Video Overview
འདི་ནི་ཨ་སྐྱི་བ་གཉིས་དབུལ་སོང་བར་ཨ་སྐྱི་བ་གཅིག་གིས་གཅིག་གི་ལམ་བྲོ་བརྐུས་ཤིང་གཞན་དེས་་འདྲེ་མིག་གཅིག་བཏུལ་བའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་ཨ་སྐྱི་བ་གཉིས་དབུས་ལ་སོང་བར་གཅིག་གིས་གཞན་གྱི་ལམ་བྲོ་བརྐུས་པར་གཞན་པ་དེས་དེ་ལྟར་མ་བྱེད་ཅེས་བཤད་པ་ན། ཁོས་མ་བརྐུས་ཞེས་ཁས་མ་བླངས་ཤིང་། གལ་ཏེ་ཁོས་བརྐུས་ན་ཁོ་འདྲེ་མིག་གཅིག་གིས་ཟ་ཞེས་དམོད་བོར། ཁོང་གཉིས་དངོས་གནས་འདྲེ་མིག་གཅིག་ཅིག་ལ་ཐུག་པ་དང་། འདྲེ་མིག་གཅིག་དེས་ཨ་སྐྱི་བ་རྐུན་མ་དེ་བསད་པ་ན། ཨ་སྐྱི་བ་གཞན་དེས་ཕྱིར་འདྲེ་མིག་གཅིག་བསད་བྱུང་།
这是一则关于两位朝圣者前往卫藏朝拜途中,一位朝圣者偷走了另一位朝圣者的干粮,而另一位朝圣者杀死了一个独眼鬼的故事。
这个故事主要讲述了两位朝圣者在前往卫藏朝拜的路上,一位朝圣者偷走了另一位朝圣者的干粮。另一位朝圣者劝告他不要那样做,但对方否认后并发毒誓如果是他偷的,他将被一个独眼鬼吃掉。后来,他们果真遇到了一个独眼鬼。那个独眼鬼杀死了那个偷东西的朝圣者,而另一个朝圣者又杀死了那个独眼鬼。
The story of two pilgrims, where one pilgrims steals the other's food, then swears that he did not. He is then killed by a one-eyed demon.
- ཚེ་བདག་རྒྱལ།ཨ་སྐྱི་བ་གཉིས་ཡར་ལྷ་སའི་སྟོད་དང་།
- རྒྱ་གར་གྱི་དེ་ཞིག་ལ་འགྲོ་རྒྱུ་ཟེར་ནས།
- ཡང་ལམ་ལ་ཆས་ནས།
- གཉིས་ཀས་ཇ་འཁུར་ནས་དེ་ལྟར་སོང་།
- སོང་ནས་གཉིས་ཀ་ཡིན་རྒྱུ་ན།
- ལམ་ནས་དེ་ལྟར།
- གཅིག་གིས་གཞན་དེའི་བྲོ་ཁ་བརྐུས་ནས་དེ་ལྟར་བྱས།
- ཁྱོད་ཀྱིས་དེ་ལྟར་མ་བྱེད།
- ངེད་གཉིས་ཡིན་རྒྱུ་ན་གཅིག་རེད།
- ངེད་གཉིས་ཡིན་རྒྱུ་ན།
- བྲོ་མེད་ལ་ཁོ་ཆད་སོང་ན།
- ཁྱོད་ཀྱིས་བཟོད་རྒྱུ་མ་རེད།
- ཁྱོད་ཆད་སོང་ན་ཡང་།
- ཁྱོད་ཀྱིས་བཟོད་རྒྱུ་མ་རེད།
- ངེད་གཉིས་ཀ་ཆད་ན་མཉམ་དུ་ཆད་ཅེས་བཤད།
- དེ་ནས་དེ་འདྲ་ཞིག་ཡིན་ན།
- ཁོ་སྲིན་པོ་མིག་གཅིག་གིས་ཟ་རྒྱུ་རེད་ཟེར།
- དེ་ནས་ཡར་ཁོ་གཉིས་ཀ་སོང་བ་ཡིན།
- ཁྱོད་ཀྱིས་དེ་འདྲ་མ་བཤད།
- ངས་ཁྱོད་དེ་ལྟར་བསྡད་ནས་ཟ་དུས།
- ཁོ་སྲིན་པོ་མིག་གཅིག་གིས་ཟ་རྒྱུ་རེད་ཟེར།
- དེ་ནས་གཉིས་ཀ་ཡར་འཁོར་ནས་སོང་མཐར།
- ཉིན་ཞིག་ལ་ལུག་རྔ་ལེབ་འདྲ་བ།
- དེ་འདྲའི་ལུག་མང་ཞིག་གི་རྗེས་ན།
- མི་གཟུགས་རིང་ཞིག་བསྡད་ཡོད།
- དེ་ནས་གམ་དུ་སོང་དུས།
- མི་དེའི་ཐོད་པའི་མགོ་ན་མིག་གཅིག་ཡོད།
- དེ་ནས་གཉིས་ཀ་བཟུང་ནས་མཆན་འོག་གཉིས་སུ་སྦས།
- མཆན་འོག་གཉིས་སུ་སྦས་ནས།
- ལུག་དེད་ནས་དེ་ལྟར་སོང་།
- ལུག་དེད་ནས་བུད་སོང་།
- བར་ཞིག་ལ་ལུག་དེད་ནས་སོང་སྟེ་བྲག་ཁུང་ཞིག་ཡོད།
- ལུག་བྲག་ཁུང་ནང་དུ་བཅུག་ནས།
- ཁོང་གཉིས་ཐང་ལ་བཞག་ནས་བཀྱིགས།
- དེ་ནས་མེ་བོང་ཞིག་བཅོས་ནས།
- མེ་བོང་ནང་དུ་ལྕགས་ཐུར་གཉིས་བཞག་ནས།
- དེ་ལྟར་བཞག་ཡོད།
- བར་ཞིག་ལ་ལྕགས་ཐུར་གཅིག་ལངས་ནས་ཁྱེར་ཡོང་སྟེ།
- ངས་ཁྱོད་ཀྱིས་སྐལ་བཅད་ནས་བྲོ་ཟོས་ཡོད་ན།
- ཁོ་སྲིན་པོ་མིག་གཅིག་གིས་ཟ་ཟེར།
- དེའི་སྙིང་ཁར་བརྒྱབ་བསད་པ་རེད།
- བསད་ནས་དེ་ཟོས་ཏེ།
- མིག་གཅིག་ཅན་དེ་གཉིད་སོང་།
- གཉིད་ནས་བསྡད་པ་རེད།
- དེ་ནས་ཁོས་ད་ལྟ་ཅི་ཞིག་བྱེད།
- གན་གིས་ཁོ་གསོད་སྤྱད་ཀྱི་ལྕགས་ཐུར་དེས།
- ཁོར་ཅི་ཞིག་བྱེད་འདོད་ནས།
- དེ་ནས་སྔས་འོག་ཏུ་བསྡུས།
- དེ་ནས་ལྕགས་ཐུར་དེ་བླངས་ནས་གཉིད་ནས་བསྡད།
- ཁོའི་བྲང་ཁུང་ནང་དུ་བརྒྱབ།
- བརྒྱབ་རྗེས་ཁོ་འཕག་ར་བྱས་ནས་གཡུགས་པ་རེད།
- ཡག་པོ་ཞིག་ལ་ལུག་གི་ནང་དུ་བརྒྱབ་ནས་ཁོར་སྐྱོན་མ་བྱུང་།
- དེ་ནས་བལྟས་དུས་བསད་པ་རེད།
- དེ་ནས་ཁོ་བྲོས་ཏེ་སོང་ནས་སྡེ་བ་ཞིག་དང་འཕྲད།
- སྡེ་བ་དེར་འཕྲད་ནས།
- ཁོང་གཉིས་དེ་ལྟར་ཡར་འགྲོ་བ་ཡིན་ལ།
- ཁོའི་གྲོགས་པོ་དེ་ལྟར་མིག་གཅིག་ཅན་ཞིག་གིས་ཟོས་པ་རེད།
- དེ་ངས་དེ་ལྟར་བསད་པ་ཡིན།
- དེ་འདྲ་ཞིག་ཡོད་པ་རེད།
- དེ་ཡིན་ན་དེ་ཡོད་ས་ཁོང་ཚོར་སྟོན་ཟེར་ནས།
- སྡེ་བ་དེས་དེ་ལྟར་བཤད་ནས།
- མི་ཚང་མ་དེར་སོང་ནས་བལྟས་དུས།
- ལུག་རྔ་ལེབ་དག་དག་དེ་འདྲ་ཞིག་རེད།
- ང་ཚོ་དེང་མ་ཡིན་རྒྱུ་ན།
- སོག་པོ་རྔ་ལེབ་ཟེར་བ་དེ་འདྲ་བཤད་ཚུལ་ཡོད་པ།
- ལུག་དེ་འདྲ་ཡོད་པ་དེ།
- དེ་སྲིན་པོ་མིག་གཅིག་གི་ལུག་ཡིན་ཟེར་བའི་བཤད་ཚུལ་ཡོད།
- དེ་དེ་ལྟར་བཏུལ་བ་རེད།