Skip to main content Skip to search
16 Feb 2017
3 min 8 sec
Video Overview
Creators: 
Duptho , Chimi Wangmo

བོད་སྒྲའི་གླུ་གཞས་དབང་འདུས་གཡུ་ཡི་ཕོ་བྲང་ཟེར་མི་འདི་ མི་ཚུ་ འཇིག་རྟེན་གྱི་ནོར་རྫས་ཚུ་་སྤངས་ཏེ་ བློ་སེམས་ཆོས་ལུ་འགྱུར་བཅུག་པའི་ ཆོས་འབྲེལ་གྱི་གླུ་གཞས་ཅིག་ཨིནམ་ད་ འདི་ནང་ བྱམས་བརྩེ་གདུང་ཆེ་བའི་ ཕམ་སྤུན་ཆ་ཚུ་ཡོད་རུང་ བརྩམས་པ་པོ་གིས་ ཅ་ལ་གོང་ཅན་ཚུ་ ཆ་མཉམ་བཀོ་བཞག་སྟེ་ ཆོས་ལུ་སོང་བའི་ཟེར་ཨིན་པས། འདི་འབདཝ་ལས་ གླུ་གཞས་འདི་ནང་ འདོད་པ་བསྐྱེད་ནི་སྤང་སྟེ་ དམ་པའི་ཆོས་ཅིག་ འབད་དགོ་ཟེར་བའི་དོན་དག་ཨིན་པས། 

 

The boedra song “The Turquoise Palace of Wangdü” (Wangdü Yuyi Podrang) is a religious song that encourages people to practice dharma and refrain from getting involved in worldly affairs. The song talks about the bond with parents and siblings who are immensely valuable to each other in life. Nevertheless, even these worldly valuable connections should be left behind in favor of practicing the Dharma.  

 

Transcript search
No results found for this search
0 of 0
  • འཆང་གླུ
    དབང་འདུས་ཆོས་གླིང་ལ་གཡུ་ཡི་ཡ་ལ་ཕོ་བྲང་འདྲ་ལ། །གཡུ་ཡི་ཕོ་བྲང་བཞག་ནས་ཡ་ལ་ཆོས་ལ་འགྲོ། །
  • འཆང་གླུ
    ཡབ་ཆེན་ཨ་པ་གསེར་གྱི་ཡ་ལ་མཆོད་རྟེན་འདྲ་ལ། །གསེར་གྱི་མཆོད་རྟེན་བཞག་ནི་ཡ་ལ་ཆོས་ལ་འགྲོ། །
  • འཆང་གླུ
    ཡུམ་ཆེན་ཨ་མ་གཡུ་ཡི་ཡ་ལ་མན་དྲལ་འདྲ་ལ། །གཡུ་ཡི་མན་དྲལ་བཞག་ནས་ཡ་ལ་ཆོས་ལ་འགྲོ། །
  • འཆང་གླུ
    བུ་དང་བུ་མ་ོཉི་མ་ཡ་ལ་ཟླ་བ་འདྲ་ལ། །ཉི་མ་ཟླ་བ་བཞག་ནས་ཡ་ལ་ཆོས་ལ་འགྲོ། །
  • འཆང་གླུ
    རྗེ་འབངས་པད་མ་མེ་ཏོག་ཡ་ལ་དཀར་པ་འདྲ་ལ། །པད་མ་མེ་ཏོག་བཞག་ནས་ཡ་ལ་ཆོས་ལ་འགྲོ། །
  • འཆང་གླུ
    བཞེས་ཆང་དཀར་ཡུལ་དཀར་གསལ་ཡ་ལ་ཟླ་བ་འདྲ་ལ། །དཀར་གསལ་ཟླ་བ་བཞག་ནས་ཡ་ལ་ཆོས་ལ་འགྲོ། །
  • འཆང་གླུ
    ཨོཾ་མོ་ཨོཾ་མོ་མ་ཎི་ཡ་ལ་པད་མེ་ཧཱུཾ་ལ། །དབྱངས་སུ་དམ་པའི་ཆོས་ལུ་སྐྱབས་སུ་མཆིའོ། །