Skip to main content Skip to search
15 Dec 2011
13 min 10 sec
Video Overview
Creators: 
Unknown

Pasang Tséring performs his act "The Uniqueness of the Tibetan Alphabet" at the Tibetan comic performance at the University of Virginia. He is the first stand-up comedian and very popular in the exile community. He also emphasizes the use of Tibetan language. One of his acts involves translating Hindi movies into Tibetan, since in exile one trend is singing in Hindi songs. He is saying we can sing similar things in Tibetan, so why don't you use Tibetan? 

Transcript search
No results found for this search
0 of 0
  • ཌབི༹ད
    So Pasang Tsering will be talking about the uniqueness of the Tibetan alphabet.
  • ཌབི༹ད
    So, another skit that concerns the particular features of Tibetan letters.
  • ཌབི༹ད
    So, please join me in welcoming Pasang Tsering.
  • པ་སངས་ཚེ་རིང
    ཝའི། ད་དེའི་ཡང་ཆོབ་གཉིས་གསུམ་གཅིག་ཞུས་ཆོག་ག་ཡིན། 
    wa'i/_da de'i yang chob gnyis gsum gcig zhus chog ga yin/_
  • པ་སངས་ཚེ་རིང
    དངོས་གནས་ཞ་དེའི་འགྲེལ་བཤད་རྒྱག་དུས། ང་མར་མནན་བྱས་ལྗིད་གོག་ཞེ་པོ་འདུག་གཱ། 
    dngos gnas zha de'i 'grel bshad rgyag dus/_nga mar mnan byas ljid gog zhe po 'dug gA/_
  • པ་སངས་ཚེ་རིང
    ཧཱ།ད། འན།དེ་དངོས་གནས་བྱུང་ཀྱོག་རེད། སྔོན་མ་ང་གྲོགས་པོ་གཅིག་ཡོད། 
    hA/da/_'an/de dngos gnas byung kyog red/_sngon ma nga grogs po gcig yod/_
  • པ་སངས་ཚེ་རིང
    ང་དང་ལོར་བསྡད་པའི་སྐབས་ལ་དངོས་གནས་གྲོགས་པོ་ཁོ་རང་མི་གཅིག་ཡོའོ་རེད། གྲོགས་པོ་འདི་འཁྲུག་པ་ཚ་པོ་ཞེ་པོ་གཅིག་ཡོད། 
    nga dang lor bsdad pa'i skabs la dngos gnas grogs po kho rang mi gcig yo'o red/_grogs po 'di 'khrug pa tsha po zhe po gcig yod/_
  • པ་སངས་ཚེ་རིང
    ཁོ་ནམ་རྒྱུན་རྦད་གཉེན་ཉེ་ལ་འཛིང་དགོས་བྱུང་ན་སྙིང་རྗེ་ཁྱོན་ནས་ཡོའོ་མ་རེད་ད། ག་པར་ཡིན་ནའི་འཛིང་ཤར་ཤར་རེད། 
    kho nam rgyun rbad gnyen nye la 'dzing dgos byung na snying rje khyon nas yo'o ma red da/_ga par yin na'i 'dzing shar shar red/_
  • པ་སངས་ཚེ་རིང
    རྡོ་ཞུས་ཤག་ཤག གྲི་ཞུས་ཤག་ཤག་རེད། 
    rdo zhus shag shag_gri zhus shag shag red/_
  • པ་སངས་ཚེ་རིང
    ཉིན་མ་གཅིག་ལ་ཕྱི་པོ་ཞེ་པོ་གཅིག་ད་མཉམ་དུ་བསྡད་པ་རེད། 
    nyin ma gcig la phyi po zhe po gcig da mnyam du bsdad pa red/_
  • པ་སངས་ཚེ་རིང
    དགོང་དག་ད། ཨན།སྐད་ཆ་འདྲ་ཅིག་བཤད་ནས་བསྡད་དུས་ཁོ་ད་ལོག་མ་དགོས་ཀྱི་ཡོའོ་རེད། 
    dgong dag da/_an/skad cha 'dra cig bshad nas bsdad dus kho da log ma dgos kyi yo'o red/_
  • པ་སངས་ཚེ་རིང
    ལོག་དགོས་དུས། ཁོ་རང་ལོག་ས་འདི་ནས།ཨན།ནང་བར་དུ། ད་ངའི།ང་ཚོའི་བསྡད་ས་འདི་ནས་ནང་བར་དུ་བར་རུ་དེ་ལ་ཤིང་ནགས་ཏིག་ཙམ་སྐྱེས་དེ་ལ་དབྱིན་ཇིའི་རོ་ཁང་གཅིག་འཁེལ་གྱི་ཡོད། 
    log dgos dus/_kho rang log sa 'di nas/an/nang bar du/_da nga'i/nga tsho'i bsdad sa 'di nas nang bar du bar ru de la shing nags tig tsam skyes de la dbyin ji'i ro khang gcig 'khel gyi yod/_
  • པ་སངས་ཚེ་རིང
    ཨ་ནི། ཁོ་གདོན་འདྲེ་ལ་ཞེ་པོ་གཅིག་ཞེད་ཀྱི་རེད། བྱས་ཙང་ཁོ་ད་ལོག་དགོས་ཀྱི་ཡོའོ་རེད། གཅིག་པུ་ལོག་དགོས་ཀྱི་ཡོད་དུས། 
    a ni/_kho gdon 'dre la zhe po gcig zhed kyi red/_byas tsang kho da log dgos kyi yo'o red/_gcig pu log dgos kyi yod dus/_
  • པ་སངས་ཚེ་རིང
    ཨ་ནི།ཕྱི་པོ་ཆགས་པ་རེད་པཱ། ཁོ་རེ།པཱ་ཚེ་རིང་། ཨ།ཀ་ཡེ་ད་ང་ལོག་འགྲོ་གི་ཡིན་ད་ཟེར། 
    a ni/phyi po chags pa red pA/_kho re/pA tshe ring /_a/ka ye da nga log 'gro gi yin da zer/_
  • པ་སངས་ཚེ་རིང
    རྒྱུག།རྒྱུག། ད།ལོག།ལོག། སང་ཉིན་སྔ་པོ་ལངས་དགོས་རེད་པཱ། 
    rgyug/rgyug/_da/log/log/_sang nyin snga po langs dgos red pA/_
  • པ་སངས་ཚེ་རིང
    ཀྱས། རོགས་པ་བྱེད་ད་བསྐྱལ་རོགས་བྱེད་ད། ག་རེ་བྱས་ནའི་བསྐྱལ་དགོས་རེད། ཀྱས། 
    kyas/_rogs pa byed da bskyal rogs byed da/_ga re byas na'i bskyal dgos red/_kyas/_
  • པ་སངས་ཚེ་རིང
    ང་ཞེད་ཀྱི་འདུག་ཟེར། འདིའི་ལམ་ཁ་ནག་ཁུང་དེའི་ཞེད་ཀྱི་འདུག 
    nga zhed kyi 'dug zer/_'di'i lam kha nag khung de'i zhed kyi 'dug_
  • པ་སངས་ཚེ་རིང
    ཁྱོད་ག་རེ་བྱས་ནས་ཞེད་དགོས་རེད། ཡ། གདོན་འདྲེ་ཡོའོ་རེད་ཟེར།འདིའི།གདོན་འདྲེ། 
    khyod ga re byas nas zhed dgos red/_ya/_gdon 'dre yo'o red zer/'di'i/gdon 'dre/_
  • པ་སངས་ཚེ་རིང
    ཁྱོད་ཀྱི་མགོ་འདྲ་གཅིག། ནམ་རྒྱུན་འཁྲུག་པ་ཚ་པོ་ཞེ་པོ་གཅིག་ཡོའོ་རེད། ད་ག་རེ་རེད།དེ་རིང་གདོན་འདྲེ་ལ་ཞེད་བསྡད་ཀྱི་འདུག་གས། འཛིང་། གདོན་འདྲེ་མཉམ་པོ་འཛིང་ཟེར། 
    khyod kyi mgo 'dra gcig/_nam rgyun 'khrug pa tsha po zhe po gcig yo'o red/_da ga re red/de ring gdon 'dre la zhed bsdad kyi 'dug gas/_'dzing /_gdon 'dre mnyam po 'dzing zer/_
  • པ་སངས་ཚེ་རིང
    མཐོང་ཡས་མིན་འདུག་ཨ། གདོན་འདྲེ་འདི། མཐོང་ཡས་ཡོད་ན་ད་ངས་འཛིང་གི་རེད་པཱ་ཟེར། 
    mthong yas min 'dug a/_gdon 'dre 'di/_mthong yas yod na da ngas 'dzing gi red pA zer/_
  • པ་སངས་ཚེ་རིང
    ལྐུགས་པ་རང་རེད། ཁོ་མཐོང་ཡས་མེད་ན་འཛིང་མཁན་བཟོ་འདྲའི་གཅིག་འདུག 
    lkugs pa rang red/_kho mthong yas med na 'dzing mkhan bzo 'dra'i gcig 'dug_
  • པ་སངས་ཚེ་རིང
    གདོན་འདྲེར་ཞེད་མཁན་དེར་བློ་ཁོག་ཡོའོ་མ་རེད་ད། གདོང་འདྲེར་བློ་ཁོག་ཡོད་ན་ཁོ་ནག་ཁུང་ནང་ཡིབ་བསྡད་ཀྱི་མ་རེད། ཚུར་མདུན་ལ་ཡོང་གི་ཡོའོ་རེད། 
    gdon 'drer zhed mkhan der blo khog yo'o ma red da/_gdong 'drer blo khog yod na kho nag khung nang yib bsdad kyi ma red/_tshur mdun la yong gi yo'o red/_
  • པ་སངས་ཚེ་རིང
    ཁོ་ནག་ཁུང་ནང་ཡིབ་བསྡད་པ་ཡིན་ན། ནག་ཁུང་ནང་གདོན་འདྲེ་ཐུག་པ་ཡིན་ནའི་ཕར་ལའི་༼ལ་ཡང་༽མཐོང་གི་མ་རེད། ཚུར་ལའི་༼ལ་ཡང་༽མཐོང་གི་མ་རེད། ཞེད་དགོས་ཡས་མིན་འདུག་ག ཁྱེད་འདྲ་རྒྱུག་ཟེར། 
    kho nag khung nang yib bsdad pa yin na/_nag khung nang gdon 'dre thug pa yin na'i phar la'i (la yang )mthong gi ma red/_tshur la'i (la yang )mthong gi ma red/_zhed dgos yas min 'dug ga_khyed 'dra rgyug zer/_
  • པ་སངས་ཚེ་རིང
    ད། ཁྱོད་རོགས་པ་བྱེད་ཀྱི་མིན་པས་ཟེར་གྱི་འདུག བྱེད་ཀྱི་མིན་ཟེར། བྱས་ན་འགྲིག་འདུག ཁྱོད་ད་ངས་བལྟ་ཆོག་གི་ཟེར། ཁོ་རླུང་ལངས་ནས་ཕྱིན་པ་རེད། 
    da/_khyod rogs pa byed kyi min pas zer gyi 'dug_byed kyi min zer/_byas na 'grig 'dug_khyod da ngas blta chog gi zer/_kho rlung langs nas phyin pa red/_
  • པ་སངས་ཚེ་རིང
    ང་ཚོའི་དམག་སྒར་ནང་སྐུ་ཞབས་འདི་འདྲས་ཡོའོ་རེད། ད་འཕྲིན་བཅོལ་་གཏང་ཡན་༼མཁན་༽དང་ཞབས་རྟེན་སྒྲུབ་ཡན་༼མཁན་༽འདི་འདྲས། ད། ཁོ་རང་སྐུ་ཞབས་ལགས་རྩར་ལ་ཕྱིན་ནས། སྐུ་ཞབས་ལགས་ཐུགས་རྗེས་གཟིགས། བཀྲ་ཤིས་བདེ་ལེགས་ཟེར། 
    nga tsho'i dmag sgar nang sku zhabs 'di 'dras yo'o red/_da 'phrin bcol gtang yan (mkhan )dang zhabs rten sgrub yan (mkhan )'di 'dras/_da/_kho rang sku zhabs lags rtsar la phyin nas/_sku zhabs lags thugs rjes gzigs/_bkra shis bde legs zer/_
  • པ་སངས་ཚེ་རིང
    ཨ། གང་བྱས་སོང་སྤོ་བོ། སྐུ་ཞབས་ལགས་ད་ང་ཡར་ལོག་ཡས་ཡིན་ཟེར། ཨོ།ཞེ་དྲག་ཡག་པོ་རེད། ཞེ་དྲག་ཡག་པོ་རེད། ད།ལོག་ཤིག། ད།ལོག་ཤིག། ཕྱི་པོ་བསྡད་རྒྱུ་ཡོའོ་མ་རེད། ད། 
    a/_gang byas song spo bo/_sku zhabs lags da nga yar log yas yin zer/_o/zhe drag yag po red/_zhe drag yag po red/_da/log shig/_da/log shig/_phyi po bsdad rgyu yo'o ma red/_da/_
  • པ་སངས་ཚེ་རིང
    སྐུ་ཞབས་ལགས་ང་ཞེད་ཀྱི་འདུག ཨ།ག་རེ་བྱས་ནས། མདུན་ལམ་ཁ་དེའི་གདོན་འདྲེ་ཡོའོ་རེད་ཟེར། ཁྱོད་ཨ་ཕའི་མགོ་ར་ཅིག་ཡིན་འགྲོ དམག་མིའི་ཟེར་བའི་ཁོ་གདོན་འདྲེར་ཞེད་ཡན་༼མཁན་༽འདྲ་པོ་གཅིག་འདུག་ཡའི་འདུག 
    sku zhabs lags nga zhed kyi 'dug_a/ga re byas nas/_mdun lam kha de'i gdon 'dre yo'o red zer/_khyod a pha'i mgo ra cig yin 'gro_dmag mi'i zer ba'i kho gdon 'drer zhed yan (mkhan )'dra po gcig 'dug ya'i 'dug_
  • པ་སངས་ཚེ་རིང
    མ་ཎི་ཤེས་ཀྱི་་མེད་པས་ཁྱོད། སྐྱབས་འགྲོ་ཤེས་ཀྱི་མེད་པས། རྒྱུག སྐྱབས་འགྲོ་འདོན་ཀྱིན་འདོན་ཀྱིན། འཛམ་བུ་གླིང་ལ་སུ་གཅིག་ལའི་༼ལ་ཡང་༽ཞེད་དགོས་ཡས་ཡོའོ་མ་རེད། རྒྱུག རྒྱུག 
    ma Ni shes kyi med pas khyod/_skyabs 'gro shes kyi med pas/_rgyug_skyabs 'gro 'don kyin 'don kyin/_'dzam bu gling la su gcig la'i (la yang )zhed dgos yas yo'o ma red/_rgyug_rgyug_
  • པ་སངས་ཚེ་རིང
    ལོའོ་ཟེ།༼ལགས་སོ།༽ ལོའོ་ཟེ།༼ལགས་སོ།༽ ལོའོ་༼ལགས་༽སྐུ་ཞབས་ལགས།ལོའོ་ཟེ།༼ལགས་སོ།༽ ད།ཁོ་བྱེད་ཡས་ཟེར་མེད་པ་རེད་པཱ། 
    lo'o ze/(lags so/)_lo'o ze/(lags so/)_lo'o (lags )sku zhabs lags/lo'o ze/(lags so/)_da/kho byed yas zer med pa red pA/_
  • པ་སངས་ཚེ་རིང
    ཨོཾ་མ་ཎི་པདྨེ་ཧཱུྃཨོ། ཨོཾ་མ་ཎི་པདྨེ་ཧཱུྃཨོ། ཨོཾ་མ་ཎི་པདྨེ་ཧཱུྃཨོ། ཨོཾ་མ་ཎི་པདྨེ་ཧཱུྃཨོ་ཟེར་ཁོ་ནག་ཁུང་འགྲིམ་ནས་ཕྱིན་པ་རེད། ད། 
    o ma Ni pd+me hAo/_o ma Ni pd+me hAo/_o ma Ni pd+me hAo/_o ma Ni pd+me hAo zer kho nag khung 'grim nas phyin pa red/_da/_
  • པ་སངས་ཚེ་རིང
    གང་མཚམས་གཅིག་ནས། ད།དུར་ཁྲོད་དབྱིན་ཇིའི་རོ་གམ་ཡོད་སའི་འགྲམ་དེའི་སླེབས་དུས། ཨ་ནི།ཁོ་མགོ་བོ་ཟིང་ཟིང་ཟེ་ཞེད་འདུག་ག ཞེ་པོ་ཅིག། ད།ནག་ཁུང་འདྲ་པོ་བྱས། 
    gang mtshams gcig nas/_da/dur khrod dbyin ji'i ro gam yod sa'i 'gram de'i slebs dus/_a ni/kho mgo bo zing zing ze zhed 'dug ga_zhe po cig/_da/nag khung 'dra po byas/_
  • པ་སངས་ཚེ་རིང
    ཨ་ནི། འགྲམ་ལ་སླེབས་དུས་ཁོ་སྤྱང་པོ་ཞེ་པོ་གཅིག་འདུག་ག ལམ་སེང་ཁོ་དྲན་པ་གཅིག་གསོས་འདུག གཅིག་བྲོས་སླེབས་ཤག་རྦད་ཁྱོན་ནི་རྒྱུག་ཤར་ཡོད་ནའི་མེད་ནའི་གློད་ནི། སྐུ་ཞབས་ལགས། སྐུ་ཞབས་ལགས་ཟེར། 
    a ni/_'gram la slebs dus kho spyang po zhe po gcig 'dug ga_lam seng kho dran pa gcig gsos 'dug_gcig bros slebs shag rbad khyon ni rgyug shar yod na'i med na'i glod ni/_sku zhabs lags/_sku zhabs lags zer/_
  • པ་སངས་ཚེ་རིང
    གང་བྱས་སོང་སྤོ་བོ། སྐུ་ཞབས་ལགས།སྐུ་ཞབས་ལགས། དཀོན་མཆོག་གསུམ། ཨོཾ་མ་ཎི་པདྨེ་ཧཱུྃཨོ། ངས་མ་ཎི་བགྲང་ཡིན། ངས་མ་ཎི་བགྲང་ཡིན་ཟེར།
    gang byas song spo bo/_sku zhabs lags/sku zhabs lags/_dkon mchog gsum/_o ma Ni pd+me hAo/_ngas ma Ni bgrang yin/_ngas ma Ni bgrang yin zer/
  • པ་སངས་ཚེ་རིང
    ཨ་ནི།ག་རེ་བྱས་སོང་། གདོན་འདྲེས་ཐུག་སོང་བས། ཐུག་མ་སོང་། ཐུག་མ་སོང་། 
    a ni/ga re byas song /_gdon 'dres thug song bas/_thug ma song /_thug ma song /_
  • པ་སངས་ཚེ་རིང
    ཨ་ནི།ག་རེ་བྱས་སོང་། འདི། འདི།དབྱིན་ཇིའི་རོ་ཁང་རེད་པཱ།འདི། དབྱིན་ཇིའི་གདོན་འདྲེ་འདི་ཚོས་མ་ཎི་མགོ་ཚོད་ཀྱི་རེད་པས། ཟེར།
    a ni/ga re byas song /_'di/_'di/dbyin ji'i ro khang red pA/'di/_dbyin ji'i gdon 'dre 'di tshos ma Ni mgo tshod kyi red pas/_zer/
  • པ་སངས་ཚེ་རིང
    བྱས་ཙང་། ད།ཡང་འདི་འདྲས་གཅིག་རེད། ཡང་།ཡང་ངའི་༼ང་ཡི་༽གྲོགས་པོ་གཅིག་ཡང་སྙིང་རྗེ། ཉམ་ཆུང་ཆུང་།སེམས་པ་ཆུང་ཆུང་ཞེ་པོ་གཅིག་ཡོའོ་རེད། 
    byas tsang /_da/yang 'di 'dras gcig red/_yang /yang nga'i (nga yi )grogs po gcig yang snying rje/_nyam chung chung /sems pa chung chung zhe po gcig yo'o red/_
  • པ་སངས་ཚེ་རིང
    ཁོ་རང་ག་དུས་ཡིན་ནའི་ལས་ཀ་ཆང་ངེ་ཆང་༼ཆུང་༽སེམས་པ་ཆུང་ཆུང་བྱས།ཞེད་སྣང་པ་གཅིག་བྱས་ནས་ང་ལ་རོགས་པ་བྱེད་རོགས་ཟེར་གྱིས་བྱེད་ཀྱི་ཡོད། 
    kho rang ga dus yin na'i las ka chang nge chang (chung )sems pa chung chung byas/zhed snang pa gcig byas nas nga la rogs pa byed rogs zer gyis byed kyi yod/_
  • པ་སངས་ཚེ་རིང
    ཉིན་མ་གཅིག་ཁོ་སེམས་པ་ཞེ་པོ་སྐྱོ་ནི་རྦད། པཱ་ཚེ་རིང་། ད།དཔེ་བསགས་སོང་། ངས་དཀོན་མཆོག་གསུམ་དཔེ་བསགས་སོང་ཟེར། 
    nyin ma gcig kho sems pa zhe po skyo ni rbad/_pA tshe ring /_da/dpe bsags song /_ngas dkon mchog gsum dpe bsags song zer/_
  • པ་སངས་ཚེ་རིང
    ག་རེ་བྱས་སོང་། ཨ།ལབ་དང་། ག་རེ་བྱས་སོང་། ཨ་མ་གྲོངས་སོང་བས་ཟེར། མ་རེད།མ་རེད་ཟེར། དཔེ་བསགས་སོང་།ལབ་དང་། ག་རེ་དཔེ་བསགས་སོང་། ད།གཅིག་ལབ་དང་ཟེར། 
    ga re byas song /_a/lab dang /_ga re byas song /_a ma grongs song bas zer/_ma red/ma red zer/_dpe bsags song /lab dang /_ga re dpe bsags song /_da/gcig lab dang zer/_
  • པ་སངས་ཚེ་རིང
    དཀོན་མཆོག ཇོ་བོ་རིན་པོ་ཡ་ངའི་སྐྱེས་དམན་ལ་པུ་གུ་༼ཕྲུ་གུ་༽སྐྱེས་ཡས་འདུག་ཟེར། ཁོ་རའི་མགོ་ར་གཅིག། ཀས། སྐྱེས་དམན་ལ་པུ་གུ་༼ཕྲུ་གུ་༽མ་སྐྱེས་ན། ག་རེ་སྒོ་ང་གཏང་གི་རེད་པས། 
    dkon mchog_jo bo rin po ya nga'i skyes dman la pu gu (phru gu )skyes yas 'dug zer/_kho ra'i mgo ra gcig/_kas/_skyes dman la pu gu (phru gu )ma skyes na/_ga re sgo nga gtang gi red pas/_
  • པ་སངས་ཚེ་རིང
    ཡ། སྐྱེས་དམན་པུ་གུ་༼ཕྲུ་གུ་༽སྐྱེས་ཀྱི་རེད་པཱ། ཧན། འདི་འདྲས་ཅི་དག་མ་རེད། ང་ཉམས་མྱོང་ཁྱོན་ནས་མེད་ཟེར། 
    ya/_skyes dman pu gu (phru gu )skyes kyi red pA/_han/_'di 'dras ci dag ma red/_nga nyams myong khyon nas med zer/_
  • པ་སངས་ཚེ་རིང
    དེའི། ཉམས་མྱོང་མེད་ན་ཆང་ས་སུས་བརྒྱབ་ཟེར་གྱི་འདུག ཁྱོད། ང་ལ་སྐད་ཆ་འདྲིས་དགོས་རེད་པཱ། 
    de'i/_nyams myong med na chang sa sus brgyab zer gyi 'dug_khyod/_nga la skad cha 'dris dgos red pA/_
  • པ་སངས་ཚེ་རིང
    ཡིན་ནའི་༼ཡིན་ན་ཡང་༽མ་གཞི་ཁྱོད་ཞེད་དགོས་ཡས་ཡོའོ་མ་རེད། སེམས་ཁྲལ་བྱེད་དགོས་མ་རེད། 
    yin na'i (yin na yang )ma gzhi khyod zhed dgos yas yo'o ma red/_sems khral byed dgos ma red/_
  • པ་སངས་ཚེ་རིང
    སྐྱེས་དམན་ཟེར་ངན་༼མཁན་༽འདི་ལ་པུ་གུ་༼ཕྲུ་གུ་༽སྐྱེས་པ་ཡིན་ན། ཕལ་ཆེར་གཅིག་བྱས་ན་རྐང་པ་དེ་སྔོན་ལ་དོན་མདོག་ཁ་པོ་རེད། 
    skyes dman zer ngan (mkhan )'di la pu gu (phru gu )skyes pa yin na/_phal cher gcig byas na rkang pa de sngon la don mdog kha po red/_
  • པ་སངས་ཚེ་རིང
    རྐང་པ་དེ་སྔོན་ལ་དོན་སོང་ན་ལྷམ་གོག་གཅིག་གཡོག་དགོས་རེད། ད། མ་བརྗེད་པ་བྱེད་ཨཱ། 
    rkang pa de sngon la don song na lham gog gcig g.yog dgos red/_da/_ma brjed pa byed A/_
  • པ་སངས་ཚེ་རིང
    ཡང་མིན་ན་ནི་མགོ་དེ་སྔོན་ལ་དོན་མདོག་ཁ་པོ་རེད། མགོ་དེ་སྔོན་ལ་དོན་ན་ཞྭ་མོ་གཅིག་གཡོག་ཞོག་ཨཱ། 
    yang min na ni mgo de sngon la don mdog kha po red/_mgo de sngon la don na zhwa mo gcig g.yog zhog A/_
  • པ་སངས་ཚེ་རིང
    དེ་གའི་མིན་འདུག་ཨ། ད།ལོག་རྒྱུག དེ་ག་རེད་པས་ཟེར། དེ་ག་རེད། ལབ་པ་ཡིན། འོ།བྱས་ན་ང་ད་ལྟ་རང་འགྲོ་གི་ཡིན་ཟེར། 
    de ga'i min 'dug a/_da/log rgyug_de ga red pas zer/_de ga red/_lab pa yin/_'o/byas na nga da lta rang 'gro gi yin zer/_
  • པ་སངས་ཚེ་རིང
    ག་པར་འགྲོ་གི་ཡིན་པཱ་ཟེར། ང་ད་ལྟ་རང་ཞྭ་མོ་གཅིག་དང་ལྷམ་གོག་གཅིག་ཉོས་ན་མ་གཏོགས་རྦད་བྲེལ་བ་ཞེ་པོ་ཅིག་འདུག ང་་ཉོ་རྒྱུ་ཡིན་ཟེར། ད།ཁོ་ཕྱིན་པ་རེད་ལྷམ་གོག་ཉོ་ག
    ga par 'gro gi yin pA zer/_nga da lta rang zhwa mo gcig dang lham gog gcig nyos na ma gtogs rbad brel ba zhe po cig 'dug_nga nyo rgyu yin zer/_da/kho phyin pa red lham gog nyo ga
  • པ་སངས་ཚེ་རིང
    སང་ཉིན་ཁོ་རང་ལོག་ཡོང་ནས་སེམས་པ་སྐྱིད་པོ་ཞེ་པོ་གཅིག་འདུག པཱ་ཚེ་རིང་།པཱ་ཚེ་རིང་ཟེར། ཨ་ཟེར། 
    sang nyin kho rang log yong nas sems pa skyid po zhe po gcig 'dug_pA tshe ring /pA tshe ring zer/_a zer/_
  • པ་སངས་ཚེ་རིང
    འཚིག།ཚིག ཟེར་གག་བྱེད་ཀྱིས་ཁོ། ཧིན།ག་རེ་བྱས་སོང་། ཕྲུ་གུ་སྐྱེས་སོང་ངས། ཧན།དེ་དེ་འདྲའི་བྱས་བྱས། མཐེ་མོ་སྟོན་ནི་དགའ་དག་ར་ཅིག་ཆོད་ནི་༼ཧ་ཅང་དགའ་པོ་བྱུང་ནི་༽ཡར་ཕྱིན་ནས་པུ་གུ་༼ཕྲུ་གུ་༽རྐང་པ་སྐྱེས་སོང་ང་།རྐང་པ་སྔོན་ལ་སྐྱེས་སོང་ང་ཟེར། 
    'tshig/tshig_zer gag byed kyis kho/_hin/ga re byas song /_phru gu skyes song ngas/_han/de de 'dra'i byas byas/_mthe mo ston ni dga' dag ra cig chod ni (ha cang dga' po byung ni )yar phyin nas pu gu (phru gu )rkang pa skyes song nga /rkang pa sngon la skyes song nga zer/_
  • པ་སངས་ཚེ་རིང
    ངས་འདྲི་བ་བཏང་དུས། མར་རྐང་མ་སྐྱེས་ཀྱི་མ་རེད་ད། ཨཱ།ད་བྱས་ན་ཁོ་མགོ་དེ་སྔོན་ལ་དོན་པ་རེད། རེད་པས། 
    ngas 'dri ba btang dus/_mar rkang ma skyes kyi ma red da/_A/da byas na kho mgo de sngon la don pa red/_red pas/_
  • པ་སངས་ཚེ་རིང
    མ་རེད། མ་རེད། མ་རེད་ཟེར། ཨ།ཀྱས་ག་རེ་བྱས་སོང་། འདི་འདྲས་ག་རེ་བྱས་པ་རེད། ཀྱས། དེང་སང་པུ་གུ་༼ཕྲུ་གུ་༽མོའོ་ཀྲེན།མོའོ་ཀྲེན།༼འདི་ནི་དབྱིན་ཇིའི་སྒྲ་ཡིན་ཞིང་དོན་ལ་དེང་དུས་འམ་ཡང་ན་དེང་སང་ཟེར་གྱི་ཡོད།༽ངའི་ཕྲུ་གུ་འདྲ་ཡས་ཁོ་རང་མིན་འདུག ལག་པ་སྔོན་ལ་བཏོན་ནས་ཤད་གི་༼འདི་ནི་དབྱིན་སྐད་དེ་ལག་པ་བཏང་བའི་དོན་ཡིན༽གཏང་བར་ཡོང་གི་འདུག་ཟེར། འོ།འདི་རེད། 
    ma red/_ma red/_ma red zer/_a/kyas ga re byas song /_'di 'dras ga re byas pa red/_kyas/_deng sang pu gu (phru gu )mo'o kren/mo'o kren/('di ni dbyin ji'i sgra yin zhing don la deng dus 'am yang na deng sang zer gyi yod/)nga'i phru gu 'dra yas kho rang min 'dug_lag pa sngon la bton nas shad gi ('di ni dbyin skad de lag pa btang ba'i don yin)gtang bar yong gi 'dug zer/_'o/'di red/_
  • པ་སངས་ཚེ་རིང
    ཨོའོ་ཡ། ཨཱ་ད་དེ་ནས་འཛམ་བུ་གླིང་ཚང་མ་ལོགས་སོ་སོའི་འཛིང་སྟངས་ཁྱད་ཆོས་མི་འདྲ་བ་ཞེ་པོ་དེ་འདྲས་འདུག་ག 
    o'o ya/_A da de nas 'dzam bu gling tshang ma logs so so'i 'dzing stangs khyad chos mi 'dra ba zhe po de 'dras 'dug ga_
  • པ་སངས་ཚེ་རིང
    ཡིན་ནའི་ང་རང་ཚོ་བོད་པ་ལ་བསྐལ་ལ་ཆད་འདུག་ག ད་འཛིང་མིང་རྣམ་གྲངས་འགའ་ཞིག་ལ་སྦོག་ཟིན་ཟེར་གྱི་ཡོའོ་རེད། 
    yin na'i nga rang tsho bod pa la bskal la chad 'dug ga_da 'dzing ming rnam grangs 'ga' zhig la sbog zin zer gyi yo'o red/_
  • པ་སངས་ཚེ་རིང
    འགའ་ཤས་ཀ་ར་གྲི། ཀུང་ཕོའོ། ཇོའོ་ཁྲོ། རས་སི་ལིང་ག་རེ་མི་དགོས་ག་རེ་ལབ་ནའི་རྡོག་རྡོག་ལབ་ན་འཛིང་སྟངས་རེད། 
    'ga' shas ka ra gri/_kung pho'o/_jo'o khro/_ras si ling ga re mi dgos ga re lab na'i rdog rdog lab na 'dzing stangs red/_
  • པ་སངས་ཚེ་རིང
    བྱས་ཙང་ང་ཚོའི་བོད་པའི་མི་དེ་སྔོན་མ། ཨན།འཛིང་མ་ཤེས་མཁན་དེ་འདྲས་ཤུགས་ཞེ་པོ་བྱས། ཨ་ནི་རྦད་དེ་མུར་རྫོགས་ཁོ་ར་གཅིག་བཞུས་བཞག་དུས།ཐེབས་སོང་ན། བུང་གུ་ཨ་ལོག་བརྒྱབ་ནས་རིལ་བཞག་གི་འདུག་ག
    byas tsang nga tsho'i bod pa'i mi de sngon ma/_an/'dzing ma shes mkhan de 'dras shugs zhe po byas/_a ni rbad de mur rdzogs kho ra gcig bzhus bzhag dus/thebs song na/_bung gu a log brgyab nas ril bzhag gi 'dug ga
  • པ་སངས་ཚེ་རིང
    མ་ཐེབས་སོང་ན། ཁོ་རང་བསྐོར་ར་གཉིས་བརྒྱབ་ནས་རིལ་བསྡད་ཀྱི་འདུག་ག བྱས་ཙང་འཛིང་ཡས་ཟེར་ཡན་འདི་ཨན་ཤེས་པ་ཡིན་ན། ཨ་ནི་ཕར་བཞུས་ན་ཐེབས། ཚུར་ཞུས་ན་མ་ཐེབས། ཕར་ཆུང་ཆུང་བཞུས་ན་གནག་པོ་ཐེབས་ཡས་དང་འདི་འདྲས་རེད། 
    ma thebs song na/_kho rang bskor ra gnyis brgyab nas ril bsdad kyi 'dug ga_byas tsang 'dzing yas zer yan 'di an shes pa yin na/_a ni phar bzhus na thebs/_tshur zhus na ma thebs/_phar chung chung bzhus na gnag po thebs yas dang 'di 'dras red/_
  • པ་སངས་ཚེ་རིང
    ཨ་ནི།འཛིང་ཡས་འཛིང་། སྤྱིར་བཏང་གཟུགས་པོར་སོ་སོ་སྲུང་སྐྱོབ་བྱེད་ཡས་འདི་ཚོ་ཨ་ནི་འདི་འདྲས་ཁྱད་ཆོས་འདི་འདྲས་ཡོད་ས་རེད། ཡིན་ནའི་འཛམ་བུ་གླིང་ནང་ལོགས་ལ་བསྐ་ལ་༼སྐལ་བ་༽ཡོད་དུས་ང་ཚོ་ལ་ག་ཚོད་ཀྱི་བསྐ་ལ་༼སྐལ་བ་༽ཆད་བསྡད་ཡོའོ་རེད། 
    a ni/'dzing yas 'dzing /_spyir btang gzugs por so so srung skyob byed yas 'di tsho a ni 'di 'dras khyad chos 'di 'dras yod sa red/_yin na'i 'dzam bu gling nang logs la bska la (skal ba )yod dus nga tsho la ga tshod kyi bska la (skal ba )chad bsdad yo'o red/_
  • པ་སངས་ཚེ་རིང
    འདི་ངས་འདུག་བཟོ་བརྟག་དཔྱད་བྱེད་དུས། ཐོན་མི་སམ་བྷོ་ཌས་ཀྱིས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྦྱངས་དུས་འདི་ཆ་ང་ཆེ་ངེ་འདི་ཚོ་ད་སྦྱངས་ཡོད་ཀྱི་རེད། 
    'di ngas 'dug bzo brtag dpyad byed dus/_thon mi sam b+ho Das kyis rig gnas che ba lnga dang chung ba lnga sbyangs dus 'di cha nga che nge 'di tsho da sbyangs yod kyi red/_
  • པ་སངས་ཚེ་རིང
    ག་པར་བཞག་པ་རེད་ཟེར་དུས་ཙམ་པ། ཁོ་རང་མཐོང་རྒྱ་ཆེན་པོ་ཕུགས་བསམ་ཕུགས་ཐག་རིང་པོ་ཞེ་པོ་ཡིན་དུས། ཁོ་རང་གི་བརྟག་དཔྱད་ཞེ་པོ་བྱས་ནི་ཡི་གེ་ནང་ལ་མར་སྦད་བཞག་འདུག་ག 
    ga par bzhag pa red zer dus tsam pa/_kho rang mthong rgya chen po phugs bsam phugs thag ring po zhe po yin dus/_kho rang gi brtag dpyad zhe po byas ni yi ge nang la mar sbad bzhag 'dug ga_
  • པ་སངས་ཚེ་རིང
    མ་འོངས་པའི་ནང་བོད་པའི་མི་ཚོ་ལ་དགོས་པ་བྱུང་ན། ཨ་ནི་མཁས་པ་གཅིག་ཁོ་རང་རིང་གཏེར་ནས་བཏོན་ནས་རྙེད་ཀྱི་རེད་བསམ་དུས། མ་འོངས་པའི་མཁས་པ་དེ་སེམས་ཅན་སྐད་གྲགས་ཆེན་པོ་པཱ་ཚི་རིང་ང་རེད་འདུག་ག
    ma 'ongs pa'i nang bod pa'i mi tsho la dgos pa byung na/_a ni mkhas pa gcig kho rang ring gter nas bton nas rnyed kyi red bsam dus/_ma 'ongs pa'i mkhas pa de sems can skad grags chen po pA tshi ring nga red 'dug ga
  • པ་སངས་ཚེ་རིང
    ང་ག་དུས་ནས་བརྟག་དཔྱད་བྱེད་དགོས་རེད། ཨོ།ཐོན་མི་སམ་བྷོ་ཌའི་ཡི་གེ་ལ་ཧིན་ཏིན་ནས་དཔེ་རང་བཞག་རྒྱ་གར་ནས་ཀ་ནི་ཀ་རང་རེད་བཞག སྒྲ་ཀ་ལ་ཀོག་འདྲ་པོ་ལབ་ཀྱི་མི་འདུག་ག ཀ་རང་རེད་འདུག 
    nga ga dus nas brtag dpyad byed dgos red/_o/thon mi sam b+ho Da'i yi ge la hin tin nas dpe rang bzhag rgya gar nas ka ni ka rang red bzhag_sgra ka la kog 'dra po lab kyi mi 'dug ga_ka rang red 'dug_
  • པ་སངས་ཚེ་རིང
    ཨ་ནི། གཟུགས་དེ་ཡིན་གཅིག་མིན་གཅིག་བརྗེ་པོ་བརྒྱབ་དགོས་ཡས་རྒྱུ་མཚན་ག་རེ་རེད། དགོས་པ་ག་རེ་རེད། འདུག་བཟོ་བརྟག་དཔྱད་བྱེད་དུས། ང་ཚོའི་འཛིན་སྟངས་ཚང་མ་ཡི་གེ་དེའི་ནང་ལ་འདུག་ག བྱས་ཙང་འདི་མར་བཏོན་ཡོང་དུས་ད་གཟིགས་ཨ། འཛམ་བུ་གླིང་ཚང་མ་ལ། ཨ། དཔེར་ན།ལུས་རྩལ་དང་རྩེད་མོ་ག་རེ་རྩེད་ནའི་དང་པོ་གཟུགས་པོ་ཚ་པོ་བཟོ་ཡས་གཅིག་ཡོའོ་རེད།
    a ni/_gzugs de yin gcig min gcig brje po brgyab dgos yas rgyu mtshan ga re red/_dgos pa ga re red/_'dug bzo brtag dpyad byed dus/_nga tsho'i 'dzin stangs tshang ma yi ge de'i nang la 'dug ga_byas tsang 'di mar bton yong dus da gzigs a/_'dzam bu gling tshang ma la/_a/_dper na/lus rtsal dang rtsed mo ga re rtsed na'i dang po gzugs po tsha po bzo yas gcig yo'o red/
  • པ་སངས་ཚེ་རིང
    འདིའི་ཆེད་དུ་ཨ་ནི་ཁོང་གི་ང་ཚོར་ཐོག་མར་དེ་ལ་དབྱངས་བཞི། དབྱངས་བཞི་ཡོའོ་རེད།འདི་རྒྱ་གར་ཡི་གེ་ནས་དཔེར་ལེན་དུས་རྒྱ་གར་ཡི་གེ་ལ་དབྱངས་ས་བཅུ་དྲུག་ཡོའོ་རེད། ཨ་ཨ་ཨི་ཨི་ཨུ་ཨུ་ཨེ་ཨེ་ཨོ་ཨོ་ར་ར་ལི་ལི་ལུ་ལུ་ཁོ་ཚོའི་གཟུགས་པོ་དེ་འཁོབ་ཏོ་འདྲ་བུ་ཞིག་ཡོད་དུས་ཙམ་པ། ཚ་པོ་བཟོ་ཡས་ལ་ཞེ་པོ་འགོར་གྱི་ཡོད་ས་རེད་པཱ། 
    'di'i ched du a ni khong gi nga tshor thog mar de la dbyangs bzhi/_dbyangs bzhi yo'o red/'di rgya gar yi ge nas dper len dus rgya gar yi ge la dbyangs sa bcu drug yo'o red/_a a i i u u e e o o ra ra li li lu lu kho tsho'i gzugs po de 'khob to 'dra bu zhig yod dus tsam pa/_tsha po bzo yas la zhe po 'gor gyi yod sa red pA/_
  • པ་སངས་ཚེ་རིང
    ང་ཚོ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་མོ་ནས། ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་དེ་སྤྲེའུ་རེད། སྤྲེའུ་གི་རིགས་རྒྱུད་ཡིན་དུས་གཟུགས་པོ་བོད་པ་ཟེར་མཁན་དེ་བདེ་པོ་ཞེ་པོ་གཅིག་ཡོའོ་རེད། 
    nga tsho pha sprel rgan byang chub sems pa dang ma brag srin mo nas/_pha sprel rgan byang chub sems pa de spre'u red/_spre'u gi rigs rgyud yin dus gzugs po bod pa zer mkhan de bde po zhe po gcig yo'o red/_
  • པ་སངས་ཚེ་རིང
    རང་བཞིན་ཁོ་རང་རེད། བྱས་ཙང་ཐོན་མི་སམ་བྷོ་ཌས་ཀྱིས་དབྱངས་བཅུ་དྲུག་དེ་ནས་རྦད་བཅུ་གཉིས་མེད་པ་བཟོས་ནས་ང་ཚོ་བཞི་རེད། གཟུགས་པོ་ཚ་པོ་བཟོ་ཡས་རེད། ཡིན་ནའི་བོད་པའི་མི་དེ་ག་དུས་ཡིན་ནའི་སྔོན་ལ་ལས་ཀ་ག་རེ་བྱས་ནའི་དཀོན་མཆོག་དེ་བརྗེད་ཀྱི་མ་རེད། བྱས་ཙང་སྨོན་ལམ་འདི་རྩ་བ་དང་སྔོན་ལ་རྟེན་འབྲེལ་སྒྲིགས་ཡས་ཆེད་དུ་རྐང་པ་ཚ་པོ་བཟོ་ཡས་ཡིན་ཟེར་ཀྱི་རེད་པཱ། 
    rang bzhin kho rang red/_byas tsang thon mi sam b+ho Das kyis dbyangs bcu drug de nas rbad bcu gnyis med pa bzos nas nga tsho bzhi red/_gzugs po tsha po bzo yas red/_yin na'i bod pa'i mi de ga dus yin na'i sngon la las ka ga re byas na'i dkon mchog de brjed kyi ma red/_byas tsang smon lam 'di rtsa ba dang sngon la rten 'brel sgrigs yas ched du rkang pa tsha po bzo yas yin zer kyi red pA/_
  • པ་སངས་ཚེ་རིང
    དཀོན་མཆོག་དྲན་ཡས་ཆེད་དུ། ལགས་ལོ་ཟེར་འདི་འདྲས་བཞག ད་དེ་རྐང་པ་ཚ་པོ་བཟོ་ཡས་དང་འདི་ཡིན་ས་རེད། ཨ་ནི།འདིའི་རྗེས་ལ་དབྱངས་བཞི་དེ་གཟུགས་པོ་ཚ་པོ་དང་རྩ་ཤང་ཡས་ཡིན་ས་རེད། 
    dkon mchog dran yas ched du/_lags lo zer 'di 'dras bzhag_da de rkang pa tsha po bzo yas dang 'di yin sa red/_a ni/'di'i rjes la dbyangs bzhi de gzugs po tsha po dang rtsa shang yas yin sa red/_
  • པ་སངས་ཚེ་རིང
    བྱས་ཙང་དབྱངས་ཀྱི་ཡི་གེ་དང་པོ་དེ་ལ་ཨི་ཨུ་ཨེ་ཨོ་ཟེ་གི་གུ་ཞབས་ཀྱུ་འགྲེང་པོ་ན་རོ། ད།ཡི་གེ་དང་པོ་ཨ་གི་གུ་ཨི་དོང་དོང་དོང་དོང་དོང་དོང་། ཨ་ཞབས་ཀྱུ་ཨུ། ཨ་འགྲེང་པོ་ཨེ། ཨ་ན་རོ་ཨོམ་མ་ཨོམ། ད་འདི་ཐེངས་མ་ཁ་ཤས་གཅིག་ཕར་གཅིག་ཚུར་གཅིག་་བྱས་ཙང་རྩ་ཚང་མ་ཤང་ཚར་ནི་ད་འདིའི་རྗེས་ལ་ཨ་ནི་བཟོ་ལྟ་བཟོ་ཡས་འདི་རེད། 
    byas tsang dbyangs kyi yi ge dang po de la i u e o ze gi gu zhabs kyu 'greng po na ro/_da/yi ge dang po a gi gu i dong dong dong dong dong dong /_a zhabs kyu u/_a 'greng po e/_a na ro om ma om/_da 'di thengs ma kha shas gcig phar gcig tshur gcig byas tsang rtsa tshang ma shang tshar ni da 'di'i rjes la a ni bzo lta bzo yas 'di red/_
  • པ་སངས་ཚེ་རིང
    དབྱིན་ཇིའི་སྐད་ལ་སེ་ཀྲང་སེན་ན་བྱིའུ་ད་སྤོ་སི་ཤིན། བཟོ་ལྟ་བཟོས་བཞག་ན་ད་གནད་འགག་བཞི་ཡོའོ་རེད། བཟོ་ལྟ་བཟོ་སྟངས་མ་འདྲ་བ་ད་ང་རང་ཚོ་ལ་ཨ་ནི་ཐོན་མི་སམ་བྷོ་ཌས་ས་སུམ་ཅུ་ཐམ་པ་གནང་བཞག་ཀ་མད་སུམ་ཅུ་ཐམ་པ་འདི་གས་འདི་བཟོ་ལྟ་བཟོ་ཡས་རེད། 
    dbyin ji'i skad la se krang sen na byi'u da spo si shin/_bzo lta bzos bzhag na da gnad 'gag bzhi yo'o red/_bzo lta bzo stangs ma 'dra ba da nga rang tsho la a ni thon mi sam b+ho Das sa sum cu tham pa gnang bzhag ka mad sum cu tham pa 'di gas 'di bzo lta bzo yas red/_
  • པ་སངས་ཚེ་རིང
    བྱས་ཙང་ཀ་མད་སུམ་ཅུ་ཐམ་པའི་བཟོ་ལྟ་ལ་ད་འདུག་བཟོ་བྱས་ནི། དང་པོ་ཀ་དུང་དུང་དུང་དུང་། ཁ་དུག་ཐོ་དུག། ག་བུག་ལོ། ང་དུང་ཐོ་དུང་། ཅ་ཨུ་ཧོ། ཆ་དུང་ལོ་ལོ། ཇ་དུང་ཐུ་ཅུའུ། ཉ་དུང་ཐོ་ལོ་དུག
    byas tsang ka mad sum cu tham pa'i bzo lta la da 'dug bzo byas ni/_dang po ka dung dung dung dung /_kha dug tho dug/_ga bug lo/_nga dung tho dung /_ca u ho/_cha dung lo lo/_ja dung thu cu'u/_nya dung tho lo dug
  • པ་སངས་ཚེ་རིང
    ཏ་ཨུ་ཧོ། ཐ་ཨུ་འོ། ད།ད་དེ་གཉིས་ལ་ཁ་ཐུག་ལངས་བཞག་ན་ད་རེད་བཞག། ན་འབོ་འོ། པ་འབུ་འུ།པ་དེ་ཡང་འདུག་བཟོ་བཞག་གོ་དེའི། ཕ་འབོ་བཤུའུ། བ། མ། པ་ཕ་བ་མ་དེ་ཤེས་པ་ཡིན་ན་པུ་གུ་༼ཕྲུ་གུ་༽ཚོ་ལ་བསླབ་བདེ་པོ་ཞེ་པོ་འདུག་ག། ཕ་མ།ཕ་མ། 
    ta u ho/_tha u 'o/_da/da de gnyis la kha thug langs bzhag na da red bzhag/_na 'bo 'o/_pa 'bu 'u/pa de yang 'dug bzo bzhag go de'i/_pha 'bo bshu'u/_ba/_ma/_pa pha ba ma de shes pa yin na pu gu (phru gu )tsho la bslab bde po zhe po 'dug ga/_pha ma/pha ma/_
  • པ་སངས་ཚེ་རིང
    ཙ་བུག་བུག་བུག། ཡང་ཙ་ལ་ཚ་ལྷག་བརྒྱབ་འདི་ཆད་རྒྱུ་ཡོའོ་མ་རེད། ཚ། ཛ། ཝ་དེ་ཁྱོད་ཚོ་གཟུགས་པོ་ཚ་པོ་ཡག་པོ་མ་ཆགས་པ་གང་བྱུང་མང་བྱུང་མ་བྱེད་མ་གཏོགས་ཝ་དེ་ཡང་དངོས་གནས་སྐེད་པ་རུས་ཀོག་བཅག་ཡས་དང་འདི་འདྲས་ཡོའོ་རེད། ཝ་དེ་གཟུགས་པོ་ཚ་པོ་ཞེ་པོ་བྱས་ནི་བཟོས་གོ་རེད། ཕུའུ་ཝའ། 
    tsa bug bug bug/_yang tsa la tsha lhag brgyab 'di chad rgyu yo'o ma red/_tsha/_dza/_wa de khyod tsho gzugs po tsha po yag po ma chags pa gang byung mang byung ma byed ma gtogs wa de yang dngos gnas sked pa rus kog bcag yas dang 'di 'dras yo'o red/_wa de gzugs po tsha po zhe po byas ni bzos go red/_phu'u wa'/_
  • པ་སངས་ཚེ་རིང
    ཤུའུ། ཞ། ཟ། འ། ཡ། ར། ལ། ཤ། ས། ཧ། ཨ། འདི་ཀ་མད་སུམ་ཅུ་ཐམ་པ་འདི་ད།གཟུགས་པོའི་བཟོ་སྟངས་རེད། 
    shu'u/_zha/_za/_'a/_ya/_ra/_la/_sha/_sa/_ha/_a/_'di ka mad sum cu tham pa 'di da/gzugs po'i bzo stangs red/_
  • པ་སངས་ཚེ་རིང
    ད་འདི་ཁྱེད་རང་ཚོ་བོད་པའི་པུ་གུ་༼ཕྲུ་གུ་༽ཡིན་ན་ཕལ་ཆེར་ཤེས་ཡོད་ཀྱི་རེད། ངས་ཁྱེད་ལ་འདྲི་བ་ཞིག་བཏང་གི་ཡིན། ངས་ག་རེ་རེད་ཟེར་དུས་ཤེས་ཀྱི་འདུག་ན། ལབ་ཨ། འདི་ག་རེ་རེད། ༼ཞ།༽ ཝ་ཡེ་འདི་ག་རེ་རེད། ༼ཆ།༽ འོ་ཛི་འོ་ཛི་འོ་ཛི། འོ་ན་འདི་གང་རེད། ༼ཇ།༽ འདི་ག་རེ་རེད། ༼ཤ།༽ དངོས་གནས་རང་བོད་པའི་པུ་གུ་༼ཕྲུ་གུ་༽རེད་འདུག་ག འདིའི་ཤེས་ཚར་བཞག འདིའི།
    da 'di khyed rang tsho bod pa'i pu gu (phru gu )yin na phal cher shes yod kyi red/_ngas khyed la 'dri ba zhig btang gi yin/_ngas ga re red zer dus shes kyi 'dug na/_lab a/_'di ga re red/_(zha/)_wa ye 'di ga re red/_(cha/)_'o dzi 'o dzi 'o dzi/_'o na 'di gang red/_(ja/)_'di ga re red/_(sha/)_dngos gnas rang bod pa'i pu gu (phru gu )red 'dug ga_'die'i shes tshar bzhag_'di'i/
  • པ་སངས་ཚེ་རིང
    ད། གཟིགས་ཨཱ། ངས་ཀྱིས་གཅིག། གཉིས། གསུམ་ཟེར་དུས་ཁྱེད་རང་ཚོ་ཚང་མས་ཧབ་རུབ་བཱ་རུབ་བྱས་ནས་སྐད་ཤུགས་ཆེན་པོས་ཀ་ཁ་ག་ང་མགྱོགས་ཚད་འདི་འདྲའི་གཅིག་གི་སྒང་ལ་མཉམ་དུ་ཤུགས་བརྒྱབ་ནས་ཡིན་པཱ། གསུངས་དང་། ཨ་ནི་ངས་འདི་ནས་མར་བཟོས་ཀྱི་རེད། བཟོས་ཡོང་དུས་ཙམ་པ། ཨ་ནི་ང་ཚོས་འཛམ་བུ་གླིང་གཞན་པ་ལ་ཀོང་པོ་ཀ་ར་ཏི་མང་རྒུ་ཟེར་ཁ་༼ཁུལ་༽བྱས་ནི་མ་གཏོགས། ང་ཚོའི་ཡི་གེ་གཏན་ནས་བརླགས་ཀྱོག་ཡིན་པ་གསལ་པོ་མཐོང་ཐུབ་ཀྱི་རེད། 
    da/_gzigs A/_ngas kyis gcig/_gnyis/_gsum zer dus khyed rang tsho tshang mas hab rub bA rub byas nas skad shugs chen pos ka kha ga nga mgyogs tshad 'di 'dra'i gcig gi sgang la mnyam du shugs brgyab nas yin pA/_gsungs dang /_a ni ngas 'di nas mar bzos kyi red/_bzos yong dus tsam pa/_a ni nga tshos 'dzam bu gling gzhan pa la kong po ka ra ti mang rgu zer kha (khul )byas ni ma gtogs/_nga tsho'i yi ge gtan nas brlags kyog yin pa gsal po mthong thub kyi red/_
  • པ་སངས་ཚེ་རིང
    ང་ཚོས་ཡི་གེ་རྐུ་མ་ཤོར་ཀྱོག་མང་པོ་ཡིན་ས་རེད་པཱ། ད།གཟིགས་ཨཱ། གཅིག།གཉིས།གསུམ། ཀ།༼ཀ། ཁ། ག ང་། ཅ། ཆ། ཇ། ཉ། ཏ། ཐ། ད། ན། པ། ཕ། བ། མ། ཙ། ཚ། ཛ། ཝ། ཞ། ཟ། འ། ཡ། ར། ལ། ཤ། ས། ཧ། ཨ།༽ ཐུགས་ཆེ་གནང་། ཐུགས་ཆེ་གནང་། 
    nga tshos yi ge rku ma shor kyog mang po yin sa red pA/_da/gzigs A/_gcig/gnyis/gsum/_ka/(ka/_kha/_ga_nga /_ca/_cha/_ja/_nya/_ta/_tha/_da/_na/_pa/_pha/_ba/_ma/_tsa/_tsha/_dza/_wa/_zha/_za/_'a/_ya/_ra/_la/_sha/_sa/_ha/_a/)_thugs che gnang /_thugs che gnang /_