06 Jan 2016
2 min 3 sec
Video Overview
Creators:
Tibetan & Himalayan Library
This is a video of Khyungdo from Garu Village in Tsekhok singing a song called "Under the Dome of the Immeasurable Blue Sky." This song is part of a collection of folk songs from the Rebgong cultural area.
འདི་ནི་སྐྱེ་འགྲོ་ཡོངས་གཞོན་དུས་ཅུང་སྐྱིད་པ་དང་རྒས་དུས་སྡུག་བསྔལ་ཆེ་བ་ཤུགས་ནས་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ཟླ་དྲག་པ་བདུན་པ་ཆར་ཆུ་འཛོམས་དུས་དང་རྩྭ་རྩི་ཏོག་རྒྱས་པའི་དུས་ཡིན་པས་སྐྱིད་པའི་དཔེ་བཞིན་མི་ལོ་ཆུང་དུས་ལུས་སྟོབས་རྒྱས་དུས་སོ་སོའི་སྣང་བ་སྐྱིད་པ་དང་ན་ཚོད་རྒས་དུས་སྡུག་བསྔལ་ཆེ་བ་བརྗོད་ཡོད།
- ༼ཨོ་ཡེ་་ཡ་རེ་ཡ་རེ་་་ཡ་རེ་ལེན་གོ ཞང་ཡ་རེ་ཟེར་ར་ངས་གླུ་ཞིག་ལེན་གོ༽
- དགུང་ཨ་སྔོན་གཞལ་ཡས་གུར་ནང་ནས།།
- འབྲུག་ཕོ་ཆུང་སྐྱིད་ལ་ཚེ་གཅིག་རེད།།
- སྐྱིད་ལྷག་པ་ཡོད་ནོ་དྲུག་པ་རེད།།
- ཟླ་དྲུག་པ་ཆར་ཆུ་འཛོམས་དུས་རེད།།
- རྫ་ཁྲ་ཡག་གཞལ་ཡས་གུར་ནང་ནས།།
- འབྲོང་རུ་དམར་སྐྱིད་ལ་ཚེ་གཅིག་རེད།།
- སྐྱིད་ལྷག་པ་ཡོད་ནོ་བདུན་པ་རེད།
- ཟླ་བདུན་པ་རྩི་ཏོག་འཛོམས་དུས་རེད།།
- ར་ཐང་སྨུག་གཞལ་ཡས་གུར་ནང་ནས།།
- ཕུལ་ཕ་མའི་སྐྱིད་ལ་ཚེ་གཅིག་རེད།།
- སྐྱིད་ལྷག་པ་ཡོད་ནོ་ཚེ་སྟོད་རེད།།
- ཚེ་སྟོད་ཕུང་བོ་དར་དུས་རེད།།
- གླུ་འདི་མོ་ཞིག་གི་ཁ་མཚར་རྩེ།།