Skip to main content Skip to search
28 Aug 2018
1 min 37 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Ugyen

༉  རྩང་མོ་ཟེར་མི་འདི་ བུཚ་དང་བུམོ་ཚུའི་བར་ན་ ཡོན་ཏན་དང་རིག་པའི་རྩལ་ འགྲན་བསྡུར་འབད་ནིའི་དོན་ལུ་འཐེནམ་ཨིནམ་ད་ རྩང་མོ་ལུ་ དགྲ་གླུ་དང་གཉེན་གླུ་ བསྟོད་གླུ་དང་སྨད་གླུ་ དེ་ལས་དགའ་གླུ་ཟེར་ཡོད། མི་ཚུ་གིས་ ཞིང་ནང་ལཱ་འབད་བའི་སྐབས་དང་ ནོར་འཚོ་བའི་སྐབས་ ལོ་ཐོག་སྲུང་སྡོད་པའི་སྐབས་ དེ་ལས་རང་ལུགས་ཀྱི་ཁྱིམ་རྐྱབ་པའི་སྐབས་སུ་ རྩང་མོའི་འགྲན་བསྡུར་འབད་སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ གནམ་མེད་ས་མེད་ཅིག་ལག་ལེན་འཐབ་ས་མི་མཐོང་པས། རྩང་མོ་འདི་ མི་རང་སོའི་ནང་ན་མནོ་བའི་ཚོར་སྣང་ཚུ་ སྐད་ཀྱི་གདངས་མ་འདྲཝ་གི་ཐོག་ལས་ གཞན་ལུ་སླབ་མི་ཅིག་ཨིནམ་ད་ རྩང་མོ་འདི་སྤྱིར་བཏང་ ལེའུ་བསྒྱུར་ཏེ་མ་པ་ལས་ར་རྐྱབ་སྲོལ་མེདཔ་ད་ མང་ཤོས་ཅིག་ ཚིགས་བཅད་རེ་ནང་ཚིག་རྐང་བཞི་སྦེ་འོངམ་ཨིན། ད་ལྟོའི་རྩང་མོ་འདི་ བསྡུ་སྒྲིག་གི་དོན་ལུ་འབདཝ་ལས་ ནོར་བུ་སྒྲོལ་མ་གིས་ ག་ར་སླ་བསྲེ་སྦེ་འཐེནམ་མ་གཏོགས་ འགྲན་བསྡུར་སྦེ་མེན་ འགྲན་བསྡུར་གྱི་དོན་ལུ་འབད་བ་ཅིན་ བྱངམ་ཕྱད་ཀྱི་འགྲོས་དང་བསྟུན་ཏེ་འཐེནམ་དགོཔ་ཨིན།

Show More

  • ནོར་བུ་སྒྲོལ་མ་ Norbu Dema
    རྒྱ་ཡི་རྨ་བྱའི་མདོངས་སྒྲོ། །འབྱུང་ན་བསམ་པ་མ་གཏོགས། ། བོད་ཀྱི་ཕུ་ཀྲེ་དཀར་མོ། །མེད་པ་རང་ཏ་མ་སོང། །
  • ནོར་བུ་སྒྲོལ་མ་ Norbu Dema
    རྒྱ་ནག་ཀོང་ཙེ་ཡོད་ན། །རྡོག་མ་བཏགས་པ་རང་ལེགས། ། རྒྱལ་པོ་ང་ལ་ཡོད་ན། །[ཤིང་ངེའི་འཚོ་པ་?]རང་ལེགས། །
  • ནོར་བུ་སྒྲོལ་མ་ Norbu Dema
    རྟ་ཅིག་ཡོད་ན་འཁྲིད་ཤོག །སྒ་ཅིག་ཡོད་ན་བཀལ་ཤོག ། རང་དང་བསྟུན་པའི་མི་འདི། །རྟ་ཡི་ཐོག་ལ་ཆིབས་ཤོག །
  • ནོར་བུ་སྒྲོལ་མ་ Norbu Dema
    བ་ཀཝ་ཐག་པ་ཆད་ནས། །སྤྲང་ཀ་མེ་ལ་ཤོར་སོང་།། །།?]
    [སྤྲང་ཀ་དཀར་པོ་ཅིག་ལ། །བ་ཀཝ་བསག་པ་ཉུང་སོང། །