Skip to main content Skip to search
04 Jul 2018
47 min 16 sec
Video Overview
Creators: 
Dawa Tshering

Zheypon Kinley sings Wangzhey although it is usually performed by dancers. Wangzhey was composed by Zhapdrung Ngakwang Namgyel in the 17th century to thank those from Wang who welcomed him while he was residing at Pangri Zampa. Historically, this dance is performed when the central monastic body shifted its seasonal residences between Punakha and Thimphu. Nowadays, it is also performed on national events or celebrations, tshechu and inaugurations, usually by Royal Academy of Performing Arts. Wangzhey is performed to accumulate good fortune, merit and auspiciousness.

༉  ཐིམ་ཕུག་ ཝང་སྲིན་མུ་ལས་ཀུན་ལེགས་ཀྱིས་འཐེན་མི་ཝང་གཞས་འདི་ མ་གཞི་ ཞབས་ཁྲ་རྐྱབ་མི་ཚུ་གི་འཁྲབ་སྟེ་འཐེནམ་ཨིན་མས། རྒྱལ་རབས་དང་འཁྲིལ་བ་ཅིན་ ཝང་གཞས་འདི་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་བརྩམས་བརྩམས་ཨིནམ་ད་ དེ་ཡང་ ཞབས་དྲུང་རིན་པོ་ཆེ་ཁོ་ར་ པང་རི་ཟམ་པ་ལུ་བཞུགས་པའི་སྐབས་ ཝང་གི་མི་ཚུ་གིས་ འབྲུག་རྒྱལ་ཁབ་ནང་ཕེབས་སུ་ཞུ་མི་ལུ་དགའ་ཚོར་སྦེ་ཨིན་མས། ཝང་གཞས་འདི་ འགོ་དང་པ་རང་ ཝང་གི་ཚེས་བཅུའི་སྐབས་འཁྲབ་ཞིནམ་ལས་ འབྲུག་རྒྱལ་ཁབ་ག་ཏེ་ལུ་ཡང་ཡོངས་གྲགས་ཅན་སྦེ་ཐོན་ཏེ་ཡོདཔ་ཨིན། འབྲུག་གི་རྒྱལ་རབས་དང་འཁྲིལ་བ་ཅིན་ གཞུང་གྲྭ་ཚང་དགེ་འདུན་ཚུ་ བྱཱར་དགུན་ སྤུ་ན་ཁ་དང་ཐིམ་ཕུག་ལུ་གསོལ་འབྱོན་པའི་སྐབས་འཁྲབ་ཨིནམ་ད་ ད་རེས་ནངས་པར་ གལ་ཆེ་བའི་དགའ་སྟོན་དང་རྒྱལ་ཡོངས་དུས་ཆེན་ དེ་ལས་ ཚེས་བཅུ་དང་འགོ་འབྱེད་རྟེན་འབྲེལ་གྱི་སྐབས་ལུ་ལེའུ་འཁྲབ་སྟེ་འཐེནམ་ཨིན། དེ་ཡང་ མང་ཆེ་ཤོས་ཅིག་ རྒྱལ་ཡོངས་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་ཞབས་ཁྲ་རྐྱབ་མི་ཚུ་གིས་འཁྲབ་དོ་ཡོདཔ་ད་ དེ་གིས་འབད་ ཞབས་དྲུང་གི་མཛད་ཤུལ་བཟང་པོ་ཚུ་ འབྲུག་རྒྱལ་ཁབ་ནང་ཡུན་དུ་གནས་ནིའི་བརྡ་སྟོནམ་ཨིན།

Transcript search
No results found for this search
0 of 0
  • ཀུན་ལེགས་
    Kinley: ཨོ་མོ་ལ་ས་མ་ཎི་པདྨེ་ཆོས་ལ་ཧཱུྃ་པད་ལ་མེ་ཧཱུྃ་ཡ། །པད་ལ་མེ་ཧཱུྃ་ལོ། ཕ་འདི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕ་འདི་བླ་མ་རྣམས་ལ་ཕྱག་འཚལ་ལོ་ཡ། །
  • ཀུན་ལེགས་
    Kinley: པད་ལ་མེ་ཧཱུྃ་ལོ། སྐུ་འདི་འགྱུར་བ་མིན་འདུག་བླ་མའི་སྐུ། །གསུང་འདི་འགགས་པ་མིན་འདུག་བླ་མའི་གསུང་ཡ། །
  • ཀུན་ལེགས་
    Kinley: པད་ལ་མེ་ཧཱུྃ་ལོ། ཐུགས་འདི་འཁྲུལ་བ་མིན་འདུག་བླ་མའི་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ་ཡ། །
  • ཀུན་ལེགས་
    Kinley: [བདག་ལ་ལྟོས་པའི་ས་བཅགས་གེ །བདག་ལ་ལྟོས་པའི་ས་བཅགས་གེ །?]
  • ཀུན་ལེགས་
    Kinley: [བདག་ལ་བསྐལ་ལྡན་ཁྲོམ་ཚོང་གེ །བདག་ལ་བསྐལ་ལྡན་ཁྲོམ་ཚོང་གེ །?]
  • ཀུན་ལེགས་
    Kinley: སྟེང་གི་ལྷ་མོ་འཁྲུལ་ར་བཅུག་དགེ །སྟེང་གི་ལྷ་མོ་འཁྲུལ་ར་བཅུག་དགེ །
  • ཀུན་ལེགས་
    Kinley: ལྷ་མོ་[དངོས་མོ་?]བྲོ་འཆམ་གེ །ལྷ་མོ་[དངོས་མོ་?]བྲོ་འཆམ་གེ །
  • ཀུན་ལེགས་
    Kinley: ས་ཕི་ལས་ཁྲི་གདུགས་ནམ་ཡང་ཤར། །ས་ཕི་ལས་ཁྲི་གདུགས་ནམ་ཡང་ཤར་ཡེ། །
  • ཀུན་ལེགས་
    Kinley: ད་རེས་ཤར་བའི་ཁྲི་གདུགས་ལུས་དྲོ་བས། །ད་རེས་ཤར་བའི་ཁྲི་གདུགས་ལུས་དྲོ་བས། །
  • ཀུན་ལེགས་
    Kinley: ནོར་བུ་ཕི་ལས་ཤར་ཤར་ནམ་ཡང་ཚེས། །ནོར་བུ་ཕི་ལས་ཤར་ཤར་ནམ་ཡང་ཚེས་ཡེ། །
  • ཀུན་ལེགས་
    Kinley: ད་རེས་ཚེས་པའི་ཤར་ཤར་མདངས་དཀར་བས། །ད་རེས་ཚེས་པའི་ཤར་ཤར་མདངས་དཀར་བས། །
  • ཀུན་ལེགས་
    Kinley: ས་བྱང་ལས་མཚན་ལྡན་ནམ་ཡང་འབྱོན། །ས་བྱང་ལས་མཚན་ལྡན་ནམ་ཡང་འབྱོན་ཡེ། །
  • ཀུན་ལེགས་
    Kinley: ད་རེས་འབྱོན་པའི་མཚན་ལྡན་བྱིན་རླབས་ཆེ། །ད་རེས་འབྱོན་པའི་མཚན་ལྡན་བྱིན་རླབས་ཆེ། །
  • ཀུན་ལེགས་
    Kinley: [ས་དལ་འབྱོར་པར་ཤིང་ནམ་ཡང་འཛོམས། །ས་དལ་འབྱོར་པར་ཤིང་ནམ་ཡང་འཛོམས་ཡེ། །?]
  • ཀུན་ལེགས་
    Kinley: ད་རེས་འཛོམས་པའི་[པར་ཤིང་?]གླུ་གཞས་མཁས། །ད་རེས་འཛོམས་པའི་[པར་ཤིང་?]གླུ་གཞས་མཁས། །
  • ཀུན་ལེགས་
    Kinley: བཞུགས་གྲལ་ལ་སེར་སྦྲེང་ཡོ། །དགུང་ཧིང་གི་བདེ་མོ། །འ་ཡེ་ ཡར་དགུང་ཧིང་བསྐོར་ཏེ་[ཛ་པ་ཐོག་གི་སྒོར། །འགྱོ་ནི་འགྱོ་ནི་འགྱོ་སྦེ་ཁྲི་གདུགས་གླིང་བཞི་བསྐོར་ཏེ་འགྱོ་ནི་འགྱོ་ནི་འགྱོ་སྦེ། ལུས་ལ་ཟ་འཛིན་ཞི་སོང། །?]
  • ཀུན་ལེགས་
    Kinley: བཞུགས་གྲལ་ལ་སེར་སྦྲེང་ཡོ། །གངས་སྟོད་ཀྱི་བདེ་མོ། །འ་ཡེ་ ཡར་གངས་སྟོད་བསྐོར་ཏེ་[ཛ་བ་ཐོག་གིས་སྒོར། །འགྱོ་ནི་འགྱོ་ནི་འགྱོ་སྦེ། དར་སེང་གངས་སྟོད་བསྐོར་ཏེ་འགྱོ་ནི་འགྱོ་སྦེ། ལུས་ལ་སམ་ཆུང་ཞི་སོང་། །?]
  • ཀུན་ལེགས་
    Kinley: བཞུགས་གྲལ་ལ་སེར་སྦྲེང་ཡོ། །གཡུས་བཟང་གི་བདེ་མོ། །འ་ཡེ་ ཡར་གཡུས་བཟང་བསྐོར་ཏེ་[ཛ་བ་ཐོག་གིས་སྒོར། །འགྱོ་ནི་འགྱོ་ནི་སྦེ། སྟག་ཤར་གཡུས་བཟང་བསྐོར་ཏེ་འགྱོ་ནི་འགྱོ་སྦེ།?] ལུས་ལ་ན་ཚ་ཞི་སོང་། །
  • ཀུན་ལེགས་
    Kinley: ས་ཡར་བཅད་དགུང་ཧིང་བདེ་མོ་ལུ། །ས་ཡར་བཅད་དགུང་ཧིང་བདེ་མོ་ལུ་ཡེ། །ཁྲི་གདུགས་སྤུན་ཆ་བརྒྱ་ཡི་གཡང་འཆམ་དོ། །ཁྲི་གདུགས་སྤུན་ཆ་བརྒྱ་ཡི་གཡང་འཆམ་དོ། །
  • ཀུན་ལེགས་
    Kinley: འཆམ་གཅིག་དང་འཆམ་གཉིས་ཡོ་ཁྲི་གདུགས་ཀྱི་ཕྱོགས། །ལུས་ལ་གཟའ་འཛིན་མེད་པ་འཆམ་ནི་རང་དགའ། །ལུས་ལ་གཟའ་འཛིན་མེད་པ་འཆམ་ནི་རང་དགའ། །
  • ཀུན་ལེགས་
    Kinley: ས་ཡར་བཅད་གངས་སྟོད་བདེ་མོ་ལུ། །ས་ཡར་བཅད་གངས་སྟོད་བདེ་མོ་ལུ་ཡེ། །དར་སེང་སྤུན་ཆ་བརྒྱ་ཡི་གཡང་འཆམ་དོ། །དར་སེང་སྤུན་ཆ་བརྒྱ་ཡི་གཡང་འཆམ་དོ། །
  • ཀུན་ལེགས་
    Kinley: འཆམ་གཅིག་དང་འཆམ་གཉིས་ཡོ་དར་སེང་གི་ཕྱོགས། །ལུས་ལ་བུ་ཡུག་མེད་པ་འཆམ་ནི་རང་དགའ། །ལུས་ལ་བུ་ཡུག་མེད་པ་འཆམ་ནི་རང་དགའ། །
  • ཀུན་ལེགས་
    Kinley: ས་ཡར་བཅད་སྤང་གཤོང་བདེ་མོ་ལུ། །ས་ཡར་བཅད་སྤང་གཤོང་བདེ་མོ་ལུ་ཡེ། །ཤཝ་རྒས་སྤུན་ཆ་བརྒྱ་ཡི་གཡང་འཆམ་དོ། །ཤཝ་རྒས་སྤུན་ཆ་བརྒྱ་ཡི་གཡང་འཆམ་དོ། །
  • ཀུན་ལེགས་
    Kinley: འཆམ་གཅིག་དང་འཆམ་གཉིས་ཡོ་ཤཝ་རྒས་ཀྱི་ཕྱོགས། །ལུས་ལ་ཤ་ཁྱི་མེད་པ་འཆམ་ནི་རང་དགའ། །ལུས་ལ་ཤ་ཁྱི་མེད་པ་འཆམ་ནི་རང་དགའ། །
  • ཀུན་ལེགས་
    Kinley: ས་ཡར་བཅད་གཡུས་བཟང་བདེ་མོ་ལུ། །ས་ཡར་བཅད་གཡུས་བཟང་བདེ་མོ་ལུ་ཡེ། །སྟག་ཤར་སྤུན་ཆ་བརྒྱ་ཡི་གཡང་འཆམ་དོ། །སྟག་ཤར་སྤུན་ཆ་བརྒྱ་ཡི་གཡང་འཆམ་དོ། །
  • ཀུན་ལེགས་
    Kinley: འཆམ་གཅིག་དང་འཆམ་གཉིས་ཡོ་སྟག་ཤར་གྱི་ཕྱོགས། །ལུས་ལ་ན་ཚ་མེད་པ་འཆམ་ནི་རང་དགའ། །ལུས་ལ་ན་ཚ་མེད་པ་འཆམ་ནི་རང་དགའ། །
  • ཀུན་ལེགས་
    Kinley: གཡས་སུ་ལ་གཡས་གཡོན་འོང་མི། །གཡས་རི་དང་གཙང་མོ་དང་གཅིག །འ་ཡེ་ གཡས་རི་དང་གཙང་མོ་དང་གཅིག །
  • ཀུན་ལེགས་
    Kinley: གཡོན་སུ་ལ་གཡོན་རི་འོང་མི། །སྐྱིད་ཆུ་དང་སྔོན་མོ་དང་གཉིས། །འ་ཡེ་ སྐྱིད་ཆུ་དང་སྔོན་མོ་དང་གཉིས། །
  • ཀུན་ལེགས་
    Kinley: སྦུག་སུ་ལ་སྦུག་ལས་འོང་མི། །གངས་ཆུ་དང་ཤར་ཤར་དང་གསུམ། །འ་ཡེ་ གངས་ཆུ་དང་ཤར་ཤར་དང་གསུམ། །
  • ཀུན་ལེགས་
    Kinley: ཆུ་མོ་གཉིས་སུ་འཛོམས་པའི་[བོད་ཐོག་?]ལས། །ཡ་བསིལ་ཆུ་གི་ཡོན་ཆབ་ལ་འབུལ་ལོ། །
  • ཀུན་ལེགས་
    Kinley: སྨོན་ལམ་ལ་ལན་གཅིག་བཏབ་བུ་སེ་ཡོ། །ཡར་འཁྱིལ་འཁྱིལ་མཚོ་ལུ་བཏབ་བུ་རང་ཡོད། །ཡར་འཁྱིལ་འཁྱིལ་མཚོ་ལུ་བཏབ་བུ་རང་ཡོད། །
  • ཀུན་ལེགས་
    Kinley: སྨོན་ལམ་ལ་ལན་གཉིས་བཏབ་བུ་སེ་ཡོ། །མར་ཤར་ཤར་ར་ཁར་བཏབ་བུ་རང་ཡོད། །མར་ཤར་ཤར་ར་ཁར་བཏབ་བུ་རང་ཡོད། །
  • ཀུན་ལེགས་
    Kinley: སྨོན་ལམ་ལ་ལན་གསུམ་བཏབ་བུ་སེ་ཡོ། །རྒྱ་ཆོས་འཁོར་བླམ་དང་མཇལ་བུ་རང་ཡོད། །རྒྱ་ཆོས་འཁོར་བླམ་དང་མཇལ་བུ་རང་ཡོད། །
  • ཀུན་ལེགས་
    Kinley: ས་ནོར་བུ་དུང་དཀར་གཡས་འཁྱིལ་ནི། །ས་ནོར་བུ་དུང་དཀར་གཡས་འཁྱིལ་ནི་ཡེ། །
  • ཀུན་ལེགས་
    Kinley: དུང་དཀར་སྐྱེས་སུ་མ་ཕམ་གཡུ་མཚོ་བཟང་། །དུང་དཀར་སྐྱེས་སུ་མ་ཕམ་གཡུ་མཚོ་བཟང་། །
  • ཀུན་ལེགས་
    Kinley: ན་སྐྱེས་སུ་བཟང་མ་མི་ཆོད་པ། །ན་སྐྱེས་སུ་བཟང་མ་མི་ཆོད་པ་ཡེ། །
  • ཀུན་ལེགས་
    Kinley: ངེའི་དུང་དཀར་གྱི་ཕུལ་སུ་འཚོལ་དགོ་པས། །ངེའི་དུང་དཀར་གྱི་ཕུལ་སུ་འཚོལ་དགོ་པས། །
  • ཀུན་ལེགས་
    Kinley: ངེའི་དུང་དཀར་གྱི་ཕུལ་སུ་འཚོལ་བལྟ་ཚེ། །ངེའི་དུང་དཀར་གྱི་ཕུལ་སུ་འཚོལ་བལྟ་ཚེ་ཡེ། །
  • ཀུན་ལེགས་
    Kinley: ད་མཚན་ལྡན་བླ་མའི་ཆོས་དུང་ཕུལ། །ད་མཚན་ལྡན་བླ་མའི་ཆོས་དུང་ཕུལ། །
  • ཀུན་ལེགས་
    Kinley: ད་དུང་དཀར་ལ་དམྱལ་བ་མ་བཏང་སེ་ཡོ། །འགྲོ་བ་རིགས་དྲུག་ཐར་པའི་ལམ་ལས་དྲངས། །འགྲོ་བ་རིགས་དྲུག་ཐར་པའི་ལམ་ལས་དྲངས། །
  • ཀུན་ལེགས་
    Kinley: ས་བོད་ཀྱི་བྱ་ཆེན་ངང་པ་ལུ། །ས་བོད་ཀྱི་བྱ་ཆེན་ངང་པ་ལུ་ཡེ། །
  • ཀུན་ལེགས་
    Kinley: ངང་པ་སྐྱེས་སུ་གཅིག་དང་གངས་གཉིས་བཟང་། །ངང་པ་སྐྱེས་སུ་གཅིག་དང་གངས་གཉིས་བཟང་། །
  • ཀུན་ལེགས་
    Kinley: ན་སྐྱེས་སུ་བཟང་མ་མི་ཆོད་པ། །ན་སྐྱེས་སུ་བཟང་མ་མི་ཆོད་པ་ཡེ། །
  • ཀུན་ལེགས་
    Kinley: བྱ་ངང་པའི་བཞུགས་སུ་འཚོལ་དགོ་པས། །བྱ་ངང་པའི་བཞུགས་སུ་འཚོལ་དགོ་པས། །
  • ཀུན་ལེགས་
    Kinley: བྱ་ངང་པའི་བཞུགས་སུ་འཚོལ་བལྟ་ཚེ། །བྱ་ངང་པ་བཞུགས་སུ་འཚོལ་བལྟ་ཚེ་ཡེ། །
  • ཀུན་ལེགས་
    Kinley: ངང་པ་མཉམ་རོགས་མཚོ་ལུ་བཞུགས་ད་ནུག །ངང་པ་མཉམ་རོགས་མཚོ་ལུ་བཞུགས་ད་ནུག །
  • ཀུན་ལེགས་
    Kinley: ངང་པ་མཉམ་རོགས་མཚོ་ལུ་བཞུགས་བལྟ་ཚེ། །ངང་པ་མཉམ་རོགས་མཚོ་ལུ་བཞུགས་བལྟ་ཚེ་ཡེ། །
  • ཀུན་ལེགས་
    Kinley: མར་མཚོ་མ་འཁྱེག་ལས་མ་གྲོལ་བས། །མར་མཚོ་མ་འཁྱེག་ལས་མ་གྲོལ་བས། །
  • ཀུན་ལེགས་
    Kinley: མར་མཚོ་མ་འཁྱེག་ལས་གྲོལ་ཟེར་ནི(ན)། །མར་མཚོ་མ་འཁྱེག་ལས་གྲོལ་ཟེར་ནི་(ན་)ཡེ། །
  • ཀུན་ལེགས་
    Kinley: བྱ་ངང་པ་རང་ཡང་སེམས་དགའ་བས། །བྱ་ངང་པ་རང་ཡང་སེམས་དགའ་བས། །
  • ཀུན་ལེགས་
    Kinley: [སེམས་མ་སོ་ལ་?]དགའ་བས་ངང་པ་སེ་ཡོ། །བྱ་ན་ལེགས་པའི་གཤོག་སྒྲོ་བརྒྱང་དགོ་པས། །བྱ་ན་ལེགས་པའི་གཤོག་སྒྲོ་བརྒྱང་དགོ་པས། །
  • ཀུན་ལེགས་
    Kinley: ས་བོད་ཀྱི་ལ་ཡར་ལུ་མཚོ་ཁ་ལུ་མཚོ་ཁ་ལུ། །བྱ་སྣ་ལ་བརྒྱ་འཛོམས་སྟོང་འཛོམས་རུང་སྟོང་འཛོམས་རུང་། །
  • ཀུན་ལེགས་
    Kinley: འ་ཡེ་ ངེའི་བོད་ལས་ཤང་ཤང་མ་འཛོམས་མས། །ངེའི་བོད་ལས་ཤང་ཤང་མ་འཛོམས་མས། །
  • ཀུན་ལེགས་
    Kinley: ཤང་ཤང་[བོད་ཁ་ཟེར་བ་?]ང་ལྷོད་ཅི། །ཤང་ཤང་[བོད་ཁ་ཟེར་བ་?]ང་ལྷོད་ཅི། །
  • ཀུན་ལེགས་
    Kinley: ས་བོད་ཀྱི་ལ་ཡར་ལུ་མཚོ་ཁ་ལུ་མཚོ་ཁ་ལུ། །བྱ་སྣ་ལ་བརྒྱ་འཛོམས་སྟོང་འཛོམས་རུང་སྟོང་འཛོམས་རུང་། །
  • ཀུན་ལེགས་
    Kinley: འ་ཡེ་ ངེའི་རྒྱ་ལས་རྨ་བྱ་མ་འཛོམས་མས། །ངེའི་རྒྱ་ལས་རྨ་བྱ་མ་འཛོམས་མས། །
  • ཀུན་ལེགས་
    Kinley: རྨ་བྱ་མདོང་སྒྲོ་[ཟིང་བ་?]ང་ལྷོད་ཅི། །རྨ་བྱ་མདོང་སྒྲོ་[ཟིང་བ་?]ང་ལྷོད་ཅི། །
  • ཀུན་ལེགས་
    Kinley: ས་བོད་ཀྱི་ལ་ཡར་ལུ་མཚོ་ཁ་ལུ་མཚོ་ཁ་ལུ། །བྱ་སྣ་ལ་བརྒྱ་འཛོམས་སྟོང་འཛོམས་རུང་སྟོང་འཛོམས་རུང་། །
  • ཀུན་ལེགས་
    Kinley: འ་ཡེ་ ངེའི་ལྷོ་ལས་ཁུ་བྱུག་མ་འཛོམས་མས། །ངེའི་ལྷོ་ལས་ཁུ་བྱུག་མ་འཛོམས་མས། །
  • ཀུན་ལེགས་
    Kinley: ཁུ་བྱུག་བསིལ་ཆུ་འཐུང་པ་ང་ལྷོད་ཅི། །ཁུ་བྱུག་བསིལ་ཆུ་འཐུང་པ་ང་ལྷོད་ཅི། །
  • ཀུན་ལེགས་
    Kinley: ས་མས་ལས་སྐྱེས་པའི་སྤ་ཚར་དང་[རླུང་སྐྱེས?]། །ས་མས་ལས་སྐྱེས་པའི་སྤ་ཚར་དང་རླུང་སྐྱེས་ཡེ། །
  • ཀུན་ལེགས་
    Kinley: ངེའི་སྤ་ཚར་[ཕྲང་མི་?]དུས་ཚོད་ལུ། །ན་[དཔང་ཁ་?]ཚིག་གསུམ་བཅད་དགོ་པས། །
  • ཀུན་ལེགས་
    Kinley: [དཔང་ཀ་?]ལ་ཚིག་གསུམ་བཅད་བུ་སེ་ཡོ། །དུལ་བ་སྒོམ་ཆེན་འདྲ་བའི་ལག་ཏུ་ཕུལ། །ངེའི་འདྲེ་སྲིན་དམ་ལུགས་བཏགས་དགོ་པས། ། འདྲེ་སྲིན་དམ་ལུགས་བཏགས་པ་ཐེ་ཚོམ་མེད། །
  • ཀུན་ལེགས་
    Kinley: ན་སྤ་ཚར་འབྱུང་མི་དུས་ཚོད་ལུ། །ན་སྤ་ཚར་འབྱུང་མི་དུས་ཚོད་ལུ་ཡེ། །
  • ཀུན་ལེགས་
    Kinley: ན་ཚར་རི་པར་རི་འཐག་དགོ་པས། །ངེའི་ཚར་རི་པར་རི་འཐག་དགོ་པས། །
  • ཀུན་ལེགས་
    Kinley: ཚར་རི་ལ་པར་རི་འཐག་དགོ་སེ་ཡོ། །བདག་ཡུམ་ཆེན་ཨ་མའི་ལག་ཏུ་ཕུལ། །ན་[ཉིན་ཐག་བར་གྱི་?]བཞག་དགོ་པས། །[ཉིན་ཐག་བར་གྱི་?]བཞག་པ་ཐེ་མཚོམ་མེད། །
  • ཀུན་ལེགས་
    Kinley: ངེའི་སྤ་ཚར་མཉན་པའི་དུས་ཚོད་ལུ། །ན་སྤ་ཚར་མཉན་མི་དུས་ཚོད་ལུ་ཡེ། །
  • ཀུན་ལེགས་
    Kinley: ན་[བད་ཁུ་ཁྲ་ཆུང་?]cཐག་དགོ་པས། །ན་[བད་ཁུ་ཁྲ་ཆུང་?]འཐག་དགོ་པས། །
  • ཀུན་ལེགས་
    Kinley: [བད་ཁུ་ལ་ཁྲ་ཆུང་?]འཐག་བུ་སེ་ཡོ། །སྨན་ཆུང་ཤེས་ལྕམ་འདྲ་བའི་ལག་ཏུ་ཕུལ། །ན་[བད་ལྷ་གོས་ལུ་འགྱུར་དགོ་པ། །བད་ལྷ་གོས་ལུ?]་འགྱུར་བ་ཐེ་ཚོམ་མེད། །
  • ཀུན་ལེགས་
    Kinley: སྤ་ཚར་མཉེན་ལྕུག་ལྡན་པའི་དུས་ཚོད་ལུ། །སྤ་ཚར་མཉེན་ལྕུག་ལྡན་པའི་དུས་ཚོད་ལུ་ཡེ། །
  • ཀུན་ལེགས་
    Kinley: [ན་ཞལ་ལས་ཕུརཔ་ཆུང་སྒོང་དགོ་པས། །ན་ཞལ་ལས་ཕུརཔ་ཆུང་སྒོང་དགོ་པས?]། །
  • ཀུན་ལེགས་
    Kinley: [ཞལ་ལས་ལ་ཕུརཔ་ཆུང་སྒོང་མོ་སེ་ཡོ?]། །སྟག་ཤར་གེ་སར་འདྲ་བའི་ལག་ཏུ་ཕུལ། ཕར་ཕར་ཚུ་གི་དགྲ་བོ་བཏུལ་དགོ་པས། །ཚུར་ཚུར་ཚུ་གྱི་གཉེན་སྐྱོང་དགོ་པས། །
  • ཀུན་ལེགས་
    Kinley: རི་མོ་ལ་གཡས་ཀྱི་མིང་ཅན་ཡོ་མིང་ཅན་ཡོ། །འ་ཡེ་ [དེ་རིང་གཡང་གསུམ་མི་འཁོར་བས། །དེ་རིང་གཡང་གསུམ་འཁོར་དགོ་ཞེ་ན་ཡོ། །ཡར་ང་བཅས་བྱུང་རི་རྩེ་མོ་འཁོར། །ཡར་ང་བཅས་བྱུང་རི་རྩེ་མོ་འཁོར?]། །
  • ཀུན་ལེགས་
    Kinley: [བྲག་ཕུག་ལ་ཉེན་ཅིག་མིང་ཅན་ཡོ་མིང་ཅན་ཡོ། །འ་ཡེ་ སྒོམ་ཆེན་སུ་མི་བཞུགས་ཡེ། །སྒོམ་ཆེན་སུ་མི་བཞུགས་ཤེས་ན་ཡོ?]། །ཡར་བྲག་ཕུག་གསེར་གྱི་གྱེན་རྩེ་ཞུགས། །
  • ཀུན་ལེགས་
    Kinley: [གཡུས་བཟང་ལ་ཉན་ཅིག་?]མིང་ཅན་ཡོ་མིང་ཅན་ཡོ། །འ་ཡེ་ སྟག་ཤར་སུ་མི་འཁོར་ཡེ། །སྟག་ཤར་སུ་འཁོར་དགོ་ཤེས་ན་ཡོ། །ན་ང་བཅས་གཡུས་བཟང་བདེ་མོ་འཁོར། །ན་ང་བཅས་གཡུས་བཟང་བདེ་མོ་འཁོར། །
  • ཀུན་ལེགས་
    Kinley: [འཛོམས་པ་གླིང་ལུ་གསུང་དགོས་བ། །དགུང་སྨད་ཀྱི་བདེ་མོ། །དེ་ལ་ཟ་བཅུ་གསུམ་འདུག་པ། །འདྲོ་ཟ་གི་མཆོད་པ?]། །
  • ཀུན་ལེགས་
    Kinley: [འཛོམས་པ་གླིང་ལུ་གསུང་དགོས་བ། །དགུང་སྨད་ཀྱི་བདེ་མོ། །དེ་ལ་གཟ་བཅུ་གསུམ་འདུག་བ?]། །ཉི་ཟེར་གྱི་མཆོད་པ?]། །
  • ཀུན་ལེགས་
    Kinley: [འཛོམས་པ་གླིང་ལུ་གསུང་དགོས་བ། །གཡུས་བཟང་གི་བདེ་མོ། །དེ་ལ་ཟ་བཅུ་གསུམ་འདུག་བ?]། །ཡབ་ཡུམ་གྱི་མཆོད་པ།། །།