Skip to main content Skip to search
17 Jul 2014
8 min 46 sec
Video Overview
Creators: 
Sherig Dentshog, Ngawang Loday

Sangay Tshomo from Chongshing village in Pemagatshel district present a song called "Tsheringmo". There are several songs with a similar title but this one explicitly deals with the act of weaving, reading and blacksmithing. It praises China as the place where women are best at weaving, Bumthang where men are excellent readers, and Tibet as the place where blacksmiths are known to be the best. It is a section of a poem performed as a song of which the origin and author are unknown.

 

༉  ཚེ་རིང་མོའི་གླུ་གཞས་འདི་ པདྨ་དགའ་ཚལ་ ལྕོང་ཤིང་གཡུས་ཚན་ལས་ སངས་རྒྱས་མཚོ་མོ་གིས་འཐེནམ་ཨིན་པས། ཚེ་རིང་མོའི་གླུ་གཞས་ལུ་ གནས་སྟངས་དང་འཁྲིལ་བའི་ཚིག་མ་འདྲཝ་ལེ་ཤ་ཡོདཔ་ཨིན། ད་ལྟོ་སངས་རྒྱས་མཚོ་མོ་གིས་འཐེན་མི་ཚེ་རིང་མོའི་གླུ་གཞས་འདི་ བུ་མོ་རྒྱ་ནག་སྤུན་གསུམ་ཐགས་འཐག་པའི་སྐོར་དང་ སྐྱེས་པ་སྟག་ཤར་བུ་གསུམ་ ཆོས་སྒྲུབ་པའི་སྐོར་ དེ་ལས་ སྐྱེས་པ་སྟག་ཤར་བུ་གསུམ་ ལྕགས་བཟོ་འབད་བའི་སྐོར་ལས་ གླུ་གཞས་ཀྱི་ཚིག་ནང་ལས་ཐོན་ནི་འདུག

Transcript search
No results found for this search
0 of 0
  • ཚེ་རིང་མོ་ མར་མར་རྒྱའི་ཕྱོགས་ལུ་ བལྟ་སོང་ན་ཡ་ལ་ཚེ་རིང་མོ།
    Tsheringmo, when I look at India below, Tsheringmo.
  • ཚེ་རིང་མོ་ བུ་མོ་རྒྱ་ན་སྤུན་གསུམ་ ཐགས་ཐགས་འདི་ཡ་ལ་ཚེ་རིང་མོ།
    Tsheringmo, girl weaving the three brothers, Tsheringmo.
  • ཚེ་རིང་མོ་ ཐགས་འདི་ཆེ་བ་དར་དང་ གེ་ཆེན་ཐགས་ཡ་ལ་ཚེ་རིང་མོ།
    Tsheringmo, weave the great cloth and Gaychen (material), Tsheringmo.
  • ཚེ་རིང་མོ་ ཐགས་འདི་ཆུང་བ་མིན་རྩི་ ཁ་དར་ཐགས་ཡ་ལ་ཚེ་རིང་མོ།
    Tsheringmo, weave the little Men-Tsi (material) and Khadar, Tsheringmo.
  • ཚེ་རིང་མོ་ བུ་མོ་རྒྱ་ན་སྤུན་གསུམ་ ཐགས་ཤེས་ན་ཡ་ལ་ཚེ་རིང་མོ།
    Tsheringmo, girl if you know how to weave, the three brothers, Tsheringmo.
  • ཚེ་རིང་མོ་ བར་མ་བླ་མའི་ན་བཟའ་ ཐགས་མ་ཤེས་ཡ་ལ་ཚེ་རིང་མོ།
    Tsheringmo, didn't know how to weave the medium cloth of the lama, Tsheringmo.
  • ཚེ་རིང་མོ་ བར་མ་བླ་མའི་ན་བཟའ་ ཐགས་ཤེས་ན་ཡ་ལ་ཚེ་རིང་མོ།
    Tsheringmo, if you know how to weave the medium cloth of the lama, Tsheringmo.
  • ཚེ་རིང་མོ་ ཐགས་གསུམ་འདི་ཡི་ནང་ལས་ འོད་གཅིག་ཤར་ཡ་ལ་ཚེ་རིང་མོ།
    Tsheringmo, in the three weaving categories, do shine, Tsheringmo.
  • ཚེ་རིང་མོ་ ཕར་ཕར་བུམ་ཐང་ཕྱོགས་སུ་ བལྟ་སོང་ན་ཡ་ལ་ཚེ་རིང་མོ།
    Tsheringmo, when I look at Bumthang on the other side, Tsheringmo.
  • ཚེ་རིང་མོ་ སྐྱེ་པོ་སྟག་ཤར་བུ་གསུམ་ ཆོས་གདུང་ཤེས་ཡ་ལ་ཚེ་རིང་མོ།
    Tsheringmo, knows to perform Dharma and religious ritual practice of the three men, Tsheringmo.
  • ཚེ་རིང་མོ་ ཆོས་འདི་ཆེ་བ་ཀ་ཁ་ ག་ང་ཤེས་ཡ་ལ་ཚེ་རིང་མོ།
    Tsheringmo, know the upper Dharma of ka, kha, ga, nga, Tsheringmo.
  • ཚེ་རིང་མོ་ ཆོས་འདི་ཆུང་བ་རྟེན་འགྱུར་ རྟེན་འགྱུར་ཤེས་ཡ་ལ་ཚེ་རིང་མོ།
    Tsheringmo, know the lower Dharma of Ten-jur, Tsheringmo.
  • ཚེ་རིང་མོ་ སྐྱེ་པོ་སྟག་ཤར་བུ་གསུམ་ ཆོས་གཅིག་གནང་ཡ་ལ་ཚེ་རིང་མོ།
    Tsheringmo, perform the Dharma and religious rituals of the three men, Tsheringmo.
  • ཚེ་རིང་མོ་ བར་མ་བླ་མའི་དོན་ཟེར་ དོན་མ་ཤེས་ཡ་ལ་ཚེ་རིང་མོ།
    Tsheringmo, didn't know how to perform the medium Dharma lama's Dhen-zer, Tsheringmo.
  • ཚེ་རིང་མོ་ བར་མ་བླ་མའི་དོན་ཟེར་ དོན་ཤེས་ན་ཡ་ལ་ཚེ་རིང་མོ།
    Tsheringmo, if you know how to perform the medium Dharma lama's Dhen-zer, Tsheringmo.
  • ཚེ་རིང་མོ་ ཆོས་གསུམ་འདི་ཡི་ནང་ལས་ འོད་གཅིག་ཤར་ཡ་ལ་ཚེ་རིང་མོ།
    Tsheringmo, in the three categories of Dharma, do shine, Tsheringmo.
  • ཚེ་རིང་མོ་ ཕར་ཕར་བོད་པའི་ཕྱོགས་སུ་ བལྟ་སོང་ན་ཡ་ལ་ཚེ་རིང་མོ།
    Tsheringmo, when I look at Tibet on the other side, Tsheringmo.
  • ཚེ་རིང་མོ་ སྐྱེ་པོ་སྟག་ཤར་བུ་གསུམ་ ལྕགས་རྡུངས་ཤེས་ཡ་ལ་ཚེ་རིང་མོ།
    Tsheringmo, know the craft of iron of the three men, Tsheringmo.
  • ཚེ་རིང་མོ་ ལྕགས་འདི་ཆུང་བ་འོག་ལུ་ གྱི་ཅུང་རྡུངས་ཡ་ལ་ཚེ་རིང་མོ།
    Tsheringmo, make the knife of the smaller iron craft, Tsheringmo.
  • ཚེ་རིང་མོ་ ལྕགས་འདི་ཆེ་བ་གྱི་རིང་ དཔའ་རྟགས་རྡུངས་ཡ་ལ་ཚེ་རིང་མོ།
    Tsheringmo, make the sword of the bigger iron craft, Tsheringmo.
  • ཚེ་རིང་མོ་ སྐྱེ་པོ་སྟག་ཤར་བུ་གསུམ་ ལྕགས་རྡུངས་ཤེས་ཡ་ལ་ཚེ་རིང་མོ།
    Tsheringmo, if you know the iron craft of the three men, Tsheringmo.
  • ཚེ་རིང་མོ་ བར་མ་བླ་མའི་སྨྱུ་གུ་ རྡུངས་མ་ཤེས་ཡ་ལ་ཚེ་རིང་མོ།
    Tsheringmo, didn't know how to make the lama's pen of the medium iron craft, Tsheringmo.
  • ཚེ་རིང་མོ་ བར་མ་བླ་མའི་སྨྱུ་གུ་ རྡུངས་ཤེས་ན་ཡ་ལ་ཚེ་རིང་མོ།
    Tsheringmo, if you know how to make the lama's pen of the medium iron craft, Tsheringmo.
  • ཚེ་རིང་མོ་ ལྕགས་གསུམ་འདི་ཡི་ནང་ལས་ འོད་གཅིག་ཤར་ཡ་ལ་ཚེ་རིང་མོ།
    Tsheringmo, in the three categories of iron craft, do shine, Tsheringmo.
  • ལགས་སོ་ལགས་ འཛོལ་ཚར་ཡི་ ང་གིས་མ་ཤེས་པར།
    Ok, I sang it with mistakes. I do not know it properly.