31 Jan 2012
11 min 48 sec
Video Overview
Creators:
Unknown
Second part of Buchung's interview of Sonam Yudron. Here she describes where many of Lhasa's lingkas were located, and talks about other familiar features of Lhasa's pre-1950s landscape.
- Lhasa
- Ü
- བཅའ་འདྲི་བ་ཨ་ནི་སྔོན་མའ་ཨའེམ་་་་ང་རྣམས་ཚོའི་འདི་་་ཤར་གྲོང་མ་མར་ལ་གཙོ་བོ་ད་ཚལ་བཙོང་ས་དང་འདི་རྒྱས་བྱས་ཨ་ནི་ཁྲོམ་གཟིགས་ཁང་ཟེ་སྔ་མ་ནས་ཡོགས་རེད་པས་ལ་དེང་སང་གི་ཁྲོམ་གཟིགས་ཁང་འདི། རྒྱ་རྒྱུད་འདི་བར་ལ་ཚོང་ བཙོང་ས་འདི་འདྲས་ཡོགས་རེད་པས་ལ་སྔོན་མ་ནས་་་་
- བཅའ་འདྲི་ཞུ་ཡུལ་ཡོགས་མ་རེད།
- བཅའ་འདྲི་བ་ཡོགས་མ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་ཡོགས་མ་རེད།
- བཅའ་འདྲི་བ་ད་འདི་རྗེས་ལ་མིང་ཐོབ་ཀྱོགས་འདི་འདྲས་འདྲ།
- བཅའ་འདྲི་ཞུ་ཡུལ་ཨའེམ་་་་ཞུག་གུའ་རེད་
- བཅའ་འདྲི་བ་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་ཁྲོམ་གཟིགས་ཁང་ཟེར་རྒྱབ་པཱ་རེད་པའ་ལ།
- བཅའ་འདྲི་བ་ལོའ་སེ། འདི་ཙའ་འདས་སྔོན་མའ་་་
- བཅའ་འདྲི་ཞུ་ཡུལ་ས་ཆ་ལོག་ནས། འདམ་རྭ་རེད་པ།
- བཅའ་འདྲི་བ་འདམ་རྭ་རེད་པས།
- བཅའ་འདྲི་ཞུ་ཡུལ་འདམ་རྭ་རེད།
- བཅའ་འདྲི་བ་ཨའ་ལས་་་ད་ལྟ་ཁྲོམ་གཟིགས་ཁང་ཡོད་ས་འདི་རུ་
- བཅའ་འདྲི་ཞུ་ཡུལ་འོའ་་་་འདི་རྒྱུད་འདས་ སྲས་ཆུང་འདམ་རྭ་ཟེར་གྱི་རེད།
- བཅའ་འདྲི་བ་སྲས་ཆུང་འདམ་རྭ་ཟེར་གྱི་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་ཧེ། རེད།
- བཅའ་འདྲི་བ་འོའོ་གསུངས་གི་རེད།
- བཅའ་འདྲི་བ་ཧའ་་་ཨེམ། ཨ་སྔོན་མ་གླིང་སྐོར་འདི་་་དེང་སང་ནང་བཞིན་རྒྱ་ཆེན་པོ་འདི་འདྲས་ཡོགས་རེ་པས་ལ།
- བཅའ་འདྲི་ཞུ་ཡུལ་གླིང་སྐོར་ཨེས་་་་་་་
- བཅའ་འདྲི་བ་གླིང་སྐོར་ཐེས་དུས་ཐག་རིང་པོ་འདི་འདྲས་ཨ་ཡོད་ནའ།
- བཅའ་འདྲི་ཞུ་ཡུལ་འོའོམ་་་་་་་་ཡོགས་མ་རེད།
- བཅའ་འདྲི་བ་ལའོ་་་སེ་
- བཅའ་འདྲི་བ་ཤར་ར་དེ་ང་རྣམས་ཚོའི་དཔེ་ཆ་བཞག་ན་
- བཅའ་འདྲི་ཞུ་ཡུལ་འདི་ནས་ར་མོ་ཆེ་གྲོལ་ནི་ ཨ་ནི་་་་ཕར་ འདུག་ཟེ་ ཕར་ཤར་ཀྱག་འགྲོ་ས་ར་གཅིག་ཡོགས་རེད།
- བཅའ་འདྲི་བ་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་མ་ནས་ཡར་འདུག་ཟེ་སྐོར་ནེ། ད་གཤམ་ནས་ལྕགས་རི་བར་དུ་དང་འདི་རྒྱས་ད་ད་ག་རེད་ ཐག་རིང་ཐུང་
- བཅའ་འདྲི་བ་འད་ག་རང་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་འད་ག་རེད།
- བཅའ་འདྲི་བ་སྐུ་མདུན་གླིང་་་
- བཅའ་འདྲི་ཞུ་ཡུལ་སྐུ་མདུན་གླིང་གི་པར་རཱ་ལའེ།
- བཅའ་འདྲི་བ་བར་མ་རིའི་
- བཅའ་འདྲི་ཞུ་ཡུལ་འོ་འདི་ནས་མར་
- བཅའ་འདྲི་བ་རྒྱབ་ནས་ཕེབས་གོ་རེད་པས་
- བཅའ་འདྲི་ཞུ་ཡུལ་རེད་
- བཅའ་འདྲི་བ་ད་ག་རེད་ དེང་སང་ད་ག་རེད་ལ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་དེང་སང་འད་ག་རེད། སྐུ་མདུན་གླིང་གི་
- བཅའ་འདྲི་བ་འདུག་ཟེ་བྱས་ཡར་ཕེབས། ཀུ་ཤུ་གླིང་ཁ་དང་ཁམ་བུ་མཁྱེན་པ་གླིང་དང་འདི་རྒྱས་པར་རུའ་འདི་ནས་ཕེབས་གོ་རེདའ། རྗེས་རག་ཟེར་ཡག
- བཅའ་འདྲི་ཞུ་ཡུལ་རྗེས་རག་རྗེས་རག་ནང་འདས་ཡོགས་རེད།
- བཅའ་འདྲི་བ་ཞོག་ད་ལྷོ་སྔོས་ཕྱོགས་འདི་ནས་ཕེབས་གོ་རེད་པའ་ལ་།
- བཅའ་འདྲི་ཞུ་ཡུལ་ལ་རེད། རྗེས་རག་ནང་ནས་ཡར་བྱས་འགྲོ་གི་རེད།
- བཅའ་འདྲི་བ་ལའ་སེ། ར་མོ་ཆེ་ལ་ཕེབས།
- བཅའ་འདྲི་ཞུ་ཡུལ་ཨ་ནི་ར་མོ་ཆེ་ལ་ཕྱིན།
- བཅའ་འདྲི་བ་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་ཨ་སོ་སོའི་ཁང་པ་ཁ་ཐུག་རས་དེ། ད་ད་ལྷ་ས་ལ་དཀྱིལ་ལ་བཞུགས་ཉན་འདི་ཚོ་མང་པོ་གཅིག་ར་མོ་ཆེ་ནས་ལོག་ཐེག་གི་རེད་པའ་ལ
- བཅའ་འདྲི་བ་ལ་རེད་ལ།
- བཅའ་འདྲི་ཞུ་ཡུལ་ཚལ་ཞིང་སོང་ཙང་འབེད་མ་འདུག་ཟེ་ཕྱིན་ཚལ་ཞིང་འདི་ནས་ཚུར་ཡོང་གི་རེད།
- བཅའ་འདྲི་བ་ལའོ་སེ།་་་་་་་ཨ་ནི་འདི་ཨའེམ་་་་་་ སྔོན་མ་འདི་་་་་ལྷ་སའ་ཡགས་རིག་གསུམ་ལ་ཁང་ལྷ་ཁང་ཟེ་ད་
- བཅའ་འདྲི་ཞུ་ཡུལ་ཨའོ་་་ཡོགས་རེད།
- བཅའ་འདྲི་བ་ཕྱོགས་བཞི་ལ་རིག་གསུམ་ལྷ་ཁང་ཟེ་ཡོགས་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་ཡོགས་རེད་ ཡོགས་རེད།
- བཅའ་འདྲི་བ་འདི་རྒྱས་རྨོའོ་ལགས་ཀྱི་མཁྱེན་གྱི་ཡོད་ན་་་། ཤར་དང་། ནུབ་དང་། ལྷོ། བྱང་། འདིའི་མཚམས་རེ་རེ་ལ་ཡང་རེ་རེ་འདུག་གང་ལ།
- བཅའ་འདྲི་ཞུ་ཡུལ་ཡོགས་རེད། ་་་ཤར་རིག་གསུམ་མགོན་པོ་ཟེར་ཡས་འདི་འདི་རྒྱུད་འདས། འོ་འདོད་འོ་འདོད་ཞིང་ཁ་ཟེར་གོ་རེད་ག་རེ་ཟེར་གོ་རེད་ད།
- བཅའ་འདྲི་བ་འོ་འདོད་ཞིང་ཁ།
- བཅའ་འདྲི་ཞུ་ཡུལ་འོའོ་་་་འདིའི་གི་སྐྲང་ལམ་ཕར་ཕྱོགས་ནས་ཡར་ཕྱིན་པས་རྒྱུད་འདས་ཡོགས་རེད། འདི་རིག་གསུམ་མགོན་པོ་གཅིག་རེད།
- བཅའ་འདྲི་བ་ཡུན་རིང་ལྷ་ཁང་ཟ་གཅིག་ཟེར་གྱིས་། འདིའི་ཙའ་འདི་པ་མ་རེད་པ་ལ།
- བཅའ་འདྲི་ཞུ་ཡུལ་འོ་འདི། ཡུན་རིང་ཡུན་རིང་ལྷ་ཁང་ཟགས་འདས་ཡགས།
- བཅའ་འདྲི་བ་ཨའ་ལས་འོ་ད་ག་རེད་པས་ལ།
- བཅའ་འདྲི་ཞུ་ཡུལ་རེད།
- བཅའ་འདྲི་བ་འོ་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་ཤར་ལྷོའི་ཁར་ཐུག་འདས།
- བཅའ་འདྲི་བ་འོ་ཏག་ཏག་ཤར་ལྷོའི་ཁར་ཐུག་འདས་རེད་ཞག:
- བཅའ་འདྲི་ཞུ་ཡུལ་ཡུན་རིང་ལྷ་ཁང་ཟེར་ངན་འདི་བྱས།
- བཅའ་འདྲི་བ་ཏག་ཏག་ལ།
- བཅའ་འདྲི་ཞུ་ཡུལ་ད་འདི་ནས་མར་གཤམ་འདི། ག་གི་དཀྱིལ་འདས་རེད། ད་རྒྱ་ལྷ་ཁང་གི་གཤམ་འདས་རེད་པས། འདིའི་མཚམས་འདས་ཡང་རིག་གསུམ་ལྷ་ཁང་གཅིག་ཡོགས་རེད།
- བཅའ་འདྲི་བ་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་གཅིག་ཡོགས་རེད།
- བཅའ་འདྲི་བ་ལྷོ་རིག་གསུམ་མགོན་པོ་འདི་ད་ལྟའི་འདུག་ག
- བཅའ་འདྲི་ཞུ་ཡུལ་ལྷོ་རིག་གསུམ་མགོན་པོ་
- བཅའ་འདྲི་བ་དགའ་ལྡན་དགོན་པས་ཉར་པ་འདི་རེད་པས་ལ།
- བཅའ་འདྲི་ཞུ་ཡུལ་རེད། དགའ་ལྡན་དགོན་པའི་འདི་རེད།
- བཅའ་འདྲི་བ་ལའོ་སེ་
- བཅའ་འདྲི་ཞུ་ཡུལ་ཨ་ནི་མ་གའི་ནུབ་རིག་གསུམ་མགོན་པོ་གླུ་སྒུག་མ་གས་འདུག་ཀང་།
- བཅའ་འདྲི་བ་གླུ་སྒུག་ད་ལྟ་མི་སེར་ཁང་པའི་པར་རུ་འདས་གཅིག་འདུག འདི་རེད་པས་ལ།
- བཅའ་འདྲི་ཞུ་ཡུལ་འོ་འདི་རེད།
- བཅའ་འདྲི་བ་ཨའ་་་ལས་ལས། ལའོ་སེ།
- བཅའ་འདྲི་ཞུ་ཡུལ་སྒོ་མར་ནུབ་ལ་སློག་ཞག་པ་གཅིག
- བཅའ་འདྲི་བ་འོའ་་་་ཏག་ཏག་འདུག
- བཅའ་འདྲི་ཞུ་ཡུལ་འོའ་་་ད་ག་རེད།
- བཅའ་འདྲི་བ་ལའོ་སེ། སྟེ་ནི་ཨའེམ་་་་་་གཡུ་ཐོག་ཙའ་འདས་ཡགས་རིག་གསུམ་མགོན་ལྷ་ཁང་གཅིག་འདུག།
- བཅའ་འདྲི་ཞུ་ཡུལ་རེད། ཡོགས་རེད།
- བཅའ་འདྲི་བ་འདི་ནུབ་བྱང་འདི་རེད་པས་ལ།
- བཅའ་འདྲི་ཞུ་ཡུལ་ད་ཨའེམ་་་་་མཚམས་སོ་སོའི་འདི་རེད་གཅིག་མིན་འགྲོའོ།
- བཅའ་འདྲི་བ་འདི་མཚམས་འདི་རེད་དའ་བྱས་ན།
- བཅའ་འདྲི་ཞུ་ཡུལ་མཚམས་འདི་ཚོད་འདི།
- བཅའ་འདྲི་བ་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་ད་འདི་ནས།
- བཅའ་འདྲི་བ་འདི་ནས་ཏེ་ནི་ ཨོའོ་་་་་་་སེའེ་་འདས་གཅིག་འདུག་ག་ལ།
- བཅའ་འདྲི་ཞུ་ཡུལ་ཨོ་་་རྨུ་རུའི་ འདི་པའ་གཅིག་རེད།
- བཅའ་འདྲི་བ་ད་ལྟ་རྒྱུད་སྨད་ཀྱི་
- བཅའ་འདྲི་ཞུ་ཡུལ་འོ་འདིའི།
- བཅའ་འདྲི་བ་སྔོན་མ། རྒྱུད་སྨད་ཀྱི་ཆོས་རྭའི།
- བཅའ་འདྲི་ཞུ་ཡུལ་འོའོ་འདིའི་
- བཅའ་འདྲི་བ་རྭ་མོ་ཆེའི་སྔོས་ཕྱོགས་འགྲོ་ས་འདས་ཡགས་གཅིག་འདུག་ཀ་འདི་ནུབ་འདི་རེད་པས་ལ།:
- བཅའ་འདྲི་ཞུ་ཡུལ་འོ་འདིའི་མཚམས་རེད་གཅིག་རེད།
- བཅའ་འདྲི་བ་མཚམས་གཅིག་རེད་པས་ལ།
- བཅའ་འདྲི་ཞུ་ཡུལ་མཚམས་གཅིག་བྱས་ ཨ་ནི་་་བྱང་རིག་གསུམ་མགོན་པོ་ད་ལྟ་བསྡད་འདུག་གང་།
- བཅའ་འདྲི་བ་ཨའེམ་་་་་་་་
- བཅའ་འདྲི་ཞུ་ཡུལ་གཟིགས་བྱུང་ངས། རྭ་མོ་ཆེའི་པར་རག་འདས།
- བཅའ་འདྲི་བ་འོ་འདས་་་འདུག་འདུག་འདུག
- བཅའ་འདྲི་ཞུ་ཡུལ་འོའོ་་་་འདས།
- བཅའ་འདྲི་བ་ད་བྱས་ན་མཚམས་འདི་འདི་འདྲའ། ཆིང་ཀུང་༼རྒྱ་སྐད༽གནང་ས་འདས་ཡགས། བདེ་མོ་ལྷ་ཁང་གི་ཤར་སྔོས་ཕྱོགས་འདས། རིག་གསུམ་གི་ལྷ་ཁང་གཅིག་ཡོགས་རེད་ཟག འདི་མཚམས་འདི་མན་འགྲོའོ།
- བཅའ་འདྲི་ཞུ་ཡུལ་ཨའོ་་་་་་རིག་གསུམ་ལྷ་ཁང་གཅིག་རྭ་མོ་ཆེའི་གི་རྒྱུད་འདས་
- བཅའ་འདྲི་བ་འདི་བྱང་རིག་གསུམ་མགོན་པོ་འདི།
- བཅའ་འདྲི་ཞུ་ཡུལ་བྱང་རིག་གསུམ་མགོན་པོ་བྱས།
- བཅའ་འདྲི་བ་ལའོ་སེ།།
- བཅའ་འདྲི་ཞུ་ཡུལ་ཨའེམ་་་་་ད་གའི་ཞོག་འདིའི་ཞི་བསྐྲུན་ལྷ་ཁང་ཟེ་གཅིག་ཡོགས་རེད།
- བཅའ་འདྲི་བ་འོ་འོ་འོ་་་་
- བཅའ་འདྲི་ཞུ་ཡུལ་འདི་ཚོ་སློག་མེད་འགྲོ།
- བཅའ་འདྲི་བ་འདི་ལྟ་ལ་་་་་
- བཅའ་འདྲི་ཞུ་ཡུལ་ཞི་བསྐྲུན་ལྷ་ཁང་ཟེ།
- བཅའ་འདྲི་བ་ཁག་ཅིག་བསྡད་ཞག
- བཅའ་འདྲི་ཞུ་ཡུལ་བསྡད་འདུས་གས།
- བཅའ་འདྲི་བ་བསྡད་ཞག བསྡད་ཞག
- བཅའ་འདྲི་ཞུ་ཡུལ་ཞི་བསྐྲུན་ལྷ་ཁང་ཟེར་ཡགས་ཡོགས་རེད།
- བཅའ་འདྲི་བ་འདི་་་་་རྩམ་པའི་ཀུང་སི༼རྒྱ་སྐད་༽འི་་་་
- བཅའ་འདྲི་ཞུ་ཡུལ་འོ་་་འདི།
- བཅའ་འདྲི་བ་རྒྱབ་འདས་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་འོ་་་འདི་རེད།
- བཅའ་འདྲི་བ་འདི་བསྡད་ཞག བསྡད་ཞག
- བཅའ་འདྲི་ཞུ་ཡུལ་ཨའོ་་་་་འོ་་་་:
- བཅའ་འདྲི་བ་བསྡད་ཞག་ཏའི་ཡིན་ནའི་ད། ཨའེམ་་་་འདི་རེད་འདུག་གང་ལ། རྩམ་པའི་ཀུང་སི༼རྒྱ་སྐད་༽ས་ཉར་བསྡད་ཡོད་པ་འདྲ།
- བཅའ་འདྲི་ཞུ་ཡུལ་འོ་་་་འོ། ཡིན་གྱི་རེད་ལ།
- བཅའ་འདྲི་བ་ལའོ་སེ།་་་་་ཨ་ནི་་་འེམ་་་་་སྔོན་མ་གླིང་ཁ་ཆེས་རང་ག་ཚད་ཙམ་གཅིག་ཡོད་ནམ། རྨོ་བོ་ལགས། རྨོ་བོ་ལགས་མཁྱེན་པ་འདི་འདྲས་
- བཅའ་འདྲི་ཞུ་ཡུལ་གླིང་ཁ་གཅིག་དང་ཞུ་ཡས་མེད་དང་ལ།
- བཅའ་འདྲི་བ་ལའོ་སེ་་་
- བཅའ་འདྲི་ཞུ་ཡུལ་ཁྲལ་བདེ་གླིང་ཁ། ཨའེམ་་་་་ཆེ་ཤོས་ར་གཅིག གླིང་ཁ་ཆེ་ཤོས་ར་གཅིག་གྲོང་ཕྱི་གླིང་ཁ་ཟེར་ཡས་གཅིག་ཡོགས་རེད།
- བཅའ་འདྲི་བ་གྲོང་ཕྱི་གླིང་ཁ་ཟེར་འདི་ཡར་གས་ད་ལྟ་ཛང་ཁང་ཞོའི་སླབ་གྲྭ་ཡོད་ས་འདི་རེད་པས།
- བཅའ་འདྲི་ཞུ་ཡུལ་འོ་་་འདིའི་རྒྱུད་འདས་རེད།
- བཅའ་འདྲི་བ་རྩེ་གྲུང་གི་གླིང་ཁ་ཟེར་གྱི་མེད་འགྲོ།
- བཅའ་འདྲི་ཞུ་ཡུལ་རྩེ་གྲུང་གླིང་ཁ་གཤམ་འདས་མར་རེད།
- བཅའ་འདྲི་བ་ཨའའ་་་ལས་གཤམ་འདས་མར་རེད་པས།
- བཅའ་འདྲི་ཞུ་ཡུལ་ང་ཚོའི་ཚལ་ཞིང་སྔོས་ཕྱོགས་ཁ་ཐུག་འདི་པའ་སྔོན་ཕྱོགས་ད་ལྟའི་བྱང་སྔོན་:
- བཅའ་འདྲི་བ་ད་ལྟ་དམག་སྒར་སྔོན་ཕྱོགས་
- བཅའ་འདྲི་ཞུ་ཡུལ་འོ་འདིའི་རྒྱུད་འདི་པའ་རེད་རྩེ་གྲུང་གླིང་ཁ་བྱས། ཐལ་བདེ་གླིང་ཁ་བྱས།
- བཅའ་འདྲི་བ་ཐལ་བདེ་གླིང་ཁ།
- བཅའ་འདྲི་ཞུ་ཡུལ་འོང་་་
- བཅའ་འདྲི་བ་རྡོ་རོགས་གླིང་ཁ་ཟེར་ཡགས་འདི་
- བཅའ་འདྲི་ཞུ་ཡུལ་ཨའེམ་་་་་་རྡོ་རོགས་གླིང་ཁ་ཟེར་ཡགས་འདི་འདིའི་ཐོད་འདས་ཡར་ཡོགས་རེད།
- བཅའ་འདྲི་བ་གྲོང་ཕྱི་གླིང་ཁ། རྡོ་རོགས་གླིང་ཁ། ལྗགས་མག་གླིང་ཁ་ཟེ་སྔོན་མའ་གླིང་ཁ་གའི་མེད་པ་འདྲའ།
- བཅའ་འདྲི་ཞུ་ཡུལ་ལྗགས་མའ་གླིང་ཁ་ཟེ་གླིང་སྟོང་རེད།:
- བཅའ་འདྲི་བ་གླིང་སྟོང་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་གླིང་སྟོང་རེད།
- བཅའ་འདྲི་བ་ད་རྗེས་ཀྱི་གནས་ཚུལ་རེད་རེད་པའ་ལ་ད་འདི།
- བཅའ་འདྲི་ཞུ་ཡུལ་ད་དེང་སང་མིའི་གཅིག་གི་གཅིག་རྒྱབ་མ་བཞིན་གླིང་སྟོང་རེད་ལ་མ་མའ་གླིང་ཁ་བཏང་ངན་གཅིག་དང་ཡོགས་མ་རེད།
- བཅའ་འདྲི་བ་ལའོ་སེ། སྔོན་མའ་གླིང་ཁ་བཏང་དུས། ཨེ་་་
- བཅའ་འདྲི་ཞུ་ཡུལ་རྐུ་མའ་གླིང་ཁ་གཅིག་དང་ཟེར་གི་རེད། རྐུ་མའ་རྒྱག་ས་
- བཅའ་འདྲི་བ་འོ་་་ཟེར་གི་འདུག་གང་ལ། རྐུ་མའ་རྒྱབ་ས།་་་རྐུ་མའ་གླིང་ཁ་ཟེར་གི་འདུག་གཱ།
- བཅའ་འདྲི་བ་འདི་སྤྱི་ཚོགས་རྙིང་པ་ནས་རྐུ་མའ་གླིང་ཁ་ཟེར་འབོད་གི་ཡོགས་རེད་པས།
- བཅའ་འདྲི་ཞུ་ཡུལ་རེད།
- བཅའ་འདྲི་བ་ཨའ་་་ལས་ལས། ལའོ་སེ།
- བཅའ་འདྲི་ཞུ་ཡུལ་རྐུ་མའ་གླིང་ཁ་ཟེར་གི་རེད།
- བཅའ་འདྲི་བ་ལའོ་སེ། སྤོ་བོ་གླིང་ཁ་ཟེར་ཡགས་འདི་རྒྱ་ཆེ་ཆུང་ཡོད་ནའ།
- བཅའ་འདྲི་ཞུ་ཡུལ་སྤོ་བོ་གླིང་ཁ་ཟེར་ཡགས་འདིའི་རྒྱ་ཆེན་པོ་རེད་གཅིག་ཡོགས་རེད།
- བཅའ་འདྲི་བ་ལའོ་སེ། ལའོ་སེ། ཨ་ནི་འེམ་་་་་་
- བཅའ་འདྲི་ཞུ་ཡུལ་པད་ལྷའི་མཚོ་སྐུ་
- བཅའ་འདྲི་བ་པད་ལྷའི་མཚོ་སྐུ་འོ་ཏག་ཏག འདི་་་ཡར་གས་ཧའེ་པའ་ལིན་༼རྒྱ་སྐད་༽གྱི་ར་གེ་ཏུད་༼རྒྱ་སྐད་༽སྔོན་ཕྱོགས་འདས་རེད་པ་ལ།
- བཅའ་འདྲི་ཞུ་ཡུལ་ཡར་གས་ཡར་ཁང་པ་ག་གི་རེད། རུམ་ཐག་རེད་
- བཅའ་འདྲི་བ་དེང་སང་འདི་རེད། ཨའོ་་་་་་རུམ་ཐག་སྔོན་ཕྱོགས་འདི་པའ་ཁེད་བསྡད་ཡོགས་རེད།
- བཅའ་འདྲི་ཞུ་ཡུལ་རུམ་ཐག་རེད།
- བཅའ་འདྲི་བ་ཏག་ཏག་རེད།
- བཅའ་འདྲི་ཞུ་ཡུལ་ཀརྨ་ཤར་གི་གླིང་ཁ།
- བཅའ་འདྲི་བ་ཀརྨ་ཤར་གླིང་ཁ་ག་གས་རེད་ལ།
- བཅའ་འདྲི་ཞུ་ཡུལ་ཀརྨ་ཤར་གི་གླིང་ཁ་འདི། ཨའེམ་་་་ཡང་པད་ལྷའི་མཚོ་སྐུའི་ཕར་ཕྱོགས་སྔོན་འདས་ཕར་རེད།
- བཅའ་འདྲི་བ་འོ་་་་་་་
- བཅའ་འདྲི་ཞུ་ཡུལ་ད་འདི་ཡགས་ག་རེ་རེད་གཅིག་དཀྱིལ་རེད་འདི་ཚོ།
- བཅའ་འདྲི་བ་ཐག་རིང་གི་ལྷོ་སྔོན་ཕྱོགས་ལ་ཁེད་བསྡད་ཡོགས་མིན་འགྲོ།
- བཅའ་འདྲི་ཞུ་ཡུལ་ཐག་རིང་གི་ལྷོ་སྔོན་ཕྱོགས་ལ་ཡགས།
- བཅའ་འདྲི་བ་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་ལྷོ་སྔོན་ཕྱོགས་འདི་པར་ཁེད་ཀྱི་ཡོད་ནའ་་་་ཤར་འདས་ཁེད་ཀྱི་ཡོད་ནའ་ལ་ད། ལྷོ་ཀརྨ་ཤར་གྱི་གླིང་ཁ་ཟེ་གཅིག་ཡོགས་རེད།
- བཅའ་འདྲི་བ་ལའོ་སེ། ད་ལྟ་ཨོའོ་་་་ལྷ་སའི་མན་འདྲེན་པུའུ་༼རྒྱ་སྐད་༽ཡོད་པའ་ལ་
- བཅའ་འདྲི་ཞུ་ཡུལ་འོ།
- བཅའ་འདྲི་བ་འདི་གླིང་ཁ་ག་རེ་ཟེར་གྱི་རེད། སྔོན་མ་གླིང་ཁ་ཆེན་པོ་ཡོད་པ་འདྲ་འདིའི་ནང་ལོག་འདས།
- བཅའ་འདྲི་བ་སྒེར་པ་གཅིག་འའི་འདུག་ཟེར་གྱིས་རྨོ་བོ་ལགས་ཐུགས་མཁྱེན་ཨ་ཡོད་ན།
- བཅའ་འདྲི་ཞུ་ཡུལ་ཨའེམ་་་་་་་་མན་འདྲེན་པུའུ་༼རྒྱ་སྐད་༽འདས་གླིང་ཁ་ད་འདི་རྒྱུད་ཟེ་མེད་དང་།
- བཅའ་འདྲི་བ་ལའོ་སེ། འདི་་་་ང་ཚོའི་ད་ལྟ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཙ་འདས།
- བཅའ་འདྲི་ཞུ་ཡུལ་ད་འདིའི་རྒྱུད་འདས་
- བཅའ་འདྲི་བ་གླིང་ཁ་ཆེན་པོ་གཅིག་འདུག་ཟེར་གྱིས།
- བཅའ་འདྲི་ཞུ་ཡུལ་ཨོའོ་་་་་་་
- བཅའ་འདྲི་བ་སྔོན་མ་ནས།
- བཅའ་འདྲི་ཞུ་ཡུལ་མ་ཙང་འདིའི་རྒྱུད་འདི་ནས་ཡར་ཕ་ཆད་གླིང་ཁ་ཤ་ཅིག་རེད།
- བཅའ་འདྲི་བ་ལའོ་སེ། སྔོན་མ་ང་རྣམས་ཚོ་ཨའེམ་་་་འདི་ལྷ་སའ་འདི་ཚོ་སྐྱིད་སྡུག་སོ་སོ་ཟེ་ཡོགས་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་ལ་རེད།
- བཅའ་འདྲི་བ་སྐྱིད་སྡུག་སོ་སོ་འདི་ཚོ་གླིང་ཁ་བཏང་ཀང་ཕེབས་དུས་མར་ནོར་བུ་གླིང་ཁའི་སྔོན་ཕྱོགས་ལ་ཕེབས་གི་རེདའ་ཡར་ཤར་ལ་ཕེབས་གི་རེདའ།
- བཅའ་འདྲི་ཞུ་ཡུལ་ཨའེམ་སྐྱིད་སྡུག་སོ་སོའི་ད་ཁག་ཅིག་འདི་འདྲས་གི་གླིང་ཁ་ཆེན་པོ་ཞེ་དྲའ་བཏང་བྱས་འེའི་སྐྱིད་སྡུག་ཟེ་ཡོགས་མ་རེད།
- བཅའ་འདྲི་བ་ཨའ་་་ལས་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་གླིང་ཁ་ཆེན་པོ་བཏང་ངན། ད་ག་རེ་ཟེར་གོ་རེདའ་བོད་གཞུང་གི་ལས་ཁུངས་ཡོད་པ་དེ་ཚོའི་གླིང་ཁ་ཤ་ཅིག་རེད་པའ།
- བཅའ་འདྲི་བ་ལའ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་ད་ང་རང་ཚོ་ཕལ་པ་ད་གའ་ཟེ་མིའི་སྐྱིད་པོ་རེད་བྱེད་དུས་སྒང་ལ་ཡང། འདི་ཕྱག་མཛོད་གླིང་ཁ་ཟེར་ཉན་འདི་གཡར་གི་རེད།
- བཅའ་འདྲི་བ་ཕྱག་མཛོད་གླིང་ཁ།
- བཅའ་འདྲི་ཞུ་ཡུལ་འོང་་་་
- བཅའ་འདྲི་བ་ཕྱག་མཛོད་གླིང་ཁ་འདི་རྩ་འདས་ཡིན་ནཱ།
- བཅའ་འདྲི་ཞུ་ཡུལ་ཕྱག་མཛོད་གླིང་ཁ་འདི་ཧེའ་ཧེའ་ཧེའ་འདིའི་རྒྱུད་འདས་ཅིའི་རེད།
- བཅའ་འདྲི་བ་མར་གའ་མ་རེད་པས་ཨའེམ་་་་་ད་ལྟ་པད་ལྷའི་ཨོ་ཡོན་ལྷན་ཁང་གི་ལྷོ་སྔོན་ཕྱོགས་འདི་པར་ཁེད་གི་ཡོགས་རེད་པས་ལ།
- བཅའ་འདྲི་ཞུ་ཡུལ་པད་ལྷའི་ཨོ་ཡོན་ལྷན་ཁང་་་་ལྷོ་སྔོན་ཕྱོགས་གི་འོ་འདིའི་རྒྱུད་འདི་པའ་ཁེད་ཀྱི་ཡོད་པ་འདྲ། འོ་རེད།
- བཅའ་འདྲི་བ་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་ཁྲལ་སྡེ་གླིང་ཁ་
- བཅའ་འདྲི་བ་ལའོ་སེ། ཁྲལ་སྡེ་གླིང་ཁ།
- བཅའ་འདྲི་ཞུ་ཡུལ་རྩེ་གྲུང་གླིང་ཁ།
- བཅའ་འདྲི་བ་རྩེ་གྲུང་གླིང་ཁ།
- བཅའ་འདྲི་ཞུ་ཡུལ་འདུག་ཟེ་ཡོགས་རེད་པའ།
- བཅའ་འདྲི་བ་གྲོང་ཕྱི་གླིང་ཁ།:
- བཅའ་འདྲི་ཞུ་ཡུལ་གྲོང་ཕྱི་གླིང་ཁ་ཟེ། འདི་ཚོ་ད་འདི་དུས་ས་གནས་སྲིད་གཞུང་གི་སོ་སོ་སོའི་ཁུངས།
- བཅའ་འདྲི་བ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་དབྱར་སྐྱིད་གཏོང་གནང་གི་རེད་པའ།
- བཅའ་འདྲི་བ་ལ་རེད་ལ།
- བཅའ་འདྲི་ཞུ་ཡུལ་འོ་འདི་ཚོའི་གླིང་ཁ་རེད།
- བཅའ་འདྲི་བ་ལའོ་སེ། ཕྱག་མཛོད་གླིང་ཁ་ཟེར་ཡགས་འདི་ལ་ང་རང་ཚོའོ་་་་འདི་མི་སེར་ཚོ་ཕེབས་ཀྱི་ཡོགས་རེད་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་ཨའོ་་་་་ཕྱག་མཛོད་གླིང་ཁ་ཟེར་ཡགས་འདི་བླ་ཆགས།
- བཅའ་འདྲི་བ་བླ་ཆགས་གི་རེད་པས་ལ།
- བཅའ་འདྲི་ཞུ་ཡུལ་ཕྱག་མཛོད་གནང་སའི་འདི་ཚོའི་གླིང་ཁ་བཏང་ས་རེད་བླ་ཆགས།
- བཅའ་འདྲི་བ་ཨ་་་་ལས་ལས་ལས་་་
- བཅའ་འདྲི་ཞུ་ཡུལ་ཨ་ནི་ཡང་གཞན་དག་གླིང་ཁ་ཆེའི་འདྲ་བཏང་སྒོ་བྱུང་ན་ཡང་ཁ་ཤས་གས་གཡར་གི་འདུག་གང་
- བཅའ་འདྲི་བ་ལའོ་སེ། ནོར་བུ་གླིང་ཁའི་ནང་ལོགས་ཡགས་བཏང་སྲོལ་ཡོགས་རེད་པས་ལ།
- བཅའ་འདྲི་ཞུ་ཡུལ་ནོར་བུ་གླིང་ཁའི་ནང་ལ་གླིང་ཁ་བཏང་ངན་ཡོགས་མ་རེད།
- བཅའ་འདྲི་བ་ཡོགས་མ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་ཡོགས་མ་རེད།
- བཅའ་འདྲི་བ་བཏང་ཆོག་གིའི་ཡོད་ཀྱི་མ་རེད་པའ།
- བཅའ་འདྲི་ཞུ་ཡུལ་བཏང་ཆོག་གི་མ་རེད།
- བཅའ་འདྲི་བ་ཨའ་་་ལས་ལས་
- བཅའ་འདྲི་ཞུ་ཡུལ་འདི་དུས་སྒང་ལ་ནོར་བུ་གླིང་ཁའ་འགྲོ་དགོས་བྱུང་ན་ཕྱུ་པའི་ཕུ་མེད་གྱོན་ཆོག་གི་མ་རེད།
- བཅའ་འདྲི་བ་ཨ་ལས་་་་ང་རྣམས་ཚོ་བུད་མེད་ཕེབས་ན་
- བཅའ་འདྲི་ཞུ་ཡུལ་ཨའོ་
- བཅའ་འདྲི་བ་ཕུ་མེད་གྱོན་ཆོག་གི་མ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་གོན་ཆོག་གི་མ་རེད་ཕུ་ཡོད་གྱོན་གོ་རེད།
- བཅའ་འདྲི་བ་ཨའ་་་ལས་་་ཡིན་ཅིག་མིན་ཅིག་ཕུ་ཡོད་
- བཅའ་འདྲི་ཞུ་ཡུལ་ཞྭ་མོ་རྒྱ་གར་ཞྭ་མོ་འོ་འདི་གྱོན་ཆོག་གི་མ་རེད། ཡངས་མོ་འདི།
- བཅའ་འདྲི་བ་ཨའ་་་ལས་ལས་་་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་ཧམ་ཁོགའ་
- བཅའ་འདྲི་བ་ད་འདི་གུས་ཞབས་ཡིན་ཟེར་གི་ཡོགས་རེད།
- བཅའ་འདྲི་ཞུ་ཡུལ་འོང་གུས་ཞབས་རེད་པའ་
- བཅའ་འདྲི་བ་ལ་རེད་ལ།
- བཅའ་འདྲི་ཞུ་ཡུལ་ཧམ་ཁོགའ་་་་འཇུར་ཏ་གྱོན་ཆོག་གི་མ་རེད།
- བཅའ་འདྲི་བ་ཧམ་ཁོག་ཇུར་ཏ་གོན་མ་ཆོག་པ།
- བཅའ་འདྲི་ཞུ་ཡུལ་འོང་་་
- བཅའ་འདྲི་བ་རྒྱ་གར་ཞྭ་མོ་གྱོན་གནང་ཆོག་གི་མ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་སྟོད་རེངས་སྤིར་ཆོག་གི་མ་རེད།
- བཅའ་འདྲི་བ་སྟོད་རེངས་སྤིར་མ་ཆོག་པ།
- བཅའ་འདྲི་ཞུ་ཡུལ་འོང་་་ད་དཔེ་བཞག་ན་འོག་འཇུག་འདུག་ཟེ་བཅིང་ཆོག་གི་མ་རེད།
- བཅའ་འདྲི་བ་ད་འོག་འཇུག་མཆོད་བྱས་ཕེབས་ཆོག་གི་མ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་འོ་་་་ཨོན་་་་
- བཅའ་འདྲི་བ་ཕུ་མེད་འདི་འདྲས་བཅད།
- བཅའ་འདྲི་ཞུ་ཡུལ་འོང་། ཕུ་ཐུང་ཡོད་པ་འདི་འདྲས།
- བཅའ་འདྲི་བ་ཕུ་ཤུབས་ཡོད་པ་
- བཅའ་འདྲི་ཞུ་ཡུལ་འོང་།
- བཅའ་འདྲི་བ་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་ཕུ་ཐུང་ཡོད་པ་གྱོན་དགོས་རེད།
- བཅའ་འདྲི་བ་ལའོ་སེ། ཨ་ནི་ཞོ་་་་
- བཅའ་འདྲི་ཞུ་ཡུལ་གླིང་ཁ་བཏང་ངན་ཡོགས་མ་རེདམིའི་ནོར་བུ་གླིང་ཁའི་ནང་ལ།
- བཅའ་འདྲི་བ་མ་གཞི་ཁོ་ནས་གླིང་ཁ་བཏང་ངན་ཁོ་ར་ཡོགས་མ་རེད་པའ། ཞོ་སྟོན་མ་གས་ཡགས་ཚར་ན་ཨ་ནི་སོ་སོ་ལོག་ཡོང་རྒྱུ་རེད་པས།
- བཅའ་འདྲི་ཞུ་ཡུལ་ལོག་ཡོང་རྒྱུ་རེད།
- བཅའ་འདྲི་བ་གླིང་ཁ་བཏང་ངན་ཡོགས་མ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་ཡོག་མ་རེད།
- བཅའ་འདྲི་བ་ཨའ་་་ལས་ལས་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་ཞོ་སྟོན་རིང་ག་ཨ་ནི་མར་མར་སྐྱིད་པོ་བྱས་བསྡད་ག་བྱེད་ཀྱི་རེད།
- བཅའ་འདྲི་བ་སྐབས་འདི་དུས་ནོར་འདུས་གླིང་ཁ་ཟེ་ལབ་མ་གཏོགས་ནོར་འདུས་གླིང་ཁ་འདི་རྒྱ་ཆེན་པོ་རེད་ཅི་འདུག་འདས།:
- བཅའ་འདྲི་ཞུ་ཡུལ་སེམས་ཅན་འཚོ།
- བཅའ་འདྲི་བ་སེམས་ཅན་འཚོ་ཟེར་བ་མ་གཏོགས་ང་རང་ཚོ་
- བཅའ་འདྲི་ཞུ་ཡུལ་འདི་རྒྱས་གླིང་ཁ་མ་རེད།
- བཅའ་འདྲི་བ་དེང་སང་ནང་བཞིན་གླིང་ཁ་བཏང་ས་མ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་མ་རེད།
- བཅའ་འདྲི་བ་ཨའ་་་་ལའོ་སེ། ལའོ་སེ་ལའོ་སེ།
- བཅའ་འདྲི་བ་ནོར་བུ་གླིང་ཁའི་ནང་ལ་ཡགས་ཚལ་བཏབ་ངན་ཡོགས་རེད་པས།
- བཅའ་འདྲི་ཞུ་ཡུལ་ཡོགས་མ་རེད། ཡོགས་མ་རེད།
- བཅའ་འདྲི་བ་བྱས་ཙང་ཁ་ཤས་ཀྱི་ཡོགས་རེད་ཟེར་གྱིས་ཟེ།
- བཅའ་འདྲི་ཞུ་ཡུལ་ཡོགས་མ་རེད།
- བཅའ་འདྲི་ཞུ་ཡུལ་ཡོགས་མ་རེད། ནོར་བུ་གླིང་ཁའི་ཨའོ་་་ཚལ་འདི་ཨཾ་བའི་ཚལ་ཞིང་བྱས་ཕུལ་སྒོ་རེད།
- བཅའ་འདྲི་བ་ཡར་ཕུལ་སྒོ་རེད་པས་ལ།
- བཅའ་འདྲི་ཞུ་ཡུལ་རྒྱ་མིའི་་་་་
- བཅའ་འདྲི་བ་རྒྱ་མིའི་ཚལ་ཞིང་།
- བཅའ་འདྲི་ཞུ་ཡུལ་འོང་་་་་རྒྱ་མིའི་ཚལ་ཞིང་གི
- བཅའ་འདྲི་བ་ལའོ་སེ།
- བཅའ་འདྲི་ཞུ་ཡུལ་ཨཾ་བའི་ཚལ་ཨ་འདྲའི་རེད།
- བཅའ་འདྲི་བ་ལའོ་སེ། གཞན་མ་གིའི་ནང་ལོག་ལ་ཚལ་བཏབ་ཆོག་གི་མ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་བཏབ་ཆོག་གི་མ་རེད།
- བཅའ་འདྲི་བ་ཨོའོ་་་་
- བཅའ་འདྲི་ཞུ་ཡུལ་ཤིང་འབྲས་དེ་ཚོ་ཡོགས་རེད་པའ་མིའིཡུལ་ལྗོངས་གི་འདི་འདྲས།
- བཅའ་འདྲི་བ་འོ་ད་ཤིང་འབྲས་སྣ་མན་སྣ་ཚོགས་འདུག་གང་ལ།
- བཅའ་འདྲི་ཞུ་ཡུལ་འོང་་་་
- བཅའ་འདྲི་བ་ལ་རེད་ལ།
- བཅའ་འདྲི་ཞུ་ཡུལ་ཨ་འདི་ནང་བཞིན་ཚལ་གཅིག་དང་བཏབ་གང་བྱུང་མ་བྱུང་བྱས་བྱེད་ངན་ཡོགས་མ་རེད།
- བཅའ་འདྲི་བ་ལའོ་སེ།མ་གིའི་རྒྱུད་མ་གའི་ནོར་བུ་གླིང་ཁའི་བྱང་སྔོན་ཕྱོགས་འདི་པར་རྒྱ་མཚོ་སྟོད་རྒྱ་མཚོ་སྨད་ཟེར་ཡགས་དེ་ཚོ་
- བཅའ་འདྲི་བ་མི་སེར་འདི་ཚོ་སྐབས་དེ་དུས་ཨེམ་ནོར་བུ་གླིང་ཁ་འདི་ནས་མར་ཡགས་ནང་ཟན་འདྲ་རེད་པས་ལ། གད་ཕྱིས་རྒྱགས་ངན་དང་།
- བཅའ་འདྲི་ཞུ་ཡུལ་འོ་་་་ད་ཁ་ཤས་འོ་འདི་འདྲས་འདྲ་ཨེ་་་འདྲ་འདི་ཁོངས་སོ་སོ་རེད་གཅིག
- བཅའ་འདྲི་བ་རེད་པའ་ལ།
- བཅའ་འདྲི་ཞུ་ཡུལ་ལ་འོང་་་་
- བཅའ་འདྲི་བ་ལ་སེ།
- བཅའ་འདྲི་ཞུ་ཡུལ་ཁུངས་སོ་སོ་ཁྱིམ་གཡོག་ཟོ་ར་འདི་འདྲས་དང་རྒྱལ་པ་ཟེ་ངན་ཟོ་ར་འདི་འདྲས་དང་
- བཅའ་འདྲི་ཞུ་ཡུལ་ཨ་ནི་འདི་པར་ཡང་བཟའ་ཚང་ར་ཁ་མཐུག་ཡོད་པ་འདི་འདྲ་འདིའི་རྒྱུད་དེ་བ་འདུག་ཟེ་བསྡད་པ་རེད་པ།
- བཅའ་འདྲི་བ་ལ་སེ། ལ་སེ།