Skip to main content Skip to search
15 Dec 2011
4 min 35 sec
Rating
0
No votes yet
Video Overview
Creators: 
Unknown

Two women arrange a package delivery to Lhasa. One warns the other not to leave the package with an untrustworthy neighbor.

Show More

  • དབྱངས་སྐྱིད་ལགས
  • དབྱངས་སྐྱིད་ལགས
  • དབྱངས་སྐྱིད་ལགས
    ང་ལྷ་ས་ལ་མགྱོགས་པོ་འགྲོ་མཁན་ཡིན་ད།
    I'm going to Lhasa soon.
  • བསོད་ནམས་ལགས
    ག་དུས་འགྲོ་མཁན་ཡིན་པ།
    When are you going?
  • དབྱངས་སྐྱིད་ལགས
    ཕལ་ཆེར་མདུན་ཕྲག་གཅིག་གཞུ་གུར་འགྲོ་མཁན་ཡིན།
    I will probably go after one week.
  • བསོད་ནམས་ལགས
    ཨ་ནི་་་་ང་ལག་རྟགས་གཅིག་བསྐུར་ཡས་ཡོད་ལྷ་སར་ངའི་གྲོགས་མོར།
    Uh, I have a package to be brought.to Lhasa.
  • དབྱངས་སྐྱིད་ལགས
    ལག་རྟགས་མང་པོ་འཁྱེར་ཐུབ་གྱི་མ་རེད་ད།
    But I won't be able to carry many packages.
  • བསོད་ནམས་ལགས
    ལག་རྟགས་ཆུང་ཆུང་གཅིག་ལས་མེད།
    I just have a small package.
  • བསོད་ནམས་ལགས
    ངའི་གྲོགས་མོ་ཀུན་དགའ་ཡོད་པཱ།
    you know my friend Kunga.
  • དབྱངས་སྐྱིད་ལགས
    ཀུན་དགའ་སུ་རེད། སྔོན་མ་་
    Who is Kunga.? Before..?
  • བསོད་ནམས་ལགས
    སྔོན་མ་ང་སློབ་གྲྭར་༿སླབ་གྲྭ་༾འགྲོ་དུས་ཀྱི་རེད།
    She's [my friend from] when I was at school.
  • བསོད་ནམས་ལགས
    ཀུན་དགའ་ང་གཉིས་མ་ཐུག་པར་ད་ཕལ་ཆེར་ལོ་ལྔ་དྲུག་ཅིག་འགྲོ་གི་ཡོད་པ་འདྲ།
    It's must have been five or six years since we've met.
  • དབྱངས་སྐྱིད་ལགས
    ལྔ་དྲུག་ག་པར་ཚད་ཀྱི་རེད། རེད་པས།
    How does it measure five or six years?
  • བསོད་ནམས་ལགས
    མ་རེད་སྔོན་མ་ལྷ་སར་འགྲོ་དུས་གཅིག་ཐུག་བྱུང་།
    Is it?...No, we met when I last went to Lhasa.
  • དབྱངས་སྐྱིད་ལགས
    ཨ་ལས།  འོང་ཨ་ལས།
    Oh, I see.
  • བསོད་ནམས་ལགས
    ལྔ་དྲུག་ཅིག་རེད།
    It's five or six years
  • དབྱངས་སྐྱིད་ལགས
    ཀུན་དགའ་ནི་རྒྱགས་པ་ཞེ་པོ་ཅིག་ཆགས་བསྡད་འདུག་གཱ
    Kunga's gotten really fat hasn't she?
  • བསོད་ནམས་ལགས
    སྐྱིད་པོ་བྱུང་བ་རེད་ཕལ་ཆེར།
    She's been happy.probably.
  • དབྱངས་སྐྱིད་ལགས
    རྒྱགས་པ་དཀར་པོ་འདྲ་༿ར་༾ཅིག
    fat and pale.
  • བསོད་ནམས་ལགས
    བྱས་ཙང་མོ་རང་ལ་ཡ་ལག་རྟགས་གཅིག་བསྐུར་དགོས་ཡོད། ཁ་སང་ཡང་ངར་ཚུར་རྔན་པ་ཅིག་བསྐུར་འདུག་ག
    So.... I have to, like, send her a package.She sent me a package before.
  • བསོད་ནམས་ལགས
    ལག་རྟག་ཆུང་ཆུང་གཅིག་ལས་མེད།
    I just have a small package.
  • བསོད་ནམས་ལགས
    ཀུན་དགའི་ནང་ལ་འགྲོ་ས་ཧ་གོ་གི་ཡོད་པས།
    Do you know the way of to Kunga's house?
  • དབྱངས་སྐྱིད་ལགས
    ད་སྔོན་མ་༿སྔན་མ་༾ད་གར་བསྡད་ཡོད་ན་ཧ་གོ་གི་ཡོད།
    If she's just where she was before, I know.
  • དབྱངས་སྐྱིད་ལགས
    སྔོན་མ་ཁོ་ཚོའི་སྒོ་ར་རྙིང་པ་ད་གར་བསྡད་ཡོད་ན།
    If she stays at the same old sgo rva of before.
  • དབྱངས་སྐྱིད་ལགས
    དེང་སང་ཁང་པ་སྤོས་མེད་ན།
    These days if she hasn't moved?!
  • བསོད་ནམས་ལགས
    སྒོ་ར་འགང་ག་ལོགས་བརྗེ་པོ་བརྒྱབ་པ་རེད།
    All the sgo rva have been changed around.
  • བསོད་ནམས་ལགས
    ཁང་པ་རྙིང་པ་ཚང་མ་བསློགས་གསར་པ་བརྒྱབ་པ་རེད་པཱ།
    They wrecked the old houses and built new ones.
  • དབྱངས་སྐྱིད་ལགས
    བྱས་ཙང་ཕལ་ཆེར་ཁག་པོ་ཡོང་གི་མ་རེད།
    So.... It probably won't be difficult
  • བསོད་ནམས་ལགས
    འདི་ཡོད་པ་་་་་སྦྲ་ནག་༿སྦ་ནག་༾ཞོལ་ལ་ཕྱིན།
    There's this isn't there...? Go to Banak Zhol,
  • བསོད་ནམས་ལགས
    སྦྲ་ནག་༿སྦ་ནག་༾ཞོལ་ནས་མར་ཙམ་༿མར་ཙ་༾དེར་སྐྱིད་རས་མགྲོན་ཁང་ཡོད་པཱ།
    . From Banak Zhol, below isn't there Kyiray Hotel?
  • བསོད་ནམས་ལགས
    སྦྲ་ནག་ཞོལ༿སྦ་ནག་༾་་་་
    Banak Zhol....
  • དབྱངས་སྐྱིད་ལགས
    སྐྱིད་རས་མགྲོན་ཁང་བྱས།
    Kyiray hotel...
  • བསོད་ནམས་ལགས
    སྐྱིད་རས་མགྲོན་ཁང་ནས་ཕར་འདུག་ཟེ་ཡང་བར་བསྐོར་ནང་འགྲོ་ས་གཅིག་མེད་པས།
    Isn't there a path in the Barkor from Kyiray Hotel?
  • དབྱངས་སྐྱིད་ལགས
    འོང་འོང་། སྲང་ལམ་༿ཀྲང་ལམ་༾དེ་རེད་པཱ།
    Oh, oh...krang lam...sang lam....It's this isn't it?
  • བསོད་ནམས་ལགས
    སྲང་ལམ་༿ཀྲང་ལམ་༾ནས་མར་ཁར་ཐུག་ཕྱིན་ན།
    From the krang lam if you thug phyin the mar khar,
  • བསོད་ནམས་ལགས
    སྔོན་༿སྔན་༾དང་པོ་ག་པར་སླེབས་ཀྱི་ཡོད་རེད་ལྟོས་ཨ།
    before,...where do you arrive first? let' s see?
  • བསོད་ནམས་ལགས
    སྐྱིད་རས་ལ་སླེབས་ཀྱི་རེད་པཱ།
    You'd get to Kyiray wouldn't you?
  • དབྱངས་སྐྱིད་ལགས
    འོང་སྐྱིད་རས་རེད།
    Oh, yes it's Kyiray.
  • བསོད་ནམས་ལགས
    སྐྱིད་རས་ནས་ཕར་ཙམ་༿ཕར་ཙ་༾ཅིག་འདོན་པ་དང་ཨར་ཁང་ཡོད་པཱ།
  • དབྱངས་སྐྱིད་ལགས
    འོང་རེད།  ཨར་ཁང་ང་ཚོའི་རྨོ་བོ་ལགས་ཁོ་ཚོ་བཞུགས་ས་དེ་རེད་པཱ།
  • བསོད་ནམས་ལགས
    ཨར་ཁང་ནས་རྒྱལ་སྒོ་ཆེན་པོ་གཅིག་ཡོད་རེད།
  • བསོད་ནམས་ལགས
    རྒྱལ་སྒོ་ཆེན་པོ་དེ་མིན་པ་བྱས།
  • བསོད་ནམས་ལགས
    དཔལ་འབྱོར་རབ་བརྟན་ཡོད་པཱ།
  • བསོད་ནམས་ལགས
    དཔལ་འབྱོར་རབ་བརྟན་ནས་ཡར་ཙམ་བྱས་འདུག་སེ་ཁ་སྤྲོད་རེད།
  • དབྱངས་སྐྱིད་ལགས
    འོང་འོང་། ད་ངས་དྲན་གྱིས་དྲན་གྱིས། འོང་་་་འོང་། ཡ་ཡ་འོང་།
  • བསོད་ནམས་ལགས
    འདིའི་ནང་ལ་བྱས། ཨ་ནི་་་་
  • བསོད་ནམས་ལགས
    མོ་རང་ཀུན་དགའ་ག་པར་ཡོད་རེད་ཟེར་ན།
  • བསོད་ནམས་ལགས
    ཕལ་ཆེར་མིས་ནང་མིག་བསྟན་གྱི་རེད་པཱ།
  • དབྱངས་སྐྱིད་ལགས
    ཡ་་་་ཡ་་་ཡ།
  • བསོད་ནམས་ལགས
    ཡིན་ནའི་ཀུན་དགའ་ཁོང་ཚོར་གྲོང་པ་གཅིག་ཡོད་རེད།
  • བསོད་ནམས་ལགས
    བུ་མོ་གཅིག སྔོན་མ་ཡང་ང་ཚོ་སློབ་གྲྭ་གཅིག་པ་རེད།
  • བསོད་ནམས་ལགས
    མིང་བཤད་ཡས་སེ་མིན་འདུག
  • དབྱངས་སྐྱིད་ལགས
    དྲན་གྱི་མིན་འདུག་གས།
  • བསོད་ནམས་ལགས
    དེ་འཆམ་པོ་སེ་མེད།
  • བསོད་ནམས་ལགས
    ཨ་ནི་་་་་མ་གཞི་ཁོ་ནས་ཡང་མོ་རང་ལག་པ་ཡང་༿ཡའི་༾གཙང་མ་ཡོད་མ་རེད་ལ།
  • བསོད་ནམས་ལགས
    ཀུན་དགའ་དང་ཁོང་གཉིས་ཡང་༿ཡའི་༾འཆམ་པོ་གའི་མིན་འདུག
  • དབྱངས་སྐྱིད་ལགས
    རེད་པས།
  • བསོད་ནམས་ལགས
    ཡང་ཕལ་ཆེར་སེམས་གནག་རྩེད་ཡས་དེ་འདྲས་བྱས་ཡོང་།
  • བསོད་ནམས་ལགས
    སེམས་པ་གནག་པོ་ཅིག་འདུག་ག
  • དབྱངས་སྐྱིད་ལགས
    འོང་་་་འོང་།
  • བསོད་ནམས་ལགས
    ང་ད་ཞེ་དྲག་རྒྱུས་མེད།
  • བསོད་ནམས་ལགས
    སེམས་པ་གནག་པོ་བྱས་པ་ཀུན་དགའ་ཡིས་༿ཀུན་དགའས་༾འདི་འདྲས་༿ཨེ་འདྲས་༾ཟེར་གྱི་འདུག་ག
  • དབྱངས་སྐྱིད་ལགས
    ཨ་ལས།  འོང་འོང་།
  • བསོད་ནམས་ལགས
    དེ་བྱས་་་ཨ་ནི་་་ཕལ་ཆེར་ནང་་་ནང་མི་ཁོ་རང་ཅིག་ཡག་པོ་འདྲ་ཅིག་༿ར་ཅིག་༾མེད་པ་འདྲ།
  • དབྱངས་སྐྱིད་ལགས
    ག་རེ་བྱས་ནི།
  • བསོད་ནམས་ལགས
    ཨ་ནི་་་་མི་མང་ཆེ་བ་དང་འཆམ་པོ་མེད་པ་བྱས།
  • དབྱངས་སྐྱིད་ལགས
    ཨ་ལས།  འོང་་་འོང་།
  • བསོད་ནམས་ལགས
    སྤྱིར་བཏང་གྲོང་པའི་ཅ་ལག་དེ་འདྲས་རྐུ་མ་བརྐུས།
  • བསོད་ནམས་ལགས
    རྗུན་མ་བཤད་དེ་འདྲས་བྱེད་ཀྱི་ཡོད་པ་འདྲ།
  • དབྱངས་སྐྱིད་ལགས
    ཨ་ལས།  འོང་་་་འོང་།
  • དབྱངས་སྐྱིད་ལགས
    ངས་ཁོང་ཚོའི་རྩར་བཞག་མ་ཡོང་།
  • དབྱངས་སྐྱིད་ལགས
    འོང་་་་ངས་ང་རང་གིས་༿ང་རས་༾ཕྱིན་རེད་པཱ།
  • དབྱངས་སྐྱིད་ལགས
    གལ་སྲིད་ཁོང་ཚོའི་ནང་ལ་མི་བསྡད་མཁན་ཡོད་ན་ཡག་ཤོས་རེད་པཱ།
  • དབྱངས་སྐྱིད་ལགས
    མི་བསྡད་མཁན་མེད་ན་ཡང་འདི་བྱས་དགོས། གང་འདྲས་ལབ་དགོས་རེད།
  • དབྱངས་སྐྱིད་ལགས
    འོང་་་་ཡང་བསྐྱར་འཚལ་གར་ཕྱིན་དགོས།
  • དབྱངས་སྐྱིད་ལགས
    འོ་ན་མིན་ན་གྲོང་པ་གཞན་དག་གཅིག་ལ་ཡ་ལན་བཞག་ན་འགྲིག་གི་རེད་པཱ།
  • དབྱངས་སྐྱིད་ལགས
    ང་ཚོའི་ནང་ལ་ཚུར་ལེན་གར་ཡོང་རོགས་བྱེད་ཟེར་་་་་ཡ་འོང་འོང་།
  • བསོད་ནམས་ལགས
    བྱས་ན་ནང་གི་ཁ་པར་ཨང་ཀི་བཞག་ནའི་འགྲིག་གི་རེད་པཱ།
  • དབྱངས་སྐྱིད་ལགས
    ཧིན་་་་་རེད་པ།
  • བསོད་ནམས་ལགས
    དེ་བྱས་ཨ་ནི་རང་ལྷ་སར་ག་ཚོད་བསྡད་མཁན་ཡིན་པ།
  • དབྱངས་སྐྱིད་ལགས
    ཕལ་ཆེར་བདུན་ཕྲག་གསུམ་ཙམ་བསྡད་དགོས་མིན་འགྲོ
  • བསོད་ནམས་ལགས
    བདུན་ཕྲག་གསུམ།
  • དབྱངས་སྐྱིད་ལགས
    བདུན་ཕྲག་གསུམ་བསྡད་དགོས་བསམ་གྱིས་དེ་་་ཨ་ནི་་་་གང་འདྲས་བྱེད་འགྲོ་ཡོད་ན།
  • དབྱངས་སྐྱིད་ལགས
    ང་ད་རེས་ཕ་གིར་འགྲོ་ཡས་དེ་ཏོག་ཙམ་ལས་ཀ་དང་བྱས་འགྲོ་མཁན་ཡིན་པཱ།
  • དབྱངས་སྐྱིད་ལགས
    ཨ་ནི་་་་ཡང་ཁོང་ཚོས་ཡང་བདུན་ཕྲག་གསུམ་ང་རའི་སེམས་པར་བདུན་ཕྲག་བཞི་ཙམ་ཅིག་བཞག་ཆོག་ཨ་བསམ་གྱིས།
  • དབྱངས་སྐྱིད་ལགས
    ཡིན་ནའི་གང་འདྲས་བྱས་འགྲོ་ཡོད་ན།
  • བསོད་ནམས་ལགས
    ཨ་ནི་་་་གནམ་གྲུའི་པ་སེ་གོང་ཆེན་པོ་ཡོད་མ་རེད་པས།
  • དབྱངས་སྐྱིད་ལགས
    འོང་ད་ལྟ་གནམ་གྲུའི་པ་སེ་གོང་གང་འདྲས་ལབ་དགོས་རེད། ཏོག་ཙམ་ཆུང་ཆུང་འདུག
  • དབྱངས་སྐྱིད་ལགས
    ངའི་གནམ་གྲུའི་པ་སེ་ལ་དངུལ་སྒོར་མོ་ལྔ་བརྒྱ་་་་ལྔ་བརྒྱ་དྲུག་ཅུ་ཙམ་སྤྲད་པ་ཡིན།
  • བསོད་ནམས་ལགས
    ལམ་ཀ་གཉིས་ཀ་རེད་པས།
  • དབྱངས་སྐྱིད་ལགས
    མ་རེད་་་་མ་རེད། ཕར་ཞོར་གཅིག་པོ་རེད།
  • དབྱངས་སྐྱིད་ལགས
    གལ་སྲིད་ཕར་ཞོར་ཚུར་ཞོར་གཉིས་ཀ་ཉོས་པ་ཡིན་ན་གོང་ཁེ་བ་འདུག
  • བསོད་ནམས་ལགས
    ག་ཚོད་ཙམ་༿ཙ་༾ཤོར་གྱི་འདུག
  • དབྱངས་སྐྱིད་ལགས
    འོང་་་་བདུན་བརྒྱ་ལྷག་ཙམ་ཟེར་གྱིས
  • བསོད་ནམས་ལགས
    ཨ་ནི་་་དུག་ལོག་འགང་ག་གྲ་སྒྲིག་ཡོད་པས།
  • དབྱངས་སྐྱིད་ལགས
    གཉིས་ཙམ་ཅིག་འཁྱེར་ཡོད།
  • དབྱངས་སྐྱིད་ལགས
    བརྗེ་ལེན་འདྲ་༿ར་༾ཅིག སྟོད་ཐུང་གཉིས་ལྷམ་ཀོག་གཉིས་གོས་ཐུང་གཉིས་འདྲ་པོ།
  • བསོད་ནམས་ལགས
    ཤན་་་་ ད་ལྟ་གནམ་གཤིས་གྲང་བའི་སྒང་རེད་པཱ།
  • དབྱངས་སྐྱིད་ལགས
    རེད་པཱ།
  • བསོད་ནམས་ལགས
    ད་གང་ཡིན་ཟེར་ན་ཕྱི་ལོགས་ལ་ཞེ་དྲག་འགྲོ་མཁན་མིན་པཱ།
  • དབྱངས་སྐྱིད་ལགས
    ཨོའོ་ཙམ་ཡོང་མ་ཡོང་ངས་བསམ་གྱིས།
  • དབྱངས་སྐྱིད་ལགས
    ནང་ལ་བསྡད་མཁན་ཡིན་ཙང་ནང་ལ་མེ་བཏང་གི་རེད་པ།
  • བསོད་ནམས་ལགས
    ཨ་ནི་་་་་ ཆོས་མཇལ་ལ་འགྲོ་གི་མིན་པས།
  • དབྱངས་སྐྱིད་ལགས
    འོང་ཆོས་མཇལ་ལ་འགྲོ་མཁན་ཡིན། ད་ལྟ་བསམ་ཡས་ལ་འགྲོ་དགོས་བསམ་བྱུང་།
  • དབྱངས་སྐྱིད་ལགས
    བསམ་ཡས་ལ་་་་ད་ཡང་བསམ་ཡས་ལ་འགྲོ་ཡས་བསམ་བློ་བཏང་དུས། ཏོག་ཙམ་ཁག་པོ་འདུག
  • དབྱངས་སྐྱིད་ལགས
    གང་ཡིན་ཟེར་ན་དགུན་ཁ་རེད་པཱ།
  • དབྱངས་སྐྱིད་ལགས
    ཐལ་རླུང་བྱས་ཨ་ནི་་་་ལམ་ཁག་ཡག་པོ་ཡོད་མ་རེད་པཱ།
  • བསོད་ནམས་ལགས
    འོང་རེད་པ།
  • དབྱངས་སྐྱིད་ལགས
    ཏོག་ཙམ་གནམ་གཤིས་གྲང་མོ་བྱས་ཙང་ཏོག་ཙམ་ཁག་པོ་བྱས་མ་ཡོང་ངམ་༿ཡོང་ངས་༾བསམ་གྱིས།
  • བསོད་ནམས་ལགས
    ང་རང་བསམ་ཡས་ལ་གཅིག་འགྲོ་རྩིས་ཡོད། བསམ་ཡས་ལ་འདོད་པ་འདྲ་ཅིག་༿ར་ཅིག་༾བྱས་ན།
  • དབྱངས་སྐྱིད་ལགས
    དེ་ནས་སེ་རར་ཕྱིན། འབྲས་སྤུངས་ལ་ཕྱིན།
  • དབྱངས་སྐྱིད་ལགས
    དགའ་ལྡན་བྱས་གཙུག་ལག་ཁང་་་་ཆོས་མཇལ་ལ་ཅིག་འགྲོ་དགོས་བསམ་བྱུང་།