Video Overview
A tragic story of two young lovers from Ngaba.
- Ngawa
- རྫ་ཁྲ་ཁྲའི་ཁྲ་ཟོར་བོ་དེ།།
- དེ་ཁྲ་དཀར་གསའ་རིའི་རྫ་རེད།།
- གན་སྡེ་སྐོར་གྱི་ལི་ལི་བོ།།
- དེ་བོ་ཏའི་ཕྱོགས་ཡུལ་རུ་རེད།།
- གན་སྦྲ་རྒན་ལྡི་རུ་རུ་བོ།།
- དེ་རྔ་བ་མགོན་ལོའི་སྦྲ་རེད།།
- ཕུབ་བཞག་གི་སྦྲ་རྒན་ནང་ན།།
- བརྩིགས་བཞག་གི་དོ་རྒན་འདབ་ན།།
- བཏང་བཞག་གི་འབའ་དཀར་སྟེང་ན།།
- བསྒྲོན་བཞག་གི་མདའ་མོ་འདྲ་བོ།།
- ལོ་བཅོ་ལྔའི་རྔ་བཟའ་མཚོ་ལོ།།
- ལོ་བཅུ་དྲུག་མཚོ་མོ་ཡར་འཁྱིལ།།
- སྨན་མཚོ་ཁོ་ཚེ་ཐག་རིང་དགོས།།
- དྲིན་ཕ་མའི་ཁ་ཏ་མ་གཅོག།
- ཁྱེད་སྒར་བ་ཐིག་ནག་ཅན་པོ།།
- དེ་སྒར་ཁྱིམ་རི་མོ་ཅན་པོ།།
- དེ་དབལ་ཤུལ་རྟ་མགྲིན་རྒྱལ་རེད།།
- བུད་མ་སོང་དགོས་བ་མེད་ཀི།།
- དཀར་འོ་མས་ལག་ཆུ་བྱེད་དགོས།།
- མར་ཆུར་བས་དོ་ཞིག་རྩིག་དགོས།།
- རྒྱུ་དོད་ནོ་མཚོ་མོ་འཁོར་འཁོར།།