Skip to main content Skip to search
01 Oct 2018
16 min 17 sec
Video Overview
Creators: 
Penchela, Yeshi Wangchuk, Karma Studio

Aum Lemo and friends from Trongsa District sing the zhungdra song “Wa Wa.” Although the lyrics to this song could be interpreted in different ways, one relevant understanding points to a sense of gratitude for the mere existence of spiritual persons in the world. The lyrics convey joy for the birth of three important spiritual figures in Bhutan—Zhabdrung Ngawang Namgyal (1594–1651), Gangtey Trülku and Sangma Kinley or Drukpa Kunley (1455-1529). Bhutanese people made special and extensive arrangements to welcome the births of these three important religious figures, whose presence brought peace and prosperity. 

ཀྲོང་གསར་རྫོང་ཁག་ནང་ལས་ ཨམ་ལེ་མོ་དང་ མོ་གིས་ཆ་རོགས་ཚུ་གིས་ གཞུང་སྒྲའི་གླུ་གཞས་ ཝ་ཝ་ཟེར་མི་འཐེན་དོ་ཡོདཔ་ཨིན། གླུ་གཞས་འདི་གིས་ གོ་དོན་ལེ་ཤ་བཤད་དེ་ཡོད་རུང་ འབྲེལ་བ་ཡོད་པའི་བཅུད་དོན་འདི་ འཛམ་གླིང་ནང་ལུ་ རྩ་ཆེ་བའི་བླམ་འཁྲུངས་མི་འདི་ལུ་ བཀའ་དྲིན་དགའ་ཚོར་བསམ་དགོ་པའི་དོན་ལུ་ཨིན་མས། གླུ་གཞས་ཀྱི་ཚིག་འདི་གིས་ འབྲུག་རྒཡལ་ཁབ་ནང་ལུ་ རྩ་ཆེ་བའི་མི་ངོམ་གསུམ་ ཞབསདྲུང་ངག་དབང་རྣམ་རྒྱལ་དང་ སྒང་སྟོད་སྤྲུལ་སྐུ་ དེ་ལས་ འབྲུག་པ་ཀུན་ལེགས་གསུམ་ སྐུ་འཁྲུངས་མི་ལུ་ དགའ་བ་འབྱུང་བའི་སྐོར་ལས་ བཤད་དོ་ཡོདཔ་ཨིན། དེ་མ་ཚད་ གླུ་གཞས་ཀྱི་ཚིག་ནང་ལུ་ རྩ་ཆེ་བའི་མི་ངོམ་གསུམ་ལུ་ བསུ་བ་དང་ འབྲུག་རྒྱལ་ཁབ་ནང་ལུ་ ཁོང་གསུམ་ ཁག་ཆེ་བའི་སྐོར་ལས་བཤད་དོ་ཡོདཔ་ཨིན། གླུ་གཞས་གིས་ གཙོ་བོ་རང་ མི་ངོམ་གསུམ་འདི་ འབྲུག་རྒྱལ་ཁབ་ནང་ལུ་ འཁྲུངས་ཏེ་ རྒྱལ་ཁབ་ནང་ལུ་ དགའ་སྐྱིད་དང་ ཞི་བདེ་འབྱུང་ཡོདཔ་ལས་ མི་ཚུ་གིས་སེམས་ཁར་དགའ་སྤྲོ་འབྱུང་བའི་སྐོར་ལས་བཏོན་དོ་ཡོདཔ་ཨིན། 

Transcript search
No results found for this search
0 of 0
  • གླེ་མོ་དང་ཆ་རོགས་ཚུ་ Lemo and Friends
    ཡ་ཡ་སྟེང་ཡུལ་ལས་གནས་ཀྱི་ཞིང་ལུ་ཡ། །
  • གླེ་མོ་དང་ཆ་རོགས་ཚུ་ Lemo and Friends
    རྫོང་དཀར་པོའི་ཡ་ཆོས་བརྩེགས་བཞེངས་ས་ལུ་ཡ། །
  • གླེ་མོ་དང་ཆ་རོགས་ཚུ་ Lemo and Friends
    ཡ་དམག་དཔོན་གྱིས་དམག་བཏང་ས་ལུ། །
  • གླེ་མོ་དང་ཆ་རོགས་ཚུ་ Lemo and Friends
    མར་རྫོང་མཇུག་ཡ་བྲག་ལུ་གཏད་ས་ལུ་ཡ། །
  • གླེ་མོ་དང་ཆ་རོགས་ཚུ་ Lemo and Friends
    ཡ་བྲག་མཇུག་མཚོ་ལུ་གཏམས་ས་ལུ་ཡ། །
  • གླེ་མོ་དང་ཆ་རོགས་ཚུ་ Lemo and Friends
    མཚོ་ཡང་ཡ་མནྜལ་ཕུལ་ས་ལུ་ཡ། །
  • གླེ་མོ་དང་ཆ་རོགས་ཚུ་ Lemo and Friends
    ཕྱི་མཇལ་ཚེ་བཀྲ་ཤིས་སྒོ་མང་མས། །
  • གླེ་མོ་དང་ཆ་རོགས་ཚུ་ Lemo and Friends
    སྣང་ས་གི་ཡ་སྟོང་གི་ཕོ་བྲང་མས་ཡ། །
  • གླེ་མོ་དང་ཆ་རོགས་ཚུ་ Lemo and Friends
    ད་རྫོང་ཆེན་དེ་ལུ་བཀྲ་ཤིས་པས། །
  • གླེ་མོ་དང་ཆ་རོགས་ཚུ་ Lemo and Friends
    ཡ་རྫོང་ཆེན་ཡ་དེ་ལུ་གཡང་ཆགས་པས་ཡ།། །།