03 Nov 2014
2 min 2 sec
Video Overview
Creators:
Tibetan & Himalayan Library
Söyé from Tsogan village in Repgong tells a story about how a gullable man's flaws brings others criticism and ridicule.
འདིར་རྒད་པོ་ཞིག་གིས་དག་ས་བྱེད་པ་བརྒྱུད་ནས་མི་འགའ་ཤས་ཤིག་གིས་ཅི་ཡིན་འདི་ཡིན་མི་ཤེས་པར་གཞན་ལ་དད་པ་དང་ཡིད་ཆེས་བྱེད་པ་ལ་ཟུར་ཟ་བྱས་ཡོད།
བརྙན་འདིར་རྒད་པོ་ཞིག་གིས་མིག་ལོང་པ་ཅན་གྱི་རྒད་པོ་གཞན་ཞིག་ལ་དག་ས་བྱེད་པར་སོང་པས། རང་ཉིད་མིག་ལོང་པ་ཞིག་གི་ཆ་ནས་མི་འདུག་པར་ཟུར་ཟའི་ཚིག་གིས་དེ་ལ་འཕྱ་སྨོད་དང་ཚང་འདྲི་བྱས་པ་བརྗོད་ཡོད་ལ། དག་ས་ཞེས་པའང་གཞན་གྱི་ངོམ་ཚང་དེ་ཚིག་སྦྱོར་སྣ་ཚོགས་ལ་བརྟེན་ནས་བཤད་པ་དང་དམངས་ཁྲོད་དེ་འདྲའི་ཚིག་མང་དུ་གདའ་འོ།
这段视频用一段小故事说明一些人的蒙昧无知带来了别人的嘲讽与挖苦。
这段视频讲了藏族民间的这一段小故事说明一些人的蒙昧无知带来了别人的嘲讽与挖苦。也有很多类似的言语或者传说。
- རྒད་པོ་ཞིག་གིས་དག་ས་བྱས།
- དག་ས་བྱེད་མཁན་གྱི་རྒད་པོ་ནི་ཞར་བ་ཞིག་ཡིན་པ་དང་།
- རྒད་པོ་ཞིག་གིས་ཁོར་དག་ས་བྱས་ཟེར།
- ངས་ཁྱོད་མི་རིག་པས་ཇི་ལྟར་དག་ས་བྱེད་དམ་ཞེས་བཤད་པ་ན།
- ང་ལ་མི་ཤེས་རྒྱུ་མེད་དེ་ང་མི་ཁྲ་ཁ་ར་སྡུག་ཅན་ཞིག་ཡིན་ཟེར།
- ཁྲ་ཁ་ར་སྡུག་ཅེས་བ་ཤེས་སམ།
- སོ་རྣམས་ཁ་ནང་དུ་ཁྲ་རིག་སེ་ཡོད་པའི་རྒད་པོ་ར་སྡུག་ཅིག་ཡིན་ཞེས་བཤད།
- མིང་ལ་ཅི་ཟེར་རམ་ཟེར།
- མིང་ལ་ཡུ་ལོ་ཟེར།
- རྒད་པོ་དག་ས་བྱེད་མཁན་མ་རེད།
- གཞན་པ་དག་ས་བྱོས་ཟེར་མཁན་དེས་དེ་ལྟར་བཤད།
- ཡ་་་་ད་གོ་གི
- ཙི་གུ་ཙིག་ཁུང་ནང་ན་ཡོད།
- ཙིག་རྔ་ཡུ་ལོའི་མགོ་ན་ཡོད།
- གཡུ་ཕྲུག་བྲག་དམར་ཐེབ་ན་ཡོད།
- བླ་བོ་གང་གི་གང་ན་ཡོད།
- བླ་མཆོག་ཡུ་ལོའི་ཁ་ན་ཡོད།
- ཙི་གུ་ཙིག་ཁུང་ནང་ན་ཡོད།
- ཙིག་རྔ་ཡུ་ལོའི་མགོ་ན་ཡོད།
- ད་དེ་འདྲ་ཞིག་བྱས་ཟེར་ནས།
- མིང་དེ་བཏགས།