Skip to main content Skip to search
28 Aug 2018
3 min 41 sec
Rating
0
No votes yet
Video Overview
Creators: 
Sonam Tobgye

༉  དང་ཕུ་འབད་བ་ཅིན་ ང་བཅས་ར་གཞོནམ་ཚུ་གི་བར་ན་ རྩང་མོ་འཐེན་ནི་འདི་ གནམ་མེད་ས་མེད་ཡོངས་གྲགས་ཡོདཔ་ད་ དགྲ་གླུ་དང་གཉེན་གླུ་ དེ་ལས་སྐྱོ་གླུ་ཟེར་ རྩང་མོའི་དབྱེ་ཁག་ལེ་ཤ་ཅིག་ཡོད་ས་ལས་ ད་ལྟོའི་རྩང་མོ་འདི་འབད་བ་ཅིན་ དགྲ་གླུ་དང་གཉེན་གླུ་འདི་ཚུ་སླ་བསྲེས་ཏེ་འཐེན་ནི་འདུག སེངྒེ་བཟང་མོ་གིས་ འཐེན་མི་རྩང་མོ་འདི་ནང་ མི་གཉིས་དགའ་མཐུན་གྱི་ཐོག་ལས་ གཅིག་ཁར་འཛོམས་ཡོདཔ་སྦེ་ཨིནམ་མ་ཚད་ རྩང་མོ་གཅིག་ནང་ རྩོམ་པ་པོ་མོ་རའི་དགའ་མི་མི་འདི་ རྒྱ་མཚོའི་ཕར་ཁ་འབདཝ་ལས་ རྒྱ་མཚོའི་སྦུག་ལུ་འཛོམས་གེ་ཟེར་ཨིནམ་ད་ ད་རུང་གཞན་མི་འདི་ནང་ མི་ཅིག་ལུ་ ཁོ་ར་གི་མནོ་མི་དོན་དག་ཚུ་འགྲུབ་ཚུགས་འབད་དགོ་ཟེར་ རྒྱུད་བསྐུལ་འབདཝ་ཨིན་མས། འ་ནཱི་རྩང་མོ་འཐེན་པའི་སྐབས་ལུ་ སྐད་རྐྱངམ་ཅིག་མ་གཏོགས་ ལེའུ་འཁྲབ་སྟེ་འཐེན་སྲོལ་མེདཔ་ཨིནམ་ད་ གདངས་དབྱངས་ཀྱི་ཐད་ཁར་ མ་འདྲཝ་མ་འདྲཝ་སྦེ་འཐེན་སྲོལ་འདུག

Show More

  • སེངྒེ་བཟང་མོ་ Singye Zangmo
    ཤར་གྱི་རི་ཡང་མི་མཐོ། །ནུབ་ཀྱི་རི་ཡང་མི་དམའ། ། བྱ་འདི་ཐང་དཀར་རྒྱལ་པོ། །ལྡིང་ས་མེད་པ་མ་གསུངས། །
    East hill may not be high, West hill may not be low. Vulture the king of fowl, Don’t say anywhere to hover.
  • སེངྒེ་བཟང་མོ་ Singye Zangmo
    དཀར་ཏ་ཟླ་བ་དཀར་སོང་། །དྲོ་ཏ་ཉི་མ་དྲོ་སོང་། ། ཉི་མ་[ཤར་སྒོ་ལུས་རིང་?]། །ཟླ་བ་[བསྒོམ་པ་?]མ་གསུངས། །
    Moon is pure, Warm is the sun. When sun remains in east, Do not say dreamed of moon.
  • སེངྒེ་བཟང་མོ་ Singye Zangmo
    ཁྱོད་ནི་རྒྱ་མཚོ་ཕར་ཁ། །ང་ནི་རྒྱ་མཚོའི་ཚུར་ཁ། ། ལས་དང་སྨོན་ལམ་ཡོད་ན། །རྒྱ་མཚོའི་སྦུག་ལུ་འཛོམས་ཤོག །
    You were in opposite side of ocean, I am on this bank. If we have karma and aspiration, Let's be together in midst of Ocean.
  • སེངྒེ་བཟང་མོ་ Singye Zangmo
    ཧ་ལོ་མདངས་ཁ་ཆེ་སོང་། །སེར་ཤིང་གྱི་སྦུག་ཤར་སོང་། ། ད་ལོ་རྩིག་པའི་ལོགས་ལས། །སྐལ་བཟང་མེ་ཏོག་ཤར་སོང་། །
    Hollyhock is so bright, Bloom in the mid of golden trees. Is the fortunate year as per astrologer? The yellow autumn flower has bloom.
  • སེངྒེ་བཟང་མོ་ Singye Zangmo
    དཀར་ཡོལ་དཀར་སངས་གཅིག་ལ། །རི་མོ་བཀྲིས་འདབ་བརྒྱད(རྟགས་བརྒྱད)། ། དཀར་ཡོལ་བཅག་ན་མ་གཏོགས། །རི་མོ་ཡལ་ས་མིན་འདུག །
    Even in the pure bowl, There is picture of eight auspicious symbols. If only pure bowl may broken, There’s no way of disappearing pictures.
  • སེངྒེ་བཟང་མོ་ Singye Zangmo
    དང་པོ་ཕ་མའི་བསྒང་ན། །སེར་སྲང་གང་གི་དངུལ། ། ད་ལྟ་བུ་ཚའི་བསྒང་ན། །ལྕགས་སྲང་གང་གི་དངུལ་མེད། །
    In the age of parents, A golden kg of silver’s, In the age of child, Don’t have even an iron kg of silver’s.
  • སེངྒེ་བཟང་མོ་ Singye Zangmo
    ཙན་དན་འཁྲུངས་རིགས་འཁྲུངས་ས། །ས་གཙང་མ་གཏོགས་མི་འཁྲུངས། ། ས་གཙང་འཁྲུངས་བའི་(པའི་)ཙན་དན། །རམ་རྒྱུ་མེད་ན་དགའ་སོང་། །
    The cypress will grow, Will grow in pure land. Cypress which grown in pure land, Would be happy if it doesn’t deteriorate.
  • སེངྒེ་བཟང་མོ་ Singye Zangmo
    ཆུ་མོ་འབབ་རིགས་འབབ་ས། །དུས་བཟང་མ་གཏོགས་མི་འབབ། ། དུས་བཟང་འབབ་པའི་ཆུ་མོ། །སྐམ་རྒྱུ་མེད་ན་དགའ་སོང་། །
    Where ever the water falls, It falls in place of sweet aroma. Water fallen in sweet aroma, Would be happy if it doesn’t dry.
  • སེངྒེ་བཟང་མོ་ Singye Zangmo
    ཨ་ནཱིམ་ཅིག་ཨིན་ལགས།། །།