། མཚོ་སྔོན། 
  • ལགས་སེ།
  • འོང་ད་ག་ནང་བཞིན་གྱིས་ཤིང་ཅང།
  • ལགས་སེ།
  • འོང་ཟི་ཁྲོན། ཡུན་ནན།
  • ལའོ་སེ།
  • དེ་ཚོ་ཚང་མའི་སྨན་སྐབས་དེ་དུས་དེ་ཚོ་ཚང་མར་སྨན་གྱི་བཟོ་གྲྭ་ཡོའོ་༼ཡོད་༽མ་རེད་པཱ། 
  • ད་ག་རང།
  • ཚང་མ་ལྷ་སར་ཡོང་བྱས་ནས་སྨན་ཉོ་དགོས་ཀྱི་ཡོའོ་༼ཡོད་༽རེད་པཱ། 
  • ཨ་ནི་གཞུག་གུ་ཡ་ད་ང་རང་ཚོའི་རྒན་ལགས་ཚོས་དགོངས་པ་བཞེས་བྱས་བྱས།་
  • ཨ་ནི་ས་གནས་ཁག་གིའི་སྨན་བཟོས་
  • དེ་ག་རེ་ཟེར་དགོ་༼དགོས་༽རས་༼རེད་དམ་༽།
  • འོང་ཨེམ་རྗེ་ལྷ་སར་ཡར་སྐད་བཏང་བྱས། 
  • ག་རེ་ཟེར་དགོས་རས། སྦྱོང་བརྡར་གྱིའི་འཛིན་གྲྭ་མང་པོ་བཙུགས་པ་རེད་པཱ། 
  • བཟོས་གཉེར་བྱས་བྱས་ཨ་ནི་ཁོ་རང་ཚོ་ག་ལེར་ག་ལེར་ད་སོ་སོས་སྨན་བཟོ་ཡས།
  • སྐབས་དེ་དུས་སྤྱིར་བཏང་ངོས་ནས་བྱས་ན་བཟོ་གྲྭའི་མིང་བྱང་ཁོ་རར་ཡ།
  • རང་སྐྱོང་ལྗོངས་སྨན་རྩིས་ཁང་སྨན་བཟོ་གྲྭ་ཟེར་རེད། རེད་པཱ།
  • རེད།
  • སྨན་ཁང་རང་གི་ཁོངས་རེད་པཱ། 
  • རེད་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྨན་བཟོ་གྲྭ་ཟག།
  • ལགས་སེ།
  • ཨ་ནི་གཞུག་གུ་ཡ། ཨ་ནི་དགོས་་མཁོའི་ཆེད་དུ་ང་ཚོའི་སྨན་གྱི་ཁ་བྱང་སྒང་ལ་ཡ།
  • བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་ཟེར་རྒྱབ་པ་ཡིན་ན། 
  • ཨ་ནི་ཕྱི་ལོགས་ལ་འགྲོ་དུས་འགྲོ་བདེ་པོ་འདུག་ག། 
  • ལགས་སེ།
  • ཨ་ནི་འོང། འདུག་ཟེར་བརྒྱབ་པ་རེད། 
  • ༨༦ནས་༨༧ནས་ང་ཚོ་ཁ་བྱང་དེ་བརྒྱབ་ཚར་བ་རེད། 
  • སྨན་གྱི་སྒང་ལ་ཨཱ།
  • བོད་རང་སྐྱོང་ལྗོངས་སྨན་བཟོ་གྲྭ་ཟེར།
  • ༦༢ལོ་ལ་དང་ཐོག་ཕ་གའི་གཡུ་ཐོག་ཤར་ལ་བོད་སྨན་བཟོ་གྲྭ་འགོ་བཙུགས་པའི་སྐབས་ལ།
  • ལས་དོན་མི་སྣ་བསྡོམས་པས་གོང་གི་དབུ་ཁྲིད་ནས་འོག་བར་དུ་བསྡོམས་པས་མི་སྣ་ག་ཚད་༼ག་ཚོད་༽ཙ་༼ཙམ་༽་ཞིག་ཡོད་ན། ་
  • ཐོག་མར་མི་བདུན་ལས་བཏང་ཡོའོ་༼ཡོད་༽མ་རེད།
  • འོང།
  • སྨན་རྩིས་ཁང་གི་སྨན་གཉེར་དགེ་རྒན་ཁ་ཤས་དང་། ད་ད་ཡོད་ཀྱི་སྨན་གཉེར་དགེ་རྒན་དེ་གྱད་༼དེ་རྣམས་༽དང།
  • ཨ་ནི་དེའི་འོག་ལ་ཡ་བཟོ་པ་མི་ཁ་ཤས་གཅིག་ཡོའོ་རེད། 
  • མི་གཉིས་གསུམ་ཞིག། 
  • དེའི་སྒང་ལ་ཡཱ། སྐབས་དེ་དུས་གྲོང་ཁྱོར་ཟློས་གར་ཉིན་མའི་གུང་ལ་ཡ་ཟློས་གར་འཁྲབ་གར་ཕྱིན།
  • ཟློས་གར་ཚར་ནས་ཨ་ནི། ང་ཚོའི་སྨན་བཟོ་གྲྭར་ཕྱིན། 
  • ད་ལྟ་ང་ཚོའི་ནང་ལོགས་ལ་བསྡད་པའི་ནང་ལོགས་ལ་གྲོང་ཁྱོར་ཟློས་གར་དེ་འདྲས་ཁ་ཤས་ལྷག་བསྡད་ཡོའོ་༼ཡོད་༽རེད།
  • ལགས་སེ།
  • མང་ཆེ་བ་སོ་སོའི་ཟློས་གར་འཁྲབ་པར་ཕྱིན། 
  • གཡུ་ཐོག་ཤར་ནས་ས་འདིར་ཚུར་ད་ལྟའི་ས་ཆ་འདིའི་༼འདིར་༽ཉང་བྲན་ལམ་ལ་ཚུར་སྤོས་བྱས། 
  • དེ་འདྲས་བྱེད་ཡག་དུས་ཚོད་ག་དུས་ཡིན་ན།
  • འོང། ད་གཡུ་ཐོག་ཤར་ལ་ས་ཆ་འདི་ག་ཙམ་གྱི་རྒྱ་ཆེན་པོ་ཡོའོ་༼ཡོད་༽་མ་རེད་པཱ། 
  • འཕེལ་རྒྱས་བཏང་སའི་ཁུལ་མེད་ཙང་།
  • ཨ་ནི་ང་ཚོའི་སྨན་བཟོ་གྲྭའི་སྨན་གཉེར་ཆེན་མོ། 
  • རེད་པཱ།
  • ལྕགས་པོ་རི་ཡི། དེ་སྔོན་ལྕགས་པོ་རི་ཡི་སྨན་གཉེར་རྒན་ཐུབ་བསྟན་ལགས་དང་། 
  • ཨ་ནི་བྱམས་པ་ཡོན་ཀྲང་གི་དབུ་ཁྲིད་འོག་ལ། 
  • ཨ་ནི་ཤུགས་ཞེ་པོ་གང་ལ་གང་མཚམས་སྐྱོན། ད་ག་ནང་བཞིན་གྱི་འདི་ཐུབ་བསྟན་ཡོན་ཀྲང་ཞུ་མཁན་གཅིག་ཡོའོ་༼ཡོད་༽རེད།
  • ད་ལག་རྩལ་སྒང་ལ་ཡ། འཕྲུལ་འཁོར་བཟོ་ཡས་ལ་མཁས་པ་ཞེ་པོ་གཅིག་རེད།འོ། ཁོང་རྣམ་ཚོས་གཙོ་ཆེ་བའི་ཤུགས་སྐྱོན་བྱས། ཨི་ནེ། ༨༢་ནས་༨༣་ཙམ་ལ་བསམ་བློ་བཏང་ནས་ཨི་ནེ་ང་ཚོ་སྤོ་གི་ཡིན་ཞེས་ས་ཆ་རྒྱ་ཆེ་བ་ཞིག་ལ་སྤོ་གི་ཡིན་ཞེས། ཨི་ནེ། བསམ་བློ་ཞེ་དྲག་བཏང་། པར་ཕྱིན་ཚུར་ཕྱིན་བྱོད་དུས། ཨི་ནེ་ད་ལྟ་ང་ཚོ་གནས་པའི་སྨན་བཟོ་གྲྭ་འདི་དེ་སྔོན་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལུགས་སྨན་གྱི་བཟོ་གྲྭ་རེད།
  • ལགས་སེ་ལ།
  • འོང། ཁོང་རྣམས་ཚོས་ད་གཙོ་ཆེ་བའི་ཤུགས་སྐྱོན་བྱས། ཨ་ནི། 
  • འོང། ༨༢། ༨༣ཙམ་ནས་བསམ་བློ་བཏང་བྱས་ད་ང་ཚོ་སྤོ་གི་ཡིན་ཟེར་རྒྱ་ཆེ་ས་གཅིག་ལ་ལ་སྤོ་གི་ཡིན་ཟེར།་
  • ཨ་ནི་བསམ་བློ་ཞེ་དྲག་༼མང་པོ་༽བཏང་། ཕར་ཕྱིན་ཚུར་ཕྱིན་བྱེད་དུས། ཨ་ནི་ད་ལྟ་ང་ཚོ་གནས་སའི་སྨན་བཟོ་གྲྭ་འདི་དེ་སྔན་གྱིའི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལུགས་སྨན་གྱི་བཟོ་གྲྭ་རེད།
  • འོང་ལགས་སེ།
  • ཕྱི་ལུགས་སྨན་གྱི་བཟོ་གྲྭ་དེ། ཨ་ནི། ཁུངས་མ་འཁྱོལ་བྱས་བྱས་ད།་
  • བཟོ་པར་ཡང་གླ་བརྒྱབ་མ་ཐུབ། སྨན་ཡང་བཟོ་མ་ཐུབ།  
  • འོ་དེ་འདྲས་ཟེ་བརྡིབ་ཕྱིན་ཙང་། 
  • ཨ་ནི་ང་ཚོས་འདི་ཚུར་ཉོས་པ་རེད།
  • སྐབས་དེ་དུས་ཕལ་ཆེར་ཁྲི་ཉི་ཤུ་ཙམ་ཞིག་སྤྲད་བྱས། 
  • སྒོ་ར་དང་། སྒོ་རྭ་ཉོས།
  • ཁང་པ་ད་ཁོ་རང་ཚོའི་འཁོར་ཁང་དེ་འདྲས་ཏས་ཙ་༼ཏོག་ཙམ་༽ཏས་ཙ་ཡོའོ་༼ཡོད་༽རེད། མང་ཆེ་བ་སྟོང་པ་རེད། 
  • ལགས་སེ།
  • དེ་གྱད་༼དེ་རྣམས་༽ཚུར་ཉོས་མི་ཚང་མ་རྩིས་ལེན།
  • སྨན་རྩིས་ཁང་གིའི་མི་ཚང་མ་ཚུར་རྩིས་བླངས་པ་རེད།
  • ཁ་ཤས་ད་ལྟ་སྨན་ཁང་ལ་ཡོའོ་༼ཡོད་༽རེད། ཁ་ཤས་ད་ལྟ་སྨན་བཟོ་གྲྭར་བསྡད་ཡོའོ་༼ཡོད༽རེད།
  • ལགས་སེ།
  • འདུག་ཟེ་བྱས་བྱས་ཨ་ནི་ང་ཚོ་འདའི་༼འདིར་༽གཞི་ནས་སྒོ་རྭ་འདིའི་ནང་ལ་ཡ་འཛུགས་སྐྲུན་བྱས།
  • ཨ་ནི་གཅིག་གིའི་ནགས་ཚལ་བཏབ།་
  • དེ་བྱས་བྱས་འཛུགས་སྐྲུན་བྱས་བྱས་ཨ་ནི་༨༤ལོ་ལ་ཡ་ཨ་ནི་དངོས་སུ་འཛུགས་སྐྲུན་རྩ་བའི་ཆ་ནས་ཨོའོ་ཙ་༼ཨའོ་ཙམ་༽བྱས་ཚར་བ་རེད། 
  • ཨ་ནི། ༨༤ལོ་ལ་ཡ་ང་ཚོ་ཡར་སྤོས་ཡོང་བ་རེད། 
  • ལགས་སེ།
  • ཨ་ནི་གཡུ་ཐོག་ཤར་གི་དེ། སྨན་བཟོ་གྲྭ་དེ། བོད་སྨན་སློབ་གྲྭ་གཉེར་ས་ཕར་སྤྲད་པ་རེད་པཱ།
  • ལགས་ཏག་ཏག།
  • དེ་བྱས་བྱས་ད་ད་ལྟ་བར་དུ་ཐོན་བསྐྱེད་འདིའི་ནང་ལ་ཡ་བྱས་པ་རེད། བྱས་པའི་ནང་ལོགས་ལ་ཐོན་བསྐྱེད་འཕེལ་རྒྱས།
  • ད་གང་བྱས་ཁྲོམ་རྭའི་གནས་ཚུལ་ལ་བལྟས་བྱས་བྱས། 
  • བོད་མི་དམངས་དང་ད་རྒྱལ་ཡོངས་ཀྱིའི་ཁྲོམ་རྭའི་སྒང་ལ་ཡ། 
  • འགྲོ་རྒྱུགས་ལ་བལྟས་བྱས་བྱས་། ཐོན་སྐྱོད་བྱས་ཙང་། 
  • ལོ་གཅིག་ལ་ཡ་ད་ཐོན་འབོར་རྒྱ་མར་ཕབ་ན་ཁྲི་བཅུ་ཙམ། བརྒྱད་ཙམ། 
  • ལགས་སེ།
  • འོང། སྨན་མང་པོ་འགྲོ་དུས་ཁྲི་བཅུ་ཙམ་འགྲོ་གི་ཡོའོ་༼ཡོད་༽་རེད།
  • སྨན་ཉུང་ཉུང་འགྲོ་དུས་རྒྱ་མ་ཁྲི་བརྒྱད་ཙམ་འགྲོ་གི་ཡོའོ་༼ཡོད་༽རེད། 
  • ལགས་སེ།
  • ཨ་ནི་ང་ཚོས་དེ་མང་ཚོགས་ལ་ཡ་སྨན་སྦྱིན་བཏང་ཡས་ལོ་རེ་རེར་ཁྲི། 
  • དེའི་སྔོན་ལ་ཡིན་ན་སྨན་གོང་ཆུང་བའི་སྐབས་ལ་ཡ། སྨན་ཁྲི་ཉིས་བརྒྱ་ཙམ་བརྒྱ་ཙམ་དེ་འདྲས་སྨན་སྦྱིན་བཏང་གི་ཡོའོ་༼ཡོད་༽རེད། 
  • དེ་ནས་༨༣། ༨༤ནས་༩༨། ༩༩དེའི་བར་ལ་སྨན་གྱི་རྒྱུ་ཆ་གོང་འཕར་བྱས་ལོ་རེ་རེའི་ནང་ལོགས་ལ་ཡ་མང་ཚོགས་ལ་སྨན་སྦྱིན་ཁྲི་དྲུག་བརྒྱ་ཙམ། 
  • བདུན་བརྒྱ་ཙམ། ལྔ་བརྒྱ་ཙམ་དེ་འདྲས་འགྲོ་གི་ཡོའོ་༼ཡོད་༽རེད།
  • ལགས་སེ།
  • དེ་ནས་ང་ཚོ་ཨ་ནི་རྒྱལ་ཁབ་ཀྱི་དཔྱ་ཁྲལ་སྤྲད་ཡས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བྱས་ཏེ་ཨ་ནི། 
  • ང་ཚོ་གཙོ་བོ་རྒྱལ་ཁབ་ལ་ཡ་དཔྱ་ཁྲལ་ཕུལ་ཡས།
  • ལགས་སེ།
  • དེ་འགོ་ཚུགས་པ་རེད་པཱ།
  • འོ་དེ་འདྲས་སོང་ཙང་། ད་ང་ཚོ་གཙོ་བོ་རྒྱལ་ཁབ་ལ་ཡ་དཔྱ་ཁྲལ་ལོ་རེ་རེར་ཁྲི་ཉིས་བརྒྱ་ནས་མ་ཆགས་པར་ཕུལ་གྱི་ཡོའོ་༼ཡོད་༽རེད།
  • ལགས་སེ།
  • འོང་བརྒྱད་ཅུ་གྱ་བཞི་ལ་འདའི་༼འདིར་༽ཚུར་སྤོས་གནང་བ་རེད་པཱ།་
  • རེད་ལ།
  • དེ་བྱེད་དུས་བརྒྱད་ཅུ་གྱ་བཞི་ནས་ད་ལྟའི་་པ་རུག་༼བར་དུ་༽ད་ལོ་ཉི་ཤུ་ལ་ཉེ་བ་འགྲོ་གྲབས་བྱེད་ཀྱི་ཡོའོ་༼ཡོད་༽་རེད་པཱ།
  • རེད།
  • དེ་བྱེད་དུས་ཙམ་པར་དང་ཐོག་འདའི་༼འདིར་༽སྤོ་དུས་དང་ད་ལྟའི་པ་རུག་༼བར་དུ་༽ལའི་༼ལ་ཡང་༽ཕལ་ཆེར་སྨན་བཟོ་གྲྭའི་མི་འབོར་རེད། 
  • ལས་བཟོའི་མི་འབོར་རེད། དེ་མིན་གྱི་སྨན་སྦྱོར་བཟོའི་ལག་རྩལ་རེད། 
  • ཨ་ནི་སྨན་བཟོ་ཡས་ཀྱི་སྣེ་གྲངས་རེད། 
  • འབོར་ཚད་རེད་དེ་ཚོ་གང་གའི་སྒང་ལ་༼ཡོངས་རྫོགས་༽ཕལ་ཆེར་དང་ཐོག་སྤོ་དུས་དང་བྱས་ན་ད་ལྟ་འཕེལ་རྒྱས་ཞེ་དྲག་༼ཧ་ཅང་༽ཕྱིན་ཡོད་ཀྱི་རེད་པཱ། 
  • དེ་ཚོའི་སྐོར་ལ། ཨ་ནི།
  • ད་དཔལ་འབྱོར་སྒང་ལ་ཡ་ཤུགས་ཆེ་རུ་ཞེ་དྲག་༼ཧ་ཅང་༽ཕྱིན་པ་རེད།
  • ལགས་སེ།
  • ང་ཚོ་ཐོག་མར་སྤོ་དུས་ཀྲང་སྒང་ལ་ཡ་དངུལ་གཅིག་ཀྱང་ཡོའོ་༼ཡོད་༽མ་རེད།
  • དེ་དུས་སྨན་རྩིས་ཁང་དང་མཉམ་དུ་རེད་པཱ། 
  • ལགས་སེ།
  • ཀྲང་སྟོང་པ་རེད།་
  • རྩིས་ཕྲ།རྩིས་ཕྲའི་སྒང་ལ། 
  • འོང་རྩིས་ཕྲའི་སྒང་ལ་ཡ། 
  • དཔལ་འབྱོར་དངུལ་གྱི་རྩིས་པྲའི་སྒང་ལ།
  • སྨན་ལ་ཡ་ང་ཚོ་ཡར་སྤོ་དུས་ཁྲི་ལྔ་བརྒྱ་ཡོའོ་༼ཡོད་༽རེད།
  • ལགས་སེ། 
  • སྐབས་དེ་དུས་ཨ་ནི་འདུག་ཟེ་བྱས་བྱས་༨༤ནས་བྱས་བྱས་ད་ལས་ཀ་བྱས་བྱས་༩༣ལོ་ལ་སླེབས་དུས་ང་ཚོ་རྩིས་གཅིག་བརྒྱབ་དུས་ཙམ་པ་ཁྲི་ལྔ་བརྒྱ་དེ།
  • ཁྲི་གསུམ་སྟོང་ནང་ལོགས་ལའི་༼ལ་ཡང་༽སླེབས་བསྡད་ཡོའོ༼ཡོད་༽རེད།
  • ལགས་སེ་ལགས།
  • ད་ད་ལྟ་དགུ་བཅུ་སྤྱི་ལོ་ཉིས་སྟོང་ལོ་ལ་ཡ་སླེབས་དུས་ང་ཚོ་ད་མ་གནས།
  • མ་རྩ་ཁྲི་བདུན་སྟོང་ཟིན་གྲབས་ཡོད།
  • ལགས་སེ།
  • ད་དཔལ་འབྱོར་སྒང་ལ་ཡ་ཡར་རྒྱས་ཞེ་དྲག་ཕྱིན་པ་རེད།
  • ལགས་སེ་ལགས།
  • ཨ་ནི་སྨན་གྱིའི་རྒྱུ་ཆའི་སྒང་ལ་ཡིན་ནའི་གཅིག།
  • ཕུན་སུམ་ཚོགས་པོ་ཞེ་དྲག་༼ཧ་ཅང་༽ཡོའོ་༼ཡོད་༽རེད།
  • ད་དེང་སང་འགྲིམ་འགྲུལ་སྟབས་བདེ་པོ་རེད་པཱ།
  • ལགས་སེ།
  • ག་རེ་བྱས་ནའི་ལའི།
  • ད་ག་རང།
  • ཨ་ནི་སྨན་ད་རྒྱལ་ཁབ་ཕྱི་ནང་ལ་སྐད་གྲགས་ཡོད་པའི་སྨན་གཙོ་བོ་གཙོ་བོ་ག་རེ་ག་རེ་བཟོས་གནང་གི་ཡོད་ན། 
  • དེ་མིན་རྒྱུན་དུ་བོད་སྨན་ཨ་ནི་བེད་སྤྱོད་བཏང་ཡས་སྣ་ཁ་༼སྣེ་ཁ༽ག་ཚད་༼ག་ཚོད་༽ཙ་༼ཙམ་༽ཞིག་བཟོས་གནང་གི་ཡོད་ན།
  • ད་ད་ལྟ་ང་ཚོ་སྨན་ད།
  • སྐད་གྲགས་ཆེ་བའི་ནང་ལ་གཙོ་ཆེ་ཤོས་མུ་ཏིག་བདུན་བཅུ་དང་གྲང་སྦྱོར།
  • ལགས་སེ།
  • གཡུ་སྙིང་ཉེར་ལྔ་བཙོ་བཀྲུ་ཟླ་ཤེལ་མང་སྦྱོར།
  • ལགས་སེ།
  • དེའི་གྲས་ཁ་སྨན་སྣེ་ཁ་བཅུ་གཅིག།
  • ལགས་སེ།
  • དེ་གྱད་༼དེ་རྣམས་༽རྒྱལ་ཁབ་ཀྱིའི་སྲུང་སྐྱོབ་ལག་ཁྱེར་རགས་བསྡད་ཡོའོ་༼ཡོད་༽རེད་པཱ། 
  • ལགས་སེ།
  • ད་དེ་གྱད་༼དེ་རྣམས་༽ང་ཚོའི་སྨན་ད་ག་རེ་ཟེར་དགོ་༼དགོས་༽རས་༼རེད་དམ་༽
  • འོང། འགྲོ་རྒྱུགས་ཆེན་པོ་མང་ཚོགས་ཀྱི་དགའ་པོ་བྱེད་ཡས། 
  • གཙོ་ཆེ་བ་ཞིག་དེ་གྱད་༼དེ་རྣམས་༽རེད་།
  • ལགས་སེ།
  • ཨ་ནི། མང་ཚོགས་ལ་སྨན་བཅོས་བྱེད་ཡག་སྨན་ནང་ལོགས་ལ་ཆ་བཞག་ན།
  • སྨན་སྣེ་ཁ་སུམ་བརྒྱ་ཙ་༼ཙམ་༽་ད་གྲངས་ཀ་གསུམ་བརྒྱ་ཙ་བཟོ་གི་ཡོའོ་༼ཡོད་༽རེད་པཱ། 
  • ལགས་སེ།
  • ད་རྒྱུན་དུ་ང་རང་ཚོས་བེད་སྤྱོད་བཏང་ཡས། 
  • བོད་ཡོངས་ཀྱི་ཨེམ་རྗེའི་ནང་ལོགས་ལ་ཡ། རྒྱུན་དུ་སྨན་བེད་སྤྱོད་བཏང་ཡས་བརྒྱ་ཡས་མས་གཅིག།
  • ལགས་སེ།
  • བེད་སྤྱོད་བཏང་ཡས་ཤུགས་ཆེ་བ་ཡོའོ་༼ཡོད་༽རེད།
  • ལགས་སེ།
  • ད་ད་ལྟ་བཟོ་གྲྭ་རང་ལ་ལས་བཟོ་བསྡོམས་ན་གྲངས་འབོར་ག་ཚོད་ཙམ་ཞིག་ཟིན་གྱི་ཡོད་ན།
  • དང་པོ་ང་ཚོ་༨༤་ལོ་ལ་སྤོས་ཡོང་དུས་ལས་བཟོ་སུམ་ཅུ་ལྷག་ཙ་༼ཙམ་༽གཅིག་ཡོའོ་༼ཡོད་༽རེད།
  • ལགས་སེ་ལགས།
  • ད་ད་ལྟ་ལས་བཟོ་ངོ་མ་བདུན་བཅུ།་བདུན་ཅུ་དོན་བཞི་ཡོའོ་༼ཡོད་༽་རེད།་
  • འོང་ལགས་སེ།
  • དེའི་སྒང་ལ་ཡཱ། ང་རང་ཚོའི་གནས་སྐབས་ཀྱི་གླ་པ་ཡར་རྒྱབ་ན།
  • མི་གྲངས་བརྒྱ་དང་བཞི་བཅུ་ལྷག་ཙམ་ཞིག་ཡོའོ་༼ཡོད་༽རེད།
  • འོང་ལགས་སེ།
  • ད་སྨན་དེ་རྒྱུ་ཆ་དེ་ལ་བོད་སྨན་སྨན་གྱིའི་རྒྱུ་ཆ་དེ་ལ་དཔེར་ན་རིན་པོ་ཆེ་དང་སྔོ་སྨན་དང་སྲོག་ཆགས་ཀྱི་སྨན་དང་ཟེར་མང་པོ་གཅིག་ཡོའོ་༼ཡོད་༽རེད་པཱ།
  • རེད།
  • དེ་ཡིན་དུས་ཙམ་པ། གཏེར་དངོས་ཀྱི་སྨན་རྫས་རེད། དེ་ནང་བཞིན་མང་པོ་ཞིག་ཡོད་དུས་ཙམ་པ།
  • བོད་རང་ནས་ཐོན་པའི་ཨ་ནི། སོ་སོ་བོད་རང་གི་ལུང་པ་ནས་ཐོན་ཁུངས་ཡོད་པའི་སྨན་རྫས་ཀྱི་རྒྱུ་ཆ་ཨ་ནི་དའི་བརྒྱ་ཆ་ག་ཚད་ཙ་༼ག་ཚོད་ཙམ་༽ཟིན་གྱི་ཡོད་ནཱ།
  • བོད་རང་ནས་ཐོན་པའི་སྨན་གྱི་བརྒྱ་ཆ་ད་བདུན་ཅུ་ཟིན་གྱི་ཡོའོ་༼ཡོད་༽་རེད།་
  • ལགས་སེ།
  • བརྒྱ་ཆ་བདུན་ཅུ་ཙམ་ཟིན་གྱི་ཡོག་རེད།
  • དེ་མིན་གྱི་བརྒྱ་ཆ་སུམ་ཅུ་ཙ་ཨ་ནི།་
  • བརྒྱ་ཆ་སུམ་ཅུའི་ནང་ནས་བརྒྱ་ཉི་ཤུ་རྒྱ་གར་དང་བལ་ཡུལ་ནས་ཡོང་གི་ཡོག་རེད། 
  • ལགས་སེ།
  • བརྒྱ་ཆ་བཅུ་རྒྱ་ནག་ནས་ཡོང་གི་ཡོག་རེད།
  • འོང་འོང།
  • སྤྱིར་བཏང་བྱས་ན་འོང་འདུག་ཟེ་རེད།
  • ཕ་གི་སྨན་ཡོད་ས་བསྡོད་ཁང་མཛོད་ཁང་རང་གི་སྨན་ཕ་ཚོའི་གྲས་ནས་ང་ཚོར་གསལ་བཤད་ཞིག་གནང་རོགས་ཞུས་ན་གཅིག་དཔེར་མཚོན་བཞག་བྱས་གཅིག་ཡོང་གི་རེད་པས་ལ།
  • རེད། ད་ང་ཚོ་རྒྱ་གར་ནས་ཡོང་བར་ཆ་བཞག་པ་ཡིན་ན་ལི་ཤི་དང་། ཨ་རུ། བ་རུ། འབྲས་བུ་གསུམ་དང་། རྩ་བ་ལྔ། ཤིང་མཆོག་གསུམ། དེ་གྱད་༼དེ་རྣམས་༽རྒྱ་གར་ནས་ཡོང་གི་ཡོའོ་༼ཡོད་༽རེད་པཱ། 
  • ལགས་སེ།
  • རྒྱ་ནག་ནས་ད་ཟེ་མ་ར་མགོ་བཟོ་འདྲ་དེ་འདྲས་བོད་ནས་མ་བྱུང་པ་བྱསཡང་ལྷག་པར་དུ་རྒྱ་ནག་ཡོང་ཡས་ཤུགས་ཆེ་བ་རུ་རྟ་ཡག་པོ་ཡོག་རེད།
  • ལགས་སེ།
  • རྒྱ་ནག་གིའི་རུ་རྟ། 
  • ཕར་ཞལ་གཟིགས་གནང་།
  • དེ་ཚོ་གང་ག་༼ཚང་མ་༽རྒྱ་གར་གྱི་སྨན་ཡིན་པ་ཡིན་ནམ།
  • རེད། འདི་ཚོ་རྒྱ་གར་ནས་ཡོང་བའི་ཛ་ཏི་བྱས། 
  • ལགས་སེ།
  • ཙན་དན་དཀར་པོ་དང།
  • ལགས་སེ།
  • འདི་ཚོ་ཚང་མ་རྒྱ་གར་ནས་ཡོང་གི་ཡོག་རེད་པཱ། 
  • འོང་ལགས་སེ།
  • རྒྱ་ནག་ནས་ཡོང་བའི་སྨན་གྱི་གྲས།་
  • རྒྱ་ནག་ནས་ཡོང་བའི་སྨན་གྱི་གྲས་ལ་ཡཱ། ད་གཙོ་བོ་རུ་རྟ་དང་། མ་ནུ།་
  • དེ་ནས་རྒྱ་ནག་གི་སུག་སྨོལ་ཏིག་ཙམ་ཏིག་ཙམ་ཡོང་གི་རེད།
  • འོང་ལགས་སེ།
  • གཙོ་ཆེ་ཤོས་རུ་རྟ་དང་། མ་ནུ་སུག་སྨོལ་སེར་པོ། དེ་ཚོ་རྒྱ་ནག་ནས་ཡག་པོ་ཡོང་གི་ཡོག་རེད།
  • ལགས་སེ།
  • ད་དེ་ཚོ་གང་ག་༼ཆ་ཚང་༽བོད་རང་ནས་ཐོན་པའི་སྨན་གྱི་གྲས་མིན་འགྲོ་།་
  • རེད། ད་བོད་རང་ནས་ཐོན་པའི་གོ་སྙོད་ཀྱི་འབྲུ་དང་གཅིག་གིས་དེ་འདྲས།་
  • ལགས་སེ།
  • ཨུཏྤལ་སྔོན་པོ་དང་། ཧོང་ལེན་བ་ཤ་ཀ་དང། 
  • ལགས་སེ།
  • གཡའ་ཀྱི་མ་དང་དེ་ཚོ་ཚང་མ་ད་བོད་ཀྱི་དམིགས་བསལ་ཁྱད་ཆོས་ནུས་པ་ཞེ་དྲག་ཡོད་པའི་སྨན་གྱི་རྒྱུ་ཆའི་གྲས་རེད་པཱ། 
  • ལགས་སེ།
  • ཨ་ནི། བོད་རང་ནས་བྱུང་བའི་སྨན་གྱི་རྒྱུ་ཆ་དེ་གྱད་༼དེ་རྣམས་༽་ཡར་བཟོ་གྲྭས་མཁོ་སྒྲུབ་བྱེད་ཀྱི་རེད་པཱ།
  • རེད། 
  • དེ་མཁོ་སྒྲུབ་བྱེད་སྟངས་ཀྱི་ཐབས་ཤེས། བཟོ་གྲྭས་མར་ཨ་ནི་མི་དེ་འདྲས་བཏང་བྱས། ལོ་རེ་རེ་བཞིན་བཀོག་གར་་བཏང་བྱས་མཁོ་སྒྲུབ་བྱེད་ཀྱི་་ཡོད་ནཱ། ཡང་མིན་ན་ཐབས་ཤེས་གཞན་དག་ག་རེ་གནང་བྱས། 
  • སྨན་གྱི་རྒྱུ་ཆ་དེ་ནས་ཡར་རགས་ཡས་ཀྱི་ཐབས་ཤེས་གནང་གི་ཡོད་ན།  
  • དེའི་སྔོན་ལ་ཡ་ང་ཚོས་དེ་བྱེད་ཀྱི་ཡོའོ་༼ཡོད་༽་རེད་པཱ། 
  • སོ་སོས་ཕྱིན་བྱས་བཀོག་གི་ཡོག་རེད་པཱ།
  • སྨན་ཕོན་ཆེན་པོ་མེད་པའི་སྐབས་ལ་ཡ།
  • ལགས་རེད།
  • ད་ད་ལྟ་ང་ཚོ་སྨན་ཐོན་བསྐྱེད་ཤུགས་ཆེན་པོ་བྱེད་དགོས་དུས་ཙ་ན། སོ་སོས་བཀོག་ནའི་༼ན་ཡང་༽བཀོག་ཐུབ་ཀྱི་མ་རེད་པཱ། 
  • བཀའ་གནང་རང།
  • དེ་འདྲས་ཡིན་ཙང་ང་ཚོས་ཤང་ལ་མར་ཕྱིན། ཞིང་འབྲོག་མང་ཚོགས་ལ་སྨན་དེ་ནམ་དུས་དང་། བཀོག་ཡས་ཀྱི་ཟླ་བ་ག་ཚོད་རས་༼རེད་དམ་༽། 
  • བཀོག་པའི་སྐབས་ལ་ཡ། རྩ་བ་བཀོག་དགོ༼དགོས་༽་རས༼རེད་དམ་༽། མེ་ཏོག་བཀོག་དགོས་རས། ལོ་མ་བཀོག་དགོས་རས།
  • དེ་གྱད་༼དེ་རྣམས་༽ཁོང་ཚོར་གསལ་པོ་ལབ།
  • ཨ་ནི་སྐམ་དུས་་སྐབས་ལ་ཡ་ཉི་སྐམ་བཏང་དགོས་རས།
  • སིལ་སྐམ་བཏང་དགོས་རས། 
  • དེ་དག་ཁོ་ཚོར་གསལ་པོར་སློབ། 
  • གསལ་པོ་བསླབ་ཁོ་ཚོས་ཤེས་ཤེས་བྱས་ནས། ཁོ་ཚོའི་དཔལ་འབྱོར་གྱི་སོ་སོ་སོའི་མི་སོ་སོའི་ལས་ཀ་བྱས་པའི་ངལ་རྩོལ་གྱི་ཐོབ་ཐང་གཅིག་ཡོའོ་༼ཡོད་༽་རེད་པཱ། 
  • ཏག་ཏག་རེད།
  • དེ་འདང་བའི་ནང་ལོགས་ལ་ཡཱ་ཨི་ནེ་ང་ཚོས་གན་རྒྱ། ཁོ་རང་ཚོར་གན་རྒྱ་བཞག།
  • གན་རྒྱ་བཞག་ཚར་སོང་ན་ཨ་ནི་ཟླ་བ་ག་ཚོད་ནང་ལོགས་ལ་ཡར་བསྐྱལ་གར་ཡོང་ག།
  • འོ་དེ་དུས་ཡར་བསྐྱལ་གར་ཡོང་ཨ་ནི་ང་ཚོས་སྤུས་ཚད་དེ་གྱད་༼དེ་རྣམས་༽་ཕར་བསླབ་པ་ནང་བཞིན་ཡག་པོ་བྱས་འདུག་བྱས་མིན་འདུག།
  • བྱས་འདུག་ན་ཨ་ནི་ང་ཚོའི་འདི་ནས་ཉོ་གི་ཡོའོ་༼ཡོད་༽རེད། 
  • ཨ་ནི་མང་ཚོགས་ཀྱི་ལག་པར་དངུལ་དམར་སྤྲད།
  • ལགས་སེ་ལ།
  • དེ་བྱས་བྱས། སྨན་ཕོན་ཆེ་དུས་ཞིང་འབྲོག་ཁུལ་ལ་ཡ་ང་ཚོས་འདི་ནས་ཁྲི་ཉིས་བརྒྱ་ཙ་སུམ་བཅུ་ཙ་ཞིག་འགྲོ་གི་ཡོའོ་༼ཡོད་༽་རེད་ད།  
  • མང་ཚོགས་ཀྱི་ཇ་ཉོ་ཡས་ཟེར་ནའང་འདྲ། དེ་འདྲས་འཚོ་བའི་སྒང་ལ་ཕན་ཡས་ཡོའོ་རེད་པཱ། 
  • ལགས་སེ།
  • ད་སྨན་གྱི་རྒྱུ་ཆའི་མཛོད་ཁང་ད་ག་རང་རེད་རེད་པཱ།
  • ཨ་ནི་་སྨན་དངོས་སུ་སྦྱར་དུས་ཙ་ན། ད་འདི་ནས། སྨན་སྦྱོར་ཁང་ནས་ཡར་མི་ཡོང་བྱས།
  • ལེན་བྱས་མར་རྒྱ་མར་བཀྱག་ཏེ་མར་འཁྱེར་འགྲོ་གི་ཡོའོ་༼ཡོད་༽རས་༼རེད་དམ༽། 
  • འདིའི་མི་གས། མཛོད་ཁང་གི་མི་གས་མར་དབོར་འགྲོ་གི་ཡོའོ་༼ཡོད་༽རས་༼རེད་དམ་༽ང་འདྲས་ཟེ།་ 
  • དེ་དེ་འདྲས་བྱེད་ཀྱི་ཡོའོ་༼ཡོད་༽་རེད། 
  • སྨན་སྦྱོར་ཁང་ནས་ད་སྨན་སྦྱར་ཡས་ཀྱི་འཆར་གཞི་ཡོའོ་རེད་པཱ། 
  • ལགས་རེད།
  • འཆར་གཞི་དེ་གཞིར་བཟུང་བྱས་ནས་མཛོད་ཁང་ལ་སྨན་འདི་གྱད་འདི་གྱད་དགོས་ཀྱིས་ཟེར་བྱས་ནས་རེ་འདུན་གྱི་ཞུ་ཡིག་སྐྱེལ་དགོས་རེད།
  • འོང་ལགས་སེ།
  • རེའུ་མིག་འཐེན་བྱས་ནས་རེའུ་མིག་ནང་ལ་བྲིས། བྲིས་ཚར་སོང་ན་སྨན་ག་རེ་ག་རེ་རྒྱ་མ་ག་ཚོད་དགོས་ཀྱི་འདུག།
  • མཛོད་ཁང་ལ་ཞུ་ཡིག་བསྐྱལ། ཞུ་ཡིག་བསྐྱལ་ཚར་སོང་ན། ཨ་ནི། མཛོད་ཁང་ནས་ཞུ་ཡིག་དེའི་ཁ་གྲངས་གཞིར་བཟུང་བྱས་ནས་མར་བླངས། 
  • ཨ་ནི་དེ་མཛོད་ཁང་ནས་ཐོ་རྒྱབ་ཐོ་རྒྱབ་ཚར་སོང་ན་ཨ་ནི།
  • མཛོད་ཁང་ནས་རྩིས་རྒྱབ་ཡས་ཀྱི་ཁོངས་ལ་དེ་བྱེད་ཀྱི་རེད་པཱ།
  • ཨ་ནི་སྨན་མར་འཁྱེར་ཚར་སོང་ན་ཨ་ནི་སྨན་སྦྱོར་ཁང་ལ་གད་རྒྱབ་རྒྱུ་རེད་པཱ།
  • འོང་ལགས་སེ།