31 Jan 2012
14 min 32 sec
Video Overview
Creators:
Unknown
Sonam Yudron (age 84) of the Tshona Tshalzhing family in the Lubu neighborhood talks with Buchung about her family history and pre-1950s vegetable cultivation practices.
- Lhasa
- Ü
- བཅའ་འདྲི་བ་རྨོ་ལགས་མཚན་ལ་ག་རེ་བཞུ་གི་ཡོད་ན་
- བཅའ་འདྲི་ཞུ་ཡུལ་བསོད་ནམས་གཡོ་སྒྲོན་
- བཅའ་འདྲི་བ་བསོད་ནམས་གཡོ་སྒྲོན་ལ
- བཅའ་འདྲི་ཞུ་ཡུལ་འོ་ལ
- བཅའ་འདྲི་བ་ད་ལོ་དགུང་ལོ་ག་ཚོད་ལ་ཕེབས་ཡོད་ན
- བཅའ་འདྲི་ཞུ་ཡུལ་བརྒྱད་བཅུ་གྱད་བཞི
- བཅའ་འདྲི་བ་བརྒྱད་བཅུ་གྱད་བཞི
- བཅའ་འདྲི་ཞུ་ཡུལ་འོ
- བཅའ་འདྲི་བ་ལའོ་སི་་་་ ཨ་ནི་འདི་་་རྨོ་ལགས་་་སྔ་མ་རྨོ་ལགས་ཀླུ་ལྦུག་ཚལ་ཞིང་གི་བརྒྱུད་ལ་རེད་པའ
- བཅའ་འདྲི་ཞུ་ཡུལ་སླ་རེད་ ཚོ་ནག་ཚལ་ཞིང
- བཅའ་འདྲི་བ་ཚོ་ནག་ཚལ་ཞིང་ཟེར་གི་རེད་པད་ལགས།
- བཅའ་འདྲི་ཞུ་ཡུལ་སླ་རེད
- བཅའ་འདྲི་བ་ལའོ་ཟི་་་ཁྱེད་ན་ཚོའི་མན་པའི་ཚལ་ཞིང་ག་ཚོད་ཙམ་ཡོད་ན་་་
- བཅའ་འདྲི་ཞུ་ཡུལ་ཚལ་ཞིང་འདིར སྐུ་ཁང་བྱས་ རམ་ཙང་བྱས ལམ་ཙམ་བྱས ས་ཕབ་སྒང་བྱས
- བཅའ་འདྲི་ཞུ་ཡུལ་ཨ་དྲུང ཨཾ་བན་ཚལ་ཞིང་བྱས་་ ཚལ་ཞིང་གསར་པ་བྱས བདུན་ཙ་ཅི་འདུག་གའེ
- བཅའ་འདྲི་བ་བདུན་ཙ་ཅི་འདུག
- བཅའ་འདྲི་ཞུ་ཡུལ་འདི་ཀྱད་ཡའོ་རེད
- བཅའ་འདྲི་བ་ད་འདི་ཀྱད་དཀྱིལ་ནས་ག་གི་རྒྱ་ཆེ་ཤོས་རེད་
- བཅའ་འདྲི་ཞུ་ཡུལ་རྒྱ་ཆེ་ཤོས་ར་དི་ང་ཚོ་རེད
- བཅའ་འདྲི་བ་ང་ནང་ཚོའི་ཚོ་ནག་ཚལ་ཞིང་འདི
- བཅའ་འདྲི་ཞུ་ཡུལ་སླ་འོ་
- བཅའ་འདྲི་བ་ལའོ་སི་་་་་ཨ་ནི་ང་རང་ཚོའི་སྔ་མ་་་ཐོག་མར་མི་ཐོག་གོང་མ་དེ་ཚོ་རྒྱ་བརྒྱུད་ཡིན་ན་བོད་རིགས་རང་རེད
- བཅའ་འདྲི་ཞུ་ཡུལ་ད་ངའི་་་་ཨ་མའི་སྔོས་ཆོགས་ཀྱི་འདི་པ་པ་རྒྱ་མི་རེད
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ང་རྒྱར་གདོག་མི་འདུག ཤ་ཚ་ཤས་མི་འདུག
- བཅའ་འདྲི་བ་ལའོ་སི རྒྱ་མི་རེད་པའ
- བཅའ་འདྲི་ཞུ་ཡུལ་རྒྱ་མི་རེད
- བཅའ་འདྲི་བ་ང་ནང་ཚོའི་རུས་མིང་ག་རེ་ཡིན་ན
- བཅའ་འདྲི་ཞུ་ཡུལ་རྒྱ་བརྒྱུད་གི་ཨེའི
- བཅའ་འདྲི་བ་རྒྱ་བརྒྱུད་གི་
- བཅའ་འདྲི་ཞུ་ཡུལ་འདི་ཤེས་གི་མེད་་་་་
- བཅའ་འདྲི་བ་ལའོ་སི་་་་་ ཐུགས་ཁག་མེད
- བཅའ་འདྲི་ཞུ་ཡུལ་རྒྱ་མིའི་བརྒྱུད་སི་་་་་་ བྱས་མི་ཤེས་ བཅག་ཚར་འདུག་ག
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་དེ་ནི་རྨོ་ལགས་ ཨ་ནི་ངའི་ཨ་མ་འདི་མར་གྲོང་གསེབ་ལ་རྣ་མར་གཏེར་པ་རེད་པ་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་སོང་ཏ་སླ་སོང་ཟེར་བ་འདིར སྔ་མར་མི་ཚང་ཆེ་མོ་རེད
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་འོ་འདིའི་རྣ་མར་གཏེར
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཨ་ནི་ང་ མ་གའི་སྐྱེས་ས་ད་གྲོང་གསེབ་རེད
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཨ་ནི་རྨོ་ལགས་སྤུ་གུ་ བུ་མོ་གཅིག་དེ་ཟླ་བར་གཏེརའདུག་ག་ ངའི་སྲུ་མོ་འདི་ ཨ་མའི་ཨ་ཅག་འདི
- བཅའ་འདྲི་བ་ཨ་ཅག་འདི
- བཅའ་འདྲི་ཞུ་ཡུལ་འོ་འདི་ཟླ་བར་གཏེར
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཨ་ནི་ཟླ་གོའི་འདི་ནས་རྨོ་ལགས་གི་་་་ཨ་ནི་རྨོ་ལགས་གི་སྤུ་གུ་ཁྲིད་ལ་གཅིག་འའི་མེད་པ་བྱས་་་
- བཅའ་འདྲི་ཞུ་ཡུལ་ཟླ་བའི་དེ་ནས་བུ་མོ་གཅིག་ཉར་འདུག་ག་་་་
- བཅའ་འདྲི་ཞུ་ཡུལ་འདི་དུས་ཙ་ན་་་སྔ་མ་ན་ཚྭ་་་ཨམ་དྲུང་ཟེར་བ་གཅིག་ཡོད་པའ་
- བཅའ་འདྲི་བ་རེད་རེད་་་་
- བཅའ་འདྲི་ཞུ་ཡུལ་འོ་འདིས་མེད་པ་བྱས་འདུག་ག་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཨ་ནི་དེའི་ཞུག་གུར་ང་་་་་བཞག་རོག་ཅི་ཟེ་ངས་སྒུག་པ་རེད་
- བཅའ་འདྲི་ཞུ་ཡུལ་ངའི་ཨ་མ་ད་ལོ་ཉི་ཤུ་རྩ་དྲུག་ལ་བཤག་པ་རེད་་་ན་ཚ་འདིས
- བཅའ་འདྲི་བ་ཨ་ལས
- བཅའ་འདྲི་ཞུ་ཡུལ་ངའི་ཨ་མ་ཨམ་དྲུང་གིས་
- བཅའ་འདྲི་བ་ལའོ་སི་་་ཨམ་དྲུང་འདི་སྡར་ཆེན་པོ་ཡོད་པ་འདྲ ་་
- བཅའ་འདྲི་ཞུ་ཡུལ་སླ་འོ་་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཨ་ནི་ང་ཚོ་སྤུན་སྐྱག་་་་སྤུན་སྐྱག་གསུམ་་་་བུ་་་གཉིས་དང་བུ་མོ་གཉིས་ཡོག་ རེད
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་བུ་གཅིག་གནས་ཆུང་རུ་་་་དགེ་འདུན་་་ཟུན་ནི་་འདི་བཤག་སོང་ཆུན་ཆུན་སྒང་ནས་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་བཅུ་བདུན་ཙ་ཅི་ལ་་་སྔ་ས་ནས་ཤག་པ་རེད་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཨ་ནི་འདི་ནས་ངའི་འོག་མ་འདི་་་་་ད་ལྟའི་བུ་དེ་ཚོའི་པ་ལགས་རེད་་་སང་ཏ་སླ་སང་
- བཅའ་འདྲི་བ་སང་ཏ་སླ་སང་
- བཅའ་འདྲི་ཞུ་ཡུལ་འོ
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཡང་ཁོ་ཚོའི་པ་ལགས་ན་ནིང་ཟླ་བ་བཅུ་པའི་ནང་ལ་བཤག་སོང་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཨ་མ་ལགས་བྱས་
- བཅའ་འདྲི་ཞུ་ཡུལ་ཨ་ནི་ང་འདིའི་ཚལ་ཞིང་ལ་དབུ་ཚབ་ལ་ཉར་པ་རེད
- བཅའ་འདྲི་བ་འོ་འོ་ ཡར
- བཅའ་འདྲི་ཞུ་ཡུལ་འོ་་ མའོ་པད
- བཅའ་འདྲི་བ་ལའོ་སི སླ་རེད
- བཅའ་འདྲི་ཞུ་ཡུལ་རྨོ་ལགས་དགུང་ལོ་བདུན་བཅུ་་་་བདུན་བདུན་བར་དུ་བཞུགས་སོང་
- བཅའ་འདྲི་བ་ལའོ་སི་་་་་ཨ་ནི་ང་རང་ཚོའི་ཚལ་ཞིང་འདིར་རྒྱ་ཆེ་ཆུང་ག་ཚད་ཙ་ཅི་ཡོད་ན་་་་་་་ སོན་སྐལ་བྱས་ན
- བཅའ་འདྲི་ཞུ་ཡུལ་ད་སོན་སྐལ་ད་ཇི་ལྟ་ཞེ་དྲག་ཤོད་ཡ་ཡོད་འདྲའོ་་་ཚལ་འདི་སོང་ཙང
- བཅའ་འདྲི་བ་གླ་རེད གླ་རེད
- བཅའ་འདྲི་ཞུ་ཡུལ་མ་ཙང་ཚལ་ཞིང་དེ་ནས་ཆེ་ཤོས་འདྲ་འདི་ང་ཚོ་རེད་་་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཨ་ནི་ང་ཚོའི་ཞུ་གུར་ཨྃ་བན་ཚལ་ཞིང་ཟེར་བ་ཅི་ཡོག་རེད
- བཅའ་འདྲི་བ་ལའོ་སི་་་ཨྃ་བན་ཚལ་ཞིང་གཅིག
- བཅའ་འདྲི་ཞུ་ཡུལ་འོ་་་ཨྃ་བན་ཚལ་ཞིང་བྱས་་་འོ་འདི་རེད
- བཅའ་འདྲི་བ་ད་ཁོ་ན་ཚོ་མང་ཆེ་བ་རྒྱ་བརྒྱུད་རེད་པའ་་་ཚལ་བཏབ་གནང་མཁན་འདི་ཀྱད
- བཅའ་འདྲི་ཞུ་ཡུལ་ད་ཚལ་ཞིང་གསར་པ་ཟེར་མཁན་དེ་མ་གཞི
- བཅའ་འདྲི་བ་སྒང་ཁ་་་་་་ རྒྱ་བརྒྱུད་
- བཅའ་འདྲི་ཞུ་ཡུལ་ཨ་དྲུང་རྒྱ་བརྒྱུད་མ་རེད
- བཅའ་འདྲི་ཞུ་ཡུལ་ལའོ་སི
- བཅའ་འདྲི་ཞུ་ཡུལ་སྐུ་ཕང་རྒྱ་བརྒྱུད་རེད་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་་་་ས་ཕབ་སྒང་ཟེར་བ་འདི་འི་རྒྱ་བརྒྱུད་ཟོ་འདྲ་རེད་་་་་་ཁ་ཆེ་ཆོས་ནང་པ་ཅན་དེ་འདྲ་ རེད་ཟེར་གི
- བཅའ་འདྲི་བ་འོ་་་ཁ་ཆེ་ཆོས་ནང་པ་ཅན་ཟེར་བ་དེ་འདྲ
- བཅའ་འདྲི་ཞུ་ཡུལ་འོ་་་
- བཅའ་འདྲི་ཞུ་ཡུལ་འདི་འདྲ་ས་ཕབ་སྒང་རེད
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་པ་ཕ་རང་འདི
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་རམ་ཙམ་ཟེར་ངན་འདིའི་སྔ་མ་ནས་ཁ་ཆེ་མན་འདྲའོ་་་རམ་ཙམ་ཡིན་ན་ཟེར་གི་ཚལ་ཞིང་།
- བཅའ་འདྲི་བ་རམ་ཙམ་་་ཁ་ཆེ་
- བཅའ་འདྲི་ཞུ་ཡུལ་འོ་་་ཨི་འདྲས་རེད་་
- བཅའ་འདྲི་བ་ལའོ་སི་་་་་་ཨ་ནི་ང་ནང་ཚོ་ཚལ་བཏབ་གནང་་་་གཙོང་གནང་ཡ་འདི་སོ་སོས་གཙོང་ གནང་གི་ཡོད་ན
- བཅའ་འདྲི་ཞུ་ཡུལ་སོ་སོས་གཙོང་གི་རེད
- བཅའ་འདྲི་བ་ལའོ་སི་་ག་པར་གཙོང་གར་ཐད་གི་ཡོད་ན
- བཅའ་འདྲི་ཞུ་ཡུལ་ཤར་གྲོང་འོག་ཡ་གིའི
- བཅའ་འདྲི་བ་ཤར་གྲོང་འོག་ལ་ཡང
- བཅའ་འདྲི་ཞུ་ཡུལ་འོ་་་ཤར་ལྷོའི་་་ཤར་ལྷོའི་ཁང་པ་གཅིག་ཉོས་པ་རེད་་་སྔ་མ་ནས་་་
- བཅའ་འདྲི་ཞུ་ཡུལ་སྔ་མོ་སྔ་མོ་ང་ཚོ་ཚལ་གཙོང་དུས་ཙ་ན་འདིའི་ས་ཆ་འདི་འདིའི་རེད་ཟ་་་གཞི་བདེའི་ཁང་ཁུང་ཡིན་ན་ཅི་རེད་ཟེར་གི་
- བཅའ་འདྲི་བ་གཞི་བདེའི་ཁང་ཁུང
- བཅའ་འདྲི་ཞུ་ཡུལ་འོ་
- བཅའ་འདྲི་བ་ཨ་ལས་་་ལའོ་སི
- བཅའ་འདྲི་ཞུ་ཡུལ་ལའ་ཟིའི་་ཨ་ནི་འདིའི་་ཤར་ལྷོའི་བུ་མོ་་་མ་རེད་་
- བཅའ་འདྲི་ཞུ་ཡུལ་འདི་ཤར་གྲོང་འོག་གི་ཨ་མ་མིལ་མིལ་ལགས་ཟེར་མཁན་འདིའི་བུ་མོ་འདི་ཤར་ལྷོ་ཡའ་གནའ་མར་གཏེར་་
- བཅའ་འདྲི་ཞུ་ཡུལ་ཨ་ནི་དེའི་བུ་དང་གནའ་མ་གཉིས་འདིའི་ས་ཆ་འདི་ཉོས་ནས་ཁང་པ་འདི་བརྒྱབ་སོང་ང་་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་འོ་་་ཨི་འདྲས་རེད་
- བཅའ་འདྲི་བ་ལའོ་སི་་་ཨ་ནི་ཚལ་ཧ་པ་གླིང་དང་འདིའི་བརྒྱུད་གི་ཚལ་བཏབ་གནང་མཁན་ཚང་མ་འདིའི་བརྒྱུད་ལ་ཡང
- བཅའ་འདྲི་ཞུ་ཡུལ་ཤར་གྲོང་གི་བརྒྱུད་འདི་གཅིག་གཅིག་རེད་་་
- བཅའ་འདྲི་ཞུ་ཡུལ་ཧ་པ་གླིང་དང་སྒང་ཁ་རེད
- བཅའ་འདྲི་བ་ལའོ་སི་་་་་ཚོད་ནའི་ཁྲོམ་རྭ་ཟེར་བ་གཅིག་འདུག་་་འདིའི་ཡང་གཙོང་གི་མ་རེད་པ
- བཅའ་འདྲི་ཞུ་ཡུལ་ག་གིའི་
- བཅའ་འདྲི་བ་ཚོད་ནའི་ཁྲོམ་རྭ་ཟེར་བ་གཅིག་ཡོག་རེད་པའ་་་ད་ལྟའི་བར་སྐོར་གྱི་ལྷོའི་གྱད་བརྒྱུད་ལ
- བཅའ་འདྲི་ཞུ་ཡུལ་ཚོ་ནག་་་ཚོ་ནག་དཔལ་རལ་ཟེར་གི་རེད
- བཅའ་འདྲི་བ་ཚོ་ནག་དཔལ་རལ་ཟེར་གི་འདུག་ག
- བཅའ་འདྲི་ཞུ་ཡུལ་ཟེར་གི་རེད་་་་འོ་འདི་ང་ཚོའི་མིང་རེད་
- བཅའ་འདྲི་བ་རེ་པས་ལ་་་ཨ་ལས་་་ང་ནང་ཚོའི་ཚལ་ཞིང་གི་མིང་འདི་འདིའི་ཐོག་པ་རེད
- བཅའ་འདྲི་ཞུ་ཡུལ་ཚལ་ཞིང་གི་མིང་རེད གླ་འོ
- བཅའ་འདྲི་བ་ཨ་ལས ཚོད་ནག་དཔལ་རལ
- བཅའ་འདྲི་ཞུ་ཡུལ་ཚོད་ནག་དཔལ་རལ་ཟེར་གི་འདུག་ག
- བཅའ་འདྲི་བ་ལའོ་སི་་ཟེར་གི་ཟེར་གི་་་ཨ་ནི་འདི་ག་འདྲས་ཟེ་ཐོག་པ་ཡིན་ན་
- བཅའ་འདྲི་ཞུ་ཡུལ་འདི་ག་འདྲས་རེ་ཅི་ཡིན་ན་་སྔ་མོ་སྔ་མོ་ང་ཚོའི་སྤོ་དང་རྨོ་དེ་ཚོ་ད་
- བཅའ་འདྲི་ཞུ་ཡུལ་གཅིག་ཚོད་ནང་ཡང་ཚོང་ར་ཅི་རྒྱག་གར་འགྲོ་གི་ཡོག་རེད་ཟེར་གི
- བཅའ་འདྲི་བ་ཚོ་ནག་ངོས་ཆོག་གི་
- བཅའ་འདྲི་བ་འ་་་ལའོ་སི་་་་་ལྷོ་ཁའི་ཚོད་ནང་རེད་པའ
- བཅའ་འདྲི་ཞུ་ཡུལ་གླ་འོ་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་འོ་་་ཨི་འདྲས་སི་མིང་ཡིན་ན་གཅིག་རེད་ཟེར་གི འདི་འདྲས་སི་
- བཅའ་འདྲི་ཞུ་ཡུལ་རྨོ་ལགས་གིས་གསུངས་གི་འདུག་ག་ཚོལ་སྣ་ཟེར་མཁན་འདི་ག་རེ་རེད་བྱས་ཙང་།
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཚོད་ནག་ཚལ་ཞིང་ཟེར་་་་་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཨ་ནི་ཚལ་ཞིང་བཏབ་་་་ད་མ་གིའི་བརྒྱུད་ལ་ཡང་ས་ཆ་སྟོང་པ་ཞེ་དྲག་ཡོད་ཙང་་་
- བཅའ་འདྲི་ཞུ་ཡུལ་དེ་ཚོ་ཚལ་ཞིང་ཨ་ནི་ས་ཆ་ཞུས་བྱས་ཚལ་ཞིང་བཏབ་པ་དང་ཤག་གཅིག་འདྲ
- བཅའ་འདྲི་བ་ཨ་ལོག་རེད་པའ་་་་་ས་ཆ་དེ་སྐབས་དེ་དུས་ག་པར་ཞུ་ག་ཡོད་ན་་་་
- བཅའ་འདྲི་ཞུ་ཡུལ་སོ་ནམ་ལས་ཁུངས་ལ་ཞུ་ག་རེད་པའ་ཞོལ་པ་ལས་ཁུངས་ལ་ཞུ་ག་རེད
- བཅའ་འདྲི་ཞུ་ཡུལ་ཞོལ་པ་ལས་ཁུངས་རེད
- བཅའ་འདྲི་བ་ཞོལ་པ་ལས་ཁུངས་རེད་པད
- བཅའ་འདྲི་ཞུ་ཡུལ་ཞོལ་པའི་ཁུངས་རེད
- བཅའ་འདྲི་བ་འོ་་ཨ་ནི་མི་འབོག་སྐྱོན་ཡ་འདི་་
- བཅའ་འདྲི་ཞུ་ཡུལ་འབོག་མ་རུ་གཅིག་ཏིག་ཙམ་ཏིག་ཙམ་རྒྱག་དགོས་གི་འདུག་ག
- བཅའ་འདྲི་བ་འདི་ཞོལ་པ་ལས་ཁུངས་ལ་རྒྱག་པ་རེད་པ་
- བཅའ་འདྲི་ཞུ་ཡུལ་ཞོལ་པ་ལས་ཁུངས་ལ་རྒྱག་ག་རེད་
- བཅའ་འདྲི་ཞུ་ཡུལ་རྒྱག་ག་རེད ས་འབབ་དེ
- བཅའ་འདྲི་བ་ལའོ་སི་ ག་ཚོད་རུ་གཅིག་ཙ་ར་གཅིག་ཐོབ་འགྲོ།
- བཅའ་འདྲི་ཞུ་ཡུལ་ད་དེ་དུས་ཙ་ན་་་་དེ་སང་གི་སྒོ་མོ་གཉིས་གསུམ་མན་འདྲའོ
- བཅའ་འདྲི་བ་སྒོ་མོ་གཉིས་གསུམ་གཅིག་
- བཅའ་འདྲི་ཞུ་ཡུལ་འོ
- བཅའ་འདྲི་བ་གའི་གའི་ཅི་མ་རེད་ཨ་ནི་
- བཅའ་འདྲི་ཞུ་ཡུལ་གའི་གའི་ཡོག་མ་རེད
- བཅའ་འདྲི་བ་ཨ་ལས་ ལགས་སི ལའོ་ལའོ
- བཅའ་འདྲི་བ་ཨ་ནི་སྐབས་དེ་དུས་་་་ཚལ་གཙོང་གནང་དུས་ཁོ་་་ནམ་དུས་རོ་གཅིག་བྱས་ནས་གཙོང་གནང་གི་རེད་པས
- བཅའ་འདྲི་ཞུ་ཡུལ་དབྱར་དགུན་ཡོག་མ་རེད་
- བཅའ་འདྲི་བ་དབྱར་དགུན་སྟོན་དཔྱིད་བྱས་བྱས་གཙིང་གི་ཡོག་རེད་པས
- བཅའ་འདྲི་ཞུ་ཡུལ་དབྱར་དགུན་སྟོན་དཔྱིད་ནས་ད་ག་འཚོང་གི་རེད
- བཅའ་འདྲི་བ་ཚལ་ཡོག་རེད་་་་རེད་པའ
- བཅའ་འདྲི་ཞུ་ཡུལ་ཚལ་ཡོག་རེད
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ད་དགུན་ཁ་སྟོན་ཁ་ཤར་ར་དང་ང་ཨ་ནི་གནམ་དྲང་རུ་ཕྱིན་་་་ཚལ་ཁ་ཤས་སའི་འོག་ལ་སྦས་བྱས་་་
- བཅའ་འདྲི་ཞུ་ཡུལ་ཕ་གའི་སོས་པ་གཙོང་ཡ་ར་འདི་་་་བྱེད་གི་རེད་་་་འདི་སྔོ་སིལ་སིལ་ད་གད་ཡོག་མ་རེད་
- བཅའ་འདྲི་བ་ལའོ་སི རེད་པའ
- བཅའ་འདྲི་ཞུ་ཡུལ་གླ་འོ་
- བཅའ་འདྲི་བ་ཡིན་ནད་ད་གང་ལྟར་སོས་པ་ཡོག་རེད་པའ
- བཅའ་འདྲི་ཞུ་ཡུལ་སོས་པ་རོ་གཅིག་གཙོང་གི་རེད་
- བཅའ་འདྲི་བ་ལའོ་སི་་་ཚལ་སའི་འོག་ལ་སྦས་གནང་ཡ་ག་རེ་ག་རེ་ཡོག་རེད
- བཅའ་འདྲི་ཞུ་ཡུལ་པད་ཚལ་
- བཅའ་འདྲི་བ་པད་ཚལ་བྱས་་ལ་ཕུག
- བཅའ་འདྲི་བ་་་་ཞོག་ཁོག་བྱས
- བཅའ་འདྲི་ཞུ་ཡུལ་ཞོག་ཁོག་ཡོག་མ་རེད་
- བཅའ་འདྲི་བ་ཡོག་མ་རེད་པད
- བཅའ་འདྲི་ཞུ་ཡུལ་ཞོག་ཁོག་ཚོང་གི་མ་རེད་
- བཅའ་འདྲི་ཞུ་ཡུལ་ཨ་ལས་་ཚལ་ཞིང་ནང་ཞོག་ཁོག་བཏབ་གི་མ་རེད་པའ་
- བཅའ་འདྲི་ཞུ་ཡུལ་བཏབ་གི་མ་རེད་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ལོང་འཁོར་པད་ཚལ་
- བཅའ་འདྲི་བ་ལོང་འཁོར་པད་ཚལ་
- བཅའ་འདྲི་ཞུ་ཡུལ་གླ་འོ
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་འོ་འདི་ཀྱད་འདི་ཏུག་སི་
- བཅའ་འདྲི་བ་ལའོ་སི་ ཨ་ནི་ཧྲུ་ཡན་ཚད་ཟེར་ངན་འདི་ང་ནང་ཚོའི
- བཅའ་འདྲི་ཞུ་ཡུལ་ཨ་ནི་ཧྲུ་ཡན་ཚད་འདི་ཆིན་ཚལ་
- བཅའ་འདྲི་བ་ཆིན་ཚལ་
- བཅའ་འདྲི་ཞུ་ཡུལ་ཆིན་ཚལ་ཟེ་བྱས་ནས་ད་སང་གི་ཡུ་ཚལ་འདྲ་པོའི་བཟོབ་འདྲའོ་ཡོག་རེད་དའི་ ཆེན་པོ་ཞེ་པོ་གཅིག་སྐྱེད་གི་རེད་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་འོ་འདི་སྟོན་ཁ་ཨ་ནི་་་་ཟོམ་ནང་ལ་ཡང་ཚྭ་རྒྱབ་བྱས་ཨན་ཞག་གི་འདུག་ག་
- བཅའ་འདྲི་བ་ཨ་ལས་་་ཚྭ་སྐྱོན་གི་ཡོག་རེད་་་རེད་པ་
- བཅའ་འདྲི་ཞུ་ཡུལ་ཚྭ་རྒྱབ་གི་རེད་
- བཅའ་འདྲི་བ་ཨེར་མ་སྐྱོན་གི་རེད་པས
- བཅའ་འདྲི་ཞུ་ཡུལ་ཨེར་མ་ཅི་ལྟ་་་ཤ་མན་ཞན་དག་རྒྱག་གི་མ་རེད་
- བཅའ་འདྲི་བ་ཚ་གཅིག་པུ
- བཅའ་འདྲི་ཞུ་ཡུལ་ཚ་གཅིག་པུ་རེད
- བཅའ་འདྲི་བ་ཨ་ལས་་་ལའོ་སི་
- བཅའ་འདྲི་ཞུ་ཡུལ་འོ་ཡ་མཚན
- བཅའ་འདྲི་བ་ལའོ་སི་་་་ཨ་ནི་འདིའི་ནང་ལ་ཡང་ཁུ་བའི་ནང་ལ་ཡང་ག་རེ་དགོས་གི་རེད་
- བཅའ་འདྲི་ཞུ་ཡུལ་ཁུ་བའི་ནང་ཆུ་ཁོ་ར་རེད་
- བཅའ་འདྲི་བ་ཚ་དང་ཆུ་མ་གཏོགས་
- བཅའ་འདྲི་ཞུ་ཡུལ་འོ་་ཨ་ནི་ཟོམ་ཆེན་མོ་ཞེ་དྲག་ཡོག་རེད
- བཅའ་འདྲི་བ་ལའོ་སི།
- བཅའ་འདྲི་ཞུ་ཡུལ་དེ་ནང་ལ་བླུགས་་་་ཨ་ནི་ཁ་མར་་་རྡོས་གླེམས་ཞག་གི་རེད
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཨ་ནི་མར་ལྗགས་སོ་ན་ཡང་འདིའི་སྒང་ལ་སྣོན་མ་སྐྱལ་གི་རེད་་་་
- བཅའ་འདྲི་ཞུ་ཡུལ་ཁོ་ར་བདག་བདག་ཁོ་ར་གླེམ་བྱས་ཞག་གི་རེད
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཨ་ནི་སེར་པོ་རོ་གཅིག་ཆག་བྱས
- བཅའ་འདྲི་བ་སེར་པོ་ཆག་ཡོང་གི་རེད་པས
- བཅའ་འདྲི་ཞུ་ཡུལ་འོ་་་སེར་པོ་ཆག་བྱས
- བཅའ་འདྲི་བ་ཧྲུའུ་ཡན་ཚལ་
- བཅའ་འདྲི་ཞུ་ཡུལ་འོ་ ཧྲུའུ་ཡན་ཚལ་
- བཅའ་འདྲི་བ་ལའོ་སི་་ཨ་ནི་ ཧྲུའུ་ཡན་ཚལ་དེ་ང་ནང་ཚོས་གཙོང་གནང་གི་རེད་པས་ཉོ་མཁན་ཚུར་ཆེས་མངག་ཡོང་གི་རེད་པས
- བཅའ་འདྲི་ཞུ་ཡུལ་གཙོང་མཁན་གིས་ང་ཚོའི་མི་གཙོང་མཁན་ལ་གཏང་གི་རེད་གཏང་གི་རེད་
- བཅའ་འདྲི་བ་ཆེས་མངག་གཏང་གི་རེད་པས་
- བཅའ་འདྲི་ཞུ་ཡུལ་གླ་འོ་་་་ནམ་ཞག་རྒྱུན་དུ་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཡ་གར་གཙོང་གཙོང་སྡད་གི་རེད་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་དགོང་ཐག་མར་ལོག་ཡོང་
- བཅའ་འདྲི་བ་ལའོ་སི་་་་ཨ་ནི་ཚལ་གཡོག་གཅོས་གནང་དུས་སྐུ་ལས་ཁག་པོ་ཞེ་དྲག་མེད་འདྲའོ
- བཅའ་འདྲི་ཞུ་ཡུལ་མི་ལྷག་ཞེ་དྲག་འགྲིག་ག་རེད་
- བཅའ་འདྲི་བ་མི་ལྷག་འགྲིག་ག་རེད་པས
- བཅའ་འདྲི་ཞུ་ཡུལ་འགྲིག་ག་རེད
- བཅའ་འདྲི་བ་མི་ལྷག་ག་ནས་འགྲིག་ག་རེད་
- བཅའ་འདྲི་ཞུ་ཡུལ་ཡོང་མཁན་ཡོག་རེད་་་ད་དེ་པའ་སྙེམ་ཆུང་རུ་དེ་འདྲ
- བཅའ་འདྲི་བ་ལྷ་ས་རེད་པས་
- བཅའ་འདྲི་ཞུ་ཡུལ་གཙང་པའི་ཟའོ་འདྲའོ
- བཅའ་འདྲི་བ་གཙང་པ་ཡོག་རེད་པད
- བཅའ་འདྲི་བ་གཙང་པའི་ཟའོ་དེ་ལྷ་སར་ད་ག་སི་སྡད་པ་འདི་འདྲ་ཡོག་རེད་པའ
- བཅའ་འདྲི་ཞུ་ཡུལ་འོ་འདི་འདྲས་མི་ལྷག་བྱས་ཏེ་
- བཅའ་འདྲི་བ་དེ་ནི་མི་ལྷག་ཁོ་ཚོས་ཚལ་བཏབ་སྟངས་ཤེས་གི་རེད་པད་
- བཅའ་འདྲི་ཞུ་ཡུལ་ཤེས་གི་རེད་་་་དེ་ནི་ཡང་ང་ཚོའི་འདི་ནས་ཡང་རྒྱུད་ཡུད་རུ་གཅིག་བྱེད་མི་གཡོག་རྙིང་པ་ཡོག་རེད་པའ་
- བཅའ་འདྲི་བ་འ་ལའོ་སི་་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཨ་ནི་སྦྱིན་བདག་གི་བྱེད་གི་རེད་
- བཅའ་འདྲི་བ་ལའོ་སི་ལའོ་སི་་་་བསླབ་གནང་་་ཞོར་ལ་ཡང་
- བཅའ་འདྲི་ཞུ་ཡུལ་གླ་འོ་
- བཅའ་འདྲི་བ་ལའོསི་
- བཅའ་འདྲི་ཞུ་ཡུལ་གཞན་དག་ཞེ་དྲག་སེ་བསླབ་ཡ་སེ་གལ་ཡོག་མ་རེད་
- བཅའ་འདྲི་ཞུ་ཡུལ་ཁོ་ར་ས་སྦོལ་་་སྦྱག་མས་ས་སྦོལ་་་ཨ་ནི་ཁོ་སོན་སྔ་ཕྱིས་མ་གའི་ཚལ་བཟོ་གྲང་མ་འདྲ་མ་འདྲ་གི་རྒྱག་ཡ་ནང་བཞིན་དེ་འདྲ་ཡོག་མ་རེད་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཨ་ནི་ཁོའི་ནང་ལ་རྩ་ཡོད་ན་རྩ་བཏོག་་་ཡང་རྩ་སྐྱེས་པ་དང་དེ་འདྲས་བྱེད་གི་རེད་་་
- བཅའ་འདྲི་བ་ལའོ་སི་་་་ཨ་ནི་འདི་་ཚལ་བཙོང་ཡག་དང་དེ་ཚོ་མི་ལྷག་དགོས་གི་མ་རེད་པའ་་
- བཅའ་འདྲི་ཞུ་ཡུལ་བཙོང་གར་འགྲོ་མཁན་ཡང་ང་ཚོའི་་་་བྲན་གཡོག་་ར་གཅིག་ཡོག་རེད་པའ་་གྲག་པ་རོ་གཅིག་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་འོ་འདིས་གཙོང་གི་རེད་
- བཅའ་འདྲི་བ་ལའོ་སི་་་ལའོ་སི་་
- བཅའ་འདྲི་ཞུ་ཡུལ་ཨ་ནི་གཞན་དག་དེ་ཚོས་ཡ་གའི་སྐྱེལ་གར་ཕྱིན་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཚལ་་ཕ་གའི་ཁོ་ཚོས་འཁྲུས་གཙང་མ་བཟོས་་་དེ་ནི་ཡ་གའི་སྐྱེལ་གར་འགྲོ་གི་རེད་
- བཅའ་འདྲི་བ་ལའོ་སི་་་ཨ་ནི་སྔ་མ་ཆུ་འདི་ག་འདྲས་གནང་གི་ཡོད་ན་ དེའི་ཁྲིས་ལ་ཆུ་ཡོག་རེད་པས་ ཡུར་བུ་འདི་འདྲ་་་
- བཅའ་འདྲི་ཞུ་ཡུལ་ཆུ་ཡོག་རེད་
- བཅའ་འདྲི་བ་ལའོ་སི
- བཅའ་འདྲི་ཞུ་ཡུལ་ཆུ་འདི་་་ནོར་བུ་གླིང་གར་འགྲོ་ཡ་གི་ཆུ་ཡ་པའ་ནས་་་་
- བཅའ་འདྲི་ཞུ་ཡུལ་ག་རེ་ཟེར་ག་རེད་་་ བླ་རུ་ཟེར་ག་རེད་་་ག་རེ་ཟེར་ག་རེད་ ་་གཙང་པོ་ཁོ་ར་འཁྲུས་ས་ཡོག་རེད་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཆུ་ཡུར་ཡོག་རེད་
- བཅའ་འདྲི་བ་ལའོ་སི་་་་ཆུ་ང་ནང་ཚོའོ་ཨ་ནི་ཆུ་ཁོམ་ཟེར་བ་དེ་རྒྱག་ག་རེད་པད
- བཅའ་འདྲི་ཞུ་ཡུལ་ཆུ་ཁོམ་རྒྱག་ག་རེད་
- བཅའ་འདྲི་བ་ལའོ་སི་་་་ཆུ་ཁོམ་རྒྱག་དུས་མི་གཉིས་དགོས་ཡོག་རེད་ཡིན་གཅིག་མིན་གཅིག་
- བཅའ་འདྲི་ཞུ་ཡུལ་མི་གཉིས་དགོས་རེད་་་ཆུ་ཁོམ་ད་འདུག་སི་རས་ལྷེབ་ལྷེབ་འདུག་སི་ཟོས་ཞག་གི་རེད་པའ་
- བཅའ་འདྲི་བ་གླ་རེད་
- བཅའ་འདྲི་ཞུ་ཡུལ་དེ་ནས་ཚུར་རྒྱུག་པ་བཏང་་་དེ་ནས་ཚུར་རྒྱུག་པ་བཏང་་འདུག་སི་རྒྱུག་པ་བཏང་་་་ཁོ་གྲུ་བཞི་ར་གཅིག་བཟོས་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་དེའི་ཐག་པ་སྒྲག་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཨ་ནི་འདུག་སི་ཅུས་བྱས་འདུག་སི་རྒྱག་གི་རེད་
- བཅའ་འདྲི་བ་ལའོ་སི་་ལའོ་སི་་་ཆུ་ཁོམ་
- བཅའ་འདྲི་ཞུ་ཡུལ་ཆུ་ཁོམ་རྒྱག་གི་རེད་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་གཞན་ཆུ་འདི་དམའ་པོ་བྱས་ཚལ་ཞིང་ཡར་མཐོ་པོ་རེད་པའ་
- བཅའ་འདྲི་བ་ལའོ་སི་་་་ཨ་ནི་འདི་ཚལ་སྣ་ཁ་ག་ཚོས་ཙམ་བསྟབ་གི་ཡོད་ན་ང་ནང་ཚོས་
- བཅའ་འདྲི་ཞུ་ཡུལ་ཚལ་སྣ་ཁ་ར་འདི་་་ད་རྒྱ་ལ་ཕུག་བྱས་
- བཅའ་འདྲི་བ་རྒྱ་ལ་ཕུག་བྱས་
- བཅའ་འདྲི་ཞུ་ཡུལ་ཕྱིན་ཙི་ལ་ཕུག་བྱས་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཨ་ནི་འདི་དཔྱིད་ཀའི་སྒང་ལ་ཡང་གཙོང་ཡ་དང་ལ་ཕུག་སོས་པ་འདོན་ཡ་གི་ཀ་རིལ་ཟེ་ཆུན་ཆུན་ར་གཅིག་ཡོག་རེད་ལ་ཕུག་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་འོ་འདི་ཚོ་གསུམ་ལ་ཕུག་གསུམ་ ཨ་ནི་སྒོང་ལ་ཕུག་
- བཅའ་འདྲི་བ་སྒོང་ལ་ཕུག་བྱས་
- བཅའ་འདྲི་ཞུ་ཡུལ་གླ་འོ་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་འོ་འདི་ཀྱས་ཡོག་རེད་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཨ་ནི་པད་ཚལ་་་ཧ་སུན་་་བྱིན་ཚལ་་་ཕྱིན་ཚལ་
- བཅའ་འདྲི་བ་ཕྱིན་ཚལ་
- བཅའ་འདྲི་ཞུ་ཡུལ་ཕྱིན་ཚལ་ཟེ་ད་ལྟ་ཧྲུའུ་ཡན་ཚལ་སྙེས་ཡག་དེ་
- བཅའ་འདྲི་བ་སྙེས་ཡག་དེ་རེད་པའ་
- བཅའ་འདྲི་ཞུ་ཡུལ་འོ
- བཅའ་འདྲི་བ་ཨ་ལས་་་
- བཅའ་འདྲི་ཞུ་ཡུལ་ཨ་ནི་པད་ཚལ་བྱས་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་བ་བྱིན་ཚལ་བྱས་
- བཅའ་འདྲི་བ་བྱིན་ཚལ་བྱས་
- བཅའ་འདྲི་ཞུ་ཡུལ་འོ་་་ཨ་ནི་སྒོང་ལ་ཕུག་བྱས་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཨ་ནི་ལ་ཕུག་རྒྱ་ལ་ཕུག་དང་དེ་ཚོ་འགྲིག་སོང་ང་
- བཅའ་འདྲི་བ་འགྲིག་སོང་་་རྒྱ་ལ་ཕུག་འགྲིག་སོང་
- བཅའ་འདྲི་ཞུ་ཡུལ་འོ་འདི
- བཅའ་འདྲི་བ་ལའོ་སི་་་་ཨ་ནི་ལུད་ག་འདྲས་སི་སྐྱོན་ག་རེད་
- བཅའ་འདྲི་ཞུ་ཡུལ་ལུད་་་ད་ལྷ་སའི་སིང་གི་གསང་སྤྱོད་དེ་ཚོ་་
- བཅའ་འདྲི་བ་བཏོན་ཀར་འགྲོ་ཀ་རེད་པད་
- བཅའ་འདྲི་ཞུ་ཡུལ་བཏོན་གི་རེད
- བཅའ་འདྲི་བ་ལའོ་སི་ སྒང་ག་གོ་ཐལ་ཡོད་པ་ཤག་གཅིག་རེད་་་དམར་ལུས་རེད་པད་
- བཅའ་འདྲི་ཞུ་ཡུལ་གོ་ཐལ་ཡོད་པ་ཤག་གཅིག་རེད་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་གོ་ཐལ་ཡོད་པ་ཤག་གཅིག་རེད་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཡང་ལུས་བཏོན་མཁན་མི་ལྷག་སྤོ་ར་གཅིག་ཡོག་རེད་
- བཅའ་འདྲི་བ་ལའོ་སི་་་མི་ལྷག་འགྲིག་གནང་གི་ཡོག་རེད་པད་
- བཅའ་འདྲི་ཞུ་ཡུལ་མི་ལྷག་རེད་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་མི་ལྷག་རེད་དེ་ང་ཚོ་ནང་གཙུག་ཙམ་སྡད་གི་རེད་
- བཅའ་འདྲི་བ་གཙུག་དེ་ནང་ལ་བཞུགས་གི་ཡོག་རེད་པའ་
- བཅའ་འདྲི་ཞུ་ཡུལ་འོ་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཁོ་ར་ཁྱིམ་ཚང་བྱད་ནི་ཕར་འགྲོ་ས་སི་གལ་མི་འདུག་སྤུ་གུ་གཅིག་ད་
- བཅའ་འདྲི་བ་འོ་རེད་པ་ལགས།
- བཅའ་འདྲི་ཞུ་ཡུལ་འོ་གཅིག་ཡོག་རེད་ འོ་འདིས་བཏོན་གར་འགྲོ་གི་རེད་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཨ་ནི་སྤོ་འདི་གྲོང་ནས་ཡང་འདིའི་འཇུག་གུར་ཡ་ང་ཚོའི་གཡོག་པོ་འདིས་ཀྱད་བཏོན་གར་འགྲོ་གི་རེད་
- བཅའ་འདྲི་བ་ལའོ་སི་་་་ལའོ་ལའོ་་་ཨ་ནི་ང་ནང་ཚོ་ཨ་མ་ལགས་གི་བར་དུ་མི་ཐིག་ག་ཚོད་ཙམ་ཞིག་འགྲོ་གི་ཡོད་ན་
- བཅའ་འདྲི་ཞུ་ཡུལ་ང་ནས་ཨ་
- བཅའ་འདྲི་བ་འོ་ཚལ་བཏབ་གནང་མཁན་
- བཅའ་འདྲི་ཞུ་ཡུལ་ད་ང་རྨོ་ལགས་གི་དེ་ནས་མ་གཞི་ཤན་བཤོད་ཡག་སི་མི་འདུག་ག་
- བཅའ་འདྲི་བ་ལའོ་སི་་་རྨོ་ལགས་གི་ཙ་གཅིག་ནས་
- བཅའ་འདྲི་ཞུ་ཡུལ་འོ་་་ངའི་རྨོ་བྱས་་་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ཨ་ནི་རྨོ་ལགས་འཇུག་གུར་་་ཨ་མ་ལགས་ནི་གནའ་མར་ གཏེར་བ་རེད་པའ་
- བཅའ་འདྲི་བ་འོ་རེད་པའ་
- བཅའ་འདྲི་ཞུ་ཡུལ་ཨ་ནི་ང་རང་བྱས
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་མདའ་ག་རེད
- བཅའ་འདྲི་བ་ལའོ་སི་་་་ཨ་ནི་རྨོ་ལགས་་་ལྷ་སའི་ཁུལ་ལ་ཚལ་བཏབ་གནང་མཁན་ང་ནང་ཚོ་ཀླུ་སྦུག་རྒྱུད་ལ་མན་པའི་ཧ་པ་ལའི་ཡན་ཆད་
- བཅའ་འདྲི་ཞུ་ཡུལ་ཧ་པ་ལི་ཡོག་རེད་
- བཅའ་འདྲི་བ་ལའོ་སི་་་ཨ་ནི་དེ་ནས་ག་པར་ག་པར་ཡོད་ན་
- བཅའ་འདྲི་ཞུ་ཡུལ་ཚལ་སྨད་བྱས་་་་ར་མོ་ཆེའི་རྒྱུད་དེ་ནས་ཡར་
- བཅའ་འདྲི་བ་ཚལ་སྨད་བྱས་
- བཅའ་འདྲི་ཞུ་ཡུལ་ཚལ་སྨད་ཟེར་མཁན་བྱས་
- བཅའ་འདྲི་བ་ཨ་ནི་་་ཚལ་ཤར་ཟེར་མཁན་གཅིག་ཡོག་རེད་པད་
- བཅའ་འདྲི་ཞུ་ཡུལ་ཚལ་ཤར་ཟེར་མཁན་གཅིག་ཡོག་རེད་
- བཅའ་འདྲི་བ་ལའོ་སི་་་་ས་སྐྱ་ཚལ་ཞིང་ཟེར་མཁན་གཅིག་འདུག་་་འདི་ག་འདྲས་ཡིན་ན་
- བཅའ་འདྲི་ཞུ་ཡུལ་ས་སྐྱ་ཚལ་ཞིང་ཟེར་མཁན་ཡོག་རེད་
- བཅའ་འདྲི་བ་འོ་ལ་
- བཅའ་འདྲི་ཞུ་ཡུལ་ད་འདི་ཀྱད་འདིའི་ཁུལ་ལ་ཡོག་རེད་་་་ག་གའི་རྒྱབ་ལོག་ལ་རེད་རྨུ་རུའི་རྒྱབ་ལོག་ལ་རེད་
- བཅའ་འདྲི་བ་རྨུ་རུའི་རྒྱབ་གི་སྔོས་ཕྱོག་འདི་ནས་རེད་ཤག་
- བཅའ་འདྲི་ཞུ་ཡུལ་འོ་འདི་པའ་གཅིག་ལ་ཡོག་རེད་
- བཅའ་འདྲི་བ་གླ་འོ་
- བཅའ་འདྲི་ཞུ་ཡུལ་ས་སྐྱ་ཚལ་ཞིང་ཟེར་
- བཅའ་འདྲི་བ་ད་ལྟ་སློབ་འབྲིང་གཉིས་པ་ཟེར་བ་དེ་ཁེལ་གི་འདུག་ག་
- བཅའ་འདྲི་ཞུ་ཡུལ་ལའོ་སི་་་་ཨ་ལས་
- བཅའ་འདྲི་བ་ས་སྐྱ་ཚལ་ཞིང་ཟེར་བ་འདི་ས་སྐྱ་ནས་རེད་་་ག་འདྲས་རེད་་་ལྷ་ས་ཡིན་ན་་་རྒྱ་རྒྱུད་ཡིན་ན་
- བཅའ་འདྲི་ཞུ་ཡུལ་ག་འདྲས་ར་གཅིག་་་་བོད་རིགས་་་བོད་རིགས་གཙང་གཙང་ཟེར་གི་འདུག་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་དང་པོ་དང་པོ་འདི་ཟིན་མཁན་འདིས་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་མིང་ར་གཅིག་ས་སྐྱ་ཚལ་ཞིང་ཡིན་ན་གཅིག་ཟེར་གི་འདུག་ག་་་ག་འདྲ་ཡིན་ན་
- བཅའ་འདྲི་བ་ལའོ་སི་
- བཅའ་འདྲི་ཞུ་ཡུལ་ས་སྐྱ་རང་གི་ས་ཁུང་ར་གཅིག་ཡིན་མན་ན་་་ག་རེའི་ཁུང་ཡིན་ན་
- བཅའ་འདྲི་བ་ལའོ་སི་་་་་་