Skip to main content Skip to search
25 Aug 2018
18 min 54 sec
Video Overview
Creators: 
Yeshi Wangchuk

Based on a history book read by Grandpa Karma Lhendup, he shares about the account of Dung Nagkpo, an aristocratic family of Ura Gewog of Bumtang District. He basically shares about how Dung Nagkpo came to Ura Gewog, who assassinated him and also about his linage. It is said that he was one of the most powerful families in the Ura Geowg. He was not originally from Ura, his mother was said to be from Zhongar (Mongar) district and his father was a Tsen (Local deity or Spirit). It is believed that local deities and spirits during the old days use to have intimacy with ordinary (human) women. Since he was the son of non-human creature, he had extraordinary strength and intelligence which made him powerful. Dung Nakpo killed the attendant of Karmapa and as the revenge; Karmapa assassinated him and put an end to his linage.

 

༉  ཨ་རྒས་ཀརྨ་ལྷུན་གྲུབ་ཀྱིས་ འབྲུག་གི་རྒྱལ་རབས་མཇལ་བའི་ཉམས་མྱོང་དང་འཁྲིལ་ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ནང་ དང་ཕུ་ཨུ་ར་ལུ་ གདུང་གནག་པོ་ཟེར་མི་འདི་ ག་དེ་སྦེ་བྱུང་བྱུངམ་ཨིན་ན་དང་ ཁོ་གི་བཟའ་ཚང་ དེ་ལས་མི་རྒྱུད་ཚུའི་སྐོར་ལས་སླབ་ནི་འདུག གདུང་གནག་པོ་འདི་ དེ་བསྒང་ ཨུ་ར་ལུ་གནམ་མེད་ས་མེད་སྟོབས་ཤུགས་ཅན་ཅིག་ཨིནམ་ད་ ཁོ་ར་ ངོ་མ་ཨུ་ར་ལས་མེན་པར་ ཨའི་འདི་ གཞོང་སྒར་ལས་དང་ ཨ་པ་འདི་བཙན་ཅིག་ཨིནམ་སྦེ་ཆ་བཞགཔ་ཨིན་པས། དང་ཕུ་མི་ལས་ བདུད་དང་བཙན་གྱི་འབྲང་སྐྱེས་སྲོལ་ཡོད་པའི་ལོ་རྒྱུས་ཡོདཔ་ད་ གདུང་གནག་པོ་འདི་ མི་མ་ཡིན་གྱི་བུ་ཨིནམ་ལས་ ཁོ་ལུ་གཞན་ག་དང་ཡང་མ་འདྲ་བའི་ཁེ་ཀོ་དང་རིག་པ་ཡོདཔ་མས། ཁོ་གིས་ ཀརྨ་པའི་ཕྱག་ཞུ་མི་འདི་བསད་ནི་དེ་གིས་ ལན་ལོག་འབད་ཀརྨ་པ་གིས་ ཁོ་བསད་ཞིནམ་ལས་ གདུང་གི་རྒྱུད་པ་འདི་མེདཔ་བཟོ་ད་བའི་ལོ་རྒྱུས་འདུག

Transcript search
No results found for this search
0 of 0
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ལགས་སོ་ལགས། ད་ ག་ཅི་སྨོ་ཟེར་བ་ཅིན་ཏེ་ ད་ང་བཅས་སྐྱེས་ས་སྦོམ་ས་བུམ་ཐང་ཨུ་ར་ཨིན་པས། ཏེ་ཨུ་ར་གདུང་གནག་པོ་ཟེར་མི་འདི་ ཏེ་རང་གིས་ ཤེས་ཤེསཔ་དང་ མཐོང་མཐོངམ་ ག་ནཱེ་ཡང་མེད་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་མེད་འདི་གི་རང་འབད་རུང་ དང་ཕུ་ རོགས་ཨ་རྒས་ ཨང་རྒས་འདི་ཚུ་གི་ ཞལ་རྒྱུན་དང་ གཏམ་འདི་ཚུ་བརྒྱུད། འདི་ཚུ་ ཨ་ཙི་རེ་ རྣམ་ཅོ་ཉན་ནི་དེ་གིས་ཏེ་ ཏེ་འ་ནཱེ་འདི་ཚུ་ ཨ་ཙི་རེ་ ཏེ་ནཱ་ཞུ་བཞག་ནི་འབད་ཏེ་ རེ་བ་ཡོད་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ དང་ཕུ་ ཨ་ནཱེ་ ཨུ་ར་གདུང་གནག་པོ་ཟེར་མི་འདི་ ཁོ་གནམ་མེད་ས་མེད་ མི་ ཤུགས་ཅན་ཨིན་པས་པ་ལགས། ཤུགས་ཆེ་ཤོས་ཅིག་ ཤུགས་ཆེ་ཤོས་འདི་ ཁོང་ཨ་ནཱེ་ རྒྱལ་རྩ་ལོ་འདི་ཚུ་ཟེར་མི་འདི་ཚུ་ཏེ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨའི་འདི་ ང་བཅས་ར་ མི་ཨིན་པས་པ་ལགས། མི་ཨའི་འདི་མི་སྦེ། ཨའི་འདི་ མི་ རིགས་བཟང་དྲགས་ཙམ་ལུ་ རི་བཙན་འདི་ཚུ་གིས་ ད་ལྟོ་ ང་བཅས་རའི་ ཨམ་སྲུ་འཚོལ་བ་འགྱོ་དོ་བཟུམ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ཨ་ནཱེ་ རི་བཙན་འདི་ཚུ་གིས་ཏེ་ མི་ ཨམ་སྲུ་རིགས་བཟང་དྲགས་འདི་ཚུ་ལུ་ མཁའ་འགྲོ་གི་ བརྒྱུད་ཡོད་མི་འདི་ཚུ་ལུ་ཏེ་ ཕར་ཨམ་སྲུ་འཚོལ་བ་སོང་ དེ་ལས་ཏེ་ ང་བཅས་ར་ ཨམ་སྲུ་འཚོལ་འཚོལཝ་བཟུམ་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཁོང་གིས་འབད་དོ་མས་པ། ཏེ་འ་ནཱེ་གིས་ ཨ་ལོ་འདི་ཚུ་ སྐྱེསཝ་ད་ ད་ལྟོ་རྒྱལ་རྩ་ རྒྱལ་རྩ་ཟེར་མི་འདི་ཚུ་ བརྒྱུད་རང་ཨ་ནཱེ་ཨིན་པས། ཤུགས་ཆེ་ ག་གིས་ཡང་ འབད་མ་ཚུགས། འགྲན་མ་ཚུགས་མི་འདི་
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་ཨིན་པས་ལགས། ཏེ་འ་ནཱེ་གིས་ཏེ་ ཏེ་ཁོ་ ཨ་པ་འདི་ རི་བཙན་སྦེ་ ཨའི་འདི་ ང་བཅས་ར་ མི་ཨིན་པས་པ། ཏེ་འ་ནཱེ་གིས་ཏེ་ ཁོང་ ༢ སྦྱོར་པ་འབད་ཞིནམ་ལས་ ཨ་ལོ་སྐྱེས་བའི་བསྒང་ལས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འགྲན་མ་ཚུགས་པའི་གི་ ཤུགས་ག་ནི་བ་ཆེ་བ་ལུ། གནས་སྐབས་ག་ནི་བ་སྦོམ་པ་ལུ། ཏེ་འ་ནཱེ་པའི་གི་ སྐྱེས་ནུག་པ་དང་ཕུ་ དུས་བཟང་དྲགས་ལུ། ད་ད་རེས་སྐབས་ལུ་འབདན་(Speaker Laughs) ང་བཅས་ར་ ཨ་ནཱེ་ ག་ཅི་སྨོ་ཟེར་བ་ཅིན་
  • ཀརྨ་ལྷུན་གྲུབ་/Karma Lhendup: རྒྱལ་རྩ་ལོ་ འདི་ཚུ་ཐོན་ནི་གི་ ལུང་བསྟན་དང་ དུས་སྐབས་མིན་འདུག་པ། དང་ཕུ་ཏེ་ ཨ་ནཱེ་འདི་ཚུ་ ག་ཏེ་ཡང་ དེ་སྦེ་ཨིན་པས་ལགས། དེ་ལས་ ཨ་ནཱེ་ ཨུ་ར་གདུང་གནག་པོ་ཟེར་མི་འདི་ ཁ་གི་ ཨུ་ར་གདུང་གནག་པོ་ཟེརཝ་མམ།
  • ཀརྨ་ལྷུན་གྲུབ་/Karma Lhendup: དང་པོ་ འགོ་དང་པོ་འདི་ ཁོ་ ཨུ་ར་ གདུང་གནག་པོ་མེན་པས་པ། ཨ་རུ་ལས་མེན་པས་ ཏེ་ཁོ་ མར་ང་བཅས་ གཞོང་སྒར་ཁ་ཐུག་ལུ་ བཞུགས་ནུག་པ། གཞོང་སྒར་ཁ་ཐུག་ལུ་ བཞུགས་ཏེ་གིས་ཏེ་ ཨ་ནཱེ་ ལི་སྒར་རྟ་སྒར་པོག་པ་ཟེར་མི་འདི་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁོ་གི་ མར་ནག་ཚང་ སྦོམ་ཅིག་སྡོད་ནུག་ལགས། རྡོ་འདི་ཚུ་ ད་ལྟོ་ཡང་ཡོད། དེ་ལས་ ཨ་ནཱེ་ ཁོ་གིས་ རྟ་ལུ་ ཆག་བྱིན་ནི་གི་ རྡོ་འདི་ཏེ་ རྡོ་གི་ཞོངཔ་ཨ་ནཱེ་ཨིན་པས་ལགས་ ཟངས་ཞོང་བཟུམ་ཏེ་ ཨ་ནཱེ་ ད་ལྟོ་ཡང་ཡོད་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་དེ་ལས་ ཨ་ནཱེ་ཁར་ལས་སྡོད་པའི་བསྒང་ལས་ཏེ་ ཁོ་ཨམ་སྲུ་འདི་ ཨ་ནཱེ་ ཨ་རོགས་དགའ་རོགས་ཅིག་ ཕར་མོང་སྒར་ཆ་ལི་ལུ་ སྡོད་ནུག་ལགས། ཏེ་ཆ་ལི་ལུ་ སྡོད་ཞིནམ་ད་ལས་ཏེ་ ཨ་ནཱེ་ ཆ་ལི་བཟངམོ་འདི་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཕར་ བལྟ་དགོ་མནོ་ཏེ་གིས་ཏེ་ ཕར་གདོང་སྐོར་ བལྟ་ནི་སྦེ་ ཨ་ནཱེ་ ཡོང་ཀོ་ལ་ཟེར་མི་གི་ མར་རྒྱབ་ཁ་ལུ་ ན་ན་ཕུ་ཟེར་ སླབ་པའི་ ན་ན་ཕུ་ ཡོང་ཀོ་ལ་ཡར་ཨིན། ན་ན་ཕུ་མར་ཚམ་ཅིག་ཨིན་ཏེ་ འ་ནཱེ་དོན་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་ནཱེ་གི་ཏེ་ ཕར་ལས་ཕར་ བལྟ་ནི་སྦེ་ ཏེ་ རི་འདལ་ནི་གུ་བཀལ་ཏེ་ མི་ཆ་མཉམ་རང་ཏེ་ ང་བཅས་ར་ཏེ་ འུ་ལཱ་ རྐྱབ་པ་ཤོག་ཤིག་ཟེར་ ད་རེས་ ལཱ་ ཨ་ནཱ་ཨིན་ཟེར་ཏེ་ འ་ནཱེ་བཟུམ་སྦེ་ དོང་སྤེད་ནུག་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ནཱེ་དང་ ཨ་ནཱེམ་ཅིག་མི་ཚད་པས་ལགས། ག་ནཱེ་བ་ཏེ་ ཤིང་དུམ་ བཅད་བཅདཔ་བཟུམ་ ཧོག་ཀ་བཏོན་བཏང་སྟེ་ ད་ལྟོ་ཡང་ཡོད་ལགས། ཏེ་འ་ནཱེ་འབད་བའི་བསྒང་ལས་ཏེ་ ད་རེས་པུ་ར་(ག་ར་)འདལ་མི་ཚར་ནི་མས་ཟེར་ ཁོང་ཏེ་ མར་གྱི་ མི་འདི་ཚུ་ འཛོམས་འདུ་ཅིག་འབད་འབདཝ་མས་ ག་དེ་སྦེ་འཚམས་ག་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ང་བཅས་ར་གིས་ ཡར་འུ་ལཱ་འབད་བ་ ལཱ་རྐྱབ་པ་ ག་དེ་སྦེ་ ཚ་ཁ་ཚུད་ག་ཟེར། ག་དེ་སྦེ་འཚམས་ག་ཟེར་ ཏེ་མར་ གཞོང་སྒོར་རྫོང་འདི་ལུ་ འཛོམས་འདུ་རྐྱབ་པའི་བསྒང་ལས་
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ ཨམ་སྲུ་འདི་ བུད་མེད་ཤེས་རབ་ཀྱི་ རང་བཞིན་ཟེར་ ཏེ་ཨམ་སྲུ་ཅིག་ སྡོད་སྡོདཔ་མས་ལགས། ཨ་ནཱེ་ ཨམ་ཅིག་གིས་ ཨ་ལོ་ཅིག་ འབག་སྡོད་སྡོདཔ་མས་ལགས། ཨ་ལོ་འབག་སྡོད་ཞིནམ་ད་ལས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ཨམ་འདི་གིས་ཏེ་ ཨོ་ལོ་ལོ་ ཨོ་ལོ་ལོ་ཟེར་ཏེ་ ཨ་ལོ་བསྔུཝ་ད་ འ་ནཱེ་ ཨོ་ལོ་ལོ་ ཨོ་ལོ་ལོ་ཟེར་ ཚིག་འདི་ ཨ་ནཱེ་སྦེ་ བཟོ་བཏང་སྦེ་ ཨོ་ལོ་ལོ་ ཨོ་ལོ་ལོ་འབད་ཞིནམ་ད་ལས་
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ རོགས་ཀྱིས་ཏེ་ ཡར་གྱི་ རི་ཆེན་འདལ་བ་འདི་ མར་གྱི་མི་ཆེན་འདལཝ་དྲག་ཟེར་ ཁོ་(མོ་) གིས་ ཨོ་ལོ་ལོ་ཟེར་ འ་ནཱེ་སྦེ་ བཙུགས་བཞག་ནུག་པ། དེ་ལས་ཏེ་ འམ་་དེ་ལས་ཏེ་ མར་གྱི་དཔོན་འདི་ཚུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་འབདན་ཨིན་པས་ཟེར་ ཨ་ནཱེ་ མོ་གིས་ སླབ་བཟུམ་འདི་ དྲག་ནི་མས་ཟེར་ ཏེ་ཡར་གྱི་རི་འདི་ ནམ་དལ་ཚར་ནཱིམ་ཟེར་ཏེ་ དེ་བ་འདི་ ཁོ་རྐྱངམ་ཅིག་ ཁོ་མེདཔ་བཏང་ད་པ་ཅིན་ ཡར་གྱི་རི་མེདཔ་ བཟོ་ནི་གི་ བཀོད་རྒྱ་བཏང་མི་མེད་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་ དྲག་ནི་མས་ཟེར་ཏེ་ ཁོང་ འ་ནཱེ་ཁར་ ཐུགས་བསམ་བཞེས་ཏེ་ ཏེ་ ཨ་ནཱེ་གུ་ བཀལ་བཞག་བཞགཔ་མས། ཏེ་འ་ནཱེ་གུ་ བཀལ་ཞིནམ་ད་ལས་ ཏེ་ཕར་ ཁེངས་བྱས་ན་ལ་ཟེར་ ཁེངས་ལུ་འགྱོ་སའི་ བྱས་ན་ལ་ཟེར་ རི་སྦོམ་ཅིག་ཡོད་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་གི་རྩ་བར་ སྒར་མཁར་གྱི་ རྒྱལ་པོ་ཟེར་ ཅིག་སྡོད་ནུག་པ་ལགས། ཏེ་འ་ཕར་ཏེ་ ཁོང་ཏེ་ ཕར་སོང་སྦེ་ ང་བཅས་ར་ ལྟོ་ཚང་གཉིས་ཟེར་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཕྱག་གཡོག་འདི་ཚུ་གཅིག་ ངེ་གི་ཕྱག་གཡོག་དང་ ཁྱོད་ཕྱག་གཡོག་འདི་ཚུ་ ཕྱག་གཡོག་འདི་ གཅིག་ཁར་འབད་བཅུག་གེ། ང་བཅས་གཉིས་ཟེར་ ང་བཅས་ར་གཉིས་ གཅིག་ཁར་ཨིན་ཟེར་ མདའ་རྐྱབ་ནི་ཟེར་ མདའ་ཕྱོགས་མདའ་གཏང་ནི་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཕྱག་གཡོག་འདི་ཚུ་གཅིག་ཁར་ གཉིས་ཆ་རའི་ རྒྱལ་སྒར་མཁར་རྒྱལ་པོའི་ ཕྱག་གཡོག་དང་ གདུང་གནག་པོའི་ ཕྱག་གཡོག་དང་གཅིག་ཁར་ ཏེ་ཁོང་ར་གཉིས་གཅིག་ཁར་ དེ་ལས་ཏེ་ ཨ་ནཱེ་ མར་སྒར་མཁར་རྒྱལ་པོ་འདི་གིས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་ལྟོ་ཚང་ ཁྱོད་ཀྱི་ ཧེ་མ་བྱོན་ཏེ་གིས་ ཧེང་མགྱོགཔ་ ཁྱོད་ཀྱི་འབད་ཤིག་ཟེར་ ང་ཤུལ་ལས་ བཏང་གེ་མནོ་ཟེར་ ཏེ་ཕར་དང་ཚུར་ ཕར་དང་ཚུར་ ཕར་དང་ཚུར་སྦེ་ ལེ་ཤ་བཏང་ནུག།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ལེ་ཤ་བཏང་པའི་བསྒང་ལས་ ཏེ་ཡུདཔ་ཅིག་ལས་ཏེ་ ཕར་ཡངས་ཏེ་ འབའ་ཡི་གུ་ ཨ་ནཱེ་ཕར་ལགས། རྒྱལཔོ་རིན་པོ་ཆེ་ ཨ་ནཱ་ལས་ཕར་ བཀའ་དྲིན་ཕྱག་ཞུ་གེ་ལགས་ཟེར་ ཨ་ནཱ་ཕར་གནང་ཤིག་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཡངས་འདི་ ཨ་ནཱེ་འབའ་ཡི་གུ་ དེ་འབདཝ་ད་ཏེ་ ཕར་འབའ་དང་ ཡངས་ཐིག་གུ་མེན་པ་ ཐད་ར་བ་རི་ ཁོ་གུ་བཀལ་ནུག། ཐད་རི་བ་རི་ ཁོ་གུ་བཀལཝ་ཅིག་ ཐག་ཟེར་བཏངམ་ཅིན་ ཏེ་ རང་རང་ས་ འདུལ་བྱ་ལུ་ ལྷོད་དོ་མས་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: དོན་ཧིང་གུ་རང་ཕོག་ནུག། ཏེ་དོན་ཧིང་གུ་ ཕོག་ཞིནམ་ད་ལས་ཏེ་ ཏེ་ཡར་ལས་མར་ཏེ་ ལམ་འགྱོ་གན་(ག་ཅི)ཚུགས་ནི་སྨོ? ལམ་འགྱོ་མི་ཚུགས་ཏེ་ མི་ནདཔ་ཐོན་ཞིནམ་ད་ལས་ ཏེ་ཡར་ལས་མར་འོང་འབད་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ ཨ་ནཱེ་གྲན་སྒྲིག་གི་གུ་ཏེ་ ཤིང་གི་ཨ་ནཱེ་འབག་ནི་གི་ ལྕགས་ཟེར་ཡང་ སླབ་མམ་ བུམ་ཐང་པའི་ཁ་ལས་འབད་བ་ཅིན་ རྫོང་ཁ་ལས་འབད་བ་ཅིན་ གྲན་ཟེར་ཡང་ སླབ་མས། འ་ནཱེ་གུ་ལུ་བཀལ་ཏེ་ འབག་འབགཔ་མས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་མར་མར་ལྷོདཔ་ད་ ཨ་ནཱེ་ བྱས་ན་ལ་གི་ ལ་གི་མཇུག་ལུ་རང་ ཆུ་སྦོམ་ཤོས་ ཨ་ནཱེམ་ཅིག་ཡོད། འ་ནཱེ་གི་ མཐའ་མར་རང་ སྤང་ཅིག་ཡོད། ཏེ་མར་ ལྷོད་པའི་བསྒང་ལས་ཏེ་ ཏེ་རིང་རིང་(ཏེ་རིལ་རིལ)ཏེ་ རུ་ཏོ་བཟུམ་ཏེ་རིང་རིང་ སྤྲིངས་ཏེ་འགྱོ་འགྱོཝ་མས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ འ་ནཱེ་ སྤྲིངས་ཏེ་གིས་ ཏེ་རིང་རིང་འགྱོ་ཞིནམ་ལས་ མར་གྱི་སྤང་འདི་གི་མིང་ ཏིང་དཀར་སྦིས་ཟེར་ སླབ་མི་འདི་ འ་ནཱེ་ཨིན། ཨ་ནཱེ་འདི་ཚུ་ ད་ལྟོ་ཡང་ ལམ་རང་ཨིན། ད་ལྟོ་ཡང་ ཁེངས་ལུ་འགྱོ་སའི་ གཞུང་ལམ་ངོ་མ་ཨིན།
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་མི་ལུ་ལྷོདཔ་ད་ཏེ་ ཏེ་རིང་རིང་འགྱོ་ནི་དེ་གིས་ ཏིང་དཀར་སྦིས་ཟེར་ སླབ་དགོ་མི་རྒྱུ་མཚན་ འ་ནཱེ་ཨིན་ལགས། ཏེ་ཨ་མི་མར་ཏེ་ དེ་ལས་ཏེ་ གྲན་གུ་འབག་སྟེ་མར་ མར་ཏེ་ ཨ་ནཱེ་ ང་བཅས་གྲུབ་ཏུ་(ཐོབ) ཟམ་པ་ལས་ཡར་འོངམ་ད་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ཆུ་ཅིག་ རོང་ཆུ་ཅིག་ཡོད་པ། ཏེ་ཨ་ནཱ་ལས་ཡར་འབདཝ་ད་ ཏེ་ཡར་ ད་ལྟོ་གཡུས་བཙན་ཛ་སྦིས་ཟེར་ཡོད། འ་ནཱེ་གི་གདོང་ཁར་ལུ་ ཨ་རིང་སྦོམ་ཡོད་ལགས། ཨ་རིང་སྦོམ་ཡོད། མར་ལྷོདཔ་ད་ཏེ་ ཨ་ནཱེ་ དོན་ཧིང་ཨ་ཙི་རེ་ སྤར་སྤརཝ་འདྲེས་མེན་ན།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་དོན་ཧིང་ ཨ་ཙི་ཅིག་ཐེག་ཐེག་ཟེར་ སྤར་སྤརཝ་འདྲེས་བུ་ ཏེ་དོན་ཧིང་ སྤར་ནི་མས་ཟེར་ སྤརཝ་མས་ཟེར་ སྤར་སྦིས་སྤར་སྦིས་ཟེར་ སྤརཝ་མས་ཟེར་ སྤར་སྦིས་ཟེར་ ད་ལྟོ་ སྤར་སྦིས་ཀྱི་ ཨ་རིང་ཟེར་ མི་འདི་ཚུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: སྤར་སྦིས་ཀྱི་ ཨ་རིང་ཟེར་ སླབ་དགོ་མི་འདི་ འ་ནཱ་ལས་ཨིན་ལགས། དེ་ལས་ ནཱ་ལས་ཕར་སྦེ་ ཏེ་བུམ་པའི་ ཐང་ལས་ཕར་སྦེ་རང་ལེ་ཤ་ཡོད། ཏེ་འདི་ཚུ་ ཧ་ལམ་ཅིག་སྦེ་བཞག་གེ།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཕར་ ཡར་ བཞུགས་ཁྲི་ཟེར་མི་འདི་ ཨ་ནཱེ་ གཞོང་སྒར་རྫོང་གི་ ཧེ་མ་ ཁོང་འཛོམས་འདུ་ རྐྱབ་ས་གི་ གཞོང་སྒོར་རྫོང་གི་ སྦོ་ལོགས་ཁར་རང་ཏེ་ བཞུགས་ཁྲི་ཡོད་པ། ཏེ་འ་ནཱ་ལུ་ལྷོདཔ་ད་ཏེ་ ཁོ་ག་འགྱོ་ས་ཡི་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་རེས་ཏེ་ བཞུགས་གྲལ་ མར་ཆང་དང་སྦྲགས་ཏེ་ སྒྲོལམ་དྲི་བཟང་ བཞུགས་གྲལ་སྐྱེལ་སྐྱེལཝ་མས། ཏེ་བཞུགས་གྲལ་ སླབ་དགོ་མི་འདི་ འ་ནཱེ་ཁོང་གིས་ ཨུ་ར་རྒཔོ་བཀྲོངས་ཚུགས་ནི་(གདུང་གནག་པོ་བཀྲོངས་ཚུགས་ནི་དེ་གིས་
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་གིས་ བཞུགས་གྲལ་ཏེ་གིས་ སྒྲོལམ་དྲི་བཟང་ བཞུགས་གྲལ་བསྒྲིགས་ བཞུགས་གྲལ་བཞུགས་གྲལ་ཟེར་ སླབ་དགོ་མི་འདི་ འ་ནཱེ་ཨིན་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ ནཱ་ལས་ཕར་སྦེ་ ཏེ་ཨ་ནཱེ་ གེན་ཐེ་ཟམ་གྱི་ ཆུ་འདི་ ཕར་བརྒལ་ཏེ་གི་ ཕར་ཨ་རིང་ནང་ ལྷོད་ལྷོདཔ་མས། ཏེ་ཕར་ལྷོད་ཞིནམ་ད་ལས་ཏེ་ དེ་ལས་ཏེ་ ཁོང་ཏེ་ད་འབདན་ ང་བཅས་ར་ཨིན་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: མེདཔ་བཏང་ཚུགས་ཡི་ཟེར་ མནོ་སྟེ་ ཏེ་ཁོང་ ཕར་པ་ཏྲི་(Speaker uses english term) བཏང་བཏངམ་མས་ དགའ་སྟེ་གིས། ཏེ་སེམས་དགའ་སྟེ་ པ་ཏྲི་བཏང་ ཁོ་བཀྲོངས་ཚུགས་ཡི་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ ཨ་ནཱེ་ དགའ་ལི་མཁར་ཟེར་ སླབ་དགོ་མི་འདི་རང་ཏེ་ ཁོང་ པ་ཏྲི་བཏང་ཏེ་ ཁོང་ རྒྱལ་ཁ་ཐོབ་ནི་དེ་གིས་ དགའ་སྟེ་གིས་ དགའ་ལི་མཁར་ཟེར་མི་འདི་ འ་ནཱེ་ཨིན་པས་ལགས་ མིང་འདི་གཙོ་བོ་ར།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ འ་ནཱེ་ཁར་ལས་ སྒར་མཁར་རྒྱལ་པོ་གི་ ཕྱག་གཡོག་དང་ སྒར་མཁར་རྒྱལ་པོ་དང་ ཁོང་ཆ་ཁྱབ་ ཕར་ལོག་སྟེ་ ཨ་ནཱེ་ ཁོང་ར་ཚུ་གི་ཕར་ ལོག་འགྱོ་འགྱོཝ་མས་ཏེ། ཨ་ནཱེ་ ཨུ་ར་གདུང་གནག་པོ་གི་ ཕྱག་གཡོག་འདི་ཚུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ཡར་འོང་འོངམ་མས་ཏེ། ཏེ་ཡར་འོངམ་ད་ འཁྲུལ་སྡང་སྦིས་དང་ ཁོང་གི་ ཨ་ནཱེ་ ཧེ་མ་གི་ ལི་སྒར་པོག་པ་གི་ ནག་ཚང་འདི་ སྦོ་ལོགས་ཁར་ འཚམས་ཅིག་འབད་དོ་པ། ཏེ་ཡར་ལྷོད་རེནམ་ད་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ ཨ་ནཱེ་ ཕྱག་ གདུང་གནག་པོ་གི་ ཕྱག་གཡོག་འདི་ཚུ་ ཨའེ་་་ང་བཅས་ར་གི་ རྒྱལ་པོའདིནི་ ད་བཀྲོངས་ད་ཡི་ཟེར། ད་ཟེར་ཏེ་ ཁོང་ སེམས་མ་དགའཝ་མས། སེམས་འཁྲུལ་འཁྲུལཝ་མས། དེ་ལས
  • ཀརྨ་ལྷུན་གྲུབ་/Karma Lhendup: སེམས་འཁྲིལ་ཏེ་གིས་ཏེ་ ཁོང་ མནོ་མ་ཚུགས་པར་ ཏེ་ང་བཅས་འབད་བ་ཅིན་ སྔུ་ནི་བཟུམ་སོང་སྦེ་ སེམས་འཁྲུལ་ཏེ་གིས་ཏེ་ སྐྱོ་བ་ལང་ལངས་མས། ཏེ་འ་ནཱེ་ ད་ལྟོ་ འཁྲུལ་སྡང་སྦིས་ཟེར་མི་འདི་ ཁོང་ ཕྱག་གཡོགཔ་འདི་ཚུ་ སེམས་འཁྲུལ་ནི་དེགིས་ འཁྲུལ་སྡང་ཟེར་ སླབ་དགོ་མི་འདི་ འ་ནཱི་ཨིན་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ས་འདི་ ས་འདི་ཚུ་ལུ་ མིང་བཏགས་དགོ་མི་འདི་ འ་ནཱེ་ གདུང་གནག་པོ་གི་ འ་ནཱེ་གི་སྐོར་ལས་ཨིན་ལགས། དེ་ལས་ འ་ནཱེ་བསྒང་ལས་ཏེ་ ཏེ་ཞལ་ཆེམས་འདི་ ཤུལ་ལས་ ཞལ་ཆེམས་འདི་ སླབ་པའི་བསྒང་ལས་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁོང་གི་ སླབ་ནུག་པ། གདུང་གནག་པོ་གིས་ ང་བོད་ལུ་ འགྱོ་ནི་ཨིན་ཟེར། ང་ནཱ་ མི་སྡོད་ཟེར་ ང་ཡར་བོད་ལུ་ འགྱོ་ནི་ ང་སྐྱེས་བ་ལེན་པ་ཡར་ཨིན་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ང་རམ་རྡོག་ སྦལ་མི་འོང་པ་ཅིན་ ང་ར་གི་ ཨ་ནཱེ་ ཡོང་ཀོ་ལ་གི་ ཤིང་གི་ཟ་སྐྱུར་དྲག་འདི་ ཏོང་ཟེར་མི་འདི་ འ་ནཱེ་འབག་ཤོག་སྨ་རེད་ཟེར་ གསུངས་གསུངསམ་ཨིན་ལོ། ཏེ་གསུངས་ཞིནམ་ད་ལས་ཏེ་ ཤུལ་ལས་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཡར་བོད་ལུ་འགྱོཝ་ད་ འདི་ཚུ་གིས་ཏེ་ ཏོང་འདི་ ཨ་ནཱེ་ཡོང་ཀ་ལ་གི་ ཏོང་ཕོད་ཙེ་གང་ ཏེ་གཞན་ཁར་གྱི་ ཏོང་ཕོད་ཚེ་གང་ ཏེ་དེ་བསྒང་ཏེ་ ང་བཅས་ ཡར་ལྷ་ས་བཟུམ་ཅིག་ཨིནམ་འདྲེས་ གཡུས་སྦོམ་ཤོས་ཅིག།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཨ་ལོ་འདི་ཚུ་ཏེ་ སྤུངས་སྡོད་ནུག་པ། ཨེསི་ཀུ་ལི་(Speaker uses english term) ཨ་ལོ་སྤུངས་དོས་བཟུམ་སྤུངས་ཏེ། ཏེ་དེ་བསྒང་ལས་ཏེ་ ཏེ་ཨ་ཁུ་ འབྲུག་པ་ཡོང་གེ་ ཨ་ཁུ་འབྲུག་པ་ཡོང་གེ་(Speaker uses Tibetan Language) ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཨ་ལོ་ གཞན་འདི་ཚུ་གིས་ བྱོག་མས་ལོ་ཕར་ཏེ། ཁོ་ཏེ་ བྱོག་མ་བཏུབ་པའི་ལོ་ཏེ་ འབྲུག་གི་ མི་འབད་ནི་དེ་གིས་ཏེ་ ཁོ་བྱོག་མ་བཏུབ་ དེ་ལས་ཏེ་ ཨ་ནཱེ་ ཧེ་མ་གི་ ཡོང་ཀ་ལ་གི་ཏོང་མེན་པ་ གཞན་གཏོར་བཏང་བཏངམ་མས་པ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཕོད་ཙེ་དང་སྦྲགས་ཏེ་ དར་ཟེར་ དེ་བསྒང་ལས་ཏེ་ ཁོ་གིས་ཏེ་ མིག་ཏོ་རང་ བལྟ་མ་བཏུབ་པར་ དེ་ལས་ཏེ་ དེ་ལས་ ཨ་ནཱེ་ ཡོང་ཀ་ལ་གི་ཏོང་འདི་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཐང་ནང་ལས་ཡར་ གཏོར་ནུག་པ། གཏོར་ད་ལུ་ཏེ་ ག་ཕུབ་རྐྱབ་སྟེ་ འ་་་ངེ་གི་ཨིན། ངེ་གི་ཨིན་ཟེར། ངེ་གི་ཨིན་ཟེར་ཏེ་ པུ་ར་(ག་ར་) རང་ བྱང་ཁོག་འོག་ལུ་ བཙུགས་ཏེ་གིས་ དེ་ལས་ཏེ་ ངོས་འཛིན་འདི་ ངོ་མ་རང་ འ་ནཱེ་གིས་ བདའ་ཟུན་ནི་དེ་གིས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁོ་ར་གི་ ཞལ་ཆེམས་དང་ ཏེ་ངོས་འཛིན་འབདཝ་ད་ འ་ནཱེ་ ཀྲིག་ཀྲི་འགྱོ་ནི་དེ་གིས་ ཏེ་ཡར་ལས་མར་ཏེ་ ཏེ་བཟུང་སྟེ་ འབག་འོངམ་མས། ཏེ་ཨུ་ར་གདུང་གནག་པོ་ འ་་་དེ་ལས་ཏེ་ ཡར་ ཧེ་མ་རང་ཏེ་ ཡར་ཡར་སྤང་མཁར་ཟེར་ མི་འདི་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁོ་ར་གི་ མཁར་ཟེར་ གདུང་གནག་པོའི་མཁར་ཟེར་ འ་ཡར་བཞུགས་ནུག། ཏེ་འ་ཡར་ལུ་ བཞུགས་པའི་བསྒང་ལས་ཏེ་ ཡར་ཨ་ནཱེ་ཆུ་ཡོད་པ་ སྤང་མཁར་ལས་མར་ ཆུ་སྦོམ་ཅིག་ཡོད། འ་ནཱེམ་ཅིག་ཡོད་ཆུ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ནཱེ་ ཆུ་འདི་ཚུ་ཏེ་ ཕར་ཡང་ཏེ་ ཕར་དང་ཚུར་རྒྱ་ཤིང་སྦོམ་སྦེ་ ཧོག་ཀ་རིངམོ་སྦེ་ ཨ་ནཱེ་ འདི་ཚུ་ག་ར་ རྡོ་རང་འབྱུང་གི་ ཟམ་པ་བཙུགས་ཏེ་ འ་ནཱེ་འདི་ཚུ་ པུ་ར་(ག་ར་) ཁོ་གི་ཤུལ་ཨིན་པས། ཁོ་གིས་འབད་འབད་བའི་ཅ་ལ།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ ཡར་ལས་མར་སྦེ་ཏེ་ མར་ཨུ་ར་ངོ་མ་འདི་ལུ་ ཏེ་སྒར་ཚང་པ་ཟེར་གཅིག་ཡོད། ད་ལྟོ་ཡང་ཡོད། ཏེ་འ་ནཱེ་འདི་ ཁོང་གི་ སྒརཝ་ཏེ་ ལྕགས་བརྡུང་བརྡུང་པ་གི་ སྒར་ཚང་ཨིན་ཟེར་ སྒར་ཚང་པ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་ལྟོ་ འ་ནཱེ་ ཁྱིམ་འདི་གི་ མིང་འདི་ཡང་ སླབ་དགོ་མི་འདི་ འ་ནཱེ་ཨིན་པས་ལགས། ཏེ་འ་ནཱེ་འདི་ ཁོ་གིས་ བརྡུང་བརྡུང་པ་གི་ སྒརཝ་གིས་བརྡུང་བརྡུང་པ་གི་ ལྕགས་ཀྱི་བྱེ་(ཕྱེ་)འདི་ ད་ལྟོ་ཡང་ཡོད་ཟེར་ཨིན་པས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་ནཱེ་བསྒང་ལས་ཏེ་ ཁོ་ ང་བཅས་ར་གི་ ཨ་ནཱེ་ རྟ་ཞོང་པ་ལོ། ཀྲཱིས་པ་ལོ། ལྕགས་རི་པ་ལོ། ཟེར་མི་འདི་ ཁོ་གི་ ཨ་ནཱེ་ རྟ་ཞོང་པ་ཟེར་མི་འདི་ ཁོ་གི་རྟ་འདི་ཚུ་ལུ་ རྩྭ་བྱིན་མི་ཨིན་པས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་ནཱེ་ གཡུས་ཚན་ ཏེ་ཁོང་ ལྕགས་རི། བསྟོད་པ། བསྟོད་པ་འདི་ ཐབ་ཚངཔ་བཟུམ་ཨིན་པས། ཏེ་ལྕགས་རི་པ་འདི་ ཤིང་དང་ རྩྭ་མེད་ ཤིང་འདི་ཚུ་གི་ གྲལ་ཁར་ འཚམས་ཅིག་ཨིན་པས་པ། ཏེ་འ་ནཱེ་འབད་ནི་དེ་གིས་
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེ་འབད་ཞིནམ་ད་ལས་ ཏེ་ད་ལྟོ་ ཨ་ནཱི་འདི་ཚུ་གི་ མིང་འདི་ བཏགས་དགོ་མི་འདི་ ཁུངས་ཨ་ནཱེ་སྦེ་ཨིན་པས། དེ་ལས་ཏེ་ ང་བཅས་ ཨུ་ར་ལུ་ རོགས་ཀྱི་ སླབ་ བོད་མི་ལས་འཆད་པའི་ ཨུ་ར་པ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ང་བཅས་ཀྱི་བརྒྱུད་འདི་ ཨུ་རཔ་འདི་ཚུ་ བོད་ལས་བརྒྱུད་པའི་བརྒྱུད་པའི་ མི་ཨིན་ཟེར་ བོད་ལས་རྒྱུད་པའི་ ཨུ་རཔ་ བོད་མི་ལས་བརྒྱུད་པའི་ ཨུ་ར་པ་ཟེར་ སླབ་དགོ་མི་འདི་ འ་ནཱེ་ཨིན་པས་ལགས། དེ་ལས་ དེ་ལས་ཏེ་ ཁོ་ དར་ཤིང་རྒྱས་ཏེ་གིས་ དེ་ལས་ཏེ་མར་ ཤུལ་ལས་ཏེ་ མར་ གྲུབ་ཐོབ་ཟམ་པ་ལས་ ཡར་འོངམ་ད་ རྡོ་སྦོམ་ཅིག་ཡོད་ལགས། རྡོ་དེ་ཁར་ལས་མར་ ཆུ་ འ་ནཱེམ་ཅིག་ཡོད། གཞོང་སྒར་པ་ཆུ་ཟེར་ སླབ་ཨིན། ཨ་ནཱེ་ཁ་ལུ་ཏེ་ ངེའི་ས་ ཨ་ནཱ་ལས་ཡར་ ངེའི་ས་ཨིན་ཟེར་ ཏེ་རྡོའི་གུ་ རྟགས་བཀལ་ བཀལཝ་ཨིན་པས་ལགས། ད་ལྟོ༌ བཀྲ༌(ཁྲ)ལམ་ལམ༌ཡོད༌ལགས། འ་ནཱེ་ ཁོ་གིས་ཏེ་ ངེའི་ས་ ཨ་ནཱེ་ཅིག་ལས་ཡར་ ངེ་གི་ ས་ཨིན་ཟེར་ ས་དང་ རྡོ་དང་བཀལ་བཞག་ནུག་ལགས། ཏེ་ཨ་ནཱེ་ཡར་བཅད་དེ་ ང་བཅས་ཟེར། ཏེ་ད་ལྟོ་ ང་བཅས་ འ་ནཱེ་ ཏེ་དེ་ལས་ཏེ་ ཤུལ་ལས་ ཉམས་ཏེ་ཉམས་ཏེ་གི་ཏེ་ ང་བཅས་ར༌ འབྲུག༌རྒྱལ༌ གོང༌ས༌ཨུ་རྒྱན་དབང་ཕྱུག་ལོ་ འ་ནཱེ་བསྒང་ཏེ་ ཁོ་མེད་འབད་ཞིནམ་ན་ལས་ཏེ་ ས་དེ་ཚུ་ ཉམས་ཅིག་ཉམས་ཅིག་ འོ་མི་གི་ཁོངས་ལུ་ཚོད་ ཡར་ཡར་ ཡར་ཡར་ཏེ། ད་ལྟོ་ འདི་འབད་རུང་ ང་བཅས་ འ་ནཱེ་ ཨུ་རཔ་འདི་ཚུ་ལུ་མར་ ནོར་གྱི་རྩྭ་འབྱོག་འདི་ ཧེ་མ་གི་ ཁྲམ་དམར་ཐེམ་ཅན་མའི་ ནང་ནང་ཚུད་དེ་ཡོད་མི་འདི་ ང་བཅས་ལུ་ རྩྭ་འབྱོག་ཡོད་མི་འདི་ འ་ནཱེ་ གདུང་གནག་པོའི་ བཀྲིན་ཨིན་པས་ལགས། ད་ལྟོ་ ང་བཅས་རྩྭ་འབྱོག་འདི་ མཐོཝ་དཔོན་གྱིས་ དཀྲོག་མི་མེད། དམའཝ་གཡོགཔ་གིས་ དཀྲོག་མི་མེད། ས་རྡོ་འདི་ཚུ་ གཡུས་ཁ་ལུ་ ཨ་ནཱེ་ ང་བཅས་ རྩྭ་འབྱོག་གི་ ཕར་དང་ཚུར་ མི་སྡོད་མི་འདི་ཚུ་གིས་ ང་བཅས་ལུ་ དཀྲོག་མ་ཆོག་མ་འདི་ ང་བཅས་ ཁྲམ་དམར་ཐེམ་ཅན་མི་ནང་ཡོད་ནི་དེ་གིས་ ཁོང་ཚུ་གིས་ ག་ནཱེ་ཡང་ འབད་མ་ཚུགས་པ་ ཨ་ནཱེ་སྦེ་ནུས་ནུག། ད་ལྟོ་ ང་བཅས་ནོར་ ཨུ་རཔ་འདི་ཚུ་ ནོར་ཡོད་ལགས་ ངབཅས། ཏེ་ནོར་འདི་ འ་ནཱེ་རྩྭ་འབྱོག་འདི་ ཁོ༌གི༌བཀྲིན༌ཨིན། ཁོ་གི་བཀྲིན། ཏེ་ཤུལ་ལས་འབདཝ་ད་ ཁོ་ར་གིས་ ཨ་ཙི་ཅིག་ ཤུགས་ཆེ་ར་ཆེ་ནི་དེ་གིས་ ཏེ་ཡར་ ཡར་བླམ་རྒྱལ་བ་ཀརྨ་པ་གི་ གཟིམ་དཔོན་ནངམ་འདི་ལུ་ ཁོ་གིས་ ཨ་ཙི་ཅིག་ཏེ་ བཀྲ་མ་ཤིསཔ་མཛད་ནི་དེ་གིས་ཏེ་ བླམ་རྒྱལ་བ་ཀརྨ་པ་གིས་ ཨུ་ར་གདུང་གནག་པོ་ མི་བརྒྱུད་མཐའ་ལས་སྟོང་དགོ་ཟེར།