Skip to main content Skip to search
20 Jan 2016
2 min 52 sec
Video Overview
Creators: 
Sherig Dhentshog

This song is a supplication song to a religious master. It is titled "Zamling Yongki Tsugyen" (Head Ornament of the World). The lyrics remember the Tibetan Yogi, a religious master well known in the Himalayas as the Chadrel Sangay Dorji (1913-2015). He lived mostly in Nepal after fleeing Tibet from the Chinese occupation. The song also describes how the master gathered disciples and developed them and how he could guide one to the Ngayab Pelri, the paraidse of Guru Rinpoche.

 

༉  པདྨ་དགའ་ཚལ་རྫོང་ཁག་ ཕུང་ཤ་རང་གཡུས་ཚན་ལས་ རྒས་ཤོས་ཅིག་ཨིན་མི་འཇིགས་མེད་རྣམ་རྒྱལ་གྱིས་ ཚེ་རིང་མོའི་གླུ་གཞས་དང་སྦྲགས་ཏེ་སྲུང་གཏང་མི་གློག་བརྙན་ཐུང་ཀུ་འདི་ནང་ ཤཝ་ཕོ་མོ་གཉིས་རྨི་ལམ་ངན་པ་མཐོང་བའི་སྐོར་ལས་ཨིན་པས། སྲུང་འདི་ནང་ ཤཝ་མོ་རྒྱ་རས་དཔལ་འཛོམས་དེ་རྨི་ལམ་ངན་པ་མཐོང་སྟེ་ ཤ་བ་སྤང་གི་དར་རྒྱས་ལུ་སླབ་པའི་ཚིག་ཚུ་ཨིནམ་ད་ ཨིན་རུང་ ཤ་བ་སྤང་གི་དར་རྒྱས་དེ་ ཉན་མ་བཏུབ་པར་རོགས་ཀྱི་ཞིང་ནང་འགྱོཝ་ད་གསང་མདའ་ཕོག་སྟེ་ཤི་སོངཔ་ཨིན་མས། ཏེ་ཤཝ་མོ་རྒྱ་རས་དཔལ་འཛོམས་ཀྱི་རྨི་ལམ་ཡང་ རྭཝ་ས་ཁར་བཙུགས་བཙུགསཔ་དང་རྐང་པ་གནམ་ཁར་ལྷོང་ལྷོངམ་ དེ་ལས་ལྤགས་པ་ས་ཁར་སྦྱར་བ་ལ་སོགས་པ་ཚུ་མཐོང་མཐོངམ་ཨིན་པས།

Transcript search
No results found for this search
0 of 0
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཏེ་ཤ་ཝ་ཕོ་མོ་གཉིས་ ཕར་སྤང་ནང་སྡོད་སྡོདཔ་མས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཏེ་ནགས་རྩ་བཟའ་སྟེ་ ནགས་རྩ་བཟའ་སྟེ་ སྤང་རྩ་བཟའ་སྟེ་སྡོད་སྡོདཔ་མས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    དྭངས་ཆུ་སྒོམ་ཆུ་འཐུང་སྟེ་སྡོད་སྡོདཔ་མས་ལགས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    དེ་སྦེ་སྡོད་དེ་ ཤ་བ་སྤང་གི་དར་རྒྱས་ ཏེ་ཤ་བ་འདི་ འཇའ་རིས་དཔལ་འཛོམས་ཨིན་ལགས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཤ་མོ་དེ་ ཤ་བ་འཇའ་རིས་དཔལ་འཛོམས་ཀྱིས་ ཡ་ སྤང་གི་དར་རྒྱས་ཀྱིས་ ཞིང་མ་བཟའ།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཁྱོད་མ་འགྱོ་ ཤ་བ་སྤང་གི་དར་རྒྱས་ཟེར་ སླབ་ནུག་ལགས།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཏེ་ང་གིས་ སྐརམ་གནམ་མཁའ་འཕུར་ས་མཐོང་ཡི།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཁྲག་གིས་རྒྱ་མཚོ་འཁྱིལ་ས་མཐོང་ཡི།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ལྤགས་པ་གིས་ས་ལུ་སྦྱར་ས་མཐོང་ཡི།
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ང་ གཉིད་ལམ་ཟོགཔ་མཐོང་ཡི། ཤ་བ་སྤང་གི་དར་རྒྱས་ ཁྱོད་མ་འགྱོ་ཟེར་ བཀག་ནུག
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཤ་བ་མཇའ་རིས་དཔལ་འཛོམས་ལུ་ འདི་འབདཝ་ད་ ཉན་མབཏུབ་པར་སོང་སྟེ་
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཤ་བ་སྤང་གིས་ ཤ་རོགསཔ་ལུ་ག་ཅི་ཨིན་ན་ བརྗེད་སོང་ནུག་ ང་གིས་(mistake)
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    སྤང་གི་དར་རྒྱས་ཀྱིས་ ཡར་སོང་སྟེ་ གསང་མདའ་ཕོག་སྟེ་ ཤི་སོང་ནུག་ དེ་ལས་ སླབ་ནུག
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཚེ་རིང་མོ་ཤ་བ་སྤང་གི་དར་རྒྱས། །རྨི་ལམ་མཐོང་ཡ་ལ་ཚེ་རིང་མ། །
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཚེ་རིང་མོ་ཁྲག་གི་རྒྱ་མཚོ་དཀྱིལ་བར་མཐོང་སོང་། །རྨི་ལམ་མཐོང་ཡ་ལ་ཚེ་རིང་། །
  • འཇིགས་མེད་རྣམ་རྒྱལ་/ Jigme Namgyal:
    ཚེ་རིང་མོ་ལྤགས་པའི་ས་ལ་སྦྱར་བར་མཐོང་སོང་། །ཚེ་རིང་མ་ཡ་ལ་ཚེ་རིང་མ། །ཟེར་ སླབ་ད་དེམ་ཅི་ཨིན་ལགས།