Skip to main content Skip to search
04 Jul 2018
5 min 31 sec
Video Overview
Creators: 
Norzin Lhamo

Aum Langamo and Zangmo of Takste sing a zhungdra about going for pilgrimage in the sacred places of Tibet such as Tsari and Lhasa. This kind of zhungdra with auspiciously lyrics are performed in the auspicious occasions, celebrations and gatherings to make the day more blessed and blissful. This type of zhungdra is performed during auspicious occasions, celebrations and gatherings. It is performed in a straight line with between five to twenty dancers and led one person who synchronizes the steps and the song itself.

༉  ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་ གཡུས་སྟག་རྩེ་ལས་ སླ་ང་མོ་དང་བཟང་མོ་གཉིས་ཀྱིས་ གླུ་གཞས་བསྐོར་ར་གནས་ཆེན་ཟེར་བའི་རང་ལུགས་ཀྱི་གཞུང་སྒྲའི་གླུ་གཞས་རྙིང་ཤོས་ཅིག་འཐེནམ་ཨིན་པས། དེ་ཡང་ བྱིན་རླབས་ཅན་གྱི་གནས་ཅིག་བསྐོར་ར་བསྐོར་བའི་སྐོར་ལས་ཨིནམ་ད་ གླུ་གཞས་འདི་ནང་གི་ལེའུ་གཉིས་པའི་ཚིག་ནང་འབད་བ་ཅིན་ བོད་ཀྱི་ལྷ་ས་བསྐོར་ར་བསྐོར་བའི་ཚིག་ཚུ་འཐོན་ནི་འདུག དེ་ཡང་ བསྐོར་ར་གནས་ཆེན་ཆོས་འཁོར་ལྷ་ས་བསྐོར་ཡོད། །ཤཱཀྱ་མུ་ཎི་བཞུགས་ས་སྨྱུག་མའི་ནང་དུ་བཞུགས་ཡོད། །བྱིན་རླབས་དམ་རྫས་འཁྲུངས་ས་སྨྱུག་མའི་རྩེ་ལས་འཁྲུངས་ཡོད། །དད་པ་ཅན་གྱིས་བསྐོར་ར་བསྐོར་ས་དེ་ལ་བཟང་། །མོས་གུས་ཅན་གྱིས་མར་མེ་ཕུལ་ས་དེ་ལ་བཟང་ཟེར་ རྩ་ཅན་གྱི་གནས་ཅིག་ལུ་བསྟོད་པ་རྐྱབ་སྟེ་འཐེནམ་ཨིན་པས། འདི་བཟུམ་གྱི་གླུ་གཞས་ཚུ་ ད་རེས་ནངས་པའི་ན་གཞོན་རེ་རེ་གཉིས་གཉིས་ཀྱིས་མ་གཏོགས་ འཐེན་མི་ཤེས་དོ་ཡོདཔ་ད་ རྩིས་དཔོནམ་གི་འགན་ཁུར་དེ་ཡང་ ཞབས་ཁྲ་ག་བཟུམ་ཅིག་རྐྱབ་སྟེ་འབད་ གླུ་གཞས་ཚིག་ཚུ་ག་ར་ལེགས་ཤོམ་སྦེ་ཤེས་དགོཔ་མ་ཚད་ ལེའུ་འཁྲབ་སྟེ་འབད་རུང་ གཞན་མི་གིས་ཡང་འཁྲབ་ཚུགསཔ་བཟོ་ནི་དང་ གདངས་དབྱངས་འབད་རུང་ ག་ར་གིས་འཐེན་ཚུགསཔ་སྦེ་ འཁྱིད་དགོཔ་ཨིན་པས།

Transcript search
No results found for this search
0 of 0
  • སླ་རྔ་མོ་དང་བཟང་མོ་/ Langamo and Zangmo:
    བསྐོར་ར་གནས་ཆེན། །སྨྱུག་མའི་རས་པ་(པས་)བསྐོར་ཡོད་/སོང་། །སྨྱུག་མའི་རས་པ་(པས་)བསྐོར་ཡོད་/སོང་། །
  • སླ་རྔ་མོ་དང་བཟང་མོ་/ Langa mo and Zangmo:
    ཕུར་པའི་ལྷ་ཚོགས་བཞུགས་ས། །སྨྱུག་མའི་ནང་དུ་བཞུགས་ཡོད། །སྨྱུག་མའི་ནང་དུ་བཞུགས་ཡོད། །
  • སླ་རྔ་མོ་དང་བཟང་མོ་/ Langamo and Zangmo:
    བྱིན་རླབས་དམ་རྫས་འཁྲུངས་ས། །སྨྱུག་མའི་རྩེ་ལས་འཁྲུངས་ཡོད། །སྨྱུག་མའི་རྩེ་ལས་འཁྲུངས་ཡོད། །
  • སླ་རྔ་མོ་དང་བཟང་མོ་/ Langamo and Zangmo:
    དད་པ་ལ་ཅན་གྱི་བསྐོར་ར། །བསྐོར་ས་འདི་ལ་བཟང་སོང་། །བསྐོར་ས་འདི་ལ་བཟང་སོང་། །
  • སླ་རྔ་མོ་དང་བཟང་མོ་/ Langamo and Zangmo:
    མོས་གུས་ཅན་གྱི་མར་མེ། །ཕུལ་ས་འདི་ལ་བཟང་སོང་། །ཕུལ་ས་འདི་ལ་བཟང་སོང་། །
  • སླ་རྔ་མོ་དང་བཟང་མོ་/ Langamo and Zangmo:
    བསྐོར་ར་གནས་ཆེན། །ཆོས་འཁོར་ལྷ་ས་བསྐོར་ཡོད། །ཆོས་འཁོར་ལྷ་ས་བསྐོར་ཡོད། །
  • སླ་རྔ་མོ་དང་བཟང་མོ་/ Langamo and Zangmo:
    ཤཱཀྱ་མ་ཎི་བཞུགས་ས། །སྨྱུག་མའི་ནང་དུ་བཞུགས་ཡོད། །སྨྱུག་མའི་ནང་དུ་བཞུགས་ཡོད། །
  • སླ་རྔ་མོ་དང་བཟང་མོ་/ Langamo and Zangmo:
    བྱིན་རླབས་དམ་རྫས་འཁྲུངས་ས། །སྨྱུག་མའི་རྩེ་ལས་འཁྲུངས་ཡོད། །སྨྱུག་མའི་རྩེ་ལས་འཁྲུངས་ཡོད། །
  • སླ་རྔ་མོ་དང་བཟང་མོ་/ Langamo and Zangmo:
    དད་པ་ཅན་གྱི་བསྐོར་ར། །བསྐོར་ས་འདི་ལ་བཟང་སོང་། །བསྐོར་ས་འདི་ལ་བཟང་སོང་། །
  • སླ་རྔ་མོ་དང་བཟང་མོ་/ Langamo and Zangmo:
    མོས་གུས་ཅན་གྱི་མར་མེ། །ཕུལ་ས་འདི་ལ་བཟང་སོང་ལ། །ཕུལ་ས་འདི་ལ་བཟང་སོང་།། །།