Skip to main content Skip to search
18 Feb 2017
6 min 19 sec
Video Overview
Creators: 
Norzin Lhamo, Kencho Wangmo

ཁྲི་མཉམ་པ་མེད་པ་པདྨའི་ཁྲི་ཟེར་མི་འདི་ གདངས་རིང་སུ་སྦེ་འཐེན་སྲོལ་ཡོད་མི་ གཞུང་སྒྲའི་གླུ་གཞས་ཅིག་ཨིན་རུང་ གླང་མཐིལ་གྱི་ཨམ་སྲུ་ཚུ་གིས་ གླུ་གཞས་འདི་བོད་སྒྲ་བཟུམ་སྦེ་ གདམངས་ཐུང་སུ་དང་ ལེའུ་མགྱོགས་སུ་ཅིག་སྦེ་རྐྱབ་ཨིན་པས། གླུ་གཞས་འདི་ཀྲོང་གསར་རྫོང་ཁག་ གླང་མཐིལ་གཡུས་ཚན་གྱི་ ལོ་བསྟར་ཚེས་བཅུའི་སྐབས་སུ་རྐྱབ་ཡོདཔ་ད་ ཚིག་རྒྱན་འདི་ནང་ ལྷ་དང་ བླམ་ཚུའི་ འགྲེལ་བཤད་རྐྱབ་ཨིནམ་ལས་ ཆོས་ཀྱི་རང་བཞིན་གྱི་ གླུ་གཞས་ཅིག་ཨིན་པས། འདི་ནང་ གླུ་གཞས་ཉན་མི་ཆ་ཁྱབ་ལུ་ པདྨ་དང་གསེར་དངུལ་ལས་གྲུབ་པའི་ ཁྲུའི་སྟེང་ལུ་བཞུགས་པའི་ ལྷ་དང་བླམ་ཚུའི་སྐོར་ལས་ གོ་བརྡ་སྤྲོད་ད་སླབ་ཨིན་པས། 

Transcript search
No results found for this search
0 of 0
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    ཁྲི་མཉམ་པ་མེད་པ་པད་མའི་ཁྲི། །པད་མའི་ཁྲི། པད་མའི་སྟེང་དུ་བླ་མ་ཨོ་རྒྱན་པདྨ་བཞུགས་སུ་གསོལ། །བཞུགས་སུ་གསོལ།
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    [ཡང་སུ་ཨོ་མོ་ལྷ་ས་?]མ་ཎི་ལ་སྐྱབས་སུ་མཆི། །སྐྱབས་སུ་མཆི།
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    ཁྲི་མཉམ་པ་མེད་པ་གསེར་གྱི་ཁྲི། །གསེར་གྱི་ཁྲི། གསེར་ཁྲི་སྟེང་དུ་ཤར་ན་རྡོ་རྗེ་སེམས་དཔའ་བཞུགས་སུ་གསོལ། །བཞུགས་སུ་གསོལ།
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    [ཡང་སུ་ཨོ་མོ་ལྷ་ས་?]མ་ཎི་ལ་སྐྱབས་སུ་མཆི། །སྐྱབས་སུ་མཆི།
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    ཁྲི་མཉམ་པ་མེད་པ་དངུལ་གྱི་ཁྲི། །དངུལ་གྱི་ཁྲི། དངུལ་ཁྲི་སྟེང་དུ་ལྷོ་ན་རིན་ཆེན་འབྱུང་གནས་བཞུགས་སུ་གསོལ། །བཞུགས་སུ་གསོལ།
  • གླང་འཐིལ་གྱི་ཨམ་སྲུ་ཚུ།
    [ཡང་སུ་ཨོ་མོ་ལྷ་ས་?]མ་ཎི་ལ་སྐྱབས་སུ་མཆི། །སྐྱབས་སུ་མཆི།། །།