Skip to main content Skip to search
06 Jul 2018
4 min 31 sec
Video Overview
Creators: 
Karma Yezer, Rinchen Dorji

Ap Khandu of Ueserkha Village sings a zhungdra song about a khuju (cuckoo bird) that migrates between Tibet and Bhutan. This particular bird migrates to Punakha on the third month of the Bhutanese calendar; its pleasant song indicates it is time to plough the fields. It returns to Tibet on the fourth month of the Bhutanese calendar. The song celebrates the beautiful khuju that flies over the mountains of Tibet and then talks about the blowing of white conch shell from the garden of Tibet. The song is performed at many occasions, celebrations and gatherings.

༉  སྤུ་ན་ཁ་རྫོང་ཁག་ དཀར་སྦི་ས་རྒེད་འོག་ གཡུས་གསར་ཁ་གཡུས་ཚན་ལས་མཁའ་འགྲོ་གིས་ གསུང་གི་ཁུ་བྱུག་སྔོན་མོ་ཟེར་མི་གཞུང་སྒྲའི་གླུ་གཞས་འདི་འཐེནམ་ཨིན་མས། ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ གླུ་གཞས་ག་ཅི་བཟུམ་ཡང་འཐེནམ་མས་ ཨིན་རུང་ དང་ཕུ་གི་གླུ་གཞས་གསུང་གི་ཁུ་བྱུག་སྔོནམོ་ཟེར་མི་འདི་ ག་ཏེ་ལས་ཡང་འཐོན་ས་མ་གོཝ་ལས་ ཁོ་ར་ཁ་ཐུག་ལས་ གླུ་གཞས་འདི་འཐེནམ་ཨིན་པས། གླུ་གཞས་འདི་ ཁ་རྒྱུན་ལྟར་དུ་འབད་བ་ཅིན་ ཧེ་མ་ སྤ་རོ་ལུ་བྱ་སྤྲུལ་སྐུ་ཟེར་མི་ཅིག་ཡོདཔ་ད་ བྱ་སྤྲུལ་སྐུ་དེ་བོད་ལུ་འབྱོན་པའི་སྐབས་ལུ་ བོད་ཀྱི་ས་གནས་ གཙང་གི་སྒམ་པ་ལ་ལུ་ལྷོདཔ་ད་ བྱ་ཁུ་བྱུག་གི་སྐད་ཧན་ཏོང་ཏོ་སྦེ་རྐྱབ་ས་གོ་སྟེ་ རང་ཡུལ་འབྲུག་ལུངམ་པ་དེ་ཐུགས་ཁར་དྲན་ཏེ་བརྩམས་བརྩམས་དང་ ཁ་རྒྱུན་གཅིག་ལས་འབད་བ་ཅིན་ བྱ་སྤྲུལ་སྐུ་ཁོ་ར་ འབུམ་བྲག་གནས་ལུ་སྐུ་མཚམས་གནང་བཞུགས་པའི་སྐབས་ བྱ་ཁུ་བྱུག་ཚུ་ ཡར་བོད་ལུ་འཕུར་འགྱོ་ས་གཟིགས་པའི་སྐབས་ ཧེ་མ་བོད་ལུ་ཆོས་ཞུ་སྟེ་བཞུགས་པའི་སྐབས་ཀྱི་ས་གནས་དང་བླམ་ཚུ་ཐུགས་ཁར་དྲན་ཏེ་བརྩམས་བརྩམས་ཨིནམ་ད་ ག་དེ་སྦེ་ཨིན་ས་ཅིག་རུང་ བོད་ཀྱི་ལམ་ཡིག་གི་ཚུལ་སྦེ་བརྩམས་བརྩམས་ཨིནམ་སྦེ་བཤདཔ་ཨིན་པས། གླུ་གཞས་འདི་གི་ཚིག་དང་འཁྲིལ་བ་ཅིན་ གཙང་གི་སྒམ་པ་ལ་མོ་འདི་ག་དེ་ཅིག་མཐོ་དྲགས་སྦེ་ཡོད་དེ་འབད་རུང་བརྒལ་ད་ཡི་ ཨིན་ཏེ་འབད་རུང་ བོད་ཀྱི་ཡམ་འབྲོག་མཚོ་ཁ་ལུ་ལྷོད་ནི་འདི་ རྟ་པོའི་ཉིན་ལམ་བཅོ་བརྒྱད་འགོརཝ་ཨིན་ འ་ནཱི་བརྒལ་བ་ཅིན་བསམ་པ་རྫོགས་ནི་མས་ཟེར་ དེ་ལས་ གྱེན་དེའི་རི་གི་རྩེ་ལས་ དཀར་པོ་དུང་གི་བརྒྱང་བསྒྲགས་འདི་འཕུ་བ་ཅིན་ ངན་སོང་ལས་འགྲོལ་འོང་ ཟེར་འཐོནམ་ཨིན་མས།

Transcript search
No results found for this search
0 of 0
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    ལགས་སོ་ལགས་ ཏེ་ད་ མ་པ་ཞབས་ཁྲ་གི་སྐོར་ལས་ཞུ་བ་ཅིན་འདི་ ཞབས་ཁྲ་འདི་ འཐོན་ནི་འདི་ ཏེ་ད་ད་རེས་ནངས་པའི་དུས་ལུ་ ད་ག་ཅི་བཟུམ་ཡང་འཐོན་ཏེ་རང་འདུག་ལགས། ཏེ་འདི་ཨིནམ་ད་ལུ་ ཨ་ནཱི་ དང་ཕུ་གི་ཞབས་ཁྲ་གསུང་གི་ཁུ་བྱུག་སྔོནམོ་ཟེར་མི་འདི་ མ་དང་སྤུ་ལས་རང་ ཏེ་ག་ཏེ་ལས་ཡང་འཐོན་ས་མ་གོ་ ཏེ་ད་རེས་ང་ ཐབ་ཐོབ་བཏང་ འ་ནཱི་དུམ་གྲ་ཅིག་ཕུལ་བལྟ་གེ་ཟེར་ ཞུ་ནི་འབད་ཨིན་ལགས།
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    གསུང་གི་ལ་ཁུ་བྱུག་སྔོན་མ། །གཙང་གི་སྒམ་པ་ལ་མོ། །དགུང་ལས་མཐོ་རུང་བརྒལ་སོང་། །
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    བོད་ཀྱི་མཉམ་མདོ་མཚོ་ཁ། །རྟ་པའི་ཉིན་ལམ་བཅོ་བརྒྱད། །བརྒལ་ན་བསམ་པ་རྫོགས་སོང་།
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    བོད་དགའ་ལྡན་རི་གི་རྩེ་ལས། །དཀར་པོ་དུང་གི་རྒྱང་བསྒྲགས། །འཕུ་ན་ངན་སོང་འགྲོལ་སོང་ལགས། །
  • ཨ་རྒས་མཁའ་འགྲོ་/ Agay Khandro:
    དང་ཕུ་འབདན་ ཨ་ནཱི་སྦེ་འཐེནམ་ཨིན་ལགས།། །།