Video Overview
Söyé from Chakor village in Repgong tells the story of two brothers, one who is greedy and cruel and one who is generous and kind.
འདིར་སྤུན་གཉིས་ཡོད་པ་ལས་གཅིག་ཤོས་ནི་སེར་སྣ་ཆེ་ཞིང་སྙིང་རྗེ་མེད་ཞིག་ཡིན་པ་དང་ཅིག་ཤོས་ནི་དེ་ལས་ལྡོག་སྟེ་སྟོང་ཕོད་དང་གཞན་སེམས་ཆེ་བ་བསྟན་ཡོད།
འདིར་སྤུན་གཉིས་ཡོད་པ་ལས་ཆེ་བ་ལ་འབྲི་གཡག་དགུ་བཅུ་གོ་དགུ་ཡོད་པ་དང་ཆུང་བ་ལ་གཡག་གཅིག་ལས་མེད། ཉིན་ཞིག་སྤུན་གཉིས་ཀྱིས་རང་རང་ལ་འབྲི་གཡག་གཅིག་རེ་དགོས་ཚུལ་བརྗོད་ནས།ཆེ་བས་ཆུང་བའི་འབྲི་གཅིག་དེ་ཁོ་ལ་བྱིན་བཏང་ན་བསྡོམས་པས་འབྲི་བརྒྱ་ཡོད་པ་དང་། སྤུན་ཆུང་བས་ཀྱང་ཕུ་བོར་འབྲི་མང་བས་རང་ཉིད་ལ་གཅིག་དགོས་ཚུལ་བཤད། མཐའ་མར་ནུ་བོས་རང་གི་འབྲི་གཅིག་པོ་དེ་ཕུ་བོ་ལ་བྱིན། འདི་ལས་གཙོ་བོ་སྤུན་ཆེ་བ་ནི་འདོད་པ་ཆེ་བ་དང་སྙིང་རྗེ་མེད་པ་ཞིག་ཡིན་ལ། སྤུན་ཆུང་བ་ནི་གཞན་སེམས་ཆེ་བ་དང་གཞན་གྱི་འདོད་པ་སྐོང་བའི་ཆེད་དུ་རང་ལ་ཡོད་པའི་གཡག་གཅིག་པུ་དེའང་ཕུ་བོར་ཕྱིན་པ་བརྗོད་ནས། མི་ཞིག་ཡིན་ཕྱིན་འདོད་ཆུང་ཆོག་ཤེས་དང་བྱམས་སྙིང་རྗེ་ལྡན་པ་ཞིག་ཡིན་དགོས་པ་བརྗོད་ཡོད། གཏམ་རྒྱུད་འདི་ལྟ་བུ་ལ་མཚོན་ན་ང་ཚོས་ད་ལྟའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུའང་རྣ་ཐོས་གོ་ཐོས་སུ་སོང་ཡོད།
这段视频讲述了有两个兄弟故事,其中的一位即吝啬又贪婪,另一位却相反总为别人着想。
这段视频讲述了两个兄弟的故事,在故事中兄长有九十九头牦牛,而弟只有一头牦牛。兄长想把弟弟的那头牦牛加上后就刚好有一百头牦牛,而弟弟正想跟兄长要一头。最后弟弟把自己的一头牦牛给了兄长。说明兄长即吝啬又贪婪,而弟却相反总为别人着想。所以人要学会知足并要一心向善。这类故事虽然简单但意义深远,所以流传到现在并在日常生活生活中普遍使用着。
- གནའ་སྔ་མོ་ཞིག་ལ་སྤུན་གཉིས་ཡོད།
- སྤུན་གཅིག་ལ་འབྲི་དགུ་བཅུ་གོ་དགུ་ཡོད་པ་དང་།
- སྤུན་གཅིག་ལ་འབྲི་གཅིག་ཡོད།
- འབྲི་གཅིག་མ་གཏོགས་མེད་པ་དེས།
- སྤུན་གྱིས་རང་ལ་འབྲི་འདི་ལ་གྲོགས་པོ་གཅིག་སྟེར་རམ་བསམ་ནས་སློང་དུ་སོང་།
- འབྲི་དགུ་བཅུ་གོ་དགུ་ཡོད་པ་དེས་ཁོ་ལ་འབྲི་གཅིག་པོ་དེ་བྱིན་ཚེ།
- ཁོར་འབྲི་བརྒྱར་ལོང་བས་ཚུར་ལ་སློང་དུ་ཡོང་བས་སྤུན་གཉིས་ལམ་བར་དུ་ངོ་ཐུག
- འབྲི་བརྒྱ་ཡོད་པ་དེས་འབྲི་གཅིག་ཅན་དེ་ལ་ཁྱོད་ཡོང་དོན་ཅི་ཞེས་དྲིས་པ་ན།
- ང་ལ་ཁྱོད་ཀྱི་འབྲི་གཅིག་པོ་དེ་བྱིན་ཚེ་འབྲི་བརྒྱ་ལ་འབུད།
- ཁྱོད་ཀྱི་འབྲི་དེ་སློང་ཏུ་ཡོང་བ་ཡིན་ཟེར།
- ང་རང་ཁྱོད་ཀྱིས་ངའི་འབྲི་རྒན་གཅིག་པོ་འདི་ལ་གྲོགས་པོ་ཞིག་ཨེ་སྟེར་བསམས་ནས་སློང་དུ་ཡོང་བ་ཡིན།
- ཨོ་་་་་ད་ངའི་འབྲུ་རྒན་གཅིག་པུ་དེ་ཁྱོད་ལ་སྟེར་ཞེས་ནས།
- ལས་རྒྱུ་འབྲས་མེད་པ།
- སྤུན་སྤུན་ཟླ་ཡིན་རུང་ཕན་ཚུན་ལ་སྙིང་རྗེ་མེད་པ།
- རྒྱུ་མཚན་དེ་འདྲ་ཞིག་གི་དབང་གིས་ཁོའི་འབྲི་རྒན་གཅིག་པུ་དེའང་བྱིན་པ་དེ་འདྲ་ཞིག་རེད།
- འདིའི་ནང་དུ་སྤུན་ཆེ་བོ།
- གཙོ་བོ་ནི་གཅིག་ཡ་རབས་ཡིན་པ་དང་གཅིག་ནི་སྙིང་རྗེ་མེད་པ་དང་ཧེབ་ཆེ་བས།
- འབྲི་རྒན་གཅིག་པུ་དེ་སློང་དུ་ཡོང་བ་དང་།
- སྤྱིར་ཡིན་ན་འབྲི་གཅིག་པོ་ལ་གྲོགས་སྟེར་བ་ལས་སློང་དུ་ཡོང་བ་མ་རེད།
- སྤུན་གཉིས་ཀ་རེད།
- སྤྱིར་བཏང་གི་གྲོགས་པོ་མ་རེད།
- བཟང་ས་རྒྱན་ས་མ་རེད།
- ཤ་བ་ཤ་ཁྲག་མ་རེད་ཀྱང་།
- འདི་ལྟར་བཤད་ནའང་སྙིང་རྗེ་མེད་པ་དང།
- ཧེབ་རྒན་གྱི་མགོ་ནོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།