Skip to main content Skip to search
19 Oct 2017
6 min 24 sec
Rating
0
No votes yet
Video Overview
Creators: 
Yeshi Wangchuk

Angay Nadzom and Kunzang Dolma learned this song from village elders, by way of dancing and singing the song with them during events and special occasions. According to them, the song was composed by the previous Padtshe Ling Trulku to glorify the teachings of Guru Rinpoche. The lyrics explain that the golden words uttered by a precious master have been spread to all sentient beings, for them to attain enlightenment. Thus, every sentient being should make offerings to those masters rather than engaging in sinful practices.

Show More

  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    སྙན་ངག་ཚིག་གི་བཤད་པ་ལ། །ཡང་བསྐྱར་བླ་མས་གསུང་ཡོད་ལ། །ཡང་བསྐྱར་བླ་མས་གསུངས་ཡོད། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན་ Nazom & Kunzang Choden
    [སྣང་བ་གཞོན་པའི་ལྗགས་ལུང་?]ལ། །འདྲེན་པའི་ལམ་དུ་འབུལ་ལོ་ལ། །འདྲེན་པའི་ལམ་དུ་འབུལ་ལོ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    གསེར་གྱི་དཀོན་པའི་ཚིག་གསུམ་ལ། །ཨུ་དུམ་བཱ་ར་འཁྲུངས་བྱུང་ལ། །ཨུ་དུམ་བཱ་ར་འཁྲུངས་བྱུང་། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན་ Nazom & Kunzang Choden
    [བདེ་བ་ནུབ་རི་ཡུལ་དུ་ལ། །ཨ་རི་གུས་པ་ཞལ་ལོ་ལ། །མན་ངག་འོད་ཟེར་བསྟོད་དོ། །?]
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ཡེ་ཤེས་ཡར་འགྲོ་སྐྱིད་པོ་ལ། །ལྷ་ལུང་དཔལ་གྱི་རྡོ་རྗེ་ལ། །ལྷ་ལུང་དཔལ་གྱི་རྡོ་རྗེ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    ས་གཞི་གསེར་ཁྲིའི་སྟེང་དུ་ལ། །རྩ་བའི་བླ་མ་བཞུགས་ཡོད་ལ། །རྩ་བའི་བླ་མ་བཞུགས་ཡོད། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན་ Nazom & Kunzang Choden
    གཡས་ན་ཆོས་སྐྱོང་བཞུགས་ཡོད་ལ། །ལྷ་ལྕམ་མན་དེ་(ད་)ར་ཝ་ལ། །ལྷ་ལྕམ་མན་དེ་(ད་)ར་ཝ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    གཡོན་ན་ཆོས་སྐྱོང་བཞུགས་ཡོད་ལ། །སྐྱབསགནསདགྲ་ལྷའི་རྒྱལ་པོ་ལ། །སྐྱབས་གནས་དགྲ་ལྷའི་རྒྱལ་པོ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན་ Nazom & Kunzang Choden
    འདི་ན་ཡི་དམ་བཞུགས་ཡོད་ལ། །གར་དབང་[ཆོ་འཕྲུལ་?]ལྷ་ཚོགས་ལ། །གར་དབང་[ཆོ་འཕྲུལ་?]ལྷ་ཚོགས། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    དྲི་དང་ཚོགས་ཀྱི་མཆོད་པ་ལ། །ཏིང་འཛིན་ངང་ནས་འབུལ་ལོ་ལ། །ཏིང་འཛིན་ངང་ནས་འབུལ་ལོ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན་ Nazom & Kunzang Choden
    ཁྲུས་ཆུ་སྨན་གྱི་མཆོད་པ་ལ། །བུམ་པའི་ནང་ནས་འབུལ་ལོ་ལ། །བུམ་པའི་ནང་ནས་འབུལ་ལོ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    བདུད་རྩི་སྨན་གྱི་མཆོད་པ་ལ། །ཐོད་པའི་ནང་ནས་འབུལ་ལོ་ལ། །ཐོད་པའི་ནང་ནས་འབུལ་ལོ། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན་ Nazom & Kunzang Choden
    དགའ་བྱུང་ལ་ཏ་དགའ་བྱུང་ལ། །སངས་རྒྱས་ཐོབ་པ་དགའ་བྱུང་ལ། །སངས་རྒྱས་ཐོབ་པ་དགའ་བྱུང་། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན Nazom and Kuenzang Choden
    སྐྱིད་བྱུང་ལ་ཏ་སྐྱིད་བྱུང་ལ། །གདམ་ངག་ཐོབ་པ་སྐྱིད་བྱུང་ལ། །གདམ་ངག་ཐོབ་པ་སྐྱིད་བྱུང་། །
  • སྣ་འཛོམས་དང་ཀུན་བཟང་ཆོས་སྒྲོན་ Nazom & Kunzang Choden
    བདེ་བྱུང་ལ་ཏ་བདེ་བྱུང་ལ། །རྣལ་འབྱོར་མཉམ་པ་བདེ་བྱུང་ལ། །རྣལ་འབྱོར་མཉམ་པ་བདེ་བྱུང་།། །།