Skip to main content Skip to search
28 Jun 2018
4 min 52 sec
Video Overview
Creators: 
Sherig Dentshog

Ugyen Zangpo talks about the Ugyen Phuntsho Choling Dratshang at Tsangchuthanma village in Martshala gewog, Samdrup Jongkhar. The temple had been under construction, and the construction started in the year 2003. The temple was built by Lama Tshering Dendup. Today there are monks studying with a Lama there. There are numerous other temples in Martshala and Dagana. The people of Tsangchuthanma practice the Dudjom Tersar teachings.

 

ཨོ་རྒྱན་བཟང་པོ་གི་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེད་འོག་ གཙང་ཆུ་མཐའ་མ་གཡུས་ཚན་ནང་ལུ་ཡོད་མི་ ཨོ་རྒྱན་ཕུན་ཚོགས་ཆོས་གླིང་གྲྭ་ཚང་གི་སྐོར་ལས་ལོ་རྒྱུས་བཤད་ནི་འདུག ལྷ་ཁང་འདི་ གནམ་ལོ་༢༠༠༣་ལས་རང་བཞེས་ནི་འགོ་བཙུགས་ཡོདཔ་དང་ ད་ལྟོ་ཡང་བཞེངས་པའི་བསྒང་ཡོདཔ་ཨིན་མས། ལྷ་ཁང་འདི་ བླ་མ་ཚེ་རིང་རྡོ་རྗེ་ ཁོ་རང་གི་བཞེངས་དོ་ཨིན་མས། ད་རེས་ནངས་པ་ ལྷ་ཁང་འདི་ནང་ལུ་ ཆོས་བལྟ་མི་ བླ་མ་དང་ དགེ་སློང་ཚུ་ཡོདཔ་ཨིན་མས། མར་ཚ་ལ་དང་ དར་དཀར་ན་ལུ་ ལྷ་ཁང་ལེ་ཤ་ཡོདཔ་ཨིན་མས། གཙང་ཆུ་མཐའ་མ་གཡུས་ཚན་གྱི་ མི་སེར་ཚུ་གི་ འབྲུག་འཇོམ་གཏེར་གསར་ཆོས་ལུགས་འདི་ ལག་ལེན་འཐབ་དོ་ཡོདཔ་ཨིན།

 

Transcript search
No results found for this search
0 of 0
  • ཨོ་རྒྱན་བཟང་པོ་
    ད་ ང་བཅས་ནཱ་གི་སྐོར་ལས་ དུམ་འདྲ་ཅིག་ཞུ་འདྲཝ་ཅིག་འབད་བ་ཅིན་ལགས་ འ་ ང་བཅས་ཨོ་རྒྱན་ཕུན་ཚོགས་ཆོས་གླིང་གྲྭ་ཚང་གི་བླམ་འདི་ཡང་ བླམ་ཚེ་རིང་དོན་གྲུབ་ཟེར་མི་འདི་ཨིན་ཟེར་ཞུ་ནི་ཨིན་ལགས། འ་ ནམ་ལས་འགོ་བཙུགས་ཅིག་ཟེར་ཞུ་བ་ཅིན་ལགས་ སྔོན་མ་ གནམ་ལོ་གཉིས་སྟོང་གསུམ་ལས་འགོ་བཙུགས་ནུག་ལགས།
  • ཨོ་རྒྱན་བཟང་པོ་
    འ་ འགོ་བཙུགས་སྦེ་ད་ལྟོ་ འ་ ལྷ་ཁང་ ལྷ་ཁང་མེད་ཟེར་ཞུ་ནི་ལགས་ ད་ལྟོ་ལྷ་ཁང་གསརཔོ་བཞེངས་བཞེངས་པའི་བསྒང་རང་ཡོད་ཟེར་ཞུ་ནི་ འ་ནཱི་ཡང་བླམ་ཁོ་ར་གིས་ ཁོ་ར་རྐྱངམ་གཅིག་གིས་སྦེ་ བཞེངས་དོ་ཟེར་ཞུ་ནི་ལགས།
  • ཨོ་རྒྱན་བཟང་པོ་
    འ་ ལྷ་ཁང་གསརཔོ་བཞེངས་མི་ བཞེངས་མི་ཡང་གནམ་ལས་འགོ་བཙུགས་ཅིག་ཟེར་བ་ཅིན་ གནམ་ལོ་གཉིས་སྟོང་བཅུ་གསུམ་ འ་ དབྱིན་ཟླ་ འ་ བཞི་པ་ནང་འཁོད་ལས་འགོ་བཙུགས་ཡི་ཟེར་ཞུ་ནི་ཨིན་ལགས།
  • ཨོ་རྒྱན་བཟང་པོ་
    ད་ལྟོ་ ང་བཅས་དགེ་སློང་འབད་བ་ཅིན་ ང་བཅས་ འེ་ དགེ་སློང་སུམ་ཅུ་དེམ་ཅིག་ལས་མེད་ཟེར་ཞུ་ནི་ཨིན་ལགས་ ཏེ་ འེ་ ཡོན་ཏན་སྦྱང་ནི་གི་ཐད་ཁར་ཡང་ ང་བཅས་ འེ་ བཤད་གྲྭ་དང་ གྲྭ་ཚང་གཉིས་ཆ་ར་ འ་ གཅིག་ཁར་སྦེ་བལྟ་དོ་ཟེར་ཞུ་ནི་ཨིན་ལགས།
  • ཨོ་རྒྱན་བཟང་པོ་
    འ་ འ་ནཱི་ འ་ནཱི་ ང་བཅས་ཀྱི་ལྷ་ཁང་མེདཔ་ སྐབས་ཅིག་གི་འ་ནཱི་སྒྲིག་ཁྱིམ་གཅིག་ཡོད་ཟེར་ཞུ་ནི་ཨིན་ལགས་ སྒྲིག་ཁྱིམ་ནང་ལུ་ ང་བཅས་ སྒྲུབ་ཆེན་ཚོགས་དགོ་རུང་ ག་ཅི་ཚོགས་རུང་ ད་ལྟོ་འདི་ སྒྲུབ་ཆེན་ཐེངས་བཅོ་ལྔ་འགྱོ་དོ་ལགས།
  • ཨོ་རྒྱན་བཟང་པོ་
    འ་ནཱི་ག་ར་ འ་ནཱ་ འ་ནཱ་ཚོགས་ཡི་ཟེར་ཞུ་ནི་ལགས་ མ་པ་ འ་ ང་བཅས་ དམིགས་ཡུལ་འབད་བ་ཅིན་ལགས་ ང་བཅས་ལོ་ ལོ་གཉིས་ཀྱི་ནང་འཁོད་ལུ་ ང་བཅས་ཀྱིས་ འ་ནཱི་ཟངས་མདོག་དཔལ་རི་ ཐོག་གསུམ་འདི་ ང་བཅས་ ལོ་གཉིས་ནང་འཁོད་ལུ་གྲུབ་ནི་གི་རེ་བ་ གནམ་མེད་ས་མེད་བསྐྱེད་དོ་ཟེར་ཞུ་ནི་ཨིན་ལགས།
  • ཨོ་རྒྱན་བཟང་པོ་
    འ་ནཱི་ང་བཅས་ཀྱི་ དམིགས་ཡུལ་ གཙོ་རང་འ་ནཱི་ བཞེངས་དགོ་པའི་དམིགས་ཡུལ་གཙོ་ར་ ང་བཅས་སྔོན་མ་ ནཱ་ འ་ མཐའ་ཟུར་གྱི་གཡུས་ཚན་འབདཝ་མ་ཚད་ རྒྱ་གར་ས་མཚམས་ཨིན་མ་ལུ་བརྟེན་ཏེ་གི་སྦེ་ མ་གཞི་ང་བཅས་ཀྱིས་ འེ་ འགྲུབ་དགོ་མི་དགོས་པ་དང་ རྒྱུ་མཚན་དུམ་འདྲ་ཅིག་ཞུ་བ་ཅིན་ལགས།
  • ཨོ་རྒྱན་བཟང་པོ་
    འ་ འ་ མ་འོངས་པར་ མ་འོངས་པ་ལུ་ འ་ནཱི་གཞུང་ གྲྭ་ཚང་ འ་ ལྷ་ཁང་གསརཔོ་འདི་བཞེངས་ཚར་འབད་སྦེ་ ང་བཅས་ཀྱིས་ དགེ་སློང་ཡང་གསརཔོ་བཙུགས་འབད་སྦེ་ འེ་ གནམ་མེད་ས་མེད་ནཱ་ འ་ ནཱ་ལུ་ འོ་ མ་འདྲཝ་སྦེ་ མ་འདྲཝ་སྦེ་བཟོ་ནི་གི་ འཆར་གཞི་ཡོད་ཟེར་ཞུ་ནི་ཨིན་ལགས།
  • ཨོ་རྒྱན་བཟང་པོ་
    འ་ ང་བཅས་ཀྱི་འ་ནཱི་ འ་ དགེ་སློང་ཚུ་གི་ ལྟོ་རྒྱགས་དང་འ་ནཱི་དེ་ཚུ་འདི་ག་ར་ བླམ་ཁོ་ར་གིས་སྦེ་གནང་སྟེ་ཡོད་ཟེར་ཞུ་ནི་ཨིན་ ད་ལྟོ་འབད་བ་ཅིན་ བླམ་ཁོ་ར་གིས་མ་བཏོགས་སྦྱིན་བདག་འབད་མི་འདི་གཅིག་ཡང་ ཕུད་རྡོག་གཅིག་ཡང་མེད་ཟེར་ཞུ་ནི་ཨིན།
  • ཨོ་རྒྱན་བཟང་པོ་
    བླམ་ཁོ་ར་གིས་ དཀའཝ་སྤྱད་དེ་གི་འབད་སྦེ་ འེ་ ཕར་ཚུར་འགྱོ་འབད་སྦེ་ བསོད་སྙོམས་རེ་བསྡུ་ དེ་ལན་ ཆོས་རེ་བཤད་ འ་ནཱི་གི་ཡོན་འདི་ཚུ་ཐོབ་མི་གིས་ ལྷ་ཁང་འདི་ ད་ལྟོ་བཞེངས་པའི་བསྒང་ར་ཡོད་ཟེར་ཞུ་ནི་ཨིན་ལགས།
  • ཨོ་རྒྱན་བཟང་པོ་
    བསངས་གསུར་དང་ འ་ནཱི་འདི་ཚུ་ག་ར་བཏང་ནི་ཡོད་ཟེར་ཞུ་ནི་ བསངས་གསུར་ཡང་ ཕྱི་རུ་ ཕྱི་རུ་བསངས་ གསོལ་ཁ་བཏང་འབད་སྦེ་ དེ་ལན་ བཟློག་པ་ཚེ་སྒྲུབ་འ་ནཱི་འདི་ཚུ་ག་ར་བསག་ནི་ཡོད་ཟེར་ཞུ་ནི་ཨིན་ལགས།
  • ཨོ་རྒྱན་བཟང་པོ་
    བཟློག་ཐབས་འ་ནཱི་འདི་ཚུ་ག་ར་བསག་ནི་ཡོད་ཟེར་ འ་ དྲོ་པ་འབད་བ་ཅིན་ བསངས་ ལྷ་བསངས་ཁྲུས་གསོལ་ག་ར་བཏང་སྟེ་གི་འབད་སྦེ་ རླང་རྟ་དང་ འ་ནཱི་འདི་ཚུ་ག་ར་གནང་ནི་ཡོད་ཟེར་ཞུ་ནི་ལགས།
  • ཤེས་རིག་དོན་ཚོགས་
    དེ་ལས་ ཁྱེད་ཚུ་གིས་ ནཱ་ ཆོས་ལུགས་ཀྱི་སྐོར་ལས་གསུང་གནང་མས།
  • ཨོ་རྒྱན་བཟང་པོ་
    འ་ ནཱ་ ཆོས་ལུགས་ཀྱི་སྐོར་ལས་ དུམ་འདྲ་ཅིག་ཞུ་བ་ཅིན་ ང་བཅས་ནཱ་ ཆོས་ལུགས་འདི་ གཏེར་གསར་ཨིན་ཟེར་ཞུ་ནི་ཨིན་ལགས་ དུས་འཇོམས་གཏེར་གསར་ཨིན་ཟེར་ཞུ་ནི་ ནཱ་གི་ཨོ་རྒྱན་ཕུན་ཚོགས་ཆོས་གླིང་གྲྭ་ཚང་གི་ཡན་ལག་འབད་བ་ཅིན་ ཡན་ལག་ལེ་ཤ་ར་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • ཨོ་རྒྱན་བཟང་པོ་
    འ་ ཡན་ལག་འབད་བ་ཅིན་ མར་ཚྭ་ལ་ མར་ཚྭ་ལ་ལུ་ འོ་ མར་ཚྭ་ལ་ལུ་ དགོན་སྡེ་གཅིག་ཡོད་ཟེར་ཞུ་ནི་ལགས་ སྒོམ་སྡེ་ཨིན་ལགས།
  • ཨོ་རྒྱན་བཟང་པོ་
    དེ་ལན་ ཀེབ་ཏང་ཟེར་ས་ མར་ཚྭ་ལ་རྒེད་འོག་ ཀེབ་ཏང་ཟེར་ས་ལུ་ ཨ་ནེ་གི་དགོན་སྡེ་ཆུང་ཀུ་གཅིག་ཡོད་ཟེར་ཞུ་ནི་ཨིན་ལགས་ ཨ་ནེ་ད་ལྟོ་ཞལ་གྲངས་ འ་ དྲུག་བདུན་དེ་ཅིག་ཡོད་ཟེར་ཞུ་ནི་ དེ་མ་ཚད་ མར་ཚྭ་ལ་རྒེད་འོག་དབང་ཕུག་ཟེར་ས་ལུ་ འ་ སྒོམ་སྡེ་གཅིག་ཡོད་ཟེར་ཞུ་ནི་ལགས།
  • ཨོ་རྒྱན་བཟང་པོ་
    ནཱ་ར་ཟངས་མདོག་དཔལ་རི་ཡོད་ཟེར་ བཞེངས་ཚརཝ་ཅིག་ཨིན་ཟེར་ཞུ་ནི་ལགས་ དེ་མ་ཚད་ ཕུན་ཚོགས་ཐང་རྒེད་འོག་ འ་ གདུང་དཀར་གླིང་ཡོད་ས་ལུ་ ཟེར་ས་ལུ་ཡང་ འ་ ཚོགས་ཁང་ཆུང་ཀུ་གཅིག་ཡོད་ཟེར་ཞུ་ནི།
  • ཨོ་རྒྱན་བཟང་པོ་
    དེ་མ་ཚད་ ཕུན་ཚོགས་ཐང་རྒེད་འོག་ ནཱ་གཙང་ཆུ་མཐའ་མ་ཟེར་ས་ལུ་ ང་བཅས་ཀྱི་ཡན་ལག་ འ་ སྒོམ་སྡེ་ཆུག་ཀུ་གཅིག་ཡོད་ཟེར་ཞུ་ནི་ཨིན་ལགས།
  • ཨོ་རྒྱན་བཟང་པོ་
    དེ་མ་ཚད་ དར་དཀར་དཔལ་ལ་ འ་ དར་དཀར་ན་རྫོང་ཁག་ དར་དཀར་དཔལ་ལ་ བཤམ་ད་ལེགས་ཟེར་ས་ལུ་ཡང་ འ་ དགོན་སྡེ་ཆུང་ཀུ་གཅིག་ཡོད་ཟེར་ཞུ་ནི་ཨིན་ལགས།