Skip to main content Skip to search
28 Aug 2018
14 min
Video Overview
Creators: 
Sherig Dentshog
Transcript search
No results found for this search
0 of 0
  • སེམས་དཔའ་ཆོས་གྲུབ་
    དུམ་གྲ་ཅིག་ གནམ་མེད་ས་མེད་ རྒྱས་ཞིང་རྒྱསཔ་སྦེ་ ཞུ་མ་ཚུགས་རུང་ མདོར་བསྡུས་ཙམ་ཅིག་ཞུ་བ་ཅིན་ འགོ་དང་པ་ར་ འ་ནཱི་ལྷ་ཁང་འདི་ ཆགས་དགོ་པའི་ཆགས་ཚུལ་ དོན་དག་འདི་ གནམ་མེད་ས་མེད་ ཁོང་བླམ་བཟང་པོ་འདི་བཟུམ་སྦེ་ གདན་ས་བཅགས་པ་དང་ འ་ནཱི་བཟུམ་འདི་ག་ཅི་ཡང་མེད་ ཨིན་རུང་ང་བཅས་རའི་བརྒྱུད་པ་ ཧེ་མ་ཨང་རྒས་དང་ཨ་རྒས་ཚུ་གིས་ འདི་བཟུམ་སྦེ་ཆོས་འབད་འབདཝ་བའི་ བརྒྱུད་སྡོད་སྡོདཔ་འདྲས།
  • སེམས་དཔའ་ཆོས་གྲུབ་
    འ་ནཱི་འབད་ནི་འདི་གིས་ ཆོས་ཆས་ཨ་ཙི་རེ་ ཨ་ཙི་རེ་འདུག་ཡོད་ནི་འདི་ འ་ནཱི་ཆོས་ཆས་འདི་ཚུ་ཡང་ བདག་འཛིན་འབད་མི་མེད་པར་ ཨང་རྒས་དང་ཨ་རྒས་འདི་ ནཱེ་སྦེ་ཤི་སོངམ་ལས་ རྒྱུ་བཟུང་མི་མེད་པར་ དེ་སྦེ་ལུས་ལུས་སྡོད་ཅི་ ཨིན་རུང་ ང་རའི་ཨ་མ་འདི་ད་ལྟོ་མེད་ ཨ་པ་འདི་ཡོད་ ཨ་པའི་མིང་འདི་ ནག་ཀུ་ཟེར་སླབ་ཨིན་ ཨ་མའི་མིང་འདི་ དབང་འདུས་ཆོས་འཛོམས་ཟེར་སླབ་ཨིན།
  • སེམས་དཔའ་ཆོས་གྲུབ་
    ཏེ་ཁོང་གཉིས་ཀྱིས་ བདག་འཛིན་འབད་བཞག་པའི་ནང་ལས་ ཏེ་འ་ནཱི་ཨང་རྒས་ཀྱི་ འ་ མིང་འདི་སྤོ་སྟེ་ ཁྲལ་ཚབ་ང་བཙུགས་ བཙུགས་ནི་ཟེར་བཙུགས་བལྟཝ་ད་ ད་འ་ ཧེ་མ་འབད་བ་ཅིན་འདི་བཟུམ་ཅིག་ དེ་བསྒང་ལུ་ ཨང་རྒས་ཀྱི་མིང་འདི་ ང་ལུ་སྤོ་མ་ཚུགས་པར་ ཅ་ལ་འདི་ ཅ་ཆས་ ཆོས་ཆས་ཟེར་རུང་ གནམ་མེད་ས་མེད་རྒྱ་ཆེ་ཏོག་ཏོ་ ག་ནི་ཡང་མིན་འདུག
  • སེམས་དཔའ་ཆོས་གྲུབ་
    པར་སྐུ་འབད་འབདཝ་ འ་ སྤྱན་རས་གཟིགས་ཕྱག་བཞི་ ཕྱག་བཞི་པ་ སྤྱན་རས་གཟིགས་ཀྱི་ པར་སྐུ་གཅིག་དང་ སྣང་སྲིད་ཟིལ་གནོན་གྱི་པར་སྐུ་གཅིག་ ཚེ་ལྷ་རྣམ་གསུམ་གྱི་པར་སྐུ་གཅིག་ སྐུ་འབད་བ་ཅིན་གསུམ་དེ་སྦེ་འདུག་ ཆོས་ཆས་ ཆོས་ཆས་ དུང་དང་ དེ་བཟུམ་སྦེ་ རྔ་ རོལམ་ དེ་སྦེ་འདུག
  • སེམས་དཔའ་ཆོས་གྲུབ་
    འདི་ཚུ་ག་ར་ མིང་ ངེ་ཨང་རྒས་ཀྱི་ མིང་སྤོ་མ་ཚུགསཔ་ལས་ གཞུང་བཞེས་ཡར་སོང་ཡི་ དེ་སྦེ་གཞུང་བཞེས་འབད་ནི་གི་ ཕར་བསམ་གྲུབ་ལྗོངས་མཁར་རྫོང་ཁག་ལས་ འེ་ དྲག་ཤོས་ཁྲིམས་རབ་ར་ ནཱ་འབྱོན་ཏེ་ ཏེ་ཅ་ལ་ ཅ་ལ་གི་ཐོ་ཚུ་ རྩིས་ཁོང་གིས་ལེན་ཏེ་ ཏེ་གཞུང་བཞེས་འབད་ཚར་ཞིནམ་ལས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ང་ ང་རའི་ཨ་མ་དབང་འདུས་ཆོས་འཛོམས་ཀྱིས་ ཧེ་མ་ལས་ད་ལྟོ་ཚུན་ཚོད་ སངས་དང་གསུར་གྱི་ ཕྱག་དང་མཆོདཔ་ཕུལ་ བཞག་བཞགཔ་འདི་ འ་ནཱེ་སྦེ་འབག་འགྱོཝ་ད་ འ་ སེམས་མི་དགའ་བས་ཟེར་ ངའི་ཨ་མ་གིས་ལོག་ཅིག་ར་སྔུ་སྟེ་ དེ་སྦེ་ཞུ་ཞིནམ་ལས་ ད་ཁྱོད་གཅིག་གི་མིང་གི་ མི་ཆོག
  • སེམས་དཔའ་ཆོས་གྲུབ་
    ཏེ་མི་མང་གི་ཐོག་ལས་སྦེ་གནང་ནི་གི་ གནང་ཐབས་ཅིག་ཡོད་ཟེར་གསུངསམ་ཞིནམ་ལས་ ཏེ་སྤྱི་དཔོན་སྨིན་དྲུག་དབང་འདུས་ཟེར་ཡོད་ འ་ནཱི་དང་བྱམས་པ་ཟེར་ཡོད་ ཁོ་ཤི་སོང་ཡི་ སྨིན་དྲུག་དབང་འདུས་འདི་ ད་ལྟོ་ཡང་ཡོད་ ཁོང་གཉིས་ཀྱིས་སྦེ་འཁྱིད་དེ་ མི་མང་དག་པ་ཅིག་འཁྱིད་དེ་ ཁོང་གིས་ མི་མང་ལུ་རྩིས་སྤྲོད་འབད་དེ།
  • སེམས་དཔའ་ཆོས་གྲུབ་
    ཁྱེད་ཚུ་གིས་ འདི་བཟུམ་སྦེ་ལྷ་ཁང་ ལྷ་ཁང་གཅིག་འདི་བཟུམ་སྦེ་ བཞག་ནི་གི་ས་སྒོ་ ལྷ་ཁང་གཅིག་བཞེངས་པ་ཅིན་བཏུབ་པས་ ང་བཅས་ཀྱིས་གནང་གེ་ཟེར་ དྲག་ཤོས་ཁྲིམས་རབ་ཀྱིས་ དེ་སྦེ་གསུངས་ཏེ་ ད་བཏུབ་ཟེར་ལྷ་ཁང་ཡང་ རྐྱབ་ནི་གི་ཁས་བླངས་འབད་དེ་ ཁོང་ མི་མང་བསྡོམས་ཏེ་སྦེ་ ཁོང་ཚུ་གི་ཐག་བཅད་དེ།
  • སེམས་དཔའ་ཆོས་གྲུབ་
    ཏེ་དེ་སྦེ་ཞུ་སྟེ་ འ་ནཱི་ཅ་ལ་རྙིངམ་ཟེར་རུང་ གནམ་མེད་ས་མེད་ ཁག་ཆེ་ཏོག་ཏོ་ཅིག་འདི་ ག་ནི་ཡང་མིན་འདུག་ ཨིན་རུང་ར་ ཏེ་འདི་བཟུམ་སྦེ་ འདི་ཚུ་ རྩིས་སྤྲོད་བཞག་མི་ཚུ་ དམངས་ལུ་གནང་སྟེ་ དེ་སྦེ་ལུསཔ་ལས་ ནཱ་ལྷ་ཁང་བཞེངས་དགོ་པའི་ཁུངས་ རྒྱུ་མཚན་ དེ་སྦེ་ཨིན དང་པར་དུ་ ང་བཅས་རའི་ནཱ་ ལྷ་ཁང་ཡོད་ཡང་མེད།
  • སེམས་དཔའ་ཆོས་གྲུབ་
    ཏེ་གཉིས་པར་དུ་ འོ་ འ་ནཱི་ཆོས་ཆས་ རྙིངམ་ཚུ་བཞག་སའི་ས་སྒོའི་དོན་ལས་ བཞག་ནི་གི་ཅིག་དང་ ད་ ཆགས་སའི་ས་སྒོ་ལེན་ཏེ་ རྟེན་མེད་པའི་བསྐོར་ར་བསྐོར་ས་ལུ་ གནས་མེདཔ་བཟུམ་ཅིག་ ང་བཅས་རའི་ནཱ་ ས་ཆ་་ཡོདཔ་ལས་བརྟེན་ཏེ་ དེ་བཟུམ་སྦེ་བཞེངས་པའི་ ཁས་བླངས་ཏེ་ ནཱ་བཞེངས་ཏེ་ ལྷ་ཁང་ཆུང་ཀུ་གྲུ་བཞི་འདོམ་བཞི་ ལྔ་འབད་མི་གྲུ་བཞི་ཅིག ང་རའི་ ཨ་པ་གི་གཙོ་བོ་འབད་དེ།
  • སེམས་དཔའ་ཆོས་གྲུབ་
    ཏེ་ནུ་གཅུང་ ཁོ་ལུ་རྟེན་འབྲེལ་ཟེར་སླབ་ཨིན་ ཁོ་གིས་ཤིང་བཏོག་སྟེ་ ཕར་ཚུར་སྦེ་ ཁོ་གིས་ཕར་ཁ་ཐུག་ ལགཔ་གི་ལཱ་ཚབ་འབད་དེ་ ཤིང་དྲ་སྟེ་ ཨ་པ་དང་ཨ་མ་གིས་ ཁོང་གཉིས་ཀྱིས་ ཨུ་ཚུགས་རྐྱབ་སྟེ་ར་ གཙོ་བོ་འབད་དེ་ ཏེ་ བཞེངས་ནི་གི་ དམངས་ལཱ་ འུར་ལཱ་འདི་ཚུ་ ནཱ་ དམངས་ལས་འཚོལ་ཏེ་ དེ་སྦེ་ཏེ་བཞེངས་ཚར་ཞིནམ་ལས་ མང་ལུ་རྩིས་སྤྲོད་འབད་འབདཝ་ཨིན་ ཧེ་མའི་ལྷ་ཁང་ཆུང་ཀུ་འདི།
  • སེམས་དཔའ་ཆོས་གྲུབ་
    དེ་ལས་ འ་ནཱི་ལྷ་ཁང་ཆུང་ཀུ་འདི་ དབྱིན་ལོ་འབད་བ་ཅིན་ ༡༠༩༧ ལུ་ བཞེངས་བཞེངསམ་ཨིན་ལགས་ ལྷ་ཁང་རྙིངམ་འདི་ རྙིནམ་འདི་ ལོ་དག་པ་ཅིག་གི་བར་ན་ འེ་ རླུང་འཚུབ་སྦོམ་འོང་སྟེ་ འདི་ཡང་འཕྱག་བདའ་སྟེ་ འེ་ སྐྱོན་ཕོག་ཞིནམ་ལས་ འ་ནཱི་འདི་ཉམས་གསོ་ཞུ་དགོཔ་འབྱུང་བྱུངམ་གྱི་ ལོག་ཉམས་སུ་ གསར་བཞེངས་འབད་དགོཔ་ཐོན་ཐོནམ་གྱི་ གནད་དོན་འ་ནཱི་ཨིན་ཟེར་ཞུ་ནི་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་འ་ནཱི་ ཧེ་མའི་ལྷ་ཁང་རྙིངམ་ ཉམས་སུ་མ་ཤོར་བའི་བསྒང་ལས་ར་ རྒྱ་གར་གྱི་དམག་མི་ འ་ གཡིབ་དམག་ འ་ནཱི་ངོ་ལོགཔ་ ཨཱལ་ཕ་འདི་ཚུ་ ང་བཅས་ཀྱི་ནཱ་ རིའི་རྩེ་ལས་ ཕུག་དཀརཔ་ཏོང་ཟེར་མི་ རི་འདི་འ་ནཱ་ར་ཨིན་ལགས་ འ་ནཱི་འདི་ར་ འ་ནཱི་རི་གུ་ ཁོང་གཅིག་ཁར་སྦེ་ཆགས་སྟེ་སྡོདཔ་ལས།
  • སེམས་དཔའ་ཆོས་གྲུབ་
    འབྲུག་རྒྱལ་བཞི་པ་ མི་དབང་མངའ་བདག་རིན་པོ་ཆེ་ ཁོ་རའི་སྐུ་སྲོག་ལུ་ཡང་མ་ཕངས་པར་སྦེ་ ནཱ་མི་སེར་གྱི་མཐའ་དོན་ལུ་བྱོན་ཏེ་ དེ་བཟུམ་མཛད་དེ་ ཏེ་ནཱ་ དམག་གར་ལས་བཤལ་ཏེ་ གཟིགས་བསྐོར་གནང་སྟེ་བྱོནམ་ད་ལུ་ ནཱ་ཡང་ཞབས་ཀྱིས་བཅགས་ཏེ་ འདི་བཟུམ་མཛད་དེ་ འེ་ ནཱ་ ང་བཅས་རའི་ གནམ་མེད་ས་མེད་ ག་ཅི་ཡང་མེད་པར་ མཆོད་བཤམ་ནང་ཡང་ ད་རེས་བཟུམ་སྦེ་ དུས་བཟང་སྐབས་སུ་ འ་ ཚོགས་འཁོར་ཅིག་བསྐོར་ཏེ་སྡོད་ཡི།
  • སེམས་དཔའ་ཆོས་གྲུབ་
    འདི་གུ་ལུ་ མཆོདཔ་ཅིག་བསྒྲིགས་བཞག་མི་མཆོད་པའི་ཆུམ་གུ་ མི་དབང་མངའ་བདག་རིན་པོ་ཆེ་གིས་ བཀྲ་ཤིས་ཀྱི་ཐུགས་སྨོན་ཅིག་གནང་སྟེ་ དེ་སྦེ་མཛད་དེ་ ནཱ་ལས་ལོག་བྱོན་ཏེ་ འ་ནཱ་ ནཱ་སྒོ་ཁར་ཕེབས་ད་ ཁྱེད་ཀྱི་ལྷ་ཁང་ལུ་ ལྷ་ཁང་ལུ་འདི་ སྐུ་དགོ་མེན་ན་ སྐུ་གཅིག་ཡང་མིན་འདུག་ཟེར་ ང་གིས་ སྐུ་གནང་གེ་ཟེར་ ཞལ་གྱིས་བཞེས་ཏེ་ བྱོན་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    འ་ནཱི་སྐུ་འདི་ཡང་ ཡར་ལས་ ལོ་གཅིག་གི་ནང་འཁོད་ གནང་ནི་རནམ་ཅིག་ར་ ཏེ་ནཱ་གི་ལྷ་ཁང་འདི་ཡང་ དེ་སྦེ་རླུང་འཚུབ་ཀྱིས་ སྐྱོན་བྱུང་སྟེ་ རྩིགསཔ་བཀག་བཏང་སྟེ་མ་བཏུབ་སོང་སྟེ་ ཏེ་གཞུང་ལུ་སྙན་ཞུ་འབད་དེ་ ཏེ་ཉམས་བཅོས་འབད་ནི་གི་ གནང་བ་ཡང་ཐོབ་ཚར་ཞིནམ་ལས་ ཏེ་དེ་ལས་ ཁོང་ར་ ང་བཅས་རའི་ནཱ་ ཆོས་ཡོན་སྦྱིན་བདག་ཚུ་ ཁོང་སྟོང་ཕོད་ཅན་གྱི་སྦྱིན་བདག་ཚུ་གིས།
  • སེམས་དཔའ་ཆོས་གྲུབ་
    ད་འ་ནཱི་ལྷ་ཁང་འདི་ཡང་ ཉམས་བཅོས་ཞུ་ཞུཝ་གིས་དྲེགས་ར་མ་ཚུགས་ཟེར་ ད་རྩ་བ་ལས་ར་བཤུབ་ཏེ་ ལོག་གསརཔ་བཞེངས་དགོ་པས་ཟེར་ ཁོང་ཚུ་གིས་ཁས་བླངས་ཏེ་ འདི་བཟུམ་འབད་ཡི་ཁོང་གིས་ ཁོང་ཚུ་གིས་ར་ སེམས་བསྐྱེདཔ་ད་འདི་ ང་འདི་ག་ཅི་ཟེར་ཨིན་མས་ཟེར་ ང་བཅས་ཚུ་ཁ་འཆམ་ཏེ་བསྡོམས་ཏེ་ འདི་བཟུམ་འབད་བཞེངས་ཏེ་ ད་ནཱ་ བཞེངས་ནི་འགོ་བཙུགས་སྟེ་ ལོ་དྲུག་ལུ་འདི་ ནཱ་འ་ནཱི་ ལྷ་ཁང་འདི་བསྒྲུབས་ཅིག་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    འ་ནཱི་ལྷ་ཁང་གསརཔ་འདི་ ནམ་ལས་འགོ་བཙུགས་བཙུགསཔ་སྨོ་ཟེར་བ་ཅིན་ ༢༠༠༣ ལས་ཡར་ལྟག་སྦེ་ ནཱ་ ཐང་སེལ་ནི་དང་ འ་ནཱི་མ་གཞི་ ཧེ་མའི་ལྷ་ཁང་རྙིངམ་འདི་འབད་བ་ཅིན་ སྤོ་ཏོ་གུ་ཨ་ཙི་ཅིག་ ཨ་ཙི་ཡར་སྦེ་ ནཱ་ལས་ད་ལྟོ་ ས་ལས་ཡར་ལྟག་འབད་བ་ཅིན་ ཕིཊ་༡༢ ཀྱི་ས་ཁར་ ཧེ་མ་གི་འདི་ དེ་སྦེ་འདུག་ལགས།
  • སེམས་དཔའ་ཆོས་གྲུབ་
    ང་བཅས་ཀྱིས་ བསྐོར་ར་རྐྱབ་སྟེ་ ས་བཅད་དེ་ཐང་བཤུབ་ཏེ་ མར་ཕབ་སྟེ་ རླུང་འཚུབ་སྦོམ་འོངམ་མས་ རླུང་འཚུབ་ཕོགཔ་མས་ཟེར་ ས་ཁར་ཕབས་ཏེ་ མར་བརྡལ་ཏེ་ འ་ནཱི་སྤོ་ཏོ་འདི་བརྡལ་ཏེ་ འདི་གུ་ར་བཞེངས་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ བཞེངས་ཏེ་ད་ལྟོ་ ལོ་དག་པ་ཅིག་སོང་རུང་ར་ ང་བཅས་ཚུ་གིས་ མ་པ་ཕྱི་འདི་སྦུངས་སྒུལ་གྱི་ཐོག་ལས་སྦེ་དད་པ་མོས་གུས་བསྐྱེད་འདི་ ཁོང་གིས་ད་ སེམས་བསྐྱེད་དེ་དཀའཝ་སྤྱད་དེ་ འདི་བཟུམ་སྦེ་བསྒྲུབས་བཞག་ཡི།
  • སེམས་དཔའ་ཆོས་གྲུབ་
    ནང་རྟེན་དང་ལྡེབས་རིས་གུ་ལྷོདཔ་ད་ ང་བཅས་ཚུ་གིས་ འ་ནཱི་ཡང་ ང་བཅས་ཚུ་གི་ ལགཔ་གིས་བཟོ་ཤེས་པར་ ཁོང་ཕྱི་ཁའི་ལྷ་བྲིས་པ་དང་ འཇིམ་བཟོ་ལུ་བརྟེན་དགོཔལས་བརྟེན་ འ་ནཱི་འདི་ སྒྲུབ་མ་ཚུགས་པར་ གནམ་མེད་ས་མེད་ ལུས་ཏེ་ཡོད་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཨིན་རུང་ ང་བཅས་རའི་ ཤར་ཕྱོགས་རྫོང་ཁག་ བཀྲ་ཤིས་གཡང་རྩེ་ བཟོ་རིགས་བཅུ་གསུམ་ བཀྲིན་ཆེ་སྟེ་ ད་ནཱ་ ལྡེབས་རིས་ཀྱི་ཧོངས་ལས་འབདན་ ཁོང་གིས་ བརྒྱ་ཆ་ལྔ་བཅུ་སྦེ་ཕབས་བཞེངས་ཏེ་ ཧ་ལམ་ལོ་ངོ་ དུས་ཅི་འབདཝ་ད་ གསུམ་འགྱོ་དོ་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ད་རེས་འབདཝ་ད་ འ་ནཱ་ལས་དགུན་ལུ་འདི་ ཁོང་གིས་ཡང་སྒྲུབ་ཚུགས་ སྒྲུབ་ཚུགས་པའི་ ཞལ་གྱིས་བཞེས་ཡི་ ཞལ་གྱིས་བཞེས་ཏེ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ལོ་ངོ་དང་པ་འབད་བ་ཅིན་ ནཱ་ཕུར་པའི་ལྷ་ཚོགས་ ཆ་ཚང་ཅིག་བསྒྲུབས་ཚུགས་ཅིག་ གཉིས་པ་འབད་བ་ཅིན་ སྒྲོལམ་ཉི་ཤུ་རྩ་གཅིག་དང་ བཀའ་བརྒྱད་དགོངས་འདུས་དེམ་ཅིག་བསྒྲུབས་ཚུགས་ཅིག་ ཏེ་དཀྱིལ་འཁོར་ཚུ་ ད་ལྟོ་བཞི་དེམ་ཅིག་ མ་སྒྲུབ་པར་ཡོད་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་དཀྱིལ་འཁོར་བཞི་འདི་ཡང་ ད་ལྟོ་ཁོང་ཡར་ བཟོ་རིགས་སྤེལ་ཁང་ནང་ བཞེངས་ཏེ་ཡོད་ཟེར་ ཁོང་གིས་ དེ་སྦེ་གསུངས་དེས་ ཏེ་འ་ནཱི་དགུན་ལུ་འདི་ ག་ར་སྒྲུབ་ཚུགས་ཟེར་ ཁོང་གིས་ཞལ་གྱིས་བཞེས་སྟེ་ཡོད་ ཏེ་ ཏེ་ མ་དངུལ་གྱི་ཐད་ ཐད་ཁར་ལྷོད་ད་ཞུ་བ་ཅིན་ མ་དངུལ་འདི་ ཧེ་མ་ ང་བཅས་རའི་ནཱ།
  • སེམས་དཔའ་ཆོས་གྲུབ་
    རྩ་བ་བཞེངས་པའི་སྐབས་ལུ་འདི་ ལྷ་ཁང་ཕྱི་ཁར་རྐྱངམ་པའི་ བཞེངས་པའི་སྐབས་ལུ་འདི་ ང་བཅས་རའི་ རྩ་བའི་བླ་མ་ བླ་མ་ ཚེ་རིང་དོན་གྲུབ་ཟེར་ཡོད་ལགས་ མར་ ང་བཅས་རའི་མར་ མར་བསམ་གྲུབ་ཆོས་གླིང་དྲུང་ཁག་གི་འོག་ལུ་ ཁོ་གི་གྲྭ་ཚང་ ང་བཅས་རའི་ ནཱ་གི་འདི་ཡན་ལག་དགོན་པ་རྐྱངམ་ཅིག་ཨིན།
  • སེམས་དཔའ་ཆོས་གྲུབ་
    ཁོ་གི་ གྲྭ་ཚང་ལྟེ་བ་མར་ཨིན་ ཁོ་གིས་སྦེ་ ནཱ་ང་བཅས་ གསར་བཞེངས་ཀྱི་སྐབས་སུ་ འགྲོ་སོང་མ་དངུལ་གནང་སྟེ་ ཁོ་གིས་འབུམ་གཅིག་གནང་མི་གི་ འ་ནཱི་གི་ཀྲིག་ཀྲིག་སྦེ་ ང་བཅས་ཚུ་གི་ ཧིམ་ཅུ་ནང་ལས་གཏོན་མ་དགོཔ་ཅིག་ ལངས་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    དེ་ལས་ ལྕགས་ཤོག་གི་ཐད་ཁར་ལྷོདཔ་ད་ལུ་ ལྕགས་ཤོག་ འོ་ རྒེད་འོག་ལས་ ཁོང་གི་ རྒེད་འོག་གནང་བྱིན་མ་དངུལ་ཡོདཔ་ལས་ འདི་ལས་གནང་སྟེ་ ལྕགས་ཤོག་ཡང་ གཞུང་གི་ལྕགས་ཤོག་ སྟུག་པག་པ་འདི་ར་ བཀབ་ཅི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ཤིང་ཚོན་དང་ ནཱ་ གློག་མེ་གི་ཅ་ཆས་འདི་འབད་བ་ཅིན་ རྒེད་འོག་གནང་བྱིན་མ་དངུལ་ལས་ ཁོང་གིས་གནང་སྟེ་ འ་ནཱི་གི་སྦེ་བསྒྲུབས་ཅི་ཟེར་ཞུ་ནི་ཨིན་ལགས་ མ་པ་ མ་གངུལ་ཡང་ ཧེ་མ་ལས་ཡང་ གནང་དང་གནང་བཞིན་དུ་ཡོད་ ད་རུང་ར་ ད་ལྟོ་ར་འབད་རུང་ར་ ང་བཅས་རའི་འཆར་གཞི་བཅུ་པའི་ནང་ འ་ ནཱ་ སྐུ་རྟེན་དང་ ལྡེབས་རིས་ཀྱི་སྐོར་ལས་ དགོ་ནི་མས་ཟེར།
  • སེམས་དཔའ་ཆོས་གྲུབ་
    འེ་ འབུམ་བཅུ་ཐམ་བཙུགས་མི་འདི་ ན་ཧིང་ལོ་ངོ་དང་པའི་ནང་ ཁོང་གིས་ ཆ་འཇོག་གྲུབ་མ་ཚུགས་པས་ ད་རེས་ལོ་ངོ་གཉིས་པའི་ནང་ལྷོདཔ་ད་ལུ་ ཆ་འཇོག་གྲུབ་སྟེ་ཟེར་ ང་བཅས་རའི་ འདེམས་ངོ་གིས་ ཁ་རྩ་ཁ་ཉིནམ་རྐྱངམ་ཅིག་ ང་ལུ་ བརྒྱུད་འཕྲིན་ཅིག་གནང་དེས་ལགས།
  • སེམས་དཔའ་ཆོས་གྲུབ་
    འདི་འབད་ནི་དེ་གིས་ གནམ་མེད་ས་མེད་ འེ་ སེམས་དགའ་སྟེ་ཡོད་ཟེར་ཞུ་ནི་ཨིན་ལགས་ ཨིན་ཏེ་འབད་རུང་ ཏེ་ད་ ལྡེབས་རིས་ལུ་འབུམ་བཞི་ལྷགཔ་ཅིག་དང་ ནཱ་སྐུ་རྟེན་ལུ་ འབུམ་བཅོ་བརྒྱད་ ཁོང་གིས་རྩིས་དེ་སྦེ་བཏོན་་ཏེ་ཡོད་ ཏེ་འ་ནཱི་གིས་ཡང་ མ་ལངས་པར་ གནམ་མེད་ས་མེད་ ནང་དོག་སྟེ་ནཱ་ ང་བཅས་ལ་ཁག་ཡོད་ཟེར་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    མ་པ་སྐུ་འདི་ མ་གཞི་གི་འདི་བཟུམ་སྦེ་ ང་བཅས་རའི་ མ་དངུལ་ལངས་ཏེ་ཡོད་པ་ཅིན་ སྐུ་ནཱ་བཞེངས་ནི་གི་བཅའ་སྒྲིག་རྐྱབ་སྟེ་ ལོ་བཞི་དེམ་ཅིག་སོང་ཡི་ འོ་ ཁོང་གིས་འདི་ ལོ་གཅིག་དང་གཉིས་ལུ་ ག་ར་སྒྲུབ་ཚུགས་ནི་ཨིན་མས་ ང་བཅས་ར་ མ་དངུལ་མེདཔ་ལས་བརྟེན་ ལཱ་ཡང་ཚབ་ཚབ་སྦེ་བདའ་མ་ཚུགས་པར་ ད་ལྟོ་ལུས་ཏེ་ ནཱེ་སྦེ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་འ་ནཱ་ལས་ ཟླཝ་བརྒྱད་པ་ནང་ལུ་འདི་ ཁོང་ འཇིམ་བཟོཔ་གཉིསཔ་འདི་ཡང་ ནཱ་ ལོག་ལྷོད་འོང་ཟེར་ ད་ ཁ་རྩ་ཁ་ཉིནམ་རྐྱངམ་ཅིག་ ཏེ་བརྒྱུད་འཕྲིན་ནང་ དེ་སྦེ་ཕྱད་ཅི་ཟེར་ཞུ་ནི་ཨིན་ལགས། ཏེ་ ང་བཅས་རའི་ གཞུང་གཡོགཔ་ཚུ་གིས་ རྒྱབ་སྐྱོར་འབད་བ་ཅིན་ཏེ་ ཐོག་ཁར་གསེར་ཏོག་དང་ ཁྱུང་འ་ནཱི་ཚུ་ ཁོང་ ང་བཅས་རའི་ གཞུང་གཡོགཔ་ཚུ་གིས་ རྒྱབ་སྐྱོར་གནང་གནངམ་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་གཞན་ཟེར་རུང་ ཕར་ཚུར་སྦེ་ ནང་སྲིད་ལྷན་ཁག་ལས་ གནང་བ་ཞུ་སྟེ་ ཞལ་འདེབས་ཨ་ཙི་རེ་ལྷང་སྟེ་འབད་རུང་ ག་ཅི་གི་ཡང་ལངམ་ཅིག་འདིའབྱུངམ་མ་ཚུགས་ ད་ལྟོ་ དེམ་ཅིག་གི་བར་ན་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ང་བཅས་ནཱ་ ལྷ་ཁང་གི་འོག་ལུ་ སྒོམ་ཆེན་ སྒོམ་སྡེ་ ཆོས་ལུགས་འདི་ ག་ཅི་ཨིན་སྨོ་ཟེར་བ་ཅིན་ ང་བཅས་རའི་ རྙིང་མའི་ཆོས་ལུགས་འདི་གནང་དོ་ཟེར་ཞུ་ནི་ཨིན་ལགས་ ཏེ་ད་རུང་གཞན་ཡང་ མ་པ་ ཞུ་ནི་གི་འདི་ ལེ་ཤ་ཡོད་ ཨིན་རུང་ར་ཞུ་ནི་ཅིག་ ཚ་ཁར་མི་ཚུད་ནི་མས་ དེམ་ཅིག་སྦེ་ བཞག་དགོ་པས་ལགས་ བཀྲིན་ཆེ།
  • ཤེས་རིག་དོན་ཚོགས་
    ཏེ་འ་ནཱི་ ག་ཅི་ལོ་ ནཱ་གི་ ཟླ་གྲངས་ཚེས་བཅུ་ཚུ་ ག་ཅི་ར་གནངམ་ཨིན་ན་ འདི་གི་སྐོར་ལས།
  • སེམས་དཔའ་ཆོས་གྲུབ་
    ལགས་སོ་ ལགས་སོ་ ཏེ་ཟླ་གྲངས་ཀྱི་ཚེས་བཅུ་འབད་བ་ཅིན་ མ་གཞི་གི་ ང་བཅས་ར་འཇིག་རྟེན་གྱི་ ལཱ་དང་འཁྲིལ་ཏེ་སྡོད་མི་མི་འབདཝ་ལས་ གནམ་མེད་ས་མེད་ ང་བཅས་ཆོསཔ་ཚུ་གིས་འདི།
  • སེམས་དཔའ་ཆོས་གྲུབ་
    ཟླ་རིམ་བཞིན་དུ་ དུས་བཟང་བཞིན་དུ་ ནཱ་ ཟླ་གྲངས་ཚོགས་རུང་ར་ ག་ཅི་དེ་ཅིག་ གནམ་མེད་ས་མེད་ ལེགས་ཤོམ་ཨིན་མས་ཟེར་ ང་བཅས་ཀྱིས་ སླབ་དོ་ ཨིན་རུང་ཁོང་འཇིག་རྟེན་པ་ཚུ་ ཨ་ཙི་ཅིག་སྟབས་བདེ་ཏོག་ཏོ་མིན་འདུག་ཟེར།
  • སེམས་དཔའ་ཆོས་གྲུབ་
    ཁོང་གི་ སྟབས་བདེ་ཏོག་ཏོ་ཅིག་བལྟ་སྟེ་ ང་བཅས་ཀྱིས་ འེ་ ཡར་ངོ་ མར་ངོ་ དཔེར་ན་ འ་ ཡར་ངོ་བཞི་དང་ མར་ངོ་བཞི་ཡོད་ས་ལས་ འ་ནཱི་ཟླཝ་འདི་ནང་ འེ་ ཚེས་བཅུ་ཐམ་ལུ་འབད་བ་ཅིན་ ཡར་ངོ་ཚེས་བཅུ་ཐམ་ལུ་འབད་བ་ཅིན།
  • སེམས་དཔའ་ཆོས་གྲུབ་
    མར་ངོ་ཉེར་ལྔ་ལུ་འབད་འདི་ ཏེ་དེམ་ཅིག་ ཤུལ་མ་གི་ཟླཝ་ནང་ ཡར་ངོ་ ཚེས་བཅོ་ལྔ་ལུ་འབད་བ་ཅིན་ མར་ངོ་གནམ་གང་འབད་དེ་ དེ་སྦེ་འབད་དེ་ ཟླཝ་རེ་ལུ་ དུས་བཟང་གཉིས་གཉིས་རེ་བཟུང་སྟེ་ ནཱ་ ཡར་ངོ་མར་ངོ་ དེ་སྦེ་ཚོགས་དོ་ཟེར་ཞུ་ནི་ཨིན་ལགས།