Skip to main content Skip to search
17 Feb 2017
6 min 1 sec
Video Overview
Creators: 
Norzin Lhamo
Transcript search
No results found for this search
0 of 0
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    ཡར་ཡར་ལ་ལུང་པའི་ཕུ་ལ་སྤང་གཅིག་འདུག་ལ། །སྤང་ནི་ལྷ་སྤང་མ་རེད་ལ་འོ་ན་འདྲེ་སྤང་རེད་ལ། །
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    སྤང་ཡང་ལ་འདྲེ་སྤང་མ་རེད་ལྷ་སྤང་རེད་ལ། །སློབ་གཔོན་ཤེས་རབ་རྒྱ་མཚོའི་ལ་འོ་ན་ཁྲུས་སྤང་རེད་ལ། །
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    ཡར་ཡར་ལ་ལུང་པའི་ཕུ་ལ་ཁྱིམ་གཅིག་འདུག་ལ། །ཁྱིམ་ཡང་ལྷ་ཁྱིམ་མ་རེད་ལ་འོ་ན་འདྲེ་ཁྱིམ་རེད་ལ། །
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    ཁྱིམ་ཡང་ལ་འདྲེ་ཁྱིམ་རེད་ལྷ་ཁྱིམ་རེད་ལ། །སློབ་གཔོན་ཤེས་རབ་རྒྱ་མཚོའི་ལ་འོ་ན་མཚམས་ཁང་རེད་ལ། །
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    ཡར་ཡར་ལ་ལུང་པའི་ཕུ་ལ་ཆུ་གཅིག་འདུག་ལ། །ཆུ་ཡང་ལྷ་ཆུ་མ་རེད་ལ་འོ་ན་འདྲེ་ཆུ་རེད་ལ། །
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    ཆུ་ཡང་ལ་འདྲེ་ཆུ་མ་རེད་ལྷ་ཆུ་རེད་ལ། །སློབ་དཔོན་ཤེས་རབ་རྒྱ་མཚོའི་ལ་འོ་ན་འདྲེ་ཆུ་(ལྷ་ཆུ་)རེད། །
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    ཡར་ཡར་ལ་ལུང་པའི་ཕུ་ལ་ཤིང་གཅིག་འདུག་ལ། །ཤིང་ཡང་ལྷ་ཤིང་མ་རེད་ལ་འོ་ན་འདྲེ་ཤིང་རེད་ལ། །
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    ཤིང་ཡང་ལ་འདྲེ་ཤིང་མ་རེད་ལྷ་ཤིང་རེད་ལ། །སློབ་དཔོན་ཤེས་རབ་རྒྱ་མཚོའི་ལ་འོ་ན་བསང་ཤིང་རེད་ལ། །
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    ཡར་ཡར་ལ་ལུང་པའི་ཕུ་ལ་མི་གཅིག་འདུག་ལ། །མི་ཡང་ལྷ་མི་མ་རེད་ལ་འོ་ན་འདྲེ་མི་རེད་ལ། །
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    མི་ཡང་ལ་འདྲེ་མི་མ་རེད་ལྷ་མི་རེད་ལ། །སློབ་དཔོན་ཤེས་རབ་རྒྱ་མཚོའི་ལ་འོ་ན་མཚམས་གཡོག་རེད།། །།