Skip to main content Skip to search
27 Jan 2016
3 min 3 sec
Video Overview
Creators: 
Sherig Dentshog

“Under the Wheel of Sky with Eight Spokes” is an offering song. The song is probably a version of the song “Shamtha Doley,” which is mostly known in the Dagana District of Bhutan. In the version presented in this video by Minduk from Khothagpa in Pemagatshel, there are only three verses. The first verse speaks of being under the wheel of sky with eight spokes, and the second one of an offering made to heaven. The last verse concludes the song with a comparison between the earth below and the eight leaves of a lotus flower. When compared to other versions of this song, a last line mentioning an offering is to be missing.

གནམ་འཁོར་ལོ་རྩིགཔ་བརྒྱད་སྤུབས་པའི་འོག་ཟེར་མི་གླུ་གཞས་འདི་ དར་དཀར་ན་རྫོང་ཁག་ནང་ ཡོངས་གྲགས་སྦེ་ཡོད་མི་ བཤམ་ཐབས་རྡོ་ལེགས་གི་ཆ་ཤས་ཅིག་ཨིན་མས། པདྨ་དགའ་ཚལ་རྫོང་ཁག་ མཁོ་ཐག་པ་གཡུས་ཚན་ལས་ སྨིན་དྲུག་གིས་འཐེན་མི་འདི་ནང་ ཚིགས་བཅད་གསུམ་མ་གཏོགས་མེདཔ་ད་ ཚིགས་བཅད་དང་པའི་ནང་ གཤམ་ཐབས་རྡོ་ལེགས་འདི་ གནམ་འཁོར་ལོ་རྩིགཔ་བརྒྱད་སྤུབས་པའི་འོག་ལུ་ཨིནམ་ད་ ཚིགས་བཅད་གཉིས་པའི་ནང་ ཞིང་ཁམས་ལུ་མཆོད་ཕུལ་ནི་དང་ ཚིགས་བཅད་མཇུག་གི་འདི་ནང་ མེ་ཏོག་པདྨའི་འདབ་མ་དང་ ས་གཉིས་ག་བསྡུར་རྐྱབ་ཨིནམ་ད་ གླུ་གཞས་གཞན་མི་འདི་དང་འཁྲིལ་བའི་སྐབས་ ད་ལྟོའི་གླུ་གཞས་འདི་གི་མཇུག་གི་ཚིག་ མཆོདཔ་ཕུལ་ནི་ཟེར་མི་འདི་ ཆད་སོངཔ་བཟུམ་ཅིག་འདུག། 

 

Transcript search
No results found for this search
0 of 0
  • སྨིན་དྲུག་ Mindu
    གནམ་རྩིགཔ་བརྒྱད་འཁོར་ལོ་སྤུབས་པའི་འོག །
    under the cover of eight block below the sky
  • སྨིན་དྲུག་ Mindu
    འོ་་་བཤམཤང་(ཤམ་ཐབས)རྡོ་ལེགས་མ། །
    oh shamshang dolayma
  • སྨིན་དྲུག་ Mindu
    གླུ་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ། །
    offers song for the tripple gem
  • སྨིན་དྲུག་ Mindu
    འོ་་་བཤམ་ཤང་(ཤབ་ཐབས)རྡོ་ལེགས་མ། །
    oh shamshang dolayma
  • སྨིན་དྲུག་ Mindu
    ས་པདྨ་འདབ་བརྒྱད་ཚངས་པའི་འོག །
    place like lotus petal ruled by brama
  • སྨིན་དྲུག་ Mindu
    འོ་་་བཤམ་ཤང(ཤམ་ཐབས)་རྡོ་ལེགས་མ། །ལགས་སོ། རྫོགས་སོང་ཡི།
    oh shamshang dolayma.