Video Overview
A couple visiting Lhasa waits for their room to be ready in the lobby of the Kyichu Hotel.
- སྒྲོལ་དཀར།མགྲོན་ཁང་འདིར་ཨོའོ་ཙ་རེ་ཅིག་འདུག་ག
- རྡོ་རྗེ།ཡག་པོ་འདུག་ཡག་པོ་འདུག
- སྒྲོལ་དཀར།ཆ་རྐྱེན་ཡག་པོ་འདུག་ག་ལ།
- རྡོ་རྗེ།འདིའི་ཐག་ཉེ་པོ་འདུག
- རྡོ་རྗེ།ཕ་གི་ག་རེ་རས།
- རྡོ་རྗེ།ཕ་གིའི་དེབ་དེ་ཤུག་དང་།
- སྒྲོལ་དཀར།འདིར་དབྱིན་ཇི་ཤ་སྟག་རེད་འདུག་ག་ལ།
- རྡོ་རྗེ།ཨེ་དེ་མིན་འདུག་གས།
- རྡོ་རྗེ།བོད་ཡིག་མིན་འདུག་གས།
- སྒྲོལ་དཀར།བོད་ཡིག་བོད་ཡིག་གཅིག་ཡའི༼གཅིག་ཀྱང༽་མིན་འདུག
- སྒྲོལ་དཀར།ད་འདིར་རྒྱ་ཡིག་ཅིག་འདུག
- རྡོ་རྗེ།འོང་དེ་གཡར་གནང་ད༼དང་༽།
- སྒྲོལ་དཀར།འདི་ཅིག་གཟིགས་དང་།
- རྡོ་རྗེ།འོང་ད་ད་དེ་ཨ་ལས།
- སྒྲོལ་དཀར།ཁོང་རྣམ་གཉིས་མགྱོགས་པོ་ཕེབས་པ་ཡོད་པས།
- རྡོ་རྗེ།ལམ་སེང་ཕེབས་ཀྱི་ཡིན་གསུངས་རེད།
- སྒྲོལ་དཀར།ཨ་ལས།
- སྒྲོལ་དཀར།གནོངས་སོ།
- རྡོ་རྗེ།ཨ་ལས་གསོལ་ཇ་ཅིག་།
- སྒྲོལ་དཀར།ང་ཚོའི་འདི་ནས་ཁྲོམ་ལ་ཐག་ཉེ་པོ་ཡོད་པ་འདྲ།་རེད་པས་ལ།
- རྡོ་རྗེ།ལ་ཐག་ཉེ་པོ་འདུག
- སྒྲོལ་དཀར།ཨ་ལས།
- རྡོ་རྗེ།དེ་ནས་མར་མར་ཕྱིན་ནའི་འདྲ།
- རྡོ་རྗེ།ཕར་ཕྱིན་ནའི་གཙུག་ལག་ཁང་ངོས་ཕྱོགས་ལ་ཕྱིན་ནའི་འདྲ།
- སྒྲོལ་དཀར།འོང་ད་གཙུག་ལག་ཁང
- རྡོ་རྗེ།འོང་ཐག་ཉེ་པོ་འདུག
- སྒྲོལ་དཀར།ཁང་དེ་ནས་གཡས་ངོས་ཕྱོགས་ལ་རེད་པ་ད།
- རྡོ་རྗེ།རེད།་འདུག་ཟེར་ཕར།
- སྒྲོལ་དཀར།གཡས་ངོས་ཕྱོགས་ལ་འདུག་ཟེར་ཕར་ཕྱིན།
- རྡོ་རྗེ།ད་དེ་ནས་ཡར་ཁྱེད་རང་ཡར་ཤར་རྒྱག་ཐད།
- སྒྲོལ་དཀར།གནོངས།
- རྡོ་རྗེ།འདུག་ཟེ་མར་འདུག་ཟེ་ཐད་པ་ཡིན་ནའི་ཕ་གིར་སླེབས་ཀྱི་རེད།
- སྒྲོལ་དཀར།ད་བྱས་ན་ཡག་པོ་ཅིག༼ཞིག༽་བྱུང་སོང་།
- རྡོ་རྗེ།ད་ཡང་ཕར་ནས་མར་ཤར་རྒྱག་ཐད་པ་ཡིན་ནའི་མ་གིར་སླེབས་ཀྱི་ཡོའོ་༼ཡོད་༽རེད།
- རྡོ་རྗེ།འོང་སྔོན་མ་དེ་ག་རེ་ཟག༼ཟེར་གྱི་འདུག༽ཚོང་ཁང་ཆེན་པོ་དེར།
- སྒྲོལ་དཀར།ཨ་ལས།་གནོངས་སོ།་གནོངས་སོ།
- རྡོ་རྗེ།ཡང་དེ་ནས་མར་སླེབས་ཀྱི་རེད།
- སྒྲོལ་དཀར།ཨ་ནི་རྩེ་ཕོ་བྲང་མར་བྱས།
- སྒྲོལ་དཀར།གཙུག་ལག་ཁང་ཡར་བྱས།
- རྡོ་རྗེ།རེད།་རེད།་རེད།
- སྒྲོལ་དཀར།དེར་ཁྲོམ་ད་ག་བྱས།
- སྒྲོལ་དཀར།ཡག་པོ་ཞེ་པོ་ཅིག་བྱུང་བཞག
- རྡོ་རྗེ།ཡག་པོ་འདུག་ག
- སྒྲོལ་དཀར།ད་བཞུགས་ས་ད་ཡག་པོ་ཞེ་པོ་ཅིག་བྱུང་བཞག་ད།
- རྡོ་རྗེ།ད་དེར་ཐག་ཉེ་ཤོས་ལམ་ཁག་བྱས་ན་སྟབས་བདེ་པོ་འདུག
- སྒྲོལ་དཀར།འོང་གནོངས་སོ།
- རྡོ་རྗེ།ཁོང་རྣམ་ཚོ་ཡར་རིན་ཆེན་ལགས་ཁོང་ཚོའི་རྩར་ལ་ཕྱིན་ནའི་ལས་ཐག་ཉེ་པོ་རེད་བཞག
- སྒྲོལ་དཀར།ཨ་ཁོང་གཉིས་བདེ་པོ་ཡིན་གསུངས་རེད་པས།
- རྡོ་རྗེ།བདེ་པོ་ཡིན་གསུངས་རེད།
- རྡོ་རྗེ།ཁོ་རང་གཉིས་ཀ་ཐང་ཐང་རེད་བཞག
- སྒྲོལ་དཀར།ཨ་ལས།
- སྒྲོལ་དཀར།ཡ་ད་ང་ག་རེ་བྱས་པ་ཡིན་ན་ད་རིང་ཕོ་བ་དེ་བདེ་པོ་རང་མིན་འདུག་ལ།
- རྡོ་རྗེ།གསོལ་ཇ་ཚ་པོ་གང་མཆོད་ཨ་ལས་སྔན་ལ༼སྔོན་ལ༽།
- སྒྲོལ་དཀར།ད་ང་འདི་འཐུང་དགོས་ཨ་ཡིན།
- རྡོ་རྗེ།མཆོད་ཤིག
- སྒྲོལ་དཀར།ད་འཐུང་པ་ཡིན་ད།མན༼མིན༽་༼༔མན༼མིན༽་མན༼མིན༽།
- རྡོ་རྗེ།གང་མཆོད།་གང་མཆོད།་གང་མཆོད།
- སྒྲོལ་དཀར།ད་མིན།་མིན།་མིན།་མིན།
- སྒྲོལ་དཀར།ད་འཐུང་གི་མིན་ལ།་མིན།་མིན།་མིན་ལ།
- སྒྲོལ་དཀར།ད་ང་གཉིས་ཡར་ཐད་ཀྱས༼ཐེག་གི་ཡིན་པས༽།
- སྒྲོལ་དཀར།ཏིག་ཙ༼ཏོག་ཙམ༽་ངལ་གསོ་ཏིག་ཙ༼ཏོག་ཙམ༽་སྐྱོན།
- སྒྲོལ་དཀར།ཨ་ནི་ཁོ་རང་གཉིས་ཕེབས་མ་ཡོང་ངས།
- སྒྲོལ་དཀར།མགྱོགས་པོ།
- རྡོ་རྗེ།འོང་ཡོང་ང་།་ཡོང་ང་།
- སྒྲོལ་དཀར།ཨེད།་རེད།
- རྡོ་རྗེ།ཨ་ནི་ཐད༼ཐེག༽་དོ།
- སྒྲོལ་དཀར།གནོངས་སོ།
- སྒྲོལ་དཀར།གནོངས་ལ་ད་འོ་ན་ཐད༼ཐེག༽་དོ་ཡར།
- རྡོ་རྗེ།ཡོང་ང་།་ཡོང་ང་།
- རྡོ་རྗེ།གལ་ལས༼ལུས༽་མ་སོང་ང་།
- སྒྲོལ་དཀར།མ་སོང་ལ།
- སྒྲོལ་དཀར།གནོངས།་གནོངས།་འོང་ཐུགས་རྗེ།
- རྡོ་རྗེ།གནོངས་སོ་འོང་ཐུགས་རྗེ།
- རྡོ་རྗེ།ཚར་སོང་ངོ་།