Video Overview
Söyé from Tsogan village in Repgong tells a story that satirizes a father's selfishness.
- ཁོ་ཚང་གིས་མགོ་ཞིག་བཙོས་ཡོད།
- མགོ་ཏི་ཟེར་ན་ཤེས་སམ།
- ཤེས་གི
- མགོ་བཙོས་ཡོད་པའི་སྐབས་དེར་ལ་འགྲུལ་བ་ཆ་མེད་ཅིག་ཐོན།
- ཡང་བསྐྱར་དགོང་ཟས་སྐོལ་རྒྱུ་མེད་པས།
- རྒད་པོར་འགྲུལ་བ་འདི་ལ་ཅི་བྱེད་དགོས་ཞེས་དྲིས་པ་ན།
- ངས་བལྟ་དང་ཁྱོད་ཀྱིས་ཉོན།
- བྱིས་པ་ཚོ་ཕར་འགྲོ་ཚུར་འགྲོ་དང་ཨ་ཁུ་འགྲུལ་བ་གལ་ཆེ་ངར་ཞེས་ཟེར།
- བཤད་རྒྱུན་རེད།
- དེ་ཧ་གོའམ།
- ཁྱོད་གཉིས་ཀྱིས་ཨེ་གོ་གི།
- མི་གོ་གི
- ངས་བལྟ་ཁྱོས་ཉོན་ཟེར་བ་ནི་ངས་མགོ་ཏིའི་མིག་གི་མཚམས་དེ་ཟ་ཟེར་བ་རེད།
- ཨ་ཁུ་འགྲུལ་བ་ལ་མཆུ་ཏོ་བྱིན།
- ག་ཆེའི་ངར་ཟེར་ནི་རེད།
- ཨ་ཡེ་ལ་ངས་ཁྱོད་ལ་རྣ་སྟེར་ཟེར་བ་རེད།
- བྱིས་པ་ཚོར་ཕར་འགྲོ་ཚུར་འགྲོ་ཟེར་བ་ནི་སུག་པ་སྟེར་ཟེར།
- བཤད་རྒྱུན་ནམ་ཡང་ན་དགོད་བྲོ་བའི་གཏམ་དཔེའམ་བཤད་རྒྱུན་རེད།
- དེ་ནས་ཡང་གཅིག་གིས།
- བུ་གཅིག་ཡོད།
- རྒན་རྒོན་གཉིས་ལ་བུ་གཅིག་མ་གཏོགས་མེད་པས།
- རྐང་པའི་བརླ་ཡི་རུས་པ་ཐབ་ལ་གདུས་ཡོད།
- ཨ་ཕ་ལ་འདི་བགོས་མི་ཡོང་གི་ཟེར།
- དེ་བགོས་ཡོང་ནི་རེད།
- བརླ་བརླས་སྦྱོར་ནས་ཨ་ཕར་སྦྱིན།
- དཔྱི་གོར་མོ་སྦྱོར་ནས་ཨ་མར་སྤྱིན།
- ལྗི་རག་ཐེ་གེ་སྦྱོར་ནས་བུས་བཟུང་ཟེར།
- བརླ་བརླ་མི་ཁུག
- དཔྱི་དཔྱི་མི་ཁུག
- འགྲམ་པ་གན་ཞིག་སྐྱོར་ཞེས།
- གཏམ་དཔེའང་མིན་པར་ང་ཚོའི་འཇིག་རྟེན་གྱི་བཤད་རྒྱུན་ཏག་ཏག་རེད།
- བུ་མ་བཟང་ནའང་དེ་འདྲ་རེད།
- དེའི་ནང་དོན་གོའམ།
- ནང་དོན་ཁྱོས་བཤད་ན་རབ་རེད།
- བརླ་བརླས་སྦྱོར་ནས་ཨ་ཕར་སྦྱིན།
- དེ་བརླ་རྐང་གི་རུས་པ་ཆོ་རེད།
- དཔྱི་གོར་མོ་སྦྱོར་ནས་ཨ་མར་སྤྱིན།
- དཔྱི་གོར་མོ་དཔྱི་མིག་ནང་གི་གོར་གོར་དེ་ཡིན།
- ལྗི་རག་ཐེ་གེ་ཟེར་བ་ལྗི་རག་གི་མགོ་ན་ཐེ་ཀེ་ཡོད་པ་ཤེས་སམ།
- ལྗི་རག་ཐེ་གེ་སྦྱོར་ནས་བུས་བཟུང་ཟེར།
- བརླ་བརླ་མི་ཁུག
- དཔྱི་དཔྱི་མི་ཁུག་ཞེས།
- དེང་སང་ང་ཚོའི་བཤད་རྒྱུན་གྱི་གཏམ་དཔེར་གྱུར་ཡོད།
- སྤྱིར་བཟའ་ཚང་གི་བར་ལ་བཤད་པ་ཡིན།
- དེ་འདྲ་བཤད་པ་ཡོད།
- གནའ་སྔ་མོ་ཞིག་ལ་བརླ་མི་ཁུག་དཔྱི་མི་ཁུག
- འགྲམ་པ་ཞིག་སྐྱོར་ཞེས་བཤད་སྲོལ་ཡོད།
- བཤད་རྒྱུན་དེ་དེ་ལྟར་ཡོང་།