Skip to main content Skip to search
21 Jan 2016
2 min 31 sec
Video Overview
Creators: 
Sherig Dhentshog

A local woman from Gashari village in Pemagatshel district sings a song called "Zamling Yangpay Lingla" (In the Spacious World). Its lyrics are aspiring, expressing the desire to practice dharma. The song says it is precious to be born as a human in the spacious world, which is due to prayers and good deeds of the past. Therefore it says that one should choose to live a secluded life of a hermit to practice dharma. However the song seems incomplete because it ends with the lyrics which just say that at the mountain of Ngayab, there is Ugyen Guru Rinpoche, without any further context.

 

༉  པདྨ་དགའ་ཚལ་རྫོང་ཁག་ ག་ཤ་རི་གཡུས་ཚན་ལས་ གཡུས་ཁའི་རྒས་ཤོས་ཅིག་ཨིན་མི་པདྨ་རིན་འཛིན་གྱིས་ ཚངས་ལའི་ཁ་སྐད་ནང་སྦེ་ ཁོ་ར་གིས་བརྩམས་ཏེ་ཡོད་པའི་རིག་གསར་གྱི་གླུ་གཞས་ དབའེ་ཆ་རོགས་ནན་ཆོ་ཨོ་གེའི་ཡ་ཟེར་མི་ཅིག་འཐེན་ཏེ་ཡོདཔ་ད་ དེ་ཡང་ ང་བཅས་ར་འབྲུག་གི་རྒྱལ་ས་ལྟེ་བ་ཐིམ་ཕུག་ལུ་ ལཱ་གཡོག་འཚོལ་མི་ལོ་གཅིག་བ་ལོ་གཅིག་ མང་སུ་ཐོན་ཏེ་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ལས་བརྟེན་ཏེ་ ན་གཞོན་མང་ཤོས་ཅིག་མེདཔ་ཐལ་དོ་ཡོདཔ་ལས་ གླུ་གཞས་འདི་གིས་ ད་རེས་ནངས་པའི་ན་གཞོན་དཔེ་ཆ་བལྟ་མི་ཚུ་ གཞུང་གི་ལཱ་གཡོག་འཚོལ་ནི་ར་མནོ་བསམ་མ་བཏང་པར་ གཡུས་ཁར་སྡོད་སྦེ་སོ་ནམ་གྱི་ལཱ་འབད་དེ་ རང་མགོ་རང་འདྲོངས་སྦེ་ཡང་སྡོད་ཚུགསཔ་ལས་ ཁྲོམ་ཁ་ལུ་ལཱ་གཡོག་འཚོལ་སྡོདཔ་ལས་ གཡུས་ཁ་ལུ་སྡོད་སྦེ་སོ་ནམ་གྱི་ལཱ་རེ་འབད་སྡོད་པ་ཅིན་དྲག་ནི་མས་ཟེར་ ལཱ་གཡོག་མེད་མི་ན་གཞོན་ཚུ་གི་རྒྱུད་བསྐུལ་བཟུམ་ཅིག་ཡང་ཨིན་མས།

Transcript search
No results found for this search
0 of 0
  • པདྨ་རིན་འཛིན་/ Pema Rinzin:
    ག་ཤ་རི་ མེས་མེས་པདྨ་རིན་འཛིན་གྱིས་ ཤར་ཕྱོགས་པའི་གླུ་གཞས་ ང་བཅས་ཤར་ཕྱོགས་པའི་བློ་ལས་འབད་དེ་ གླུ་གཞས་ཅིག་ཞུ་ནི་སྦེ་མནོ་སྟེ་ཡོད་ ཤེས་ནི་འདི་མི་ཤེས།
    .
  • པདྨ་རིན་འཛིན་/ Pema Rinzin:
    དབའེ་ཆ་རོགས་ནཱན་ཆོ་ཨོ་དེ་ལེ། །
    དབའི་ཆ་རོགས་ཁྱོད་འདི་ག་ཏེ་འགྱོ་ནི། །
  • པདྨ་རིན་འཛིན་/ Pema Rinzin:
    ནཱན་ཆོ་ཤར་ཕྱོགས་པ་གི་ལ་སྨོ?། །
    ཁྱོད་འདི་ཤར་ཕྱོགསཔ་ཨིན་ན?། །
  • པདྨ་རིན་འཛིན་/ Pema Rinzin:
    དབའེ་ཆ་རོགས་ཇང་བུ་ཤར་ཕྱོགས་པ་གི་ལ། །
    དབའི་ཆ་རོགས་ང་ཡང་ཤར་ཕྱོགསཔ་ཨིན། །
  • པདྨ་རིན་འཛིན་/ Pema Rinzin:
    ནཱན་ཆོ་ཨོ་དེ་ལེ་ཨུ་ཕ་ཡ?། །
    ཁྱོད་འདི་ག་ཏེ་འགྱོ་ནི་སྦེ་འོང་འོངམ་སྨོ?། །
  • པདྨ་རིན་འཛིན་/ Pema Rinzin:
    དབའེ་ཆ་རོགས་ནཱན་ཆོ་ཐིམ་ཕུ་ག །
    དབའི་ཆ་རོགས་ཁྱོད་འདི་ཐིམ་ཕུ་ལུ། །
  • པདྨ་རིན་འཛིན་/ Pema Rinzin:
    ཧང་ཨ་ཉི་ཨུ་ཕ་གི་ལ་ཡ?། །
    ག་ཅི་འབད་དེ་འོང་འོངམ་སྨོ?། །
  • པདྨ་རིན་འཛིན་/ Pema Rinzin:
    མོ་དེ་ཁེའི་ཆ་རོགས་གདུ་ཁ་ལོག་ཉི། །
    འགྱོ་གེ་ཆ་རོགས་གཡུས་ཁར་ལོག་སྟེ། །
  • པདྨ་རིན་འཛིན་/ Pema Rinzin:
    ས་རྒྱལ་ས་ལྟེ་བ་ཐིམ་ཕུ་ག །
    ས་རྒྱལ་ས་ལྟེ་བ་ཐིམ་ཕུ་ལུ། །
  • པདྨ་རིན་འཛིན་/ Pema Rinzin:
    གཞུང་ཀ་གཡོག་མྱོང་པ་དཀའ་ལོ་ལ། །
    གཞུང་གི་གཡོག་ཐོབ་པར་ལཱ་ཁག་འདུག །
  • པདྨ་རིན་འཛིན་/ Pema Rinzin:
    མོ་དེ་ཁེའི་ཆ་རོགས་དེ་ཁེའི་ན། །
    འགྱོ་གེ་ཆ་རོགས་འགྱོ་གེ་སྨེ། །
  • པདྨ་རིན་འཛིན་/ Pema Rinzin:
    རང་ས་གདུང་རང་དྲག་པེ་ལ། །
    རང་སའི་གཡུས་རང་དྲག་ནི་མས། །
  • པདྨ་རིན་འཛིན་/ Pema Rinzin:
    རྒྱ་ཚ་ཉིག་ཙིང་ལྕམ་ཀ་ནུབ་ཉི། །
    རྒྱ་ཚ་གཉིས་ཀྱི་སྦུག་ལུ་འཛུལ་ཏེ། །
  • པདྨ་རིན་འཛིན་/ Pema Rinzin:
    ཨུང་ཐ་ཉི་ཨ་ཤུམ་བྱོག་ཏང་ཆེ་ཉི། །
    ཞིང་རྨོ་སྦེ་གེ་ཟ་ཀེ་བ་བཙུགས་ཏེ། །
  • པདྨ་རིན་འཛིན་/ Pema Rinzin:
    ཤར་ཕྱོགས་པ་ལུགས་སུ་ཨ་ཉི་ཟ་ལེ། །
    ཤར་ཕྱོགས་པའི་ལུགས་སྲོལ་འབད་དེ་ཟ་གེ །
  • པདྨ་རིན་འཛིན་/ Pema Rinzin:
    མོ་དེ་ཁེའི་ཆ་རོགས་དེ་ཁེའི་ན། །
    འགྱོ་གེ་ཆ་རོགས་འགྱོ་གེ་སྨེ། །
  • པདྨ་རིན་འཛིན་/ Pema Rinzin:
    ས་རྒྱལ་ས་ལྟེ་བ་ཐིམ་ཕུ་ག །
    ས་རྒྱལ་ས་ལྟེ་བ་ཐིམ་ཕུ་ལུ། །
  • པདྨ་རིན་འཛིན་/ Pema Rinzin:
    མང་པོ་སོ་ང་འཛོམས་མ་ལ། །
    མི་ལེ་ཤ་འཛོམས་ཏེ་འདུག །
  • པདྨ་རིན་འཛིན་/ Pema Rinzin:
    གཡོག་མྱོང་པ་ཨ་ཆིང་ཉིག་ཙིང་། །
    གཡོག་ཐོབ་པར་ང་བཅས་གཉིས། །
  • པདྨ་རིན་འཛིན་/ Pema Rinzin:
    དཀའ་ལོ་གནམ་མེད་ས་མེད་ལ། །
    གནམ་མེད་ས་མེད་ལཱ་ཁག་འདུག །
  • པདྨ་རིན་འཛིན་/ Pema Rinzin:
    དབའེ་ཆ་རོགས་དེ་ཁེའི་དེ་ཁེའི་ན། །
    དབའི་ཆ་རོགས་འགྱོ་གེ་འགྱོ་གེ་སྨེ། །
  • པདྨ་རིན་འཛིན་/ Pema Rinzin:
    རང་ཏེན་གདུ་ཁ་དྲག་པེ་ལ། །
    རང་གི་གཡུས་ཁ་དྲག་ནི་མས། །
  • པདྨ་རིན་འཛིན་/ Pema Rinzin:
    ལགས་སོ་ལགས།། །།