Skip to main content Skip to search
12 Jan 2017
3 min 47 sec
Video Overview
Creators: 
Rinchen Dorji, Khandu, Sonam Chophel, Rinchen Dorji

In this video, Sherub Dorji from Langmikha village in Paro recites three different ballads: a Lozey ballad expressing love to an admirer; a mud-ramming ballad known as “The Parshing”, which expresses homage and reverence to Buddhas; and an archer's ballad, expressing the archers’ abilities and skills.

 

སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ གླང་མི་ཁ་གཡུས་ཚན་ལས་ གཡུས་ཁའི་རྒས་ཤོས་ ཤེས་རབ་རྡོ་རྗེ་གིས་ གློག་བརྙན་འདི་ནང་ བློ་ཟེ་མ་འདྲཝ་གསུམ་འགྱུརཝ་ཨིན་པས། རང་གི་དགའ་མི་ལུ་གཉེན་གླུ་དང་ སངས་རྒྱས་དག་པ་ཅིག་ལུ་ གུས་བཀུར་སྦེ་པར་བཤད་དང་ འདི་ལས་ མཇུག་ར་ལྕོགས་གྲུབ་ཀྱི་མདའ་བཤད་རྐྱབ་ཨིན་པས། 

 

Transcript search
No results found for this search
0 of 0
  • ཤེས་རབ་རྡོ་རྗེ།
    ལགས་སོ།ད་ང་བཅས་ར་ང་རའི་སེམས་ཁ་ལས་མནོ་བ་ཅིན་ དང་ཕུ་ང་བཅས་གཞོནམ་སྦེ་ཏེ་བུམོ་སེམས་ཆགས་ཏོག་ཏོ་ཅིག་འ་ནེ་སྦེ་ཕྱད་དེ་འབདཝ་ད་ཏེ་དེ་ལས་འདི་སེམས་ཆགས་པའི་ཆགས་ཐངས་སྦེ་སླབ་པ་ཅིན་
  • ཤེས་རབ་རྡོ་རྗེ།
    སྐརམོ་ལེགས་པའི་གླུ་གར་ཁྲམོ་འདི།།
  • ཤེས་རབ་རྡོ་རྗེ།
    ང་ཤར་སའི་ཟླ་ཝ་ལོགསཔ་ཅིག།
  • ཤེས་རབ་རྡོ་རྗེ།
    མཐོཝ་ཤར་ཕྱོགས་ཕི་ལུ་ཡོད་པ།།
  • ཤེས་རབ་རྡོ་རྗེ།
    དགའཝ་ནུབ་ཕྱོགས་ནི་ལུ་ཤར་མི་འདི།།
  • ཤེས་རབ་རྡོ་རྗེ།
    གདོང་ཞོ་ཤེལ་ཟླ་བ་དཀར་བས།།
  • ཤེས་རབ་རྡོ་རྗེ།
    སེམས་སྨིན་དྲུག་རྒྱལ་མོ་ཆགསཔ་ཨིན།།
  • ཤེས་རབ་རྡོ་རྗེ།
    ཞོ་ཤེལ་ཟླ་བའི་གཡས་ལས།།
  • ཤེས་རབ་རྡོ་རྗེ།
    རང་ཡང་ཤར་དགོ་མི་སླབ།།
  • ཤེས་རབ་རྡོ་རྗེ།
    སྐརམ་སྨིན་དྲུག་རྒྱལ་མོའི་གཡོན་ལས།།
  • ཤེས་རབ་རྡོ་རྗེ།
    ད་ཚ་ལན་གཅིག་ཤར་བལྟནི།།
  • ཤེས་རབ་རྡོ་རྗེ།
    གཏམ་ལོ་རྒྱུས་ག་དེ་འོང་གོ།བུམོ་ཁོ་རེད་ཟེར་
  • ཤེས་རབ་རྡོ་རྗེ།
    ཏེ་ང་བཅས་བཤད་པ་གཅིག་ འ་ནཱི་སྦེ་བཏངམ་ཨིན་ལགས།ཏེ་དེ་ལས་ཏེ་ད་ ང་བཅས་ར་བུམོ་འདི་ལུ་སེམས་ཆགས་པའི་ལོ་རྒྱུས་ཨིན་མས་ཏེ་སྨོ་ཤིག་ལགས།ཏེ་ང་བཅས་ར་ད་ཏེ་དེ་ལས་ང་བཅས་ར་ད་ཨུམ་་་་་་ ཁྱིམ་རེ་རྐྱབ་ཏེ་ལེགས་ཤོམ་རེ་འབད་བ་ཅིན་ཏེ་སྤར་ཚིག་གི་ཚིག་རེ་འབད་བ་ཅིན་ཏེ་
  • ཤེས་རབ་རྡོ་རྗེ།
    གནམ་ལ་ཚེས་ཏེ་སྐར་མ་བཟང་།།
  • ཤེས་རབ་རྡོ་རྗེ།
    ས་ལ་ཚེས་ཏེ་ཉི་མ་དྲོ།།
  • ཤེས་རབ་རྡོ་རྗེ།
    བར་ལ་ཚེས་ཏེ་རྒྱུ་སྐར་བཟང་།།
  • ཤེས་རབ་རྡོ་རྗེ།
    བཟངམོ་གསུམ་གྱི་རྟིང་ཤུལ་ལུ།།
  • ཤེས་རབ་རྡོ་རྗེ།
    གསུང་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ།།
  • ཤེས་རབ་རྡོ་རྗེ།
    རྒྱུ་ལམ་ལ་དྲོངས་ཅིག་(ཤིག་)ཁྲུ་་་་་ བཅུ་གཅིག་ཞལ།།
  • ཤེས་རབ་རྡོ་རྗེ།
    ཐུགས་དགྱེས་པར་མཛོད་ཅིག་ཡི་དམ་ལྷ།།
  • ཤེས་རབ་རྡོ་རྗེ།
    རྐྱེན་བར་ཆད་ཟློག་ཅིག་མཁའ་འགྲོ་ཚུ།།
  • ཤེས་རབ་རྡོ་རྗེ།
    ཨཱེ་་་་་་ རྐྱེན་བར་ཆད་ཟློག་ཅིག་མཁའ་འགྲོ་ཚུ།།
  • ཤེས་རབ་རྡོ་རྗེ།
    ཨཱེ་་་་་ [ཚིག་སྟེང་འོག་མི་འཛོལ་ང་ར་འོང་།།?]
  • ཤེས་རབ་རྡོ་རྗེ།
    [ལྐོལམ་ཟང་ཟིང་མ་ཞུགས་ཚེ་རིང་ལྷ།།?] ཟེར་ཏེ་
  • ཤེས་རབ་རྡོ་རྗེ།
    ཏེ་ གནམ་བྱཱར་སུ་བོད་ཁ་ཡས་ལས་བཞུགས།།
  • ཤེས་རབ་རྡོ་རྗེ།
    བོད་སྤྲུལ་པའི་ཆོས་རྗེ་སྲུང་ལྷ་འབད།།
  • ཤེས་རབ་རྡོ་རྗེ།
    བོད་པད་སྐོར་ཅན་མའི་ནོར་ལྷ་འབད།།
  • ཤེས་རབ་རྡོ་རྗེ།
    བོད་བོད་བོད་པད་སྐོར་ཅན་མའི་ནོར་ལྷ་འབད།།
  • ཤེས་རབ་རྡོ་རྗེ།
    ཕྲ་དང་ཁྲོ་ཅུང་ནོར་བདག་མཛད།།
  • ཤེས་རབ་རྡོ་རྗེ།
    གཡུ་བྱུ་རུ་མུ་ཏིག་མགུལ་ན་བཞེས།།ཟེར་
  • ཤེས་རབ་རྡོ་རྗེ།
    གནམ་དགུན་སུ་རྒྱ་ནག་མས་ལུ་བཞུགས།།
  • ཤེས་རབ་རྡོ་རྗེ།
    རྒྱ་པ་ཚ་རཱ་ཛ་སྲུང་ལྷ་འབད།།
  • ཤེས་རབ་རྡོ་རྗེ།
    རྒྱ་ནག་རྒྱལ་པོའི་བཀའ་སྲུང་མཛད།།
  • ཤེས་རབ་རྡོ་རྗེ།
    རྒྱ་གམ་མཚོ་ཅན་མའི་ནོར་ལྷ་འབད།།
  • ཤེས་རབ་རྡོ་རྗེ།
    དོ་བགོ་དར་དང་གོས་ཆེན་[བུན་ན་?]བཞེས།།
  • ཤེས་རབ་རྡོ་རྗེ།
    གཡུ་བྱུ་རུ་མུ་ནཱ་
  • ཤེས་རབ་རྡོ་རྗེ།
    བགོ་དར་དང་གོས་ཆེན་[བུན་ན་?]བཞེས།།
  • ཤེས་རབ་རྡོ་རྗེ།
    ཨཱེ་་་་་ གཡུ་བྱུ་རུ་མུ་ཏིག་བུན་་་་་་ སྤྱན་གཟིགས་བཞེས།།
  • ཤེས་རབ་རྡོ་རྗེ།
    གནམ་སེར་སོ་གཉིས་ཀ་ལྷོ་ལས་ཞུ།།
  • ཤེས་རབ་རྡོ་རྗེ།
    ལྷོ་ངག་དབང་རྣམ་རྒྱལ་སྲུང་ལྷ་འབད།།
  • ཤེས་རབ་རྡོ་རྗེ།
    མི་དབང་སྡེ་པའི་བཀའ་སྲུང་མཛད།།
  • ཤེས་རབ་རྡོ་རྗེ།
    ཨཱེ་་་་ ཝང་དར་ཕོད་ཅན་མའི་ནོར་ལྷ་་་་་ནོར་བདག་འབད།།
  • ཤེས་རབ་རྡོ་རྗེ།
    ཆུམ་འབྲུ་དཀར་བཅའ་གསུམ་སྨིན་དྲུག་བཞེས།།
  • ཤེས་རབ་རྡོ་རྗེ།
    དུས་གཏན་རྐྱང་ག་བཞུགས་གུ་བཞུགས་རུང་།།
  • ཤེས་རབ་རྡོ་རྗེ།
    ད་རིས་བར་སྐོར་ཁྲ་མོ་བྱོན། །
  • ཤེས་རབ་རྡོ་རྗེ།
    མཚན་་་་མཚན་ལྡན་བླ་མའི་སྲུང་ལྷ་འབད།།
  • ཤེས་རབ་རྡོ་རྗེ།
    སྤྲུལ་པའི་བཟོ་བོའི་བཀའ་སྲུང་མཛད།།
  • ཤེས་རབ་རྡོ་རྗེ།
    ཨཱེ་་་ནོར་ནཱ་་་་་ གནསཔོ་འདོད་གཡོག་ཅན་མའི་ནོར་ལྷ་འབད།།
  • ཤེས་རབ་རྡོ་རྗེ།
    སྤར་འཆམ་དམངས་ཀྱི་[བུན་ན་?]བཞེས།། ཟེར་ཏེ་
  • ཤེས་རབ་རྡོ་རྗེ།
    འ་ནཱི་ང་བཅས་ར་ད་སྤར་རེ་འཆམ་ཏེ་སྤར་ཚིག་རེ་གི་ཚིག་འདི་ ཏེ་གཅིག་འ་ནཱི་ཨིན་ལགས།ཏེ་དེ་ལས་ད་ ང་བཅས་ར་མདའ་རེ་རྐྱབ་འབད་བ་ཅིན་ ཏེ་ད་ མདའ་འདི་ ཏེ་རོགས་ཀྱིས་ཕར་ཚ་ཐང་ཐ་འབད་ཅིག་ རྐྱབ་དགོཔ་ཕྱེ་རི་འབད་རྐྱབ་དགོ་པ་ཅིན་ཏེ་དེ་ལས་ནཱ་ལས་ཕར་ཁ་བཤད་ ཏེ་གཏང་ནི་ཡོད་བ་སྨོ་ལགས།འ་ནི་ཏེ་
  • ཤེས་རབ་རྡོ་རྗེ།
    ནགས་ཀྱི་བྱ་མདངས་ཕང་ཀུ།།
  • ཤེས་རབ་རྡོ་རྗེ།
    དུས་གཏན་རྐྱང་ག་སྡོད་གུ་སྡོད་རུང་།།
  • ཤེས་རབ་རྡོ་རྗེ།
    ད་རིས་སྤང་སེར་ཤོག་སྤང་གི་སྦུག་ཁ།།
  • ཤེས་རབ་རྡོ་རྗེ།
    ང་ཕྱད་ཚེ་ལན་གཅིག་རྐྱབ་པ་ཐོན་ཡི།ཨཱེ་་་་་་ ཟེར་འ་ནཱི་སྦེ་སླབ་ཨིན་ལགས།ཏེ་ད་ཚིག་ཐེང་གསུམ་འ་ནཱིམ་ཅིག་སྦེ་བཞག་གེ་ལགས།། །།