Video Overview
A woman talks with an acquaintance about her recent upset stomach. He discusses stomach pain, relevant Chinese and Tibetan medicine, and various ways people treat this complaint.
- ཚེ་དཔལ་ལགས་
- ཚེ་དཔལ་ལགས་
- ཚེ་དཔལ་ལགས་
- རྒན་ལགསཚེ་དཔལ་ག་རེ་ན་གི་༿ཡི་༾འདུག
- ཚེ་དཔལ་ལགསསྔན་ལ་༿སྔོན་ལ་༾ཁ་ས་༿ཁ་སེང་༾དེ་བག་ལ་༿བར་ལ་༾སྔན་ལ་༿སྔོན་ལ་༾ཕོ་བ་བཟོ་རོག་༿བཟོ་འདྲ་༾ཅིག་ན་གི་འདུག་གཱ
- རྒན་ལགསའོང་།
- ཚེ་དཔལ་ལགསདེ་ནས་ཕོ་སྨན་ཏིག་ཙམ་༿ཏོག་ཙམ་༾ཅིག་བཟས་པས་ཅིའི་༿གཅིག་ཀྱང་༾དྲག་ཡག་མིན་འདུག
- ཚེ་དཔལ་ལགསཡང་གཞུག་གུ་༿རྗེས་མ་༾ལ་ཡང་སྟོད་སྒལ་དེ་བག་༿དེ་བར་༾ན་གི་༿ཡི་༾ཡོད་པའི་བཟོ་རོག་༿བཟོ་འདྲ་༾ཅིག།
- ཚེ་དཔལ་ལགསཁོང་ཚོས་མཁྲིས་པ་ཟག་༿ཟེར་ཡག་༾ཅིག་རེད་ཟེར་གྱིས་གང་འདྲས་ཡིན་ན༿ནམ་༾།
- ཚེ་དཔལ་ལགསསྨན་ག་རེ་བཟས་ན་ཡག་པ་ཡོད་ན་༿དམ་༾རྒན་ལགས།
- རྒན་ལགསད་ལྟ་ག་རེ་བཟས་པ་སྨན།
- ཚེ་དཔལ་ལགསད་ལྟ་བོད་སྨན་ཨོང་་་་ཞེད་གསེར་བཟོ་རོག་༿བཟོ་འདྲ༾ཏིག་ཙ་༿ཏོག་ཙམ་༾བཟས་པ་ཡིན།
- རྒན་ལགསའོང་་་་འོང་་་།
- ཚེ་དཔལ་ལགསསྔན་ལ་༿སྔོན་ལ་༾དེར་ན་གི་༿ཡི་༾འདུག་གཱ
- ཚེ་དཔལ་ལགསགཞུག་གུ་༿རྗེས་༾ལ་སྟོད་སྒལ་ན་་་མཉམ་དུ་འདུག་ཟེར་ལྟག་སྤྲོད་བྱས་པའི་ན་པའི་བཟོ་རོག་༿བཟོ་འདྲ་༾ཅིག་བྱེད་ཀྱིས།
- རྒན་ལགསཨ་ལས་འོང་་་།
- ཚེ་དཔལ་ལགསམཁྲིས་པའི་བཟོ་རོག་༿བཟོ་འདྲ་༾ཅིག་མིན་འགྲོ་སྐྱུག་མན་༿སྐྱུག་མེར༾ཞེ་པོ་ཅིག་ལངས་ཀྱིས།
- རྒན་ལགསརེད། བྱས་ན་མཁྲིས་པ་རེད།
- རྒན་ལགསསྐྱུག་མན༿སྐྱུག་མེར་༾ལངས་ན་མཁྲིས་པ་རེད།
- ཚེ་དཔལ་ལགསབྱས་ཙང་་་་ཨ་རི་་་་་།
- རྒན་ལགསད་དེ་ག་རེ་རས་ཟེར་ན་ཨོང་་་་སྨན་རྩིས་ཁང་ལ་ཕྱིན་པ་ཡིན་ན།
- རྒན་ལགསའདི་གཅིག་ཡོད་རེད་ག་རེ་ཟེར་རད་ཨོང་་་་་
- རྒན་ལགསམཆིན་པ་དང་མཁྲིས་པ་གཉིས་ཀྱི་སྨན་ཅིག
- ཚེ་དཔལ་ལགསའོང་ལགས།
- རྒན་ལགསའདི་ལ་ཡང་འདིའི་མིང་ལ་འདི་ཟག་༿ཟེར་༾ག་རེ་ཟག་༿ཟེར་༾
- རྒན་ལགས༼༼གཡུ་སྙིང་ཉེར་ལྔ་༽༽
- ཚེ་དཔལ་ལགས༼༼གཡུ་སྙིང་ཉེར་ལྔ་༽༽
- ཚེ་དཔལ་ལགསའོང་་་་༼༼གཡུ་སྙིང་ཉེར་ལྔ་༽༽ཟག་༿ཟེར་༾
- ཚེ་དཔལ་ལགསལ་སེ་་་་༿ལགས་སོ་༾།
- རྒན་ལགསསྨན་དེ་བཟས་པ་ཡིན་ན།
- རྒན་ལགསད་དེའི་མཆིན་པ་དང་མཁྲིས་པ་ཡ་༿པར་༾ཕན་ཡག་གི་སྨན་རེད།
- ཚེ་དཔལ་ལགསརྒྱ་སྨན་བཟས་ན་ཏིག་ཙ་༿ཏོག་ཙམ་༾མགྱོགས་ཀ་༿པ་༾དྲག་མ་ཡོང་བསམས་ཀྱིས།
- རྒན་ལགསད་་་་རྒྱ་སྨན་བཟས་ན་་་་
- ཚེ་དཔལ་ལགསད་ཨ་ལས་ན་ཚ་རེ་ཅིག་བཅག་ཡག་རེ་ཅིག
- ཚེ་དཔལ་ལགསན་ཚ་དེ་ཞེ་པོ་ཅིག་ན་གིས།
- རྒན་ལགསརྒྱ་སྨན་བཟས་ན་ད་ལྟ་ག་རེ་ཟེ་༿ཟེར་༾ན་མཁྲིས་པའི་ནང་ལོག་ལ་རྡོ་ཡོད་པ་ཅིག་ཡོད་རེད་པཱ།
- རྒན་ལགསམཁྲིས་པའི་ནང་ལོག་ལ་རྡོ་ཡོད་པ་དེ་ཚོའི་སྒང་ལ་ག་རེ་ཟེར་ན་ཡང་ཁོ་རའི་དེ་ཅིག་ཚུར་ཨོང་་་་།
- རྒན་ལགསརྒྱ་སྨན་ཅིག་འདུག་ད་ངས་དེའི་མིང་དེ་བཤད་ཤེས་མ་སོང་།
- ཚེ་དཔལ་ལགསལ་སེ་་་༿ལགས་སོ་༾།
- རྒན་ལགསདེས་ག་རེ་ཟེར་གྱི་ཡོད་རས་ཟེར་ན་རྡོ་འདི་མར་བཏོན་གྱི་ཡོད་རེད་ཟེར་གྱི་འདུག་གཱ
- རྒན་ལགསརྡོ་དེ་མར་འདོན་རང་བཞིན་གྱིས་འདོན་འགྲོ་གི་༿ཡི་༾ཡོད་རེད་ཟེར་་།
- ཚེ་དཔལ་ལགསརྡོ་ནི་ཨ་ཡོད་ལ་ད་ལྟ།
- ཚེ་དཔལ་ལགསད་རིང་མ་བཞིན་ན་མ་མྱོང་།
- རྒན་ལགསད་ད་ལྟ་རང་དེ་འདྲས་ཟེར་ན་དུས་ཙམ་པར།
- ཚེ་དཔལ་ལགསའོང་ལ།
- རྒན་ལགསསྟོད་སྒལ་ན་དེར་ཕྱོགས་ངོས་ལ་ན་མདུན་ལ་ན་བྱེད་དུས་ཙམ་པར།
- རྒན་ལགསཕལ་ཆེར་ད་ཏིག་ཙ་༿ཏོག་ཙམ་༾འདི་བྱེད་ཀྱི་ཡོད་རེད།
- རྒན་ལགསཨོང་་་་ལྟོ་ཆས་ཀྱིས་འགྲོ་གི་༿ཡི་༾ཡོད་རེད།
- ཚེ་དཔལ་ལགསལ་སེ།༿ལགས་སོ་༾
- རྒན་ལགསལྟོ་ཆས་ད་་་
- ཚེ་དཔལ་ལགསཞག་ཚི་༿ཞག་རྩི་༾དང་ཨེ་འདྲས་་་།
- རྒན་ལགསའོང་་་་ཞག་ཚི་༿ཞག་རྩི་༾བྱས་གྲང་མོ་ར་འདི་བྱས་
- ཚེ་དཔལ་ལགསསྒོང་ང་་་་་།
- རྒན་ལགསད་ཡང་སྒོང་ང་དང་དེ་འདྲས་བཟས་ནའི་༿ན་ཡང་༾ན་གི་༿ཡི་༾འདུག་གཱ
- ཚེ་དཔལ་ལགསབྱས་ཙང་ལ།
- རྒན་ལགསད་ད་ལྟ་དེའི་ཨོང་་་་མཁྲིས་པ་དེར་སྒོང་ང་དེ་གནོད་པོ་ཞེ་པོ་ཅིག་འདུག་གཱ
- ཚེ་དཔལ་ལགསལ་སེ།༿ལགས་སོ་༾
- རྒན་ལགསའོང་་་་དེ་ནས་ཞོག་ཁོག་ཟ་ས་མིན་འདུག
- ཚེ་དཔལ་ལགསཞོག་ཁོག་བྱས།
- རྒན་ལགསའོང་སྒོང་ང་ཟ་ས་མིན་འདུག
- རྒན་ལགསཨོང་་་་དེ་བཞིན་ཞག་ཚི་༿ཞག་རྩི་༾ཆེན་པོ་དེ་འདྲ་ཟ་ས་མིན་འདུག་
- ཚེ་དཔལ་ལགསབྱས་ཙང་ཨ་རི་་་་།
- རྒན་ལགསཨ་ནི་དེ་ག་རེ་ཟེར་མཁྲིས་པ་དང་དེ་ག་རེད་དེ་་་་འོང་་་་།
- རྒན་ལགསམཁྲིས་པའི་ནང་ལ་རྡོ་ཡོད་པ་དེ་ན་ཚ་དེ་ན་དུས་ཙམ་པར་རྫམས་རྫམས་༿མཚམས་མཚམས་༾དེ་འདྲས་ཅིག་འདུག
- རྒན་ལགསག་རེ་ཟ་༿ཟེར་༾ཕོ་བ་ན་གི་༿ཡི་༾ཡོད་པའི་བཟོ་རོག་༿བཟོ་འདྲ་༾ཅིག་བྱས།
- ཚེ་དཔལ་ལགསབྱས་ཙང་སྔན་ལ་༿སྔོན་ལ་༾ཕོ་བ་རེད་བཞག
- རྒན་ལགསཕོ་བ་ན་གི་༿ཡི་༾ཡོད་པའི་བཟོ་རོག་༿བཟོ་འདྲ་༾ཅིག
- ཚེ་དཔལ་ལགསཉི་མ་དང་པོ་དེར་ཕོ་བ་རེད་བཞག
- རྒན་ལགསཡང་ཏིག་༿འདི་༾ཁོ་མཁྲིས་པའི་ནང་ལོག་གི་རྡབ་ཙོག་༿རྡོ་ཙོག་༾དེས།
- ཚེ་དཔལ་ལགསབྱས་ཙང་གཱ
- རྒན་ལགསགཉེན་ཀ་ཆགས་བྱས་དེ་རྒྱུ་མག་༿མ་༾ནང་ལ་གཉེན་ཀ་ཆགས་བྱས་
- ཚེ་དཔལ་ལགསཨེན་་་འོ་ཙི།
- རྒན་ལགསཨ་ནི་ཁོས་དེ་བྱེད་ཀྱི་ཡོད་རེད་ཟེར་གྱི་འདུག་གཱ་ན་ཚ་དེ་ཡར་ལངས་བྱས།
- ཚེ་དཔལ་ལགསཨེ་འདྲས་བཞེད་པ།
- རྒན་ལགསདེ་ན་ཚ་དེ་ཞེ་དྲག་ལངས་དུས་ཙམ་པར་རྦད་དེ་ཨར་མ་བརྟེན་པ་རེ་ཅིག
- ཚེ་དཔལ་ལགསའིན་་་་།
- རྒན་ལགསའོང་།
- ཚེ་དཔལ་ལགསརྡབ་ཙོག་ཡོད་ན་ད་གཤག་བཅོས་བྱེད་དགོས་ཁྱེར་མ་ཡོང་།
- རྒན་ལགསད་དེ་ཁག་ཅིག་ཁག་ཅིག་དེ་འདྲས་རེད།
- རྒན་ལགསགཤག་བཅོས་བྱས་ནའི་ཕན་པོ་འདུག་ཟེར།
- རྒན་ལགསཡང་ཁག་ཅིག་གཤག་བཅོས་ཡག་པོ་མ་བྱུང་པ་ཡིན་ན།
- རྒན་ལགསརྡོ་དེ་རང་བཞིན་གྱིས་ཡང་སྐྱེས་ཡོང་གིས་ཟེར།
- ཚེ་དཔལ་ལགསཨ་མོའོ་་་སྐྱེས་ན་ད་བཞེད་པ།
- ཚེ་དཔལ་ལགསད་རྡོ་དེ་ལ་དེ་འདྲས་འདུག་གཱ
- ཚེ་དཔལ་ལགསརྡོ་དེ་ག་ར་ཟེར་ན་ཁག་ཅིག་ལ་རྡོ་རྡོག་རྡོག་ཡོད་པ་བྱས།
- ཚེ་དཔལ་ལགསཁག་ཅིག་ལ་ཡང་རྡོ་དེ་ཟེར་གྱི་འདུག་གཱ
- ཚེ་དཔལ་ལགསབྱེ་མའི་བྱ་ཞིབ་དེ་འདྲས།
- ཚེ་དཔལ་ལགསའོ་ཙི།
- རྒན་ལགསབྱེ་མ་ནང་བཞིན་ཞིབ་ཞིབ་དེ་འདྲས།
- རྒན་ལགསད་དེ་ཁོ་གཤག་བཅོས་བྱས་ནས་དེའི་ནང་ལོགས་གི་རྒྱུ་མ་ནང་ལོགས་ཀྱི།
- རྒན་ལགསརྡོ་དེ་གཙང་མ་རེ་ཅིག་མར་བཏོན་མ་ཐུབ་ཡིན་ན།
- རྒན་ལགསདཔེར་ན་བྱེ་ཞིབ་དེ་གས་ཚང་མ་བཏོན་མ་ཐུབ་ཡིན་ན་རྡོ་རང་བཞིན་གྱི་་་
- ཚེ་དཔལ་ལགསཡང་སྐྱེས་ཡོང་བྱས།
- རྒན་ལགསཡང་སྐྱེས་ཡོང་བྱས་ཡང་ན་ཚ་དེ་ཡང་བསྐྱར་དུ་ཡང་ན་གི་༿ཡི་༾རེད་ཟེར་གྱི་འདུག་གཱ
- རྒན་ལགསབྱས་ཙང་་་་
- ཚེ་དཔལ་ལགསསྨན་ཁང་ག་གི་ཡག་ག་༿པ་༾ཡོད་ན་དེ་ལྟ་ཡག་དེ།
- རྒན་ལགསད་ད་ལྟ་དེ་རེད་འདུག་ག་བཤད་སྲོལ་འདྲ་མི་འདྲ་ཞེ་དྲག་འདུག་གཱ
- རྒན་ལགསཁག་ཅིག་གི་ཟེར་ན་གཤག་བཅོས་བྱས་ན་ཡག་པོ་འདུག་ཟེར་མཁན་རེ་ཅིག
- རྒན་ལགསཁག་ཅིག་གིས་བྱས་ན་གཤག་བཅོས་མ་བྱས་པ་བྱས།
- རྒན་ལགསད་སོ་སོས་དུས་རྒྱུན་དུ་གཟབ་གཟབ་བྱས།
- ཚེ་དཔལ་ལགསགཟབ་གཟབ་བྱས།
- རྒན་ལགསལྟོ་ཆས་ལ་གཟབ་གཟབ་བྱེད་ཡག་དང་འོང་་་་ད་ག་ནང་བཞིན་པས།
- རྒན་ལགསག་རེ་ཟེར་དགོས་རས་༿རེད་༾གཟུགས་པོ་འཁྱག་རུ་མ་བཅུག་པ་བྱས།
- རྒན་ལགསཨོང་་་་ལྟོ་ཆས་དེ་དུས་ཐོག་ལ་བཟས།
- རྒན་ལགསགནོས་ཡག་གི་ལྟོ་དེ་མ་བཟས་པ་བྱས།
- རྒན་ལགསའོང་་་་་དེ་བྱས་པ་ཡིན་ན་ཡང་སོ་སོས་སོ་སོར་གཟབ་གཟབ་བྱས་པ་ཡིན་ན།
- རྒན་ལགསདེ་སྤྱིར་བཏང་གལ་༿གང་ཡང་༾བྱེད་ཀྱི་མིན་འདུག་ཟེར་གྱི་འདུག་གཱ
- ཚེ་དཔལ་ལགསལ་སེ།༿ལགས་སོ་༾
- རྒན་ལགསད་སོ་སོས་གཟབ་གཟབ་མ་བྱས་པ་བྱས་
- རྒན་ལགསལྟོ་ཆས་དེའི་རྦད་དེ་ཅིག་མི་སྤྱིར་བཏང་གི་གཟུགས་པོ་ཡག་པོ་ཡོད་པ་དང་།
- རྒན་ལགསའདྲ་འདྲ་བྱས་ལྟོ་ཆས་བཟས་པ་རེད་པཱ།
- རྒན་ལགསཡང་ཁོ་རང་བཞིན་གྱིས་ན་བྱས།
- རྒན་ལགསའོང་་་་དེ་འདྲས་བྱེད་ཀྱིས་ཟེར་གྱིས།
- ཚེ་དཔལ་ལགསདེ་སྨན་རྩིས་ཁང་དེ་རྒན་ལགས་དེ་ཨོང་་་་༼༼གཡུ་སྙིང་ཉེར་ལྔ་༽༽རེད་པཱ།
- རྒན་ལགསཨོང་་་་༼༼གཡུ་སྙིང་ཉེར་ལྔ་༽༽གཡུ་སྙིང་ཉེར་ལྔ་དེ་ང་ཚོའི་མཆིན་པ་དང་མཁྲིས་པ་གཉིས་ཕྱོགས་ལ་ཕན་གྱི་འདུག་གཱ
- ཚེ་དཔལ་ལགསལ་སོ་༿ལགས་སོ་༾
- རྒན་ལགསའོང་་་་་སྨན་དེ།
- རྒན་ལགསསྨན་དེ་ཡག་པོ་ཞེ་དྲག་ཡོད་རེད་དཱ།
- ཚེ་དཔལ་ལགསབྱས་ཙང་ད་ཅིག་ལྟ་ཙམ་བྱེད་ཀག་༿པར་༾འགྲོ་དགོས་མེད་འགྲོ་
- ཚེ་དཔལ་ལགསསྨན་ཁང་ག་གི་༿གང་ཞིག་༾ཡག་ག་༿པ་༾ཡོད་ན་༿ནམ་༾ལ།
- རྒན་ལགསད་ཨོང་་་་
- ཚེ་དཔལ་ལགསསྔན་ལ་༿སྔོན་ལ་༾
- རྒན་ལགསད་ན་ཚ་ཞེ་དྲག་བཏང་དུས་ཙམ་པར་ཁག་ཅིག་གིས་དེ་འདྲས་ཟེར་གྱི་འདུག་གཱ
- རྒན་ལགསན་ཚ་ཞེ་དྲག་བཏང་པའི་སྐབས་ལ་ཨ་ནི་་་་་རྒྱ་སྨན་བཟས་པ་ཡིན་ན།
- ཚེ་དཔལ་ལགསལ་སེ།༿ལགས་སོ་༾
- རྒན་ལགསཨ་ནི་་་་ན་ཚ་དེ་སྔན་ལ་གཏར་ཁ་དེ་མར་བཅགས་བྱས་དེ་བྱེད་ཀྱིས་ཟེར།
- ཚེ་དཔལ་ལགསལ་སེ་༿ལགས་སོ་༾
- རྒན་ལགསའོང་་་་ཁག་ཅིག་གིས་ན་ཚ་དེ་རྙིང་པའི་བཟོ་རོག་༿བཟོ་འདྲ་༾ཡིན་པ་ཡིན་ན།
- རྒན་ལགསན་ཚ་གཏར་ཁ་བཅགས་ཡག་གི་རྒྱ་སྨན་བཟས་པ་ཡིན་ནའི་ལས།
- རྒན་ལགསད་དུང་ན་ཚ་དེ་ག་ན་བྱས།
- ཚེ་དཔལ་ལགསལ་སེ་་།༿ལགས་སོ་༾
- རྒན་ལགསདེ་འདྲས་ཅིག་འདུག
- ཚེ་དཔལ་ལགསཀརྨ་ཀུན་བཟང་དེ་བག་༿བར་༾ལ།
- རྒན་ལགསག་རེ་ཟེར་ལས་ཁུངས་ཨེམ་ཆི་ལགས་ཟེར་གཅིག་འདུག་ཟེར་དེ་ཡག་པོ་ཡོད་ན་༿ནམ་༾ལ།
- རྒན་ལགསད་དེ་སོ་སོས་ཡང་ཅིག་ཡོད་རེད་དཱ།
- རྒན་ལགསསོ་སོའི་འཕྲོད་ལོས་དང་ཅིག་འདྲ་མིན་འདྲ་ཡང་།
- རྒན་ལགསཡང་་་་ཨེམ་ཆི་སོ་སོ་ལས་༿ལའང་༾དེ་འདུག་གཱ
- རྒན་ལགསཡང་ཁག་ཅིག་ལ་འཕྲོད་པོ་ཞེ་དྲག་བྱུང་ཟེར་ཡག་༿ཟེར་བ་༾དེ་འདྲས།
- ཚེ་དཔལ་ལགསབྱས་ཙང་གཱ
- རྒན་ལགསཁག་ཅིག་ལ་བསྟན་ན་ཡང་རྒྱུན་ནས་ཡང་་་་
- ཚེ་དཔལ་ལགསམ་ཕན་པའི་བཟོ་རོག་༿བཟོ་འདྲ་༾
- རྒན་ལགསམ་ཕན་པའི་བཟོ་རོག་༿བཟོ་འདྲ་༾ཅིག
- ཚེ་དཔལ་ལགསལ་སེ།༿ལགས་སོ་༾
- རྒན་ལགསའོང་་་་དེ་འདྲས་འདུག
- ཚེ་དཔལ་ལགསཨ་ནི་་་་གཅིག་བལྟ་ཙམ་བྱེད་གག་༿བྱེད་པར་༾འགྲོ་དགོས་མིན་འགྲོ་
- རྒན་ལགསརེད་རེད་རེད་་་།
- ཚེ་དཔལ་ལགསཨ་ལས་ཨར་བརྟན་༿བརྟེན་༾གྱི་མིན་འདུག
- རྒན་ལགསད་ཨ་ལས་གཟབ་ཙམ་བྱེད་མ་གཏོགས།
- ཚེ་དཔལ་ལགསལ་སེ།༿ལགས་སོ་༾
- ཚེ་དཔལ་ལགསད་ཨ་ནི་་་རྒན་ལགས་བཞུགས་གོག་༿དགོས་༾
- རྒན་ལགསལ་་་འོང་འོང་་་།
- རྒན་ལགསཨ་ལས་ག་ལེར་རྒྱུགས་ཨང་།
- ཚེ་དཔལ་ལགསལ་སེ།༿ལགས་སོ་༾
- ཚེ་དཔལ་ལགསཨ་ནི་་་་མར་མ་ཕེབས།
- རྒན་ལགསཡོག་ཡོག་འོང་་་་ཨ་ལས་རྒྱུགས་ཨང་ཚེ་དཔལ།
- ཚེ་དཔལ་ལགསལོག་༿ལགས་༾།