Video Overview
A woman helps her friend visit the Lhasa out-patient hospital (full presentation).
- Lhasa
- Ü
- ཨེམ་ཆེ་ལགསགཏན་འཁེལ་རེ་ཅིག་རེད།
- ཨེམ་ཆི་ལགསམ་གིར་རྣལ་མ་ཁུག་ཡག་དེ་ཡོད་རས།
- ཨེམ་ཆི་ལགསཆབ་རྟགས་གཟེད་ཡག་གཅིག་འདུག་གས།
- ཨེམ་ཆི་ལགསདཀར་ཡོལ་དེ་་་་་་ད་ལྟ་སྡུག་པ་རེ་གཅིག་ཡོད།
- ཨེམ་ཆི་ལགསགཅིག་གཟིགས་གནང་ད།
- ཨེམ་ཆི་ལགསདེ་བསྣམས་ཐད་གནང་།
- སྒྲོལ་དཀར་ལགསལ་སེ་་་་་་ལོའོ་ལོའོ།
- ཨེམ་ཆེ་ལགསཆབ་རྟགས་དེ་བྱས།
- ཨེམ་ཆེ་ལགསཁྱེད་རང་གི་ཆབ་རྟགས་འདི་དེ་ལ་བཞག་གནང་འདའི།
- ཨེམ་ཆེ་ལགསཁྱེད་རང་ལ་མཁྲིས་པ་ལ་སྙུང་གཞི་བཏང་ཡག་དེ།
- ཨེམ་ཆེ་ལགསམཚན་ནག་གུང་ལ་སྡུག་ག་འདུག
- ཨེམ་ཆེ་ལགསཉིན་མའི་གུང་ལ་སྡུག་ག་འདུག
- སྒྲོལ་དཀར་ལགསམཚན་ནག་གུང་ལ་སྡུག་ག་འདུག
- ཨེམ་ཆི་ལགསམཚན་ནག་གུང་ལ་སྤྱིར་བཏང་བྱས་པ་ཡིན་ན།
- ཨེམ་ཆི་ལགསསྙུང་ཡག་དེ་དུས་ཚོད་ག་ཚོད་ཙམ་ཅིག་༼ཞིག་༽ལ་སྙུང་གི་འདུག
- སྒྲོལ་དཀར་ལགསཆུ་ཚོད་གཅིག་ལྷག་ཙམ་དེ་ཤུགས་ཆེན་པོ་རེ་ཅིག་ན་ཚ་བཏང་གིས༼གཏོང་གིས༽།
- ཨེམ་ཆི་ལགསལ་སེ།
- ཨེམ་ཆི་ལགསཁྱེད་རང་ད་ལྟའི་ཚོད་དེ་ལ་གནོད་མཁྲིས་གཉན་ཚད་རེད་བཞག་
- སྒྲོལ་དཀར་ལགསགནོངས་སོ།
- ཨེམ་ཆི་ལགསས་ཆ་མ་འཕྲོད་པ་ཁམས་མ་འཕྲོད་པའི་གནས་ཚུལ་ཏོག་ཙམ་ཡོད་ཡག་འདུག་དའི།
- ཨེམ་ཆི་ལགསཤུགས་ཆེ་པ་གལ་༼གང་༽མ་རེད།
- སྒྲོལ་དཀར་ལགསགནོངས་སོ།
- ཨེམ་ཆི་ལགསད་ལྟ་དབུ་སྙུང་ཡག་དེ་ག་རེ་རས་ཟེར་ན།
- ཨེམ་ཆི་ལགསམཁྲིས་པ་དང་ཐད་ཀར་འབྲེལ་བ་གལ་༼གང་༽མི་འདུག
- སྒྲོལ་དཀར་ལགསལོའོ་་་་གནོངས་སོ།
- ཨེམ་ཆི་ལགསགཙོ་བོ་དེ་ག་རེ་ཟེར་ན། ད་ལྟ་ཁྱེད་རང་གིས།
- ཨེམ་ཆི་ལགསད་ལྟ་ས་ཁམས་དེ་མ་འཕྲོད་པའི་རྐྱེན་ཀས་༼གྱིས་༽རེད།
- སྒྲོལ་དཀར་ལགསལོའོ་་་་་ལོའོ།
- ཨེམ་ཆི་ལགསདེ་ལ་སྐྱོན་ཆེ་བ་གལ་མིན་འདུག
- ཨེམ་ཆི་ལགསགནས་སྐབས་རིང་ཀ་ལ་གསོལ་སྨན་དེ་མཆོད།
- སྒྲོལ་དཀར་ལགསགནོངས་སོ།
- ཨེམ་ཆི་ལགསདེ་མཆོད་ཚར་སོང་ཨ་ནི་གཅིག་གཟིགས་གག་ཕེབས།
- ཨེམ་ཆི་ལགསཨ་ལས་སྔོན་ལ་ཉི་མ་ལྔའི་གསོལ་སྨན་ཅིག་བཞེས་ནཱ།
- སྒྲོལ་དཀར་ལགསལ་སེ།
- ཨེམ་ཆི་ལགསཨ་ནི་དེ་ནས་གཅིག་ཕེབས་ན།
- སྒྲོལ་དཀར་ལགསཕོ་བ་དང་མཁྲིས་པ་མཁྲིས་པ་ལ་ཡ་བོད་སྨན་ཡག་པོ་ཡོད་རེད་པས།
- ཨེམ་ཆི་ལགསབོད་སྨན་ཡག་པོ་ཡོད་རེད།
- ཨེམ་ཆི་ལགསསྣང་དག་ཡོད་མ་རེད། ཁྱེད་རང་གསོལ་སྨན་དེ་གྱད་མཆོད་ན།
- ཨེམ་ཆི་ལགསསྤྱིར་བཏང་བྱས་པ་ཡིན་ན།
- ཨེམ་ཆི་ལགསད་ལྟའི་རྟགས་དེ་གས་གང་ག་ལོགས་ཤི་འགྲོ་གི་རེད།
- ཨེམ་ཆི་ལགསད་ལྟའི་གཙོ་བོ་སྨན་བཅོས་བྱེད་ཡག་དེ།
- ཨེམ་ཆི་ལགསགཙོ་བོ་དེ་ཁྱེད་རང་ལ་སྙིང་དང་ཕོ་བ་གི་སྨན་བཅོས་བྱེད་ཡག་དེ།
- ཨེམ་ཆི་ལགསགཙོ་བོ་ཆེ་ཤོས་ཅིག་༼ཤིག་༽རེད།
- སྒྲོལ་དཀར་ལགསགནོངས་སོ་ལ། ཐུགས་རྗེ་ཆེ་གནང་།
- ཨེམ་ཆི་ལགསཕོ་བ་གི་ནུས་པ་དེ་གསོས་ཐུབ་པ་ཡིན་ན།
- ཨེམ་ཆི་ལགསཁྱེད་རང་གི་ག་རེ་རས་ཟེར་ན།
- ཨེམ་ཆི་ལགསམཁྲིས་པའི་གཉེའན་ཁ་དེ་ཡང་མར་བཅག་འགྲོ་གི་རེད།
- སྒྲོལ་དཀར་ལགསགནོངས་སོ།
- ཨེམ་ཆི་ལགསམཁྱེན་སོང་ང་།
- ཨེམ་ཆི་ལགསཁྱེད་རང་ད་ལྟ་ང་ཚོ་དངོས་གནས་བྱས་པ་ཡིན་ན།
- ཨེམ་ཆི་ལགསམཁྲིས་པ་ཁ་ལུད་བྱས་ཡོང་གི་རེད།
- ཨེམ་ཆི་ལགསམཁྲིས་པ་དེ་མར་རྒྱུགས་མ་ཐུབ་བྱས།
- ཨེམ་ཆི་ལགསཁ་ལུད་བྱས་ཡར་ཕོ་བ་ནང་ལོགས་ལ་ཡར་ལུད་ཡོང་གི་ཡོད་རེད།
- ཨེམ་ཆི་ལགསདེ་བྱེད་ཡག་དེ་གཅིག་ནས་ག་རེ་རས་ཟེར་ན།
- ཨེམ་ཆི་ལགསགཅིག་ནས་ཡ་ཕོ་བ་གི་མེ་དྲོད་དེ་གཞོམ་པའི་རྐྱེན་ཁ་རེད།
- སྒྲོལ་དཀར་ལགསགནོངས་སོ།
- ཨེམ་ཆི་ལགསགཉིས་ནས་མཁྲིས་པར་གཉན་ཁ་ཡོད་པ།
- ཨེམ་ཆི་ལགསགསུམ་ནས་ས་ཁམས་དེ་མ་འཕྲོད་པའི་དབང་གིས།
- ཨེམ་ཆི་ལགསང་ཚོའི་དངོས་གནས་བྱས་པ་ཡིན་ན།
- ཨེམ་ཆི་ལགས༼༼ཐུགས་བཙེ་རླུང་གིས་༽༽བྱ་བ་དེ་ལོག་ཡོང་བའི་་དབང་གིས།
- ཨེམ་ཆི་ལགསག་རེ་རས་ཟེར་ན་མཁྲིས་པ་དེ་ཁ་ལུད་བྱས་ཡོང་གི་ཡོད་རེད།
- ཨེམ་ཆི་ལགསདེ་བྱེད་དུས་ཙམ་པར་ཁྱེད་རང་གི་ཕོ་བ་སྙུང་ཡག་དང་།
- ཨེམ་ཆི་ལགསཞལ་ལག་གི་དང་ཁ་མ་བརྟན་པ་དང་།
- ཨེམ་ཆི་ལགསདེ་གས་ཀྱི་གནས་ཚུལ་དེ་རེད།
- ཨེམ་ཆི་ལགསདེའི་སྒང་ལ་མཚན་ལ་གཉིད་མ་ཁུག་པ་དེ་གཙོ་བོ་དེའི་རྟགས་རེད།
- སྒྲོལ་དཀར་ལགསལོ་གནོངས་སོ།
- ཨེམ་ཆི་ལགསད་ལྟ་རྩ་དང་ཆུ་ལ་བལྟས་པ་ཡིན་ན་ཡང་།
- ཨེམ་ཆི་ལགསཁམས་དེ་འདྲས་རེ་ཅིག་རེད་ཤག
- ཨེམ་ཆི་ལགསཨ་ལས་དེ་སྔོན་ལ་ཡ་གསོལ་སྨན་ཉི་མ་ལྔ་ཅིག་༼ཞིག་༽མཆོད།
- ཨེམ་ཆི་ལགསདེ་ནས་གཅིག་གཟིགས་གནང་ན་རེད་པའ།
- སྒྲོལ་དཀར་ལགསགནོངས། ཐུགས་ཆེ།༼ཐུགས་རྗེ་ཆེ་༽
- ཨེམ་ཆི་ལགསཨ་ནི་སྤྱིར་བཏང་བྱས་ན་སྣང་དག་ཡོད་མ་རེད།
- ཨེམ་ཆི་ལགསཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་ཡོད་རེད།
- སྒྲོལ་དཀར་ལགསསྒྲོལ་དཀར།
- ཨེམ་ཆི་ལགསགནོངས་སོ།
- ཨེམ་ཆི་ལགསདགུང་ལོ།
- སྒྲོལ་དཀར་ལགསསུམ་ཅུ་སོ་བརྒྱད།
- ཨེམ་ཆི་ལགསགནོངས་སོ།
- ཨ་ཅག་དབྱངས་ཅན་ལགསམཁྲིས་པ་ཁ་ལུད་ཞུ་ཡག་ཅིག་འདུག་ག
- ཨ་ཅག་དབྱངས་ཅན་ལགསརྒྱ་སྐད་ལ་ག་རེ་ཟེ་༼ཟེར་༽མདན་ཀྲི་མདན་ལུའུ་ཟེར་ཡག་དེ་ཟེར་གྱི་ཡོད་རེད།
- ཨེམ་ཆི་ལགསརེད་ལ།
- སྒྲོལ་དཀར་ལགསསྨན་དེ་ཚོ་བཏང་༼གཏོང་༽དུས་ཁ་ལག་ལ་གཟབ་གཟབ་བྱེད་དགོས་ཡག་ཡོད་རེད་པས།
- ཨེམ་ཆི་ལགསཞལ་ལག་ལ་སྤྱིར་བཏང་བྱས་པ་ཡིན་ན་གཟབ་གཟབ་བྱེད་དགོས་ཡག་དེ།
- ཨེམ་ཆི་ལགསགཙོ་བོ་དེ་ཞལ་ལག་རྙིང་པ་མ་མཆོད་ན་ད་ག་རེད།
- ཨེམ་ཆི་ལགསདེ་ནས་རུལ་སུངས་དེ་ཚོ་མ་མཆོད་གནང་ན།
- སྒྲོལ་དཀར་ལགསའོང་གནོངས་སོ།
- ཨེམ་ཆི་ལགསདཔེ་ན་ག་རས་ཟེར་ན་སྒོག་པ་ཤུགས་ཆེན་པོ་མཆོད་ཡག་བཟོ་རོག་༼བཟོ་རེ་༽དེ་འདྲས།
- ཨེམ་ཆི་ལགསད་ལྟའི་ཟས་རིགས་སྒང་ནས་བྱས་པ་ཡིན་ན།
- ཨེམ་ཆི་ལགསདཔེར་ན་ཚུའུ་དང་འཇང་ཡུའུ་ཟེར་ཡག་ཨེ་འདྲས།
- ཨེམ་ཆི་ལགསདེ་གཅིག་གཉལ་བཞག་པའི་ཅིག༼ཞིག་༽དང་།
- ཨེམ་ཆི་ལགསརྙིང་པ་ཆགས་པའི་རིགས།
- ཨེམ་ཆི་ལགསཨ་ནི་དེ་འདྲས་དེ་ཁྱེད་རང་ཉུང་ཙམ་ཅིག་བཞེས་གནང་།
- སྒྲོལ་དཀར་ལགསགནོངས་སོ།
- ཨེམ་ཆི་ལགསདེ་མི་ཤེན་༼དེ་མིན་གཞན་༽སྐྱོན་ཆེ་གལ་བྱེད་ཀྱི་མ་རེད།
- ཨེམ་ཆི་ལགསགནས་སྐབས་རིང་སྐབས་ལ་སེ་པན་ཞེ་དྲག་མ་མཆོད་གནང་།
- སྒྲོལ་དཀར་ལགསགནོངས།
- ཨེམ་ཆེ་ལགསམཁྱེན་སོང་ང་།
- སྒྲོལ་དཀར་ལགསགནོངས།
- ཨེམ་ཆི་ལགསའོང་དེ་འདྲས་ཅིག་༼ཤིག་༽གནང་།
- ཨེམ་ཆི་ལགསཞོགས་ཀས་ཀྱི་གསོལ་སྨན་དེ་ག་ཚོད་ཀྱི་སྔ་སྔ་ཅིག་བཞེས་གནང་།
- ཨེམ་ཆི་ལགསདེ་ཡིན་གཅིག་མིན་གཅིག་ཆུ་འཁོལ་གསར་པ་ཚ་པོ་ཅིག་༼ཞིག་༽གཅིག་གིས་དེ་གནང་ཤོག
- སྒྲོལ་དཀར་ལགསལ་སེ།
- ཨེམ་ཆི་ལགསཉིན་དགུང་གི་གསོལ་སྨན་དེ་ཆུ་འཁོལ་དྲོད་འཇམ་གཅིག་གིས་དེ་གནང་།
- ཨེམ་ཆི་ལགསདགོང་དག་གི་གསོལ་སྨན་དེ་ཆུ་འཁོལ་དྲོད་འཇམ་གཅིག་གིས་བྱས་ན་འགྲིག་པ།
- སྒྲོལ་དཀར་ལགསགནོངས།
- སྒྲོལ་དཀར་ལགསགནས་སྐབས་རིང་ཀར་འདུག་སེ་བཞེས།
- སྒྲོལ་དཀར་ལགསགསོལ་སྨན་དེ་གས་བཞེས་ཚར་སོང་ན།
- སྒྲོལ་དཀར་ལགསཁྱེད་རང་སྤྱིར་བཏང་བྱས་པ་ཡིན་ན་རྟགས་གང་ག་བྱས་པ་ཡིན་ཞི་འགྲོ་གི་རེད།
- སྒྲོལ་དཀར་ལགསཡིན་ནའི་སྨན་བཅོས་རེ་དེ་སྤྱིར་བཏང་ཏོག་ཙམ་གནང་དགོས་བྱེད་ཀྱི་རེད།
- སྒྲོལ་དཀར་ལགསའོང་དེ་འདྲས་རེ་ཅིག་གནང་།
- སྒྲོལ་དཀར་ལགསའོང་ཐུགས་རྗེ་གནང་།
- ཨེམ་ཆི་ལགསལེ་སེ།
- སྒྲོལ་དཀར་ལགསཨ་ནི་རྒན་ལགས་བཞུགས་གདན་འཇགས་དགོས།
- ཨེམ་ཆི་ལགསགནོངས། ལ་ཐད་༼ཐེག་༽དགོས།
- ཨ་ཅག་དབྱངས་ཅན་ལགསསྨན་རིན་ཕུལ་ས་འདི་ལ་རེད།
- སྒྲོལ་དཀར་ལགསཨ་ལས་ལ་་་་་་་་་གནོངས་ལ།
- ཨ་ཅག་དབྱངས་ཅན་ལགསའོང་ལ་་་་་སྨན་རིན་ཕུལ་གནང་ས་འདི་ལ་རེད།
- སྒྲོལ་དཀར་ལགསའདིར་རེད་པས་ལ།
- ཨ་ཅག་དབྱངས་ཅན་ལགསའོང་ལ་་་་སྨན་རིན་ཕུལ་གནང་ས་འདིར་རེད།
- སྒྲོལ་དཀར་ལགསཨ་ལས་་་་་་་་་འདིར་ཏོག་ཙམ་ཉུང་བའི་བཟོ་རོག་༼བཟོ་རེ་༽ཅིག་འདུག
- ཨ་ཅག་དབྱངས་ཅན་ལགསཨ་ལས་འདིར་ཏོག་ཙམ་ཉུང་བ་འདུག་གས།
- སྒྲོལ་དཀར་ལགསགནོངས་སོ༏ འོང་ཐུགས་ཆེ།༼ཐུགས་རྗེ་ཆེ་༽
- སྒྲོལ་དཀར་ལགསའོ་ཙི་་་་་བོད་སྨན་སྨན་རིན་དེ་ཚོ་ཁེ་བ་ལ་ཨ།
- ཨ་ཅག་དབྱངས་ཅན་ལགསའོང་། གོང་བྱས་གཞན་དག་གི་རྩིས་བྱས་ན་ཁེ་པོ་ཁེ་པོ་རེད་བཞག
- སྒྲོལ་དཀར་ལགསཞུས་ཙང་ཞུས་ཙང་།
- ཨ་ཅག་དབྱངས་ཅན་ལགསད་སྨན་རིན་དེ་གོང་ཁེ་པོ་རེད། སྟབས་བདེ་པོ་ཅིག་འདུག་གཱ
- སྒྲོལ་དཀར་ལགསདེ་དམངས་ཚོགས་ལ་ཕན་ཐོགས་ཆེན་པོ་ཡོད་རེད་དཱ། རེད་པཱ།
- ཨ་ཅག་དབྱངས་ཅན་ལགསརེད་རེད། དངོས་གནས་རེད།
- སྒྲོལ་དཀར་ལགསདངོས་གནས་ཡག་པོ་ཞེ་དྲག་འདུག
- ཨ་ཅག་དབྱངས་ཅན་ལགསལྟག་དེར་ཡིན་པ་འདྲ།
- སྒྲོལ་དཀར་ལགསསྨན་ལེན་ས་འདིར་རེད་པ་ལ།
- ཨ་ཅག་དབྱངས་ཅན་ལགསརེད་རེད། འདིར་རེད་ཤག
- ཨ་ཅག་དབྱངས་ཅན་ལགསསྨན་་་་་གཟིགས་དང་། སྨན་ལེན་ས་ཟེར་འདུག་ག་ལ།
- ཨ་ཅག་དབྱངས་ཅན་ལགསརེད་རེད་ལ། དེ་གས་ཚང་མ་ལྷད་གཅིག་ཡང་༼ཀྱང་༽ཡོད་མ་རེད།
- སྒྲོལ་དཀར་ལགསརེད་པ་ལ།
- ཨ་ཅག་དབྱངས་ཅན་ལགསརང་བྱུང་ཁམས་ཀྱི་ཐོན་ཚད་རེད་པ་ལ།
- ཨ་ཅག་དབྱངས་ཅན་ལགསཁོ་ཡག་པོ་ཞེ་པོ་ཅིག་ཡོད་རེད།
- སྒྲོལ་དཀར་ལགསང་བོད་སྨན་གྱི་དྲི་མ་དེ་ལ་དགའ་པོ་ཞེ་དྲག་ཡོད།
- ཨ་ཅག་དབྱངས་ཅན་ལགསངའི་ད་ག་ཡིན་ད་ལ།
- ཨ་ཅག་དབྱངས་ཅན་ལགསངའི་གཙུགས་ཏེ་བོད་སྨན་བསྟན་༼བསྟེན་༽གག་བྱེད་ཀྱི་ཡོད།
- ཨ་ཅག་དབྱངས་ཅན་ལགསདེ་བར་ལ་ཡང་སྟོབས་སྐྱེས་སྨན་བཟོ་རོག་༼བཟོ་རེ་༽དེ་བྱས་ཡང་ཕྱི་ལོགས་ཀྱི་སྨན་དང་དེ་ཡོད་རེད།
- ཨ་ཅག་དབྱངས་ཅན་ལགསཕྱི་ལོགས་ཀྱི་སྨན་འོང་།
- ཨ་ཅག་དབྱངས་ཅན་ལགསབདུག་རྫས་གཙང་སེལ་གནང་ཡག་དང་དེ་ཚོ་སྨན་བསང་རེད་དཱ།
- སྒྲོལ་དཀར་ལགསརེད་པ་ལ།
- ཨ་ཅག་དབྱངས་ཅན་ལགསལ་འོང་ལ།
- ཨ་ཅག་དབྱངས་ཅན་ལགསན་ཚ་སྔོན་འགོག་ཡང་ཡག་པོ་ཞེ་པོ་ཅིག་ཡོད་རེད།
- ཨ་ཅག་དབྱངས་ཅན་ལགསབདུག་གནང་ཡག་ཨེ་འདྲས།
- སྒྲོལ་དཀར་ལགསགནོངས་སོ།
- ཨ་ཅག་དབྱངས་ཅན་ལགསརྗེས་མ་མར་ཆིབས་སྒྱུར་གནང་དུས་ཙམ་ནས།
- སྒྲོལ་དཀར་ལགསསྤོས་ནང་བཞིན་འདྲ་པོ་རེ་ཅིག་ཡོད་པ་འདྲ། རེད་པས་ལ།
- ཨ་ཅག་དབྱངས་ཅན་ལགསརེད་རེད།
- སྒྲོལ་དཀར་ལགསདེ་སྔོན་ལ་ཁོང་རྣམ་ཚོ་བོད་ནས་ཕེབས་མཁན་གཅིག་གིས་ང་ལ་ཡ།
- སྒྲོལ་དཀར་ལགསཨེ་འདྲས་གཅིག་གནང་བྱུང་།
- ཨ་ཅག་དབྱངས་ཅན་ལགསཨ་་་གནོངས་སོ།
- ཨ་ཅག་དབྱངས་ཅན་ལགསའདི་དངོས་གནས་ཡག་པོ་གཅིག་འདུག
- སྒྲོལ་དཀར་ལགསདེས་ཁང་པའི་ནང་ལ་ཡང་ཡག་པོ་ཞེ་པོ་ཅིག་འདུག
- ཨ་ཅག་དབྱངས་ཅན་ལགསདྲི་མ་ཡག་པོ་ཞེ་པོ་ཅིག་ཡོད་རེད།
- ཨ་ཅག་དབྱངས་ཅན་ལགསཡང་ཤོག་ཆག་ཆེན་པོ་ཨེ་འདྲས་ཡང་ཐུགས་ཞིབ་གནང་ཡག་ཡོད་རེད།
- ཨ་ཅག་དབྱངས་ཅན་ལགསདེ་ཡའི་ཡང་ཡག་པོ་ཞེ་པོ་ཅིག་འདུག་ལ།
- སྒྲོལ་དཀར་ལགསགནོངས་་་་་་་གནོངས།
- ཨ་ཅག་དབྱངས་ཅན་ལགསསྨན་རྫས་མང་པོ་ཞེ་པོ་ཅིག་ཡོད་རེད་གསུང་གིས་་་་སྣེ་ཁ།
- སྒྲོལ་དཀར་ལགསགནོངས་སོ།
- སྒྲོལ་དཀར་ལགསབོད་སྨན་མང་ཆེ་བ་ཞིབ་ཞིབ་བཟོས་བྱས་བཏང་དགོས་རེད་རེད་པ་ལ།
- ཨ་ཅག་དབྱངས་ཅན་ལགསརེད་རེད། རིལ་བུ་ཧྲིལ་པོ་ཁོ་རང་མིད་འཁྱུར་གཏང་༼གཏིང་༽གནང་རྒྱུ་ཡོད་མ་རེད་ད།
- ཨ་ཅག་དབྱངས་ཅན་ལགསཡིན་གཅིག་མིན་གཅིག་གཅིག་བརྫོགས་ཙམ་གནང་དགོས་རེད་དཱ།
- སྒྲོལ་དཀར་ལགསརེད་པཱ།
- ཨ་ཅག་དབྱངས་ཅན་ལགསཞིབ་ཞིབ་བཟོས་གནང་ན་གསོལ་སྨན་དེ་ཚོ་འཇུ་བདེ་བ་དང་།
- ཨ་ཅག་དབྱངས་ཅན་ལགསཚེམས་ལ་སྐྱོན་མ་རྒྱག་པ་ཡོད་རེད།
- སྒྲོལ་དཀར་ལགསགནོངས་སོ།
- ཨ་ཅག་དབྱངས་ཅན་ལགསལ་འོང་ལ། ཚེམས་ལ་ཁག་གཅིག་གིས་ག་རེ་ཡོད་རེད་ཟེར་ན།
- ཨ་ཅག་དབྱངས་ཅན་ལགསཉམས་མྱོང་རེ་དེ་མེད་གནང་།
- ཨ་ཅག་དབྱངས་ཅན་ལགསསོ་བསྐྱོན་གྱི་འདུག་ག་ལ།
- ཨ་ཅག་དབྱངས་ཅན་ལགསསོ་བཀྱོན་ན་ཡང་སོ་ལ་ཞེ་པོ་ཅིག་གནོད་ཀྱི་ཡོད་རེད་ཟེར་དེས།
- སྒྲོལ་དཀར་ལགསཨ་ལས།
- ཨེམ་ཆི་ལགསཞོགས་ཀས་རིལ་བུ་དྲུག་བྱས།
- ཨེམ་ཆི་ལགསཉིན་དགུང་བཞི། དགོང་དག་བདུན།
- ཨེམ་ཆི་ལགསཤོག་ཆག་རེ་རེ་བཏང་ཨཱ།
- སྒྲོལ་དཀར་ལགསབོད་སྨན་བྱས་ན་སྤྱིར་བཏང་ཁ་ལག་མ་ཟ་གོང་ལ་གཏང་༼གཏོང་༽དགོས་རས།
- སྒྲོལ་དཀར་ལགསཁ་ལག་བཟས་ཚར་ནས་བཏང་དགོས་རས།
- ཨ་ཅག་དབྱངས་ཅན་ལགསའོང་་་་་འདི་རེད་ག་རེ་ཞུ་དགོས་རེད་པས་ན།
- ཨ་ཅག་དབྱངས་ཅན་ལགསགཟི་མེད་པ་ཡིན་ན།
- ཨ་ཅག་དབྱངས་ཅན་ལགསགསོལ་ཕོ་གི་དེ་ཚོ་ཞལ་ལག་གི་གོང་ལ་གཏང་༼གཏོང་༽གནང་དགོས་ཀྱི་འདུག་གཱ
- ཨ་ཅག་དབྱངས་ཅན་ལགསའཇུ་མཁན་ཡིན་ན་ཞ་ལག་གི་རྗེས་ལ་བྱས།
- ཨ་ཅག་དབྱངས་ཅན་ལགསཡང་གཟི་ཡོད་པ་དང་གླ་རྩི་དང་གཅིག་ཤུགས་ཆེན་པོ་ཨེ་འདྲས་ཡིན་ན།
- ཨ་ཅག་དབྱངས་ཅན་ལགསཞལ་ལག་གི་རྗེས་ལ་མ་གཏོགས་ལྡིར་གྱི་རེད་གསུང་གི་འདུག་གཱ
- སྒྲོལ་དཀར་ལགསགནོངས་སོ།
- ཨ་ཅག་དབྱངས་ཅན་ལགསསྐུ་གཟུགས་ཡང་ག་རེ་ཟེར་དགོས་རས་སྟོབས་བཟང་པོ་དེ་འདྲས་མེད་ན།
- ཨ་ཅག་དབྱངས་ཅན་ལགསཞལ་ལག་གི་རྗེས་ལ་གནང་ན་ཡག་ག་ཡོད་རེད།
- སྒྲོལ་དཀར་ལགསམུ་ཏིག་བདུན་ཅུའི་སྨན་འདི་ཕན་པ་ཆེན་པོ་མེད་འགྲོ
- ཨ་ཅག་དབྱངས་ཅན་ལགསའོ་་་ད་དེ་ལྟ་མཆོག་ཏུ་གྱུར་པ་རེད།
- ཨ་ཅག་དབྱངས་ཅན་ལགསཚེས་བཟང་དུས་བཟང་དེ་འདྲས་ལ་སྙུང་གཞི་མེད་ནའི།
- ཨ་ཅག་དབྱངས་ཅན་ལགསརིལ་བུ་རེ་ཙ་༼ཙམ་༽རེ་ཙ་༼ཙམ་༽དེ་འདྲས་བཏང་གནང་ན་ཡང་ཡག་པོ་ཞེ་པོ་ཅིག་ཡོད་རེད་ད།
- ཨ་ཅག་དབྱངས་ཅན་ལགསངས་མཚམས་མཚམས་ལ་ཚེས་པ་བརྒྱད་བཅོ་ལྔ་ལ།
- ཨ་ཅག་དབྱངས་ཅན་ལགསསྦངས་བྱས་བཞག མཐོ་རང་དེ་བར་ལ་གཏང་༼གཏོང་༽གི་ཡོད་དཱ།
- ཨ་ཅག་དབྱངས་ཅན་ལགསཨ་ནི་གསོལ་སྨན་མཆོད་ཚར་ནས་ཡང་གཟིམ་ཆས་དེ་ཚོ་དྲོ་པོ་བྱས།
- ཨ་ཅག་དབྱངས་ཅན་ལགསམར་གཟིམས་བཞུགས་དགོས་རེད།
- ཨ་ཅག་དབྱངས་ཅན་ལགསརྔུལ་ནག་ཏོག་ཙམ་དོན་གནང་ན།
- ཨ་ཅག་དབྱངས་ཅན་ལགསབཅུད་ལེན་ཞེ་པོ་ཅིག་འགྲོ་གི་ཡོད་རེད་ད།
- སྒྲོལ་དཀར་ལགསཨ་ལས་གནོངས་སོ།
- དབྱངས་ཅན་ལགསའོང་། བཅུད་ལེན་ཞེ་པོ་ཅིག་འགྲོ་གི་ཡོད་རེད།
- དབྱངས་ཅན་ལགསཨ་ལས་བཞུགས་ཨ། འདི་ངས་བལྟ་ཙམ་བྱས།
- སྒྲོལ་དཀར་ལགསགནོངས་སོ།
- ཨ་ཅག་དབྱངས་ཅན་ལགསཤོག་ལྷེ་གཅིག་འདི་རེད་ཤག
- ཨ་ཅག་དབྱངས་ཅན་ལགསའདི་སོ་སོས་ཉར་བཞུགས་རྒྱུ་རེད་ཤག
- ཨ་ཅག་དབྱངས་ཅན་ལགསའདི་ཡར་བསྣམ་དགོས་མ་རེད།
- སྒྲོལ་དཀར་ལགསལ་སེ།
- ཨ་ཅག་དབྱངས་ཅན་ལགསམར་དངུལ་ལས་ཁུངས་ནས་དངུལ་སློག་གནང་གི་ཡོད་ན་དེ་རེད།
- ཨ་ཅག་དབྱངས་ཅན་ལགསཨ་ནི་འདི་རེད།
- སྒྲོལ་དཀར་ལགསརེད་པཱ།
- སྒྲོལ་དཀར་ལགསད་རིང་ཡག་པོ་ཞེ་པོ་ཅིག་བྱུང་སོང་།
- སྒྲོལ་དཀར་ལགསཨེམ་ཆི་༼ཨེམ་རྗེ་༽ལགས་ཀྱིས་ཡག་པོ་ཞེ་པོ་ཅིག་གཟིགས་སོང་ངཱ་།
- ཨ་ཅག་དབྱངས་ཅན་ལགསའོང་་་ཨེམ་ཆི་ལགས་ཐུགས་ངང་རྒྱུད་་་་
- ཨ་ཅག་དབྱངས་ཅན་ལགསད་སྤྱིར་བཏང་བྱས་པ་ཡིན་ན།
- ཨ་ཅག་དབྱངས་ཅན་ལགསསྨན་རྩིས་ཁང་གི་ཨེམ་ཆི་ལགས་དེ་ཚོ་ཚང་མ།
- ཨ་ཅག་དབྱངས་ཅན་ལགསཐུགས་ངང་རྒྱུད་བཟང་པོ་ཞེ་པོ་ཡོད་རེད་ད།
- སྒྲོལ་དཀར་ལགསརེད་བཞག དངོས་གནས་རེད་བཞག
- ཨ་ཅག་དབྱངས་ཅན་ལགསསྙུང་གཞི་དེ་གས་ཞིབ་ཚགས་པོ་ཞེ་པོ་ཅིག་གཟིགས་གནང་གི་རེད་ད།
- རྨོའོ་ལགསཨེམ་ཆི་ལགས་ཞོགས་གས་རིལ་བུ་བདུན་དེ།
- རྨོའོ་ལགསཁ་ལག་མ་བཟས་གོང་ལ་བཏང་ན་འགྲིག་གི་རེད་པས།
- ཨེམ་ཆེ་ལགསད་ལྟ་འདིའི་མིང་ལ་ག་རེ་ཟེར།
- རྨོའོ་ལགསཟླ་སྒྲོན།
- ཨེམ་ཆི་ལགསའོང་འོང་།གལ་བྱེད་ཀྱི་མ་རེད།
- ཨེམ་ཆི་ལགསག་དུས་བཏང་ནའི་གལ་བྱེད་ཀྱི་མ་རེད།
- སྒྲོལ་དཀར་ལགསའོང་་་་གནོངས།
- ཨ་ཅག་དབྱངས་ཅན་ལགསའོང་ད་དེ་ཡག་པོ་ཞེ་པོ་ཅིག་ཡོད་རེད།
- སྒྲོལ་དཀར་ལགསའོང་གནོངས་གནོངས།
- ཨ་ཅག་དབྱངས་ཅན་ལགསསྨན་རྩིས་ཁང་བྱས།
- ཨ་ཅག་དབྱངས་ཅན་ལགསཨ་ནི་ང་རྣམ་ཚོ་ཕྱག་རྩ་དེ་གས་ཡག་པོ་གཅིག་གཟིགས།
- ཨ་ཅག་དབྱངས་ཅན་ལགསན་ཚ་དེ་གས་འགྲེལ་བཤད་དེའི་ཡག་པོ་གཅིག་བསྐྱོན་དུས།
- ཨ་ཅག་དབྱངས་ཅན་ལགསང་རང་ཚོའི་ན་ཚའི་ཕྱེད་ཀ་དྲག་རུ༼དྲག་ཏུ་༽ཕྱིན་པ་བཟོ་རོག་༼བཟོ་རེ་༽ཅིག་བྱེད་ཀྱི་འདུག་གཱ
- སྒྲོལ་དཀར་ལགསབྱས་ཙང་ད་ག་རང་འདུག
- ཨ་ཅག་དབྱངས་ཅན་ལགསབློ་བདེ་པོ་ཅིག་༼ཞིག་༽འདུག
- ཨ་ཅག་དབྱངས་ཅན་ལགསགནོངས་ལ།
- སྒྲོལ་དཀར་ལགསད་ད་རིང་ཁྱེད་རང་མཉམ་པོ་སྐུ་ཐང་མཉེལ་སོང་།
- ཨ་ཅག་དབྱངས་ཅན་ལགསགལ་༼གང་༽མི་འདུག ལ་རེ་བ་རེ་བ། ག་གལ་༼ག་གལ་༽གནང་གི་མ་རེད།
- སྒྲོལ་དཀར་ལགསཐུགས་རྗེ་ཆེ་གནང་།
- ཨ་ཅག་དབྱངས་ཅན་ལགསའོ་ཙི་ཨེ་འདྲས་གསུང་དགོས་མ་རེད།
- ཨ་ཅག་དབྱངས་ཅན་ལགསང་རང་ཚོ་ནང་ཚོགས་རེད་པཱ། ཞུས་ད་ཞུས་་་་་་འོ་ཙི།
- ཨ་ཅག་དབྱངས་ཅན་ལགསངའི་ད་ཡང་སེ་རེ་ཅིག་བཅར་གྱི་ཡོད་དཱ།
- ཨ་ཅག་དབྱངས་ཅན་ལགསཞེ་པོ་ཅིག་ཕན་གྱིས་ལ།
- སྒྲོལ་དཀར་ལགསགནོངས།
- ཨ་ཅག་དབྱངས་ཅན་ལགསགཟུགས་པོའི་བདེ་གཤོམས་གཤོམས་རེ་ཅིག་ཆགས་ཀྱིས་ལ།
- སྒྲོལ་དཀར་ལགསགནོངས་སོ།
- ཨེམ་ཆི་ལགསཞོགས་ཀས་རིལ་བུ་བདུན་བྱས། ཉིན་གུང་ལྔ་བྱས།
- ཨེམ་ཆི་ལགསདགོང་དག་བཞི་་་་་་་་འོང་ད་ག་བྱས།
- ཨ་ཅག་དབྱངས་ཅན་ལགསལོའོ་་་་ལོའོ།
- ཨ་ཅག་དབྱངས་ཅན་ལགསའོ་ཙི། སྒྲོལ་དཀར་ལགས་འདིར་༿འདའི་༾བཞུགས་འདུག་གོ
- སྒྲོལ་དཀར་ལགསའོ་ཙི། ཨ་ཅག་དབྱངས་ཅན་ལགས།
- སྒྲོལ་དཀར་ལགསཨ་ལ་་་་སྐུ་བཞུགས་གནང་དང་།
- ཨ་ཅག་དབྱངས་ཅན་ལགསདེ་ཞག་སྐུ་གཟུགས་གང་འདྲས་འདྲ་ཅིག་༿ར་ཅིག་༾འདུག
- སྒྲོལ་དཀར་ལགསཨའུ་ཙ།
- ཨ་ཅག་དབྱངས་ཅན་ལགསལས་སེ། ཨ་ནི་་་་་དེ་རིང་སྨན་ཁང་ག་པར་ཕེབས་ཀཱ།
- ཨ་ཅག་དབྱངས་ཅན་ལགསའདི་ཡོད་རེད། ག་རེ་ཟེར་དགོས་རེད་པས་ནི་་་་་་།
- ཨ་ཅག་དབྱངས་ཅན་ལགསད་ལྟ་ལྷ་སར་འདི་འདྲ་ཅིག་༿རོ་ཅིག་༾གཟིགས་པ་ཡིན་ན། ཨོང་་་་་་།
- ཨ་ཅག་དབྱངས་ཅན་ལགསམི་དམངས་སྨན་ཁང་བྱས། ཨ་ནི་་་་་སྨན་རྩིས་ཁང་། ཁྱེད་རང་སྙུང་གཞི་དེ་་་་་།
- སྒྲོལ་དཀར་ལགསད་ག་པར་༿ག་གའི་༾དགའ་ཡོད་ན། ག་རེ་༿ག་གི་༾དགའ་གི་རེད་ལ།
- ཨ་ཅག་དབྱངས་ཅན་ལགསཁྱེད་རང་སྙུང་གཞི་འདི། གཙོ་བོ་འདྲ་དེ་༿ར་དེ་༾ག་རེ་སྙུང་གི་འདུག
- སྒྲོལ་དཀར་ལགསད་ང་ཕོ་བ་དང་མཁྲིས་པ་ཡིན་ལ། འོ་འདི་ཏོག་ཙམ་༿ཏིག་ཙ་༾བདེ་པོ་མིན་འདུག་ག
- ཨ་ཅག་དབྱངས་ཅན་ལགསདེ་འདྲས་སོང་ཙང་ག་པར་༿ག་གའི་༾དགའ་ཡོད་ན།
- ཨ་ཅག་དབྱངས་ཅན་ལགསད་འདི་འདྲས་ཟེ་གནང་ན་ཡག་གི་རེད། ག་རེ་རེད་ཟེར་ན།
- ཨ་ཅག་དབྱངས་ཅན་ལགསགསོལ་ཕོ་དང་མཁྲིས་པ་ཡིན་ན། སྨན་རྩིས་ཁང་ལ་བཅོས་གནང་ན་ཡག་པོ་ཞེ་པོ་ཅིག་ཡོད་རེད་ད།
- སྒྲོལ་དཀར་ལགསབྱས་ཙང་ག
- ཨ་ཅག་དབྱངས་ཅན་ལགསལགས་འོང་། བསངས་དྲག་ཐད་ཀྱི་རེད།
- སྒྲོལ་དཀར་ལགསརེད་པཱ་ལགས།
- ཨ་ཅག་དབྱངས་ཅན་ལགསརེད་རེད།
- སྒྲོལ་དཀར་ལགསང་ཡང་དེ་འདྲས་འདྲ་ཅིག་༿ང་ཡའི་ཨི་འདྲས་ར་ཅིག་༾བསམ་བྱུང་།
- སྒྲོལ་དཀར་ལགསད་ཕོ་བ་དང་མཁྲིས་པ་དེ་བྱས་ན། སྨན་རྩིས་ཁང་ལ་བལྟས་ན་ཏོག་ཙམ་ཡག་པ་༿ཏིག་ཙ་ཡག་ག་༾མེད་འགྲོ
- སྒྲོལ་དཀར་ལགསདེ་སྔོན་སྔོན་༿སྔན་༾ལ་ཡ། ང་རྒྱ་སྨན་ཏོག་ཙམ་༿ཏིག་ཙ་༾བཟས་པ་རེད་པཱ།
- ཨ་ཅག་དབྱངས་ཅན་ལགསའོང་རེད་རེད།
- སྒྲོལ་དཀར་ལགསད་ཡིན་ན་ཡང་༿ཡིན་ནའི་༾རྒྱ་སྨན་དེས་རྦད། བསངས་དྲག་འདྲ་ཅིག་༿ར་ཅིག་༾ཡག་པོ་བྱེད་ཐུབ་ཀྱི་མིན་འདུག་ག
- ཨ་ཅག་དབྱངས་ཅན་ལགསལགས་སོ་༿གནོང་སེ་༾།
- སྒྲོལ་དཀར་ལགསའོང་དེ།
- ཨ་ཅག་དབྱངས་ཅན་ལགསཨོའོ་་་་་ད་འདི་གནང་ན་ཡག་གི་རེད། སྨན་རྩིས་ཁང་ལ་ཕེབས།
- ཨ་ཅག་དབྱངས་ཅན་ལགསསྨན་རྩིས་ཁང་གི་གསོལ་སྨན་དེ། འདི་བྱེད་པོ་ཞེ་པོ་ཅིག་ཡོད་རེད། ག་རེ་ཟེར་དགོས་རེད་པས།
- ཨ་ཅག་དབྱངས་ཅན་ལགསསྙུང་གཞི་བཅོས་ཡས་ཅིག་ཡོད་རེད་པཱ།
- ཨ་ཅག་དབྱངས་ཅན་ལགསག་ལེར་ག་ལེར་ལ་མིའི་སྐུ་གཟུགས་ཀྱི་རྩ་བར་འདྲ་༿ར་༾ཅིག་ནས་ཡར་གསོ་བཅུག་གི་རེད།
- སྒྲོལ་དཀར་ལགསབྱས་ཙང་ག
- ཨ་ཅག་དབྱངས་ཅན་ལགསག་ལེར་ག་ལེར་བྱས། ཨ་ནི་་་་་ད་རིང་ཨ་ལའི་་་་་ག་རེ་ཞུ་དགོས་རེད་པས་ནི།
- ཨ་ཅག་དབྱངས་ཅན་ལགསསེམས་ཐག་འདྲ་ཅིག་༿ར་ཅིག་༾བཅད་བྱས། ཕར་ཡག་པོ་ཅིག་བསྟེན་གནང་།
- སྒྲོལ་དཀར་ལགསརེད་རེད།
- ཨ་ཅག་དབྱངས་ཅན་ལགསངང་རྒྱུད་འདྲ་༿ར་༾ཅིག་གནང་། རེད་པཱ།
- སྒྲོལ་དཀར་ལགསརེད་། ད་རིང་དེ་དུས་སྐབས་དེ་ཡག་པོ་ཞེ་དྲག་འདུག་ག
- ཨ་ཅག་དབྱངས་ཅན་ལགསརེད་རེད།
- སྒྲོལ་དཀར་ལགསད་ང་རང་གི་༿ང་རའི་༾བསམ་བློར་ད་རེས་༿ད་རིང་༾མར་ཡོང་།
- སྒྲོལ་དཀར་ལགསཨ་ནི་་་་དེ་པར་སྤྲོ་འཆམ་ཡང་༿ཡའི་༾བྱས།
- སྒྲོལ་དཀར་ལགསཨ་ནི་་་་དེའི་ཞོར་ལ་ཡ། སྨན་ཁང་ཡག་པོ་ཅིག་བསྟེན། རེད་པཱ། བོད་སྨན་དེ།
- ཨ་ཅག་དབྱངས་ཅན་ལགསལགས་རེད།
- སྒྲོལ་དཀར་ལགསཡང་མ་པར་དེ་འདྲས་ཁག་པོ་རེད་པཱ། ཨིམ་ཆི་ཡག་པོ་དང་དེ་འདྲས།
- ཨ་ཅག་དབྱངས་ཅན་ལགསལགས་རེད་རེད།
- ཨ་ཅག་དབྱངས་ཅན་ལགསབྱས་ན། ད་སྨན་རྩིས་ཁང་ལ་འཐད་ན། ང་ཚོ་གང་འདྲས་ཟེ་ཕེབས་དགོས་རེད།
- ཨ་ཅག་དབྱངས་ཅན་ལགསཨོའོ་་་་་་།
- སྒྲོལ་དཀར་ལགསམོ་ཊ་བཞུགས་བྱས་འཐད་ཀཱ།
- སྒྲོལ་དཀར་ལགསསྒྲིག་ཤོག་ནང་ལ་འཐད་ཀཱ།
- ཨ་ཅག་དབྱངས་ཅན་ལགསའདི་ཐུགས་ཐག་ཉེ་པོ་རེད་ད།
- སྒྲོལ་དཀར་ལགསརེད་པས་ལགས།
- སྒྲོལ་དཀར་ལགསཨོའོ་་་་ད་མོ་ཊ་དང་སྒྲིག་ཤོག་ཨ་ལའི་དབྱུགས་བཞག་གནང་།
- སྒྲོལ་དཀར་ལགསརེད་པས་ལགས།
- ཨ་ཅག་དབྱངས་ཅན་ལགསང་རྣམ་ཚོ་འདུག་ཟེ་བྱས། མཁའ་རླུང་ཡང་༿ཡའི་༾ཡག་པོ་བྱས།
- སྒྲོལ་དཀར་ལགསརེད་པཱ་ལགས།
- ཨ་ཅག་དབྱངས་ཅན་ལགསའཆམ་འཆམ་དང་སྦྲགས་བྱས། འདུག་ཟེ་ཕེབས་དང་།
- ཨ་ཅག་དབྱངས་ཅན་ལགསཐུགས་ཐག་ཉེ་པོ་ཅིག་ཡོད་རེད།
- སྒྲོལ་དཀར་ལགསརེད་རེད། བྱས་ན་ཡག་པོ་ཅིག་བྱུང་སོང་། ད་འཐད་གནང་དོ།
- ཨ་ཅག་དབྱངས་ཅན་ལགསཨ་ནི་་་་ང་ཚོ་འཐད་རྩིས་གནང་དོ།
- སྒྲོལ་དཀར་ལགསད་ཡག་པོ་ཞེ་པོ་ཅིག་བྱུང་སོང་། ད།
- ཨ་ཅག་དབྱངས་ཅན་ལགསད་ང་གཉིས་ཆིབས་པ་གནང་དོ།
- སྒྲོལ་དཀར་ལགསད་ཁྱེད་རང་སྐུ་ཐང་མཉེལ་སོང་།
- ཨ་ཅག་དབྱངས་ཅན་ལགསའོ་ད་གང་ཡང་༿གའི་༾གནང་གི་མ་རེད། འོ་ཙི།
- ཨ་ཅག་དབྱངས་ཅན་ལགསཕེབས་ཤིག ཕེབས་ཤིག
- སྒྲོལ་དཀར་ལགསལགས།
- ཨ་ཅག་དབྱངས་ཅན་ལགསད་འོང་། འདུག་ཟེ་བྱས། ཡར་འཐད་རྒྱུ་རེད།
- སྒྲོལ་དཀར་ལགསལས་སེ། འདི་ནས་ཡར་རེད་པས།
- ཨ་ཅག་དབྱངས་ཅན་ལགསའོང་ལགས། འདུག་ཟེ་ཡར་འཐད་དང་། ལམ་སེང་ཕེབས་ཀྱི་རེད།
- ཨ་ཅག་དབྱངས་ཅན་ལགསགང་ཡང་༿ག་གའི་༾ཐད་དགོས་མ་རེད།
- སྒྲོལ་དཀར་ལགསལས་སེ།
- ཨ་ཅག་དབྱངས་ཅན་ལགསཨ་ནི་་་་་ཞོར་ལ་ཁྲོམ་ལ་ཡང་༿ཁྲོམ་ལའི་༾ཅིག་གཟིགས་ཙམ་ཅིག་གནང་། རེད་པཱ།
- སྒྲོལ་དཀར་ལགསརེད་རེད།
- ཨ་ཅག་དབྱངས་ཅན་ལགསའདིར་༿འདའི་༾གཟིགས་དང་། དེ་རེད་ཤག་འདིར་༿འདའི་༾།
- ཨ་ཅག་དབྱངས་ཅན་ལགསཁྲ་གན་ཁྲ་བཀྱག་དང་དེ་ཚོ་རེད་ཤག
- སྒྲོལ་དཀར་ལགསརེད་པཱ་ལགས། ཨ་ནི་འོ་་་་་ཡག་པོ་ཞེ་པོ་ཅིག་འདུག་ག་ལགས།
- སྒྲོལ་དཀར་ལགསད་ཕལ་ཆེར་གང་གནང་གི་ཨ་ཡོད།
- ཨ་ཅག་དབྱངས་ཅན་ལགསལགས། ཞུས་ཙང་ག་བྱས།
- སྒྲོལ་དཀར་ལགསད་སྨན་རྩིས་ཁང་ལ་སླེབས་གྲབས་ཡོད་རེད་པས།
- ཨ་ཅག་དབྱངས་ཅན་ལགསའོང་། ཡོད་རེད། འདི་གར་རེད་༿འདའ་གར་རེད་༾། འདིར
- ཨ་ཅག་དབྱངས་ཅན་ལགསཨཱ་ལས།
- ཨ་ཅག་དབྱངས་ཅན་ལགསའདི་གར་༿འདའ་གར་༾རེད། འདི་གར་༿འདའ་གར་༾རེད། འོང་འདི་གར་༿འདའ་གར་༾།
- སྒྲོལ་དཀར་ལགསལགས་སོ་༿ལོའོ་སེ་༾།
- སྒྲོལ་དཀར་ལགསདེ་གསར་པ་འཛུགས་བསྐྲུན་གནང་གི་ཡོད་རེད་པས།
- ཨ་ཅག་དབྱངས་ཅན་ལགསཨོང་་་་་་མ་རེད། ཉམས་གསོ་གནང་གི་ཡོད་རེད།
- སྒྲོལ་དཀར་ལགསཨཱ་ལས།
- ཨ་ཅག་དབྱངས་ཅན་ལགསའོང་། ཉམས་གསོ་གནང་གི་ཡོད་རེད།
- སྒྲོལ་དཀར་ལགསསྨན་རྩིས་ཁང་དང་གཙུག་ལག་ཁང་ཐག་ཉེ་པོ་ཞེ་དྲག་འདུག་ག
- ཨ་ཅག་དབྱངས་ཅན་ལགསརེད་རེད། ཞུས་ཙང་།
- ཨ་ཅག་དབྱངས་ཅན་ལགསདེ་ཐུགས་སྟབས་བདེ་པོ་ཅིག་ཡོད་རེད་ད།
- ཨ་ཅག་དབྱངས་ཅན་ལགསཞབས་སྐོར་ལ་ཕེབས་པའི་ཞོར་དེར་ཡང་།
- ཨ་ཅག་དབྱངས་ཅན་ལགསང་ཚོ་སྨན་ཁང་ལ་བཅར་དུས་སྟབས་བདེ་པོ་ཅིག་འདུག་ག་ལ།
- སྒྲོལ་དཀར་ལགསའདི་སྨན་ལེན་ས་རེད་པས་ལགས།
- ཨ་ཅག་དབྱངས་ཅན་ལགསའདི་སྨན་ལེན་གནང་ས་མ་རེད།
- ཨ་ཅག་དབྱངས་ཅན་ལགསསྨན་སྤུས་ཚོང་གནང་ས་རེད།
- སྒྲོལ་དཀར་ལགསཨཱ་ལས།
- ཨ་ཅག་དབྱངས་ཅན་ལགསསོ་སོར་སྨན་མཁོ་ཆེད་ག་རེ་ཡོད་ནའང་༿ནའི་༾འདིར་༿འདའི་༾ཐད་ཀར་གཟིགས་གནང་ན་འགྲིག་གི་རེད།
- ཨ་ཅག་དབྱངས་ཅན་ལགསསྟབས་བདེ་པོ་ཅིག་ཡོད་རེད།
- སྒྲོལ་དཀར་ལགསཨང་་་་་། ལས་སེ།
- སྒྲོལ་དཀར་ལགསཨང་ཀི་འགོད་ས་ག་པར་༿བཀག་ས་ག་གའི་༾ཡིན་ན།
- ཨ་ཅག་དབྱངས་ཅན་ལགསཨང་ཀི་འགོད་ས་འདིར་༿བཀག་ས་འདའི་༾རེད། འདིར་༿འདའི་༾།
- སྒྲོལ་དཀར་ལགསང་སྨན་ཁང་ག་རེ་བསྟེན་ན་དགའ་ཡོད་ན།
- ཨ་ཅག་དབྱངས་ཅན་ལགསཨོའོ་་་་་ཁྱེད་རང་གཙོ་བོ་འདྲ་དེ་༿ར་དེ་༾ག་རེ་སྐུ་མ་བདེ་བ་འདུག
- ཨ་ཅག་དབྱངས་ཅན་ལགསམཁྲིས་པ་རེད་པཱ།
- ཨ་ཅག་དབྱངས་ཅན་ལགསཞལ་ཏོག་ཙམ་༿ཏད་ཙ་༾ཕར་གཟིགས་ཀྱིན་གཟིགས་ཀྱིན་གནང་གས།
- སྒྲོལ་དཀར་ལགསལགས་སོ། གང་ཡང་༿གའི་༾ཡོད་མ་རེད།
- སྒྲོལ་དཀར་ལགསལས་སེ། འོང་། ལྟོས་ཨཱ་ངས་དེ་བྱས་ཀོ། འོང་། འོང་། ངས་དེ་བྱས་ཀོ།
- ཨ་ཅག་དབྱངས་ཅན་ལགསག་པར་གཟིགས་ཀཱ།
- ཨ་ཅག་དབྱངས་ཅན་ལགསཁོག་པའི་སྨན་ཁང་ཡིན། འོང་ལགས། ཁོག་པའི་སྨན་ཁང་གི་
- སྒྲོལ་དཀར་ལགསའོང་། ཐུགས་རྗེ་ཆེ།
- ཨ་ཅག་དབྱངས་ཅན་ལགསཐོག་ཁར་འདུག་ཟེ་ཡར་ཕེབས་རྒྱུ་རེད།
- ཨ་ཅག་དབྱངས་ཅན་ལགསཁོག་པའི་སྨན་ཁང་ཐོག་ཁར་རེད། འདུག་ཟེ་ཡར་ཕེབས་རྒྱུ་རེད།
- སྒྲོལ་དཀར་ལགསཁོག་པའི་སྨན་ཁང་ཐོག་ཁར་རེད་པས་ལ།
- སྒྲོལ་དཀར་ལགསཨོའོ་་་་་ལགས་འོང་ལགས། འདུག་ཟེ་ཡར་འཐད་རྒྱུ་རེད་ལགས།
- ཨ་ཅག་དབྱངས་ཅན་ལགསགཟིགས་དང་། འདི་ཕྲུ་གུའི་༿པུ་གུའི་༾ན་ཚ་གཟིགས་ས་རེད།
- སྒྲོལ་དཀར་ལགསཨཱ་ལས།
- ཨ་ཅག་དབྱངས་ཅན་ལགསའོང་། འདི་ཕྲུ་གུའི་༿པུ་གུའི་༾ན་ཚ་གཟིགས་ས་རེད། འདི་ཕྱི་བཅོས་རེད།
- ཨ་ཅག་དབྱངས་ཅན་ལགསཕྱི་བཅོས་ཁང་། དེ་པར་ལ། ག་རེ་ཞུ་དགོས་རེད་པས་ནི།
- ཨ་ཅག་དབྱངས་ཅན་ལགསམེ་བསྐྱོན་ཡས་དང་ཟངས་ཕོར་བསྐྱོན་ཡས་དེ་འདྲས་༿ཨི་འདྲས་༾འདུག་ག་ལགས།
- ཨ་ཅག་དབྱངས་ཅན་ལགསཨ་ནི་་་་་གསེར་ཁབ་བསྐྱོན་ཡས་བྱས།
- ཨ་ཅག་དབྱངས་ཅན་ལགསའོང་དེ་ཡག་པོ་ཞེ་པོ་ཅིག་ཡོད་རེད།
- སྒྲོལ་དཀར་ལགསའོང་། སྨན་རྩིས་ཁང་འདི་ཡག་པོ་ཡོད་རེད་དཱ། རེད་པཱ་ལགས།
- ཨ་ཅག་དབྱངས་ཅན་ལགསའོང་ལགས། རེད་རེད། དེ་ཡག་པོ་ཅིག་ཡོད་རེད།
- སྒྲོལ་དཀར་ལགསཨོའོ་་་་་འདི་ཁོག་པའི་སྨན་ཁང་ཡིན་པ་འདྲ། རེད་པས་ལགས།
- ཨ་ཅག་དབྱངས་ཅན་ལགསརེད་རེད། འདི་ཁོག་པའི་སྨན་ཁང་རེད།
- ཨ་ཅག་དབྱངས་ཅན་ལགསཨ་ལའི་་་་་་་ཏོག་ཙམ་༿ཏད་ཙ་༾བཞུགས་དང་། ངས་བལྟ་ཙམ་༿ཙ་༾བྱས།
- སྒྲོལ་དཀར་ལགསམི་ཨའུ་ཙ་༿ཙམ་༾འདུག་ག
- ཨ་ཅག་དབྱངས་ཅན་ལགསམི་འགའ་ཆེན་འདུག ཏོག་ཙམ་༿ཏད་ཙ་༾ཅིག་སྒུགས་གནང་ན།
- སྒྲོལ་དཀར་ལགསལས་སེ།
- ཨ་ཅག་དབྱངས་ཅན་ལགསཨ་ནི་་་་་་ངས་ཨང་ཀི་འདི་དེ་ཕུལ་གར་ཕྱིན།
- སྒྲོལ་དཀར་ལགསལགས་ལགས།
- ཨ་ཅག་དབྱངས་ཅན་ལགསཨ་ལ་་་་་བཞུགས་ཅིག་ལགས།
- སྒྲོལ་དཀར་ལགསཨ་ལའི་་་་་་ཏོག་ཙམ་༿ཏད་ཙ་༾བཞུགས་གདན་འཇགས་གནང་དང་།
- ཨ་ཅག་དབྱངས་ཅན་ལགསལས་སེ། ལས་སེ། ཁྱེད་རང་ཏོག་ཙམ་༿ཏད་ཙ་༾བཞུགས་གནང་དང་།
- ཨ་ཅག་དབྱངས་ཅན་ལགསའོང་ཡོང་ང་། ལས་སེ།
- སྒྲོལ་དཀར་ལགསསྨན་རྩིས་ཁང་ལ་གཟིགས་མཁན་མི་མང་པོ་འདུག་ག
- ཨ་ཅག་དབྱངས་ཅན་ལགསའོང་ད། རྟག་པར་འདྲ་ཅིག་༿རེ་ཅིག་༾ད་ག་རེད་དཱ།
- ཨ་ཅག་དབྱངས་ཅན་ལགསམི་ཞེ་པོ་ཅིག་ཡོད་རེད། འོང་ད། ཕན་པོ་ཞེ་པོ་ཅིག་འདུག་ག་ལགས།
- སྒྲོལ་དཀར་ལགསཨང་། བྱས་ཙང་།
- སྒྲོལ་དཀར་ལགསསྟབས་ཡང་༿ཡའི་༾བདེ་པོ་བྱས། གསོལ་སྨན་དེ་ཚོ་གནོད་འགོག་མེད་པ་བྱས།
- སྒྲོལ་དཀར་ལགསརེད་པཱ་ལ།
- ཨ་ཅག་དབྱངས་ཅན་ལགསདེ་ཡང་ཡག་པོ་ཅིག་འདུག
- སྒྲོལ་དཀར་ལགསདེ་སྔོན་ལ་ཡ་ང་རྒྱ་ནག་ལ་སྨན་ཁང་ཟླ་བ་གཉིས་ལྷག་ཙམ་ཅིག་༼ཞིག་༽བསྡད་པ་ཡིན།
- ཨ་ཅག་དབྱངས་ཅན་ལགསཨ་ནི་་་་་ག་རེ་སྙུང་བྱུང་།
- སྒྲོལ་དཀར་ལགསད་གཙོ་བོ་ཕོ་བ་རེད་ཤག ཕོ་བ་དང་མཁྲིས་པ་རེད་འདུག་ག
- ཨ་ཅག་དབྱངས་ཅན་ལགསལས་སེ།༿གནོངས་སེ་༾
- ཨ་ཅག་དབྱངས་ཅན་ལགསངའི་མཁྲིས་པའི་ནང་ལ་རྡོ་འདུག
- ཨ་ཅག་དབྱངས་ཅན་ལགསཨཱ་་་་་་ལས་སེ་༿གནོངས་སེ་༾
- སྒྲོལ་དཀར་ལགསད་ཡིན་ནའི་ང་བཤག་བཅོས་བྱེད་ཡས་དེ་ཏིག་ཙམ་ཞེད་ཀྱི་འདུག་ག
- ཨ་ཅག་དབྱངས་ཅན་ལགསའོང་ད་ཐུགས་ཁག་མིན་འདུག
- སྒྲོལ་དཀར་ལགསབྱས་ཙང་ཁོང་ཚོས་གསུངས་ཡས་ལ་ཡ།
- སྒྲོལ་དཀར་ལགསཕོ་བ་དང་མཁྲིས་པའི་སྨན་ཁང་ལ་ཡ་བོད་སྨན་ཡག་པོ་ཡོད་རེད་གསུང་གིས།
- ཨ་ཅག་དབྱངས་ཅན་ལགསཨོའོ་་་་་་དེ་ཡག་པོ་ཞེ་པོ་ཅིག་ཡོད་རེད་ད།
- སྒྲོལ་དཀར་ལགསཨཱ་ལས།
- སྒྲོལ་དཀར་ལགསད་འགྲིག་གི་ཡོད་པ་འདྲ།
- སྒྲོལ་དཀར་ལགསང་ཚོ་ཅིག་ཐད་ཀས།
- ཨ་ཅག་དབྱངས་ཅན་ལགསའོང་ཡོང་ང་།
- ཨེམ་ཆི་ལགསཁྱེད་རང་ག་རེ་སྙུང་གི་འདུག
- ཨེམ་ཆི་ལགསང་ཕོ་བ་དང་མཁྲིས་པ་བདེ་པོ་ཞེ་དྲག་མིན་འདུག
- ཨེམ་ཆི་ལགསགནོངས།
- ཨེམ་ཆི་ལགསཕོ་བ་འདི་ནས་ན་ཚ་ཏིག་ཙ་༿ཙམ་༾སྐྱོ་ལྷང་ལྷང་ཅིག་བཏང་ཡོང་གིས་ལགས། ན་ཚ།
- ཨེམ་ཆི་ལགསལས་སེ། ལས་སེ།
- སྒྲོལ་དཀར་ལགསཨ་ནི་་་་དེ་ནས་མཁྲིས་པ་དེ་སྔོན་ལ་༿དེའི་སྔན་༾བརྟག་དཔྱད་བྱས་བྱས།
- སྒྲོལ་དཀར་ལགསམཁྲིས་པར་རྡོ་འདུག་གསུངས་ཀྱི་འདུག་ག
- ཨེམ་ཆི་ལགསལགས་ལགས། ལས་སེ།
- སྒྲོལ་དཀར་ལགསཨ་ནི་་་ཡིན་ནའང་༿ཡིན་ནའི་༾བཤག་བཅོས་བྱེད་ནུས་ཀྱི་མིན་འདུག
- ཨེམ་ཆི་ལགསགནོངས་སོ། བརྟག་དཔྱད་ག་ནས་གནང་པ་རས།
- སྒྲོལ་དཀར་ལགསབརྟག་དཔྱད་རྒྱ་ནག་ནས་བྱས་པ་ཡིན།
- ཨེམ་ཆི་ལགསལས་སེ། ལས་སེའི། ལགས།
- ཨེམ་ཆི་ལགསཁྱེད་རང་གི་སྙུང་སའི་གནས་དེ་ག་འདྲས་སྙུང་གི་འདུག་གཅིག་གསུངས་དང་།
- སྒྲོལ་དཀར་ལགསཨོའོ་་་་་ཕོ་བ་ཡི་༿གི་༾ན་ཡས་དེ། ཨོའོ་་་་་མཚམས་མཚམས་ཕོ་བ་ན།
- སྒྲོལ་དཀར་ལགསམཚམས་མཚམས་སྒལ་པ་དང་མཉམ་པོར་ན་ཡོང་གིས་ལགས།
- སྒྲོལ་དཀར་ལགསའདི་ནས་ལྟག་སྤྲོད་བྱས།
- ཨེམ་ཆི་ལགསལྟག་སྤྲོད་བྱས་བྱས། གནོངས་སོ།
- ཨེམ་ཆི་ལགསདུས་ཚོད་ག་ཚོད་ཙམ་༿ཙ་༾ཕྱིན་སོང་།
- སྒྲོལ་དཀར་ལགསད་ལོ་གཉིས་གསུམ་ཕྱིན་སོང་། དེ་ནས་བྱས།
- ཨེམ་ཆི་ལགསལོ་གཉིས་གསུམ་ཅིག་ལགས།
- སྒྲོལ་དཀར་ལགསའོང་།
- ཨེམ་ཆི་ལགསལས་སེའི།
- ཨེམ་ཆི་ལགསསྦོས་བརྒྱངས་བྱེད་ཀྱི་འདུག་མིན་འདུག
- སྒྲོལ་དཀར་ལགསཏིག་ཙམ་༿ཙ་༾ཡོད་པའི་བཟོ་འདྲ་ཅིག་༿བཟོ་རོ་ཅིག་༾འདུག
- ཨེམ་ཆི་ལགསལས་སེ། ལས་སེའི།
- སྒྲོལ་དཀར་ལགསཕྱག་རྩ་གཟིགས་ནས་ན་ཚ་འགང་ག་རྩད་གཅོད་ཐུབ་ཀྱི་རེད་པས་ལགས།
- ཨེམ་ཆི་ལགསརེད། སྤྱིར་བཏང་སྒོ་ནས་བྱས་པ་ཡིན་ན་སྣང་དག་ཟེ་ཡོད་མ་རེད།
- ཨེམ་ཆི་ལགསང་ཚོའི་དེ་ལ་ཡ། བརྟག་དཔྱད་བྱེད་ཡས་སྒང་ནས་བྱས་པ་ཡིན་ན།
- ཨེམ་ཆི་ལགསཕྱག་རྩ་གཅིག་པུ་༿གཅིག་ཀོར་༾བལྟས་པ་མ་རེད།
- ཨེམ་ཆི་ལགསཨཱ་ལས།
- ཨེམ་ཆི་ལགསཨ་ནི་་་་ད་ལྟ་ཆབ་རྟགས་བལྟ་ཡས་དང་དེ་འདྲས་ཡོད་རེད།
- སྒྲོལ་དཀར་ལགསལས་སེ་༿གནོངས་སེ་༾།
- ཨེམ་ཆི་ལགསཨ་ནི་་་་ཅིག ལུས་རང་ལ་ཡ་བརྟག་རེས་ཀྱིས་བརྟག་པ་བྱེད་ཡས།
- ཨེམ་ཆི་ལགསལས་སེ་༿གནོངས་སེ་༾།
- ཨེམ་ཆི་ལགསཨ་ནི་་་་འདིའི་སྒང་ལ་ཡ་ཕྱི་ལུགས་སྒང་ནས་དེ་བྱེད་ཡས་ཡོད་རེད་པཱ།
- སྒྲོལ་དཀར་ལགསལས་སེ་༿གནོངས་སེ༾།
- ཨེམ་ཆི་ལགསཁྱེད་རང་དེའི་སྔོན་ལ་ཡ་གཞན་པ་ལ་ཡ་སྨན་བཅོས་གནང་མྱོང་མ་མྱོང་།
- སྒྲོལ་དཀར་ལགསཟླ་ཉིན་རྒྱ་ནག་ལ་ཡ་སྨན་ཁང་ལ་ཡ་ཟླ་བ་གཉིས་ལྷག་ཙམ་༿ཙ་༾ཅིག་བསྡད་པ་ཡིན།
- སྒྲོལ་དཀར་ལགསལས་སེ།
- སྒྲོལ་དཀར་ལགསདེ་དུས་སྨན་ད་རྒྱ་སྨན་དང་དེ་མིན་པའི་་་་།
- སྒྲོལ་དཀར་ལགསད་རྒྱ་སྨན་འདྲ་པོ་༿རེད་པོ་༾རེད།
- ཨེམ་ཆི་ལགསལས་སེ། ལས་སེ།
- སྒྲོལ་དཀར་ལགསབཟས་བྱས། དེ་དུས་ཏིག་ཙམ་༿ཏིག་ཙ་༾དྲག་རུ་ཕྱིན་པའི་བཟོ་འདྲ་ཅིག་འདུག་༿བཟོ་རོ་ཅིག་འདུག་༾།
- ཨེམ་ཆི་ལགསལས་སེ།
- སྒྲོལ་དཀར་ལགསཡིན་ནའང་༿ཡིན་ནའི་༾རྩ་བ་ནས་ད་ལྟ་ཡང་ན་གིས་ལགས།
- ཨེམ་ཆི་ལགསལས་སེའི། འོང་།
- སྒྲོལ་དཀར་ལགསདེའི་སྒང་དེར་༿མགོ་དེར་༾ང་དེང་སང་། ཁ་སང་༿ཁས་ས་༾རྒྱ་ནག་ནས་ཡོང་འགྲོ་བ་ཡིན་ལགས།
- ཨེམ་ཆི་ལགསལགས་སོ།་་་་་་་་ལས་སེ།
- སྒྲོལ་དཀར་ལགསབྱས་ཙང་དེ་ཁ་རླུང་གི་སྐྱོན་ཡིན་ནམ་ག་རེ་ཡིན་ན།
- སྒྲོལ་དཀར་ལགསམཁྲིས་པའི་སྐྱོན་ཡིན་ན། མགོ་ན་ཡས་དེ་ཤུགས་ཆེ་རུ་ཕྱིན་ཤག
- ཨེམ་ཆི་ལགསཨ་ལས་་་་་་་་་གནོངས་སོ།
- སྒྲོལ་དཀར་ལགསཨ་ནི་་་་་ལ་དུག་མ་བསངས་པའི་བཟོ་འདྲ་ཅིག་འདུག་ལགས
- ཨེམ་ཆི་ལགསགནོངས་སོ་་་་་་་་་་གནོངས་སོ།
- ཨེམ་ཆི་ལགསཁྱེད་རང་ལ་སྐོམས་ཚད་བྱེད་ཡག་དེ་འདྲས་འདུག་མི་འདུག
- སྒྲོལ་དཀར་ལགསདེར་མར་སླེབས་བྱས། བོད་ལ་སླེབས་བྱས།
- སྒྲོལ་དཀར་ལགསསྐོམས་ཚད་རེ་དེ་ཏིག་ཙ་༼ཏོག་ཙམ་༽ཡོད་པའི་བཟོ་རོག་༼བཟོ་རེ་༽རེ་ཅིག་འདུག
- ཨེམ་ཆི་ལགསལ་སེ་་་་་་་་་་་་་་་གནོངས་སོ།
- ཨེམ་ཆི་ལགསཁྱེད་རང་གི་ད་ལྟ་རྩ་ལ་བལྟས་པ་ཡིན་ན།
- ཨེམ་ཆི་ལགསསྐྱེས་རྩ་དེ་ཞན་པོ་ཞེ་དྲག་འདུག་ད་ལྟ།
- ཨེམ་ཆི་ལགསམཁྲིས་པའི་ནུས་པ་དེ་གཞན་པོ་འདུག
- སྒྲོལ་དཀར་ལགསཨོའོ་་་་་་་་་་་་་་་གནོངས་སོ།
- ཨེམ་ཆེ་ལགསཨོའོ་་་དེ་འདྲས་བྱེད་དུས་སྒང་ལ་ཁྱེད་རང་གི་ད་ལྟ་མཁྲིས་པ་ལ་གཉེན་ཁ་ཡོད་པ་དེ།
- སྒྲོལ་དཀར་ལགསགནོངས་སོ།
- ཨེམ་ཆི་ལགསམཁྱེན་སོང་ང་།
- སྒྲོལ་དཀར་ལགསགནོངས་སོ།
- ཨེམ་ཆི་ལགསད་དབུ་སྙུང་ཡག་དེ་ལ་གནམ་གཤིས་ཀྱིས་ཁྱད་པར་གལ་༼གང་༽འདུག་མིན་འདུག
- སྒྲོལ་དཀར་ལགསགནམ་གཤིས་ཀྱིས་ཁྱད་པར་ཏིག་ཙ་༼ཏོག་ཙམ་༽འདུག
- ཨེམ་ཆི་ལགསལ་སེ་་་་་་་་་་་གནོངས།
- ཨེམ་ཆི་ལགསཁྱེད་རང་ཕོ་བ་སྦོས་རྒྱང་བྱེད་ཀྱི་འདུག་བྱེད་ཀྱི་མིན་འདུག
- སྒྲོལ་དཀར་ལགསཏོག་ཙམ་འདུག་ལ།
- ཨེམ་ཆི་ལགསཏོག་ཙམ་འདུག་གས་ལ།
- ཨེམ་ཆི་ལགསའོང་ལགས།
- ཨེམ་ཆི་ལགསལས་སེ།
- ཨེམ་ཆི་ལགསཞལ་ལག་མཆོད་ཚར་ནས་ཚ་ཤར་བརྒྱབ་ཨ་ནས་༼ཨེ་འདྲ་༽འདུག་མིན་འདུག
- སྒྲོལ་དཀར་ལག་སདེ་འདྲས་མིན་འདུག་ལ།
- ཨེམ་ཆེ་ལགསདེ་འདྲས་གལ་མིན་འདུག་གས་ལ།
- ཨེམ་ཆེ་ལགསའོང་།
- ཨེམ་ཆེ་ལགསཞོགས་གས་ལ་ཡ་སྐྱུག་པ་སྐྱུགས་ཨི་འདྲས་འདུག་མིན་འདུག
- སྒྲོལ་དཀར་ལགསམཚམས་གཅིག་སྐབས་དུས་ལ་འདུག་ལ།
- ཨེམ་ཆི་ལགསཨ་ལས། དཔེར་ན་ཚེམས་འཁྲུ་དུས་སྒང་ལ།
- ཨེམ་ཆི་ལགསཨོའོ་་་་་་་།
- ཨེམ་ཆི་ལགསསྐྱུག་དངས་བྱེད་པའི་བཟོ་རོག་༼བཟོ་རེ་༽དེ་འདྲས།
- ཨེམ་ཆི་ལགསསྟོང་སྐྱུག་བཟོ་རོག་༼བཟོ་རེ་༽ཨེ་འདྲས་འདུག་མི་འདུག
- སྒྲོལ་དཀར་ལགསདེ་འདྲས་ཞེ་དྲག་མི་འདུག
- ཨེམ་ཆི་ལགསགལ་མི་འདུག་གས།
- སྒྲོལ་དཀར་ལགསའོང་།
- སྒྲོལ་དཀར་ལགསགནོངས་སོ་ལ།
- སྒྲོལ་དཀར་ལགསགཉིད་ཡག་པོ་ཞེ་དྲག་ཁུག་གི་མི་འདུག
- ཨེམ་ཆི་ལགསལ་སེ་་་་་་་་གནོངས།
- ཨེམ་ཆི་ལགསརྣལ་མ་ཁུག་ཡག་དེ་ཁྱེད་རང་ཡར་ཕེབས་ནི་་་་
- ཨེམ་ཆི་ལགསརྒྱ་ནག་ནས་ཡར་ཕེབས་ནས་ཁྱེད་རང་དེ་གནང་སོང་།
- ཨེམ་ཆི་ལགསཨ་ནི་དེའི་སྔོན་ནས་ཡར་མ་ཕེབས་གོང་ནས།
- སྒྲོལ་དཀར་ལགསམ་གི་མ་གིར་ཡོད་དུས་སྐབས་རེ་དེ་འདྲས་གཉིད་ཡག་པོ་མ་ཁུག་བྱེད་ཀྱིས།
- ཨེམ་ཆི་ལགསགནོངས་སོ།
- སྒྲོལ་དཀར་ལགསཨ་ནི་དེར་ཡར་སླེབས་ཚར་ནས་གཉིད་དེ་བས་ཡག་པོ་ཁུག་གི་མི་འདུག
- ཨེམ་ཆི་ལགསལ་སེ་་་་་་གནོངས་སོ།
- ཨེམ་ཆི་ལགསཨ་ལས། ཁྱེད་རང་ཆབ་རྟགས་དེ་གཅིག་གནང་ཤོག་དང་།
- སྒྲོལ་དཀར་ལགསལ་སེ།
- ཨེམ་ཆི་ལགསཨ་ལས། ཆབ་རྟགས་གཅིག་གཟིགས་གནང་།
- སྒྲོལ་དཀར་ལགསགནོངས།