Skip to main content Skip to search
05 Feb 2016
21 min 19 sec
Video Overview
Creators: 
Monika Subba, Kuenzang Wangmo

གསར་སྤང་ དགེ་ལེགས་ཕུག་ དཔལ་རི་ཐང་ལུ་ དེའུ་རཇ་སུ་བི་རི་གིས་འབད་མི་ཚེ་བར་པུ་ཇ་འདི་ ཨ་ལོ་བུཚ་སྐྱེས་ཞིནམ་ལས་ ལོ་གསུམ་འགྱོཝ་ད་འབད་དགོ་དོ་ཡོདཔ་ཨིན་མས། དེ་ཡང་ ཨ་ལོ་དེ་ལོ་གསུམ་འགྱོ་ཞིནམ་ལས་ མགུ་ཏོ་གི་སྐྱ་བཏོགཔ་ཨིན་པས། པུ་ཇ་དེ་ ཕྱི་ཁ་ལས་བླམ་ཅིག་ཞུ་སྦེ་ འབདཝ་ཨིནམ་དང་ བུཚ་དེ་ཡི་སྐྱ་བཏོག་མི་དེ་ཡང་ ཨའི་གི་ཁ་ཐུག་ལས་ཕོ་སྤུན་ཅིག་གིས་འབད་བཏོགཔ་ཨིན་པས། དེ་ལས་ ཨ་ཞང་གི་ཁ་ཐུག་ལས་འཕྱོསམ་འབད་ གོ་ལ་གསརཔ་གྱོན་བྱིན་ ཊི་ཀ་སྦྱར་ཏེ་ ཏི་རུ་ཡང་ ཡོདཔ་མེདཔ་བལྟ་སྦེ་ ཨ་ལོ་དེ་ལུ་བྱིན་ཞིནམ་ལས་ གཉེན་ཚན་ཚུ་ལུ་ཡང་ཊི་ཀ་སྦྱར་ གཉེན་ཚན་ཚུ་གིས་ཡང་ ཨ་ལོ་དེ་ལུ་ཏི་རུ་བྱིན་དོ་ཡོདཔ་མས།

Deo Raj Subiri from Lekithang in Sarpang performs the Tshewar Puja. This Hindu ritual is normally performed at a boy's third birthday. A master is invited to the event, and a maternal male relative, usually an uncle, cuts the hair of the child. The child’s uncle presents him with new clothes and tika. Relatives are also supposed to give money to the child.