Skip to main content Skip to search
06 Jan 2016
2 min 43 sec
Video Overview
Creators: 
Tibetan & Himalayan Library

This is a video of Tsering Jyi from Yonru Village in Chentsa singing a song called "Two Deer Went Up the Valley." This song is part of a collection of folk songs from the Rebgong cultural area.

འདི་ནི་བསྟོད་གླུ་ཞིག་ཡིན་ལ།  དུས་རྒྱུན་རྩེད་རིགས་ཞེས་པ་མི་གཉིས་ནས་གཉིས་ཡན་གྱིས་མཉམ་ལེན་བྱེད་རྒྱུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་སྟོད་ཀྱི་ཤ་བོ་ཉིས་འགྲོ་ཆ་མཚུངས་པ་དང་སྨད་ཀྱི་ཝ་མོ་ཉིས་འགྲོ་གྲལ་མཉམ་པ། ཁྲོམ་འདིའི་གླུ་བ་གཉིས་ཀྱི་སྐད་མཉམ་པ་བརྗོད་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0
  • ཡེ་་་་་་་་་་་་་་་བྱང་ཡ་རེ་བུ་ལོ་་་་་་་་་ཡ་རེ་ད་ངས་ཡ་རེ་བུ་ལོ་ལེན། བྱང་ཡ་རེ་བུ་ལོ་འཇོག་ལ་གླུ་ཞིག་བུ་ལོ་ལེན། །
  • སྟོད་གན་ན༼བུ་ལོ༽ཤ་བོ་ཉིས་འགྲོ༼བུ་ལོ༽ཞིག།
  • རྭ་རིང་ཐུང༼བུ་ལོ༽མེད་ལ་ཡག་རེ༼བུ་ལོ༽ལྟོས།།
  • ཡེ་་་་་་་་་་་་་་་བྱང་ཡ་རེ་བུ་ལོ་་་་་་་་་ཡ་རེ་ད་ངས་ཡ་རེ་བུ་ལོ་ལེན། བྱང་ཡ་རེ་བུ་ལོ་འཇོག་ལ་གླུ་ཞིག་བུ་ལོ་ལེན། །
  • སྨད་གན་ན༼བུ་ལོ༽ལྦ་མོ་ཉིས་འགྲོ༼བུ་ལོ༽ཞིག།
  • གྲལ་ཡག་བཙོག༼བུ་ལོ༽མེད་ལ་ཡག་རེ༼བུ་ལོ༽ལྟོས།།
  • ཁྲོམ་འདི་ན༼བུ་ལོ༽གླུ་བ་ཉིས་འགྲོ༼བུ་ལོ༽ཞིག།
  • སྐད་ཡག་བཙོག༼བུ་ལོ༽མེད་ལ་ཡག་རེ༼བུ་ལོ༽ལྟོས།།
  • གླུ་ཤེས་ནི༼བུ་ལོ༽མིན་ར་དགའ་ནི༼བུ་ལོ༽ཡིན།།