15 Dec 2011
2 min 10 sec
Video Overview
Creators:
Unknown
Two excellent friends in their 30s who haven't seen each other for a long time have tea at a hotel.
- Lhasa
- Ü
- : འོ་ཛི། པདྨ་མཚོ་མོ་ལགས།Oh! Pema Tsomo la!
- : ཚེ་རིང་བཀྲ་ཤིས་ལགས།Tsering Tashi la.
- : ལོ་ལོ་ལོ། ཞུགས་དང་། ཞུགས་དང་།Yes. Yes. Please, have a seat.
- : ཁྱེད་རང་བཞུགས་དང་།You too.
- : ཁྱེད་རང་འདིར་ག་རེ་གནང་གི་ཡོད།What are you doing here?
- : ང་ད་གའི་སེ་ཅམ་ཅམ་ལ་ཡོང་བ་ཡིན་པ།I am walking around.
- : ཨོའོ། ཁྱེད་རང་མགྲོན་ཁང་ནང་བཞུགས་ཀྱི་ཡོད་པས།I see. Are you staying here in this hotel?
- : ལགས་འོང་། ད་ག་བསྡད་ཀྱི་ཡོད།Yes, I am.
- : ཨཱ། ག་དུས་ཕེབས་པས། ཁྱེད་རང་།I see. When did you arrive?
- : ལྟ་སླེབས་བྱས་དེ་བར་ཟླ་བ་གཉིས་ཙམ་འགྲོ་གིས།I came here about two months back.
- : ཨའོ། ཨཱ་ནི་ཁྱེད་རང་ཁང་པ་དེ་བཙོངས་གནས་པས།Okay. So you sold that house of yours?
- : ཁང་པ་བཙོངས་ཚར་པ་རེད། སྔ་ས་ནས་བཙོངས་ཚར།I already sold it long ago.
- : ཨོའོ། ཨཱ་ནི་ཁྱེད་རང་དང་སྐུ་ཟླ་སྤུ་གུ་ག་གེར་བཞུགས་ཀྱི་ཡོད་ན།Oh. Then where your wife and children are staying?
- : སྤུ་གུའང་ད་གར་མགྲོན་ཁང་ནང་དུ་བསྡད་ཀྱི་ཡོད།They are also staying here with me in this hotel.
- : ཨཱ་ནི་དུས་ཚོད་ཟླ་བ་གཉིས་ཙམ་བཞུགས་ནས་ཕེབས་མཁན་ཡིན་པས།Then are you leaving soon?
- : འགྲོ་ཉན་མིན། ཕར་ཙམ་བསྡད་ཉན་ཡིན་དཱ། ད་གར།I am not. I am going to stay here temporarily.
- : ཨཱ་ལས། ལཱ་སེ།I see. Okay.
- : ཨཱ་ལས་ཆབ་མཆོད་དང་།Please, drink some water.
- : ཐུགས་རྗེ།Thank you.
- : ཆབ་མཆོད་དང་།Please, drink some water.
- : འོ། དེ་རིང་ང་འདའི་གྲོགས་པོ་འཚལ་བར་ཡོང་པ་ཡིན་པཱ།Okay. I am here today to look for a friend of mine.
- : ཨ་ལས།I see.
- : ཁོང་སྐྱིད་ཆུ་མགྲོན་ཁང་བསྡད་ཡོད་ཟེར། དེ་ནས་ཡར་འདུག་སེ་ཡོང་པའི་ཁྱེད་རང་འདིར་བཞུགས་འདུག་གཱShe is staying here in Kyichu Hotel. As I walked in, I saw you sitting there.
- : བྱས་ཙང་བྱས། ལྟ་ང་གཉིས་མ་ཐུག་པར་ལོ་གཉིས་ཙམ་འགྲོ་གི་འདུག་གཱI see. We haven't seen each other for almost two years now.
- : ལགས་འོ། ལོ་གཉིས་དང་ཟླ་བ་བརྒྱད་ཙམ་འགྲོ་གིས།Yes. It is about two years and eight months.
- : ཟླ་བ་བརྒྱད་ཙམ། ཨ་ལས། བྱས་ཙང་།Eight months. That is correct.
- : ཁྱེད་རང་རྒྱ་ནག་ལ་བཞུགས་ཀྱི་ཡོག་རེད།I know you live in China.
- : རྒྱ་ནག་ལ་ལྟ་ཞེ་དྲགས་བསྡད་མེད། ཕར་ཙམ་ད་གར་བསྡད་མཁན་ཡིན་དཱ། ང་ཚོའི་སློབ་གྲོགས་བསྟན་ཆོས་ག་རེད་བྱེད་ཀྱི་འདུགNot that much these days. I am going to stay here for awhile. What our friend Tenchoe is doing now?
- : འ་ཨང་། བསྟན་ཆོས་ལགས་ཁོང་རང་ཨ་ཅག་ལགས་འཚོལ་གནང་བ་རེད་པཱ།Ah. Tenchoe now has a girlfriend.
- : རེད་པས།Really?
- : ལྟ་འཁྲུངས་ས་སྐྱོན་ཡག་གྲ་སྒྲིག་གནང་གི་འདུག་གཱThey are now preparing to get married.
- : ཨཱ་ལས།I see.
- : ཨ་བ་ཡང་འཁྲུངས་འགྲོ་ཡོག་རེད་དཱ། ཁྱེད་རང་ཕེབས་པ་མཁྱེན་ན་ཁོང་ཕལ་ཆེར་དགའ་པོ་ཞེ་པོ་གནང་གི་རེད།They will soon have a baby too. If he knows that you are here, he will be pleased.
- : བྱས་ཙང་བྱས།Right.
- : ཁྱེད་རང་ལྟ་བད་དེ་རྒྱ་ནག་ལ་བཞུགས་བྱས་སྤྲོ་མདོག་ཁ་པོ་ཆགས་འདུག་གཱAfter staying in China, now it seems that you have a comfortable life.
- : ལགས། ཡིན་གྱི་མ་རེད།I don't think so.
- : དངོས་ནས།Really!
- : ཨོའོ་ཙམ་ཆགས་འདུག་གཱTo some extent, yes.
- : ཚོང་འདྲ་པོ་སྐྱོན་གནང་གི་ཡོད་པས། ག་རེ་གནང་གི་ཡོད་པས།Are you doing business? Or what you are doing presently?
- : ཚོང་ཡང་ཏིག་ཙམ་ཏིག་ཙམ་བརྒྱབ་གཱ་བྱེད་ཀྱི་ཡོད།I am doing some business.
- : ཨཱ་ནི་སྦྱིན་བདག་ཆེན་པོ་ཆགས་མེད་འགྲོ།Then you must be a big businessman.
- : བྱས་ཙང་བྱས།Right.
- : ལོ་ལོ། འདི་གནང་དང་དེ་རིང་ལ་འདིར་ང་ཚོ་བྲེལ་ལ་ཏིག་ཙམ་ཡོད་པཱ།I see. Do like that; today we are quite busy.
- : ལོ་ལོ།Okay.
- : ང་རང་ཁ་པར་ཨང་གྲངས་ཁྱེད་རང་ལ་ཕུལ་གྱི་ཡིན།I will give you my phone number.
- : ལཱ་སེ།All right.
- : འདི་གནང་དང་། ཁ་པར་ཡང་སེ་ཡང་སེ་བསྐྱོན་གནང་དང་།Please, do call me often.
- : རེད་རེད།Yes. Yes.
- : ང་ཚོ་གྲོགས་པོ་འདི་གས་མཉམ་པོར་འཛོམས་བྱས་གླིང་ཁ་འདྲ་པོ་བཏང་གཅིག་གནང་ན། མ་རེད་པས།We friends can hold a get-together picnic. What do you think?
- : འོ་རེད། ཏག་ཏག་རེད།Right. Sound good.
- : ༢༨༦༨༣༥༤༧༡286835471
- : ༤༧༡471
- : འོ། ཞལ་པར་འདིར་གནང་དང་། འདི་ང་རང་ནང་གི་ཞལ་པར་ཡིན།Yes. Call at this number. This my home telephone number.
- : འོ་ཐུགས་རྗེ་གནང་།Thank you.
- : ཨཱ་ནི་བཞུགས་གུ་ང་ཚོ་ཕར་ཚུར་ཁ་པར་གྱིས་འཕུལ་ཆོགAll right. We can talk over the phone later.
- : འོ་རེད།Right.
- : ཨཱ་ནི་གྲོགས་པོ་འདི་གས་ཐུགས་སོང་ན། ཉིན་པ་གཅིག་སྐྱིད་པོ་བྱས་བསྡད་དོ་མ་རེད་པས།When we meet all our friend, we can have a good time together.
- : ཨཱ་ལས། ལཱ་སེ།Okay. Sure.
- : ལཱ་སེ། ལཱ་སེ། ལཱ་སེ།Okay. Okay.
- : འོ་རེད།Yes.
- : འདི་གནང་དང་། ངས་ཁོ་རང་ཚོར་ཕེབས་བཞག་ཞུས་གོ ཁོང་རང་ཚོ་དགའ་པོ་ཞེ་པོ་གནང་གི་རེད།I will let them know that you are here. They will be very happy for sure.
- : ལགས་འོ། ལགས་འོ། ཨཱ་ནི་ད་ག་ཡིན་དཱ།Okay. Let it be.
- : སྐུ་གཟུགས་ལ་ཐུགས་འཇགས་གནང་ཨཱ།Take best care of yourself.
- : ལགས་འོ། ཕེབས་གོOkay. Bye.
- : ཞུགས་ཨོའོ།Bye.