Video Overview
A Tibetan man and woman have a conversation while waiting for an acquaintence.
- Lhasa
- Ü
- རྒན་བསོད་དབྱངསའོང་། རྒན་ལགས་འདའི་ཞུགས་པ་གནང་། འོང་། འདའི་བསྡད་ས་སྟོང་པ་རེད་བཞག
- རྒན་ཟླ་བ་ཚེ་རིངའདའི་མི་བསྡད་ཡན་མི་འདུག་གས།
- རྒན་བསོད་དབྱངསཨོང་། མི་བསྡད་ཡན་མི་འདུག
- རྒན་ཟླ་བ་ཚེ་རིངརྒན་ལགས་ཁྱེད་རང་འདའི་ཕེབས་བྱས་དུས་ཚོད་རིང་ལོས་ཕྱིན་སོང་།
- རྒན་བསོད་དབྱངསང་། ཨོའོ་ཆུ་ཚོད་ཕྱེད་ཀ་ཙམ་ཕྱིན་སོང་།
- རྒན་ཟླ་བ་ཚེ་རིངམི་གཞན་དག་ཕེབས་མ་སོང་ག
- རྒན་བསོད་དབྱངསགཞན་པའི་ཕེབས་མ་སོང་།
- རྒན་ཟླ་བ་ཚེ་རིངཨ་ཁ་ད།
- རྒན་བསོད་དབྱངསཨོའོ། རྒན་ལགས་ཁྱེད་རང་ག་རེ་ཡིན་པ། ཕྱག་ལས་ག་རེ་ཡོད་པ་འདའི།
- རྒན་ཟླ་བ་ཚེ་རིངང་འདའི་མི་གཅིག་བསྒུག་ག་ཡོང་པ་ཡིན།
- རྒན་བསོད་དབྱངསཨཱ་ལགས་སོ། ང་ཡའི་མི་འདའི་བསྒུག་ག་ཡིན་པ། དུས་ཚོད་ཞེ་དྲགས་བསྒུགས་པ་ཡིན། ཆུ་ཚོད་ཕྱེ་ཀ་ཕྱིན་སོང་།
- རྒན་ཟླ་བ་ཚེ་རིངཨ་ལས་སུ་སྒུག་གནང་གི་ཡོད།
- རྒན་བསོད་དབྱངསང་འདའི་ཅོག་ཅོག་སྒུག་གི་ཡོད་པ། ཅོག་ཅོག
- རྒན་ཟླ་བ་ཚེ་རིངཁྱེད་རང་གི་ཅོག་ཅོག་སུ་རེད་ལ།
- རྒན་བསོད་དབྱངསངའི་ང་། ཅོག་ཅོག་དེ་ནས་ཡོང་གི་རེད་གཞི་ཀ་རྩེ་ནས།
- རྒན་ཟླ་བ་ཚེ་རིངམཚན་ལ་ག་རེ་ཞུ་གི་༼ཡི་༽ཡོའོ་རེད།
- རྒན་བསོད་དབྱངསམཚན་ལ་དེ་ཟེར་གྱི་ཡོའོ་རེད། བཀྲ་ཤིས།
- རྒན་ཟླ་བ་ཚེ་རིངཨ་ལས། བཀྲ་ཤིས་ལགས་ལ།
- རྒན་བསོད་དབྱངསའོང་། བཀྲ་ཤིས།
- རྒན་ཟླ་བ་ཚེ་རིངཨཱ་ལས་ཁྱེད་རང་ཡའི་བཀྲ་ཤིས་ལགས་སྒུག་གནང་གི་ཡོད་པས།
- རྒན་བསོད་དབྱངསའོང་།
- རྒན་ཟླ་བ་ཚེ་རིངའོ་རྫི་བྱས་ན་ཏག་ཏག་བྱས་བཞག་ང་ཡའི་བཀྲ་ཤིས་ལགས་ཅིག་བཙལ་དགོས་ཡོད།
- རྒན་བསོད་དབྱངསཨཱ། ཁྱེད་རང་གི་ངའི་ཅོག་ཅོག་ངོ་མཁྱེན་གྱི་ཡོད་པས་ཨ་ནི།
- རྒན་ཟླ་བ་ཚེ་རིངཨོའོ། བཀྲ་ཤིས་ལགས་དེ་རིང་འདའི་ཕེབས་ཀྱི་ཡིན་འདའི་བསྒུག་རོགས་གསུང་གིས།
- རྒན་བསོད་དབྱངསཨཱ་ལགས་སོ།
- རྒན་ཟླ་བ་ཚེ་རིངད་བྱས་ན་ཏག་ཏག་བྱུང་ང་གཉིས་བསྒུག་ཡས་གཅིག་པ་རེད་བཞག
- རྒན་བསོད་དབྱངསཨཱ་ལགས་སོ། ཨ་ནི་རྒན་ལགས་རང་ངའི་ཅོག་ཅོག་ཨ་ནི་གང་འདྲས་ཟེར་ངོ་མཁྱེན་གྱི་ཡོའོ།
- རྒན་ཟླ་བ་ཚེ་རིངཨ་ནི་སྔོན་མ་ང་ཚོའི་སློབ་གྲོགས་ཅིག་དང་ཁོ་རང་གྲོགས་པོ་རེད་འདུག་ག
- རྒན་བསོད་དབྱངསཨཱ་ལགས་སོ།
- རྒན་ཟླ་བ་ཚེ་རིངཨེ་འདྲས་ཟེར་བྱས་ངོ་ཤེས་ཀྱི་ཡོད།
- རྒན་བསོད་དབྱངསཨོའོ། ཁྱེད་རང་ཨ་ནི་ཕ་ཡུལ་ག་པ་ནས་ཡིན་འགྲོ།
- རྒན་ཟླ་བ་ཚེ་རིངང་ཕ་ཡུལ་ནག་ཆུ་ནས་ཡིན།
- རྒན་བསོད་དབྱངསཨཱ་ལགས་སོ། ནག་ཆུ་ནས། ཨ་ནི་ག་སུ་ངོ་ཤེས་ཀྱི་རེད་ཨ་ནི།
- རྒན་ཟླ་བ་ཚེ་རིངངའི་ཅོག་ཅོག་དེ་སྔོན་མ་རྒྱ་ནག་སློབ་གྲྭ་ཕྱིན་སོང་ང་།
- རྒན་བསོད་དབྱངསཨཱ་ལགས་སོ། ཨ་ནི།
- རྒན་ཟླ་བ་ཚེ་རིངཁོང་ཚོ་མཉམ་པོ་རེད་བཞག
- རྒན་བསོད་དབྱངསཨོའོ་བྱས་ཙང་། ངའི་ཅོག་ཅོག་དེ་ནས་རྒྱ་ནག་ནས་སློབ་གྲྭ་ཐོན་པ་རེད།
- རྒན་ཟླ་བ་ཚེ་རིངཨཱ་ལས་འོང་འོང་། ག་དུས་ཕེབས་ཀྱི་ཡོད་ན་མཁྱེན་ཨ་ཡོད།
- རྒན་བསོད་དབྱངསད་མོ་ཌ་དེའི་ག་དུས་ཅིག་རེད་ཟེར་གྱིས་ཆུ་ཚོད་ཕལ་ཆེར་གསུམ་དང་ཕྱེད་ཀ་ལ་ཡོང་གི་རེད་ཟེར་གྱིས།
- རྒན་ཟླ་བ་ཚེ་རིངཨཱ་ལས་གསུམ་དང་ཕྱེད་ཀ
- རྒན་བསོད་དབྱངསཆུ་ཚོད་གསུམ་དང་ཕྱེད་ཀ་ཡོང་གི་རེད་ཟེར་གྱིས།
- རྒན་ཟླ་བ་ཚེ་རིངད་བྱས་ན་གསུམ་དང་ཕྱེད་ཀ་ཟིན་འདུག་ག་ད་དུང་ཕེབས་ཀྱི་མི་འདུག གང་འདྲས་ཡིན་ན།
- རྒན་བསོད་དབྱངསག་རེ་ཡིན་ན་དེང་སང་ཅིག་གི་ཆར་པ་ཏས་ཙ་བཏང་ནས་ཨ་ནི་ལམ་ཁ་བདེ་པོ་མེད་པ་ཡིན་ན། ནམ་རྒྱུན་བྱས་ན་འདའི་ཏག་ཏག་སླེབས་ཀྱི་རེད།
- རྒན་ཟླ་བ་ཚེ་རིངཨཱ་ལས་ལགས་ལགས།
- རྒན་བསོད་དབྱངསད་དེང་སང་ཏས་ཙ་གཞི་ཀ་རྩེའི་ལམ་ཁ་དེ་ཏས་ཙ་དེ་བྱེད་ཀྱི་འདུག་ཟེར་གྱི་འདུག་ག་ཆར་པ་བཏངབཞག་ཟེར་དེས་ཡིན་ན། ནམ་རྒྱུན་བྱས་ན་ད་ག་སླེབས། སླེབས་ཀྱི་རེད།
- རྒན་ཟླ་བ་ཚེ་རིངཨཱ་ལས་ལགས་ལགས། ད་བྱས་ན་ཏིག་ཙ་སྒུག་ན་ཕེབས་མ་ཡོང་།
- རྒན་བསོད་དབྱངསའོང་ཏིག་ཙའི་བསྒུག་ཡན་ཡིན་འདའི།
- རྒན་ཟླ་བ་ཚེ་རིངལགས་སོ། ང་ཡའི་ཏིག་ཙ་བསྒུག་གི་ཡིན་བྱས་ན།
- རྒན་བསོད་དབྱངསཨཱ་ལགས་སོ། ཨ་ནི་ཁྱེད་རང་ཕྱག་ལས་ག་རེ་གནང་གི་ཡོའོ་རེད་དེ་བཞག
- རྒན་ཟླ་བ་ཚེ་རིངང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཡིན།
- རྒན་བསོད་དབྱངསཨཱ་ལགས་སོ། རྒན་ལགས་ཕ་གའི་ཨ་ནི་ག་རེ་སློབ་ཡན༼སློབ་མཁན་༽ཡིན་པ།
- རྒན་ཟླ་བ་ཚེ་རིངབོད་ཡིག་སློབ་ཚན་ཁྲིད་ཀྱི་ཡོད།
- རྒན་བསོད་དབྱངསཨཱ་ལགས་སོ། བོད་ཡིག་ཚན་ཁག་རེད་པས།
- རྒན་ཟླ་བ་ཚེ་རིངརེད་ལ་བོད་ཡིག་ཚན་ཁག་ནས་ཡིན།
- རྒན་བསོད་དབྱངསཨཱ་ལགས་སོ། འོང་ཨ་ནི་ཕ་གའི་ཅིག་གི་དེ་ཚན་ཁག་ག་ཚོད་ཡོའོ་རེད་པས།
- རྒན་ཟླ་བ་ཚེ་རིངཨོའོ། བོད་ཡིག་ཚན་ཁག་བྱས། རྒྱ་ཡིག་ཚན་ཁག་བྱས། དེ་ནས་ཆབ་སྲིད་ལོ་རྒྱུས་ཚན་ཁག་བྱས།
- རྒན་བསོད་དབྱངསཨོའོ་འོང་། ཨ་ནི་དེ་ཡོའོ་རེད་པ་ད་དུང་རི་མོའི་ཚན་ཁག་དང་དེ་ཚོ་ཡོའོ་རེད་ཟེར་གྱིས། རེད་པས།
- རྒན་ཟླ་བ་ཚེ་རིངཨོའོ་རེད། སྒྱུ་རྩལ་ཚན་ཁག་ཡོའོ་རེད་ད་དུང་།
- རྒན་བསོད་དབྱངསཨཱ་ལགས་སོ། ཨ་ནི་རྒན་ལགས་སློབ་གྲྭ་ལ་ཕེབས་དུས་ཕ་གའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་གྲྭ་ལ་ཕེབས་པ་རེད་ག་རེ་རེད།
- རྒན་ཟླ་བ་ཚེ་རིངསྔོན་མ་ང་བོད་ལྗོངས་སློབ་གྲྭ་ཆེན་མོ་སློབ་གྲྭ་ཐོན་བྱས་ཨ་ནི་ཕ་གའི་དགེ་རྒན་བྱས་བྱས་བསྡད་པ་ཡིན།
- རྒན་བསོད་དབྱངསཨཱ་ལགས་སོ། ཨོའོ་འོང་བྱས་ཙང་ངའི་ཅོག་ཅོག་དང་པོ་བྱས་ན་དེ་བྱས་པ་རེད། ཨོའོ་རྒྱ་ནག་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ་ནས་ཐོན་བྱས། ཨ་ནི་སློབ་གྲྭ་ཐོན་བྱས་ནས་ཨ་ནི་གཞི་ཀ་རྩེ་ལ་དེ་བྱས་པ་རེད།
- རྒན་ཟླ་བ་ཚེ་རིངཨཱ་ལས།
- རྒན་བསོད་དབྱངསལས་བཀོད་རྒྱབ་བྱས་ད་ལྟ་གཞི་ཀ་རྩེ་ཡི་ཨ་ནི་དགེ་འོས་སློབ་གྲྭའི་དེ་རེད། དགེ་རྒན་རེད།
- རྒན་ཟླ་བ་ཚེ་རིངཨཱ་ལས་ད་ལྟའི་ཁོང་སློབ་ཚན་ཁྲིད་གནང་གི་ཡོའོ་རེད།
- རྒན་བསོད་དབྱངསརེད། ཁོ་རང་དེ་རེད་ལོ་རྒྱུས་ཁྲིད་ཀྱི་ཡོའོ་རེད།
- རྒན་ཟླ་བ་ཚེ་རིངཨཱ་ལས་འོང་འོང་།
- རྒན་བསོད་དབྱངསཀྲུང་གོའི་ལོ་རྒྱུས་ཁྲིད་ཀྱི་ཡོའོ་རེད།
- རྒན་ཟླ་བ་ཚེ་རིངཨཱ་ལས་བྱས་ན་སྤྲོ་པོ་ཞེ་པོ་ཡོའོ་རེད།
- རྒན་བསོད་དབྱངསའོང་ལགས།
- རྒན་ཟླ་བ་ཚེ་རིངལགས་ལགས།
- རྒན་བསོད་དབྱངསཨོའོ། ལགས་སོ། ཨ་ནི་རྒན་ལགས་ཅིག་ཞུགས་ས་དའི་ལྷ་ས་རང་ལ་ཞུགས་ཀྱི་ཡོའོ་རེད།
- རྒན་ཟླ་བ་ཚེ་རིངང་ལྷ་ས་བསྡད་ཀྱི་ཡོད།
- རྒན་བསོད་དབྱངསཨཱ་ལགས་སོ། རྒན་ལགས་ཨ་ནི་ཅིག་གི་ཅོག་ལགས་ག་པ་དེ་གནང་གི ཅོག་ལགས།
- རྒན་ཟླ་བ་ཚེ་རིངཨོའོ། ཅོག་ལགས་ལྷ་སའི་སློབ་གྲྭ་འབྲིང་བའི་དགེ་རྒན་རེད།
- རྒན་བསོད་དབྱངསཨཱ་ལགས་སོ། ཨ་ནི་སློབ་གྲྭའི་ནང་ལོགས་ལ་བཞུགས་ཀྱི་ཡོའོ་ཅིག་གི་ཁང་པ་ཡང་བསྐྱོན་ཡོའོ་རེད་པས་ད།
- རྒན་ཟླ་བ་ཚེ་རིངཨོའོ་ད་ལྟ་སློབ་གྲྭའི་ནང་རང་ལ་བསྡད་ཀྱི་ཡོད།
- རྒན་བསོད་དབྱངསཨོའོ་ལགས་སོ།