25 Sep 2014
3 min 8 sec
Video Overview
Creators:
Tibetan & Himalayan Library
Tsoklo from Gartsé village in Tsekhok tells the story of a verse that pokes fun at other people's misdeeds and mistakes.
དག་ས་ནི་མི་གཞན་གྱི་མི་མཛེས་བའི་བྱ་སྤྱོད་དམ་ཡང་ན་བློ་མི་འབབ་པའི་དངོས་པོ་ལ་ཟུར་ཟ་དང་འཕྱ་སྨོན་བྱེད་པ་ལ་ཟེར་ཞིང་འདིར་ཡང་དེ་འདྲ་ཞིག་བཀོད་ཡོད།
འདིར་ཁྱིམ་ཚང་ཞིག་ན་རྒད་པོ་ཞིག་དང་བཟའ་ཟླ་གཉིས་ཡོད། རེ་ཞིག་སྐྱེས་པ་དེས་ལུག་ཐུག་ཅིག་ཉོས་ཡོང་བ་དང་བཙོས་ནས་ཟ་སྐབས། ཆུང་མས་སྐྱེས་པ་ལ་འཁང་ར་བྱས་ནས་ལུག་ཐུག་གི་ཤ་མི་ཞིམ་ཚུལ་སོགས་བཤད་ནས་ཁོ་གཉིས་ཁ་འཛིང་བྱས་པ་ན། རྒད་པོས་ཁོ་གཉིས་ལ་ཁ་ཏ་སློབ་གསོ་གཏོང་བྱེད་དུ་དག་ས་བྱས་པ་དེ་བརྗོད་ཡོད་དོ།
本段视频讲述了一则既幽默又讲事理的讽刺愚昧的诗篇。
这段讲述了一户人家有一位老人和一对夫妇,有一次丈夫在外买了一只公羊回来,当煮完肉开始吃的时候妻子就开始抱怨丈夫肉不好吃,然后就吵架。父亲用巧妙的语言来挖苦妻子的行为并教育他们。
- དཔྱི་ས་འདི་ན་རྒད་པོ་མཁས་པ་ཞིག་ཡོད།
- དེ་ཡིས།
- ཁོ་ཚང་གི་བཟའ་ཟླ་གཉིས་ལ།
- བུ་བཟའ་ཟླ་གཉིས་ཀ་བཟའ་འཁོན་བྱས་པ་རེད།
- བཟབ་འཁོན་དེ་བྱེད་དོན་ནི་ཅི་ཡིན་ཞེ་ན།
- ཕོ་སྐྱེས་དེ་སོང་ནས།
- དེང་མ་མགར་རྩེ་ན་སྐྱིན་པ་ཟེར་བའི་དཀྱིལ་གཞུང་ལ་ལུག་ཅིག་སྟེར་བ་རེད།
- ལུག་རེ་གཉིས་སྟེར་བ་རེད།
- དེའི་ནང་དུ་ཁྲོམ་ཞིག་ཡོད་བ་རེད།
- ཁྲོམ་དེ་དེའི་ལག་གི་ཉོས་ནས་ཁྱེར་ཡོང་ནས་བཤས་ནས།
- ཁྲོམ་ལ་ནང་མགོ་ཚང་བ་ལས་ཚིལ་སོགས་མེད།
- ནང་སོགས་བླུགས་ནས་དེ་དག་ཐབ་ལ་འཕངས་ནས་དེ་ཟོས་པ་ན།
- ཆུང་མས་ལས་དེད་ནས།
- ཁྱོས་ཉོས་པ་འདི་འདྲ་རེད།
- ལྗིད་པ་ཆུ་འདྲ་བ་རེད།
- འདི་ཟ་བ་ལས་ཆུ་དྲི་དྲོ་ཟེར།
- ཞེས་བཤད་ནས་སྡུགས་མོ་བྱས་པ་ན་རྒད་པོ་ཅུང་ཙམ་མ་འཐད་པར།
- ཁྱེད་གཉིས་ཁ་རོག་སྡོད།
- མནའ་མ་ཁྱོད་ཀྱིས་ཀྱང་ཅང་བཤད་གི་མ་འདུག
- དེ་འདྲ་ཞིག་གི་མ་གཏོགས་ཞི་ལུ་ལའང་ཚོང་རྒྱག་བྱེད་ཀྱི་ལག་བཟུང་མེད་པ་རེད་ཞེས་པ་ན།
- དེ་ལ་མི་ཉན་པར་རྡུང་རེས་བརྒྱབ།
- དེ་ནས།
- ངས་ཁྱོད་གཉིས་ལ་ཁ་བརྡ་ཞིག་བྱེད།
- ཁྱེ་གཉིས་ཀྱིས་ཉོན། གཙོ་བོ་མནའ་མས་ཉོན།
- གོང་རི་གོང་འདུ་གོང་ཁྲན་རེད།
- གོང་ཁྲན་ཟེར་བ་ནི་གླིང་དེ་ན་ཅང་མེད་ཀི།
- སྐད་ཆ་མི་གོ་བའི་སྐབས་རེད།
- གོང་རི་གོང་འདུ་གོང་ཁྲན་རེད།
- གོང་མ་ཚོའི་སྐྱེས་པ་ལོངས།
- སྐྱིད་གཏོང་ཐུབ་པ་གཅིག་ཀྱང་མེད།
- བར་དུ་བར་འདུ་བན་བརྒྱ་རེད།
- ཚོང་བན་བརྒྱ་རྒྱག་པའི་སྐྱེ་བ་ལོངས།
- རི་སྦོམ་ནོ་རང་གི་རིག་གོ
- ཁྲག་རྒྱུ་མ་མེད་ཀྱི་མེད་ཀི
- ཚིག་ལྷག་པ་མེད་ནོ་ཚོད་གང་།
- དེ་འདྲ་ཞིག་བཤད་གི་མ་འདུག
- དེ་འདྲ་ཚོད་གི་སུས་ཐུག་ཅེས་བཤད་པ་རེད།
- དེ་ནས་མནའ་མ་ཁྱོས་ཅང་བཤད་རྒྱུ་ཨེ་ཡིན་ཟེར་བ་ན།
- ད་བཤད་རྒྱུ་མིན་ན་ཨ་ཕ་ལོ་ལོ་ཟེར།
- སོང་ནས་ཨ་ཕའི་སྐེད་ལ་འབྱར།
- ཨ་ཕ་ལོ་ལོ་ཁྱོས་ཅང་མ་བཤད་ཟེར་ནས།
- ཁོས་ཅང་མི་བཤད་ཟེར་ནས་ཁ་རོག་བསྡད།