Skip to main content Skip to search
22 Jan 2016
5 min 27 sec
Video Overview
Creators: 
Sherig Dhentshog

A local religious astrologer narrates about a local spirit worshipped as a protective deity called Meme Duba by the locals of Tselshingzoe village in Pemagatshel district. He mentions from where and how this spirit arrived in the area. In addition he briefly describes some sacred places associated to the spirit's journey. Meme Duba was a rock spirit classified as a mountain god.

 

༉  གླུ་གཞས་འདི་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ན་གཞོན་ཚུ་གིས་ གནམ་མེད་ས་མེད་ཅིག་མ་གོཝ་ཨིན་རུང་ རྒས་ཤོས་ཚུ་གིས་ཡོངས་གྲགས་སྦེ་འཐེན་སྲོལ་ཡོདཔ་ཨིན། ཨིན་རུང་ དེ་སྦེ་བལྟཝ་ད་གླུ་གཞས་འདི་ གདངས་དབྱངས་ཨ་ཙི་རེ་མ་འདྲཝ་སྦེ་ཡོད་པའི་ཁ་ལུ་ ཚིག་ཡང་མ་འདྲཝ་མ་འདྲཝ་སྦེ་འཐེན་སྲོལ་འདུག དེ་ནང་ལས་ཡང་ ད་ལྟོ་པདྨ་དགའ་ཚལ་ ཉེང་ཤིང་བོ་རང་ལས་ བཀྲ་ཤིས་རྣམ་རྒྱལ་གྱིས་འཐེན་མི་ཚེ་རིང་མོའི་གླུ་གཞས་འདི་འབད་བ་ཅིན་ ནང་ནའི་དོན་ཚན་མ་འདྲཝ་ལེ་ཤ་ཅིག་འཐོན་ནི་ཡོདཔ་ད་ མགུ་ཏོ་ཁ་ལས་ཐགས་འཐག་འཐགཔ་གི་སྐོར་ལས་ཨིན་པས། དེ་ཡང་ མར་མར་རྒྱ་ཡི་ཁ་ཐུག་ལུ་བལྟ་བ་ཅིན་ རྒྱ་བཟའ་སྤུན་གསུམ་ཐགས་འཐག་ས་ལས་ ཆེ་བ་དར་དང་གོས་ཆེན་འཐག་ཤེས་པས་ བར་མ་བླ་མའི་ན་བཟའ་འཐག་ཤེས་པས་ ཆུང་བ་ཙམ་པ་ཁ་དར་འཐག་མི་ཤེས་པས་ཟེར་ དེ་སྦེ་འཐེན་ནི་འདུག

Transcript search
No results found for this search
0 of 0
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལགས་སོ། ཚེ་རིང་མོའི་གླུ་གཞས་ཅིག་ཞུ་ནི།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མ(མོ)་མར་མར་རྒྱ་ཡི་ཕྱོགས་སུ། །བལྟ་སོང་དུ་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ རྒྱ་ལ་རྒྱ་ཟས(རྒྱ་བཟའ)ཕུན་སུམ། །དར་འཐག་དོ་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ཆུང་བ་དར་དང་གོས་ཆེན། །འཐག་ཤེས་པས་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚོ་རིང་མོ་ བར་ན་བླ་མའི་ན་བཟའ། །འཐག་ཤེས་པས་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ཆུང་བ་ཙམ་པ་ཁ་དར། །འཐག་མི་ཤེས་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ཐགས་ཤིང་འོད་ཀྱི་ནང་ལས། །འོད་ཅིག་ཤར་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ཆུང་བ་ཀ་ཁ་ག་ང་། །འབྲི་མི་ཤེས་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ སྨྱུག་གྲི་འོད་ཀྱི་ནང་ལས། །འོད་ཅིག་ཤར་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ཡར་ཡར་བོད་ཀྱི་ཕྱོགས་ལ། །བལྟ་སོང་དུ་(ན)ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ཤར་ནས་སྐར་མ་སྨིན་དྲུག །ལྷ་གཡུས་རྫོང་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ཀླུ་ནི་ལྷ་ས་དམར་པོ། །ཀླུ་གཡུས་རྫོང་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ནུབ་ནས་སྐར་མ་སྨིན་དྲུག །མཇལ་རེ་དགོ་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ བྱང་ནས་བྱང་སྐར་སྤུན་བདུན། །བཞུགས་ཡོད་དགོ་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ཨ་རུ་ལ་བྷ་རུ། །སྐྱུག་རུ་གསུམ་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ས་རྩིས་༼རྩིག༽ལ་རྡོ་རྩིས༼རྩིག༽། །གདོང་རྩིས་༼རྩིག༽གསུམ་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ བྱུ་རུ་ལ་མུ་ཏིག །མུ་མི་གསུམ་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ཡར་ཡར་བོད་ཀྱི་ཕྱོགས་ལ། །བལྟ་སོང་དུ་(ན)ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ མི་ལ་དྭངས་དཀར་བརྩེ་བའི། །ལྡེ་མིག་ཡོད་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ སྨན་ཆུང་ཁྲོམ་བརྡ་བཤད་པའི། །ལྡེ་མིག་ཡོད་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ ཟས་ལ་དྭངས་དཀར་རྩིས་བའི། །ལྡེ་མིག་ཡོད་ཡ་ལ་ཚེ་རིང་མོ། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཚེ་རིང་མོ་ སྤྲང་པོ་ཁ་དར་ཆེ་བའི། །བཀྲ་ཤིས་ཤོག་ཡ་ལ་བཀྲ་ཤིས། །
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལེགས་སོ།