Skip to main content Skip to search
06 Jul 2018
6 min 46 sec
Video Overview
Creators: 
Karma Yezer

Ap Khandu of Ueserkha Village, sings Wangzhay, a zhey from Thimphu. He says that the main reason for singing Wangzhey is to commemorate consecretion ceremonies or other auspicious functions. After completing Punakha Dzong, Zhapdrung ordered every village to perform the song during future consecrations. So people from different villages performed and the song performed by men of Thimphu became popular. It was named Wangzhey. The performers' clothing, shoes and hats have special significance. 

༉  སྤུ་ན་ཁ་རྫོང་ཁག་ དཀར་སྦི་ས་རྒེད་འོག་ གཡུས་གསར་ཁ་གཡུས་ཚན་ལས་མཁའ་འགྲོ་གིས་ ཐིམ་ཕུག་རྫོང་ཁག་ནང་ཡོངས་གྲགས་ཅན་སྦེ་ཡོད་པའི་ཝང་གཞས་འདི་འཐེནམ་ཨིནམ་ད་ གཞས་འདི་ བཀྲ་ཤིས་མངའ་གསོལ་དང་ སྒྲུབ་རབ་གནས་ལ་སོགས་པ་རྟེན་འབྲེལ་བརྩི་བའི་སྐབས་ལུ་ འཐེན་དོ་ཡོདཔ་ཨིན་པས། དེ་བསྒང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ སྤུ་ན་ཁ་རྫོང་འདི་ ཡོངས་སུ་རྫོགསཔ་སྦེ་བཞེངས་ཚར་བའི་མཐའ་མར་ གཡུས་སྒོ་རེ་རེ་གིས་ ཞབས་བྲོ་རེ་བརྩམ་དགོཔ་སྦེ་གསུངས་པའི་སྐབས་ ཐིམ་ཕུག་གི་ཕོ་སྐྱེས་ཆ་ཁྱབ་ཀྱིས་བརྩམས་པའི་ཝང་གཞས་འདི་ ཡོངས་གྲགས་ཐོན་ཡོདཔ་ལས་ མིང་ཡང་ཝང་གཞས་ ཟེར་བཞག་བཞགཔ་མས། དེ་ལས་ གཞས་འདི་དང་འཁྲིལ་ཏེ་ གྱོན་ཆས་ཚུ་ཡང་ གཞན་དང་མ་འདྲཝ་སྦེ་ར་ཡོདཔ་ཨིན།

Transcript search
No results found for this search
0 of 0
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    ད་ ཝང་གཞས་འདི་ འཐེན་དགོ་མི་གི་དོན་དག་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཝང་གཞས་འདི་འཐེན་དགོ་མི་གི་དོན་དག་འདི་ཚུ་ གཙོ་བོ་ར་ ཏེ་བཀྲིས་མངའ་གསོལ་ སྒྲུབ་རབ་གནས་ག་ཅི་ར་འབད་ས་ཨིན་ས་ཅིག་རུང་ ཏེ་རྟེན་འབྲེལ་འདི་བརྩི་བའི་སྐབས་ལུ་ ཏེ་ཝང་གཞས་འདི་ ཨིན་ཅིག་མིན་ཅིག་རྐྱབ་དགོ་པ་ལས་བརྟེན་ཏེ་གིས་ ཏེ་ཝང་གཞས་འདི་འེོན་དགོ་མི་གི་ཁུངས་འདི་འ་ནཱ་ཨིན་ཟེར་ ཞུ་ནི་འབད་ཨིན་ལགས།
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    ཨོ་མོ་ཧ་སུ་མ་ཎི་པདྨེ་ཆོས་ལ་ཧཱུཾ། པད་ལ་མེ་ཧཱུཾ། པད་ལ་མེ་ཧཱུཾ་ལོ། ཕ་འདི་བླ་མ་རྣམས་ལ་དབའེ་ཕྱག་འཚལ་ལོ། །ཕ་འདི་བླ་མ་རྣམས་ལ་ཕྱག་འཚལ་ལོ་ཡ། །
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    པད་ལ་མེ་ཧཱུཾ་ལོ། སྐུ་འདི་འགྱུར་བ་མེད་པ་བླ་མའི་སྐུ། །ཐུགས་ལ་འཁྲུལ་པ་མེད་པ་བླ་མའི་ཐུགས་ཡ། །
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    པད་ལ་མེ་ཧཱུཾ་ལོ། བླ་མའི་སྐུ་གསུང་ཐུགས་ལ་དབའེ་ཕྱག་འཚལ་ལོ། །བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ་ཡ། །
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    པད་ལ་མེ་ཧཱུཾ་ལོ། རྒྱལ་ཁམས་དབང་ལུ་སྡུད་པའི་ཡ་མཚན་ཅན། །མི་དབང་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ་ཡ། །
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    པད་ལ་མེ་ཧཱུཾ་ལོ། གསུང་སྐད་འབྲུག་འདེ་དིར་ཡ་མཚན་ཅན། །ཆོས་ཁྲིམས་བཞི་པའི་ཞབས་ལ་ཕྱག་འཚལ་ལོ་ཡ། །
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    པད་ལ་མེ་ཧཱུཾ་ལོ། [བྱོག་ཀོ་?]ཐབས་ལ་མཁས་པའི་ཡ་མཚན་ཅན། །ལྷན་རྒྱས་བཞི་པོའི་ཞབས་ལ་ཕྱག་འཚལ་ལོ་ཡ། །
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    པད་ལ་མེ་ཧཱུཾ་ལོ། སུམ་ཆང་མཚོ་འདེ་འཁྱིལ་བའི་ཡ་མཚན་ཅན། །ཡུམ་ཆེན་ཨ་མའི་ཞབས་ལ་ཕྱག་འཚལ་ལོ་ཡ། །
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    ཕྱག་འཚལ་མི་འདི་འ་ནཱི་ཨིན་ལགས་ ཕྱག་འཚལམ་ཟེར་ སླབ་མི་འདི་ལགས།