Video Overview
Tsewang on Logic: Part two of five.
- དགེ་རྒན་ཆེན་མོ་ཚེ་དབང་ལགས།་
- ད། གསུམ་པ་དེ་དག་གི་མཚན་ཉིད་བཤད་པ་ཟེར་མཁན་དེ། ད། དེ་དག་གི་མཚན་ཉིད། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་ཟེར། ཧ་གོ་སོང་ང་། ཡོད་པའི་མཚན་ཉིད་ཞོག་ཟེར་ན། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་ཡིན་ཟེར་གྱི་རེད།
- ད། དེའི་སྒྲ་བཤད་ཟེར། དེའི་སྒྲ་བཤད་ཟེར་ན། ག་རེ་ཟེར་མཁན་རེད། ཟེར་ན། ཡོད་པ་ཞེས་པའི་སྒྲ་བཤད་ག་རེ་རེད་ཟེར་ན། ཟེར་གྱི་ཡོའོ་རེད།
- ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཡང་བློ་ཚད་མས་དེ་དག་མེད་པ་དང་། མེད་པར་འཛིན་པའི་སྒྲོ་འདོགས་བཅད་ནས་ཡོད་པ་རང་དམིགས་པའི་ཆ་ནས་དེ་དག་ཡོད་པ་ཡིན། ཞེས་བརྗོད་པ་ཡིན། ཟེར། ཟེར་བ་ཡིན་དང་བརྗོད་པ་ཡིན་གཅིག་པ་རེད།
- ད། མདོར་བསྡུས་ན། ཀ་བ་དང་བུམ་པ་ལ་སོགས་པ། ཨོའོ་་་་དེ་ནས་དེ་ཡོའོ་༿ཡོད་༾རེད་པཱ། ཨོའོ་་་བློ་ཚད་མས་དེ་དག་མེད་པ་བྱས། མེད་པར་འཛིན་པའི་སྒྲོ་འདོགས་བཅད་ནས། ཨོའོ་་་ཡོད་པར་རྟོགས་པའི་ཆ་ནས། དེ་ནི་ཡོད་པ་ཟེར་ར་༿བ་༾རེད། བྱས་པ་རེད། ཡོད་པའི་སྒྲ་བཤད་ཁོ་རེད། ཡོད་པའི་སྒྲ་བཤད་བཞག་ཤེས་སོང་ངས།
- ཡོད་པའི་སྒྲ་བཤད་ཞོག་ཟེར་ན། ག་རེ་གཞག་ག བློ་ཚད་མས་དེ་དག་མེད་པ་དང་མེད་པར་འཛིན་པའི་སྒྲོ་འདོགས་བཅད་པའི་ཆ་ནས་རྟོགས་པས་ན། ཡོད་པ་ཞེས་བརྗོད་པ་ཡིན་ཟེར། འོ་འདུག་ཟེར་ནས་ལན་བརྒྱབ་ན་ཡག་པོ་ཞེ་དྲག་ཡོའོ་རེད༿ཡོད་རེད་༾། ཧ་གོ་སོང་ང་།
- ད། ཀ་བུམ་སོགས་ནས་ཡོད་པར་དམིགས་པ་ཡིན་ཞེས་པའི་བློ་ཚད་མས། འདུས་བྱས་མི་རྟག་པ་སོགས་ལྐོག་གྱུར་རྣམས་ནས། ཡོད་མེད་བརྟག་ནས་མེད་པ་དང་། མེད་པར་འཛིན་པའི་སྒྲོ་འདོགས་བཅད་ནས། དམིགས་པ་ཡིན་ལ། ད་ཀ་བ་དང་བུམ་པ་ལ་སོགས་པ་དེ་ཚོ་ཟེར་གྱི་ཡོའོ་རེད།
- ཧ་གོ་སོང་ང་། ད། དེ་དག་ཡོད་མེད་རིག་པས་ལེགས་པར་བརྟག་པ་བྱས། བརྟག་དཔྱད་བྱས། བརྟག་དཔྱད་བྱས་ནས་མེད་པ་རེད་དམ་ཡོད་པ་རེད། ཡོད་པ་ཡིན་ན་ཡོད་པ་ཡིན་པའི་རྒྱུ་མཚན་ག་རེ་རེད།
- རྒྱུ་མཚན་ཤེས་པའི་སྒོ་ནས་ད་ཀ་བ་དང་བུམ་པ་ཡོད་པ་ཤེས་ཀྱི་རེད་པཱ། འོ་་་ ཡོད་པར་གཏན་ལ་ཕབ་པའི་། ད་དེ་ཚོས་བློ་དེས་ད་ཀ་བ་མེད་པར་འཛིན་པའི་སྒྲོ་འདོགས་བཅད་པ་རེད་མ་རེད།
- ཀ་བ་མེད་པར་འཛིན་པའི་སྒྲོ་འདོགས་བཅད་་ཀྱི་རེད་པཱ། ཀ་བ་མེད་པ་ཁོ་ཡང་ཕར་བཅད་ཀྱི་རེད་པཱ། ད།བཅད་ནས་ད་ག་རེ་ཚུར་གྲུབ། གྲུབ་པར་བྱེད་པ་རེད། ཀ་བ་ཡོད་པར་རྟོགས་པ་རེད་པཱ། ཀ་བ་ཡོད་པ་ཁོ་གྲུབ་པ་རེད་པཱ། འོ་་་ བྱས་ཙང་ཡོད་མེད་བརྟག་ནས་མེད་པར་འཛིན་པའི་སྒྲོ་འདོགས་བཅད་ནས་ཡོད་པར་དམིགས་པ་ཡིན་ལ་ཟེར།
- ཀ་བུམ་སོགས་མངོན་གྱུར་ཕར་ཆེར་ནི་ཡོད་མེད་བརྟག་མི་དགོས་པར། ཀ་བུམ་སོགས་དམིགས་པ་ཙམ་གྱི་ཀ་བུམ་སོགས་མེད་པ་དང་མེད་པར་འཛིན་པའི་སྒྲོ་འདོགས་གཉིས་ཀ་བཅད་པ་ཡིན། ད། ཀ་བ་དང་བུམ་པ། སྒྲོག་ཙེ། ཨེ་་་ དེ་ནས་ཁང་པ་ཟེར་ཡས་འདྲ་པོ། གདན་ཟེར་ཡས་འདྲ་པོ། དེ་ཚོ་མངོན་གྱུར་རེད་ལྐོག་གྱུར་རེད།
- མངོན་གྱུར་རེད་པཱ། མངོན་་་་་མངོན་གྱུར་ཡིན་ཙང་། དེ་དག་མིག་ཤེས་ཀྱིས་དམིགས་པ་ཙམ་གྱིས་དེ་ནས་དེ་དག་ཡོད་པར་ཤེས་ཀྱི་རེད་མ་རེད། ཤེས་ཐུབ་ཀྱི་ཡོའོ་རེད་པཱ། ཤེས་ཐུབ་ཙང་། ད་དེ་ཚོ་ལ་མངོན་གྱུར་ཟེར་གྱི་ཡོའོ་རེད་བྱས་པ་རེད།
- ད། ལྐོག་གྱུར་གྱི་རིགས་འགང་ག༿ཚང་མ་༾ དཔེར་ན་སྒྲ་མི་རྟག་པ་ཡིན་པ་དང་། སྒྲ་གང་ཟག་གི་བདག་མེད་ཡིན་པ་ལྟ་བུ། རྒྱུ་མཚན་ཞིག་བཀོད་པ་ལ་བརྟེན་ནས། རྟོགས་པ་མ་གཏོགས་སྒྲ་གོ་བ་ཙམ་གྱིས་སྒྲ་མི་རྟག་པ་ཡིན་པ་ཤེས་ཀྱི་རེད་མ་རེད། ཤེས་ཀྱི་མ་རེད་པཱ།
- རི་དྭགས་དེ་ཚོས་སྒྲ་གོ་གི་རེད་པཱ། སྒྲ་གོ་གི་རེད་དེ་སྒྲ་མི་རྟག་པ་ཡིན་པ་ཤེས་ཀྱི་རེད་མ་རེད། ཨོའོ་་་ སྒྲ་མི་རྟག་པ་ཡིན་པར་ཤེས་པ་ལ་སྒྲ་མི་རྟག་པ་ཡིན་པའི་རྒྱུ་མཚན་འགའ་རོའོ༿མང་ཙམ་༾མ་ཤེས་ན། སྒྲ་མི་རྟག་པ་ཡིན་པ་ཤེས་ཐུབ་ཀྱི་མ་རེད།
- ད། སྒྲ་མི་རྟག་པ་ཡིན་པའི་རྒྱུ་མཚན་ཁོ་ག་ལ་བརྟེན་ནས་ཤེས་དགོས་རེད། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར། འོ་་་ རྒྱུ་མཚན་འདི་འདྲས་གཅིག་ལ་བརྟེན་ནས། དེ་ནི་སྒྲ་མི་རྟག་པར་ཤེས་དགོས་རེད། འོ་་་ ལྐོག་གྱུར་ཟེར་གྱི་ཡོའོ་རེད།
- ཡོད་་་་་། ད། ཀ་བུམ་སོགས་མངོན་གྱུར་ཕལ་ཆེར་ནི། ཡོད་མེད་བརྟག་མི་དགོས་པར་ཀ་བུམ་སོགས་དམིགས་པ་ཙམ་གྱིས་ཀ་བུམ་སོགས་མེད་པ་དང་མེད་པར་འཛིན་པའི་སྒྲོ་འདོགས་གཉིས་ཀ་བཅད་པ་ཡིན་ཏེ་ཟེར།
- ཚད་མ་ནི་རང་གི་འཛིན་སྟངས་ཀྱི་ཡུལ་དེ་ཡོད་པ་ལ་མི་བསླུ་བ་ཡིན་པའི། ཚད་མ་ཟེར་མཁན་འདི་རང་གི་ཡུལ་དེ་ཡོད་པ་ལ་མི་བསླུ་བ་རེད་མ་རེད།
- མི་བསླུ་བ་ཡིན་སྟངས་འདྲ་པོ་གང་འདྲས་རེད་པས། སྒྲོག་ཙེ་འདིའི་ཁ་མདོག་སེར་པོ་ཡིན་པ་དེ། ང་རང་ཚོའི་མིག་ཤེས་ཀྱིས་སེར་པོ་ཡིན་པར་མཐོང་གི་འདུག་གམ་མིན་འདུག་གམ།
- མཐོང་བ་ལྟར། ཐོས་་་་་་་དངོས་་་་་དངོས་ཡོད་ལ་ཡང་སེར་པོར་གནས་ཡོའོ་༿ཡོད་༾རེད་མ་རེད། གནས་ཡོའོ་རེད་པཱ། ད། ཚད་མ་རང་གི་འཛིན་སྣང་ཡུལ་ལུགས་ལ་མི་བསླུ་བ་ཡིན་ཟེར་ཡས་ཀྱིས་མི་བསླུ་བ་དེ། ཁོ་འདི་རེད། ཧ་སོང་ང་།
- ད། ལོག་ཤེས་དེ་ཚོས་དམིགས་པའི་དེ་ནི་ཡོད་པར་འཇོག་ཐུབ་ཀྱི་རེད་མ་རེད། ཡོད་པར་འཇོག་ཐུབ་ཀྱི་ཡོའོ་མ་རེད། དཔེར་ན། མིག་མཛུབ་མོས་བཙིར་བ་ལས། དེས་ན་ཟླ་བ་གཉིས་ཡོད་པར་འཛིན་པའི་བློ་གཅིག་ཡོའོ་རེད་པཱ། དེས་ཟླ་བ་གཉིས་ཡོད་པར་དམིགས་ཀྱི་ཡོའོ་རེད་མ་རེད།
- ཨོའོ་་་ ཟླ་བ་གཉིས་ཡོད་པར་དམིགས་ཀྱི་ཡོའོ་རེད་མ་རེད། འདུག་བྱས་སོང་ན། མིག་མཛུབ་མོས། མིག་མཛུབ་མོས་བཙིར་བ་ལས་དེ་མཐོང་གི་རེད་དཱ། ཟླ་བ་ཟེར་ཡས་ཡོའོ་མ་རེད། འགང་ག༿ཚང་མ་༾ ཁྱེད་རང་ཚོ་འདུག་བྱེད་༿གྱིས་༾ཤིག ང་གཉིས་ཡོད་པར་མཐོང་གི་རེད།
- ཨོའོ་་་ ད་འདུག་བྱས་པ་ཡིན་ན། ནམ་མཁའི་ཟླ་བ་གཉིས་ཡོད་པར་མཐོང་གི་ཡོའོ་རེད་མ་རེད། མ་རེད། འདུག་བྱས་སོང་ན། ད། ནམ་མཁའི་ཟླ་བ་གཉིས་ཡོད་པར་མཐོང་གི་རེད་མ་རེད།
- ད། གཉིས་ཡོད་པར་མཐོང་མཁན་གྱི་བློ་དེ་ལོག་ཤེས་རེད་བློ་ཚད་མ་རེད། ལོག་ཤེས་རེད་པཱ། ད། ཁོས་ཟླ་བ་གཉིས་མཐོང་གི་ཡོའོ་རེད་པཱ། ཟླ་བ་གཉིས་ཡོད་པར་དམིགས་པའི་དེ་ནི། ད། དོན་ཡོད་་་་་་་་་་་དོན་ལ་ཟླ་བ་གཉིས་ཡོད་པར་འཇོག་ཐུབ་ཀྱི་རེད་མ་རེད།
- ག་པར་འཇོག་ཐུབ་ཀྱི་རེད། ཟླ་བ་གཉིས་ཡོའོ་མ་རེད་པཱ། ཟླ་བ་གཉིས་ཤེས་བྱ་ལ་བརྩི་ཡས་ག་རེ་ཡོའོ་རེད། ཟླ་བ་གཅིག་ལས་མེད་པཱ། ཉི་མ་དང་ཟླ་བ་རེ་རེ་ལས་ཡོའོ་མ་རེད་པཱ།
- འོ། བྱས་ཙང་། བློ་ལོག་ཤེས་ཀྱིས་ཡོད་པར་དམིགས་པའི་ཡོད་པར་འཇོག་ཐུབ་ཀྱི་མ་རེད། བློ་ལོག་ཤེས་ཀྱིས་སེར་པོར་དམིགས་པའི་སེར་པོར་འཇོག་ཐུབ་ཀྱི་མ་རེད། བློ་ལོག་ཤེས་ཀྱིས་སྔོན་པོར་དམིགས་པའི་སྔོན་པོར་འཇོག་ཐུབ་ཀྱི་མ་རེད།
- གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱིས། གངས་རི་སྔོན་པོར་དམིགས་ཀྱི་རེད་དེ། གངས་རི་སྔོན་པོར་འཇོག་ཐུབ་ཀྱི་མ་རེད། ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་ཀྱིས། ལྗོན་ཤིང་འགྲོ་བར་དམིགས་ཀྱི་ཡོའོ་རེད་དེ། ལྗོན་ཤིང་འགྲོ་བར་འཇོག་ཐུབ་ཀྱི་རེད་མ་རེད།
- ལྗོན་ཤིང་འགྲོ་གི་ཡོའོ་རེད་མ་རེད། འོ་་་ འགྲོ་གི་མེད་ན། འགྲོ་བར་སྣང་གི་ཡོའོ་རེད་མ་རེད། འོ་་་ བློ་ཁོ་རང་ལ་འཁྲུལ་བ་རེད་མ་གཏོགས། དོན་ལ་ལྗོན་ཤིང་འགྲོ་གི་ཡོའོ་མ་རེད་པཱ། འོ་ཧོ་ཧོ་་་ འདུག་བཟོ་ཞོག་དགོས་རེད། བློ་ལོག་ཤེས་དང་མི་བསླུ་བ་ཟེར་ཡས་ཁོ་འདི་རེད།
- མི་བསླུ་བ་ཡིན་པའི་ཚད་མ་དེ་ཀ་བུམ་སོགས་དམིགས་ན། ཀ་བུམ་སོགས་ཡོད་པ་ཡིན་ཅིང་ཀ་བུམ་མེད་པའི་སྒྲོ་འདོགས་བཅད། དེ་བཅད་པས་ཀ་བུམ་སོགས་མེད་པར་འཛིན་པའི་སྒྲོ་འདོགས་བཅད་ནས། འོ་་་ སྐྱེ་བར་མེད་པར་བྱེད་པའི་ཕྱིར་རོ་ཟེར། འདུག་ཟེ་རེད།
- དེས་ན། དེས་ན་ཟེར་མཁན་འདི། རྒྱུ་མཚན་དེའི་ཕྱིར་ན་ཟེར་མཁན་ཁོ་བསྡུས་པ་རེད། ལོག་ཤེས་སོགས་ཀྱིས་ཡུལ་དམིགས་པས་ཡོད་པར་འཇོག་མི་ནུས་ཟེར། འོ་ད་་་ ལོག་ཤེས་སོགས་ཀྱིས་ཡུལ་དེ་དམིགས་པས། ཡུལ་དེ་དེར་ཡོད་པར་འཇོག་མི་ནུས་ཟེར་གྱི་ཡོའོ་རེད།
- ད། ད་གིན་ངས་ཟེར་གྱི་འདུག་ག ཟླ་བ་གཉིས་ཡོད་པར་མཐོང་བའི་དབང་ཤེས་ཀྱིས། ཟླ་བ་གཉིས་ཡོད་པར་དམིགས་ཀྱི་ཡོའོ་༿ཡོད་༾རེད་དེ། ཟླ་བ་གཉིས་ཡོའོ་རེད་མ་རེད། ཟླ་བ་གཉིས་ཡོའོ་མ་རེད་པཱ།
- ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་ཀྱིས། ལྗོན་ཤིང་འགྲོ་བར་མཐོང་གི་ཡོའོ་རེད་དེ། ལྗོན་ཤིང་འགྲོ་བ་རེད་མ་རེད། འོ་་་ འདུག་སྟེ། ཨེ་་་ དུང་དཀར་ཅན་་་་་་་་མཁྲིས་ནད་ཅན་གྱི་མི་ལ་དེ་ནི་དུང་དཀར་སེར་པོར་མཐོང་གི་ཡོའོ་རེད་མ་རེད། དུང་དཀར་སེར་པོར་མཐོང་ན་ཡང་། དུང་དཀར་སེར་པོར་འཇོག་ནུས་ཀྱི་རེད་མ་རེད། འོ་འདུག་སྟེ། ལོག་ཤེས་ཀྱིས་ཡོད་པར་འཇོག་མི་ནུས་ཟེར། དེ་རེད།
- སློབ་ཕྲུགཡིན་གྱི་རེད། སྐབས་རེ། ཨན་་་ཡོད་པར། ཡོད་པར་འཇོག་ཟེར་ཡས་ཡོད་པར་རྟོགས་དང་གཅིག་པ་རེད་པས།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཨེ་་་ ཡོད་པར་དམིགས་ཟེར་མཁན་འདི་། ཡོད་པར་མཐོང་བ་ཟེར་ར་རེད། འདིའི་ཡོད་པར་དམིགས་ཟེར་མཁན་གཅིག་འདུག་ག
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཕར་རྒྱུག་ཤིག ཁོ་རེ། སྐད་འདི་འདྲས་མ་རྒྱག འདིའི་ནང་ལ་འཛུལ་གྱི་རེད། ཧ་གོ་སོང་ང་། བདུད་ཁོ་རེ། ད། མར་རྒྱུགས། ཧྲུའུ་ཧྲུའུ་༼རྒྱ་ནག་གི་སྐད་ཀྱི་སྒྲ་ཡིན་ཞིང་བོད་སྐད་ལ་ཨ་ཁུ་ལགས་ཟེར་གྱི་ཡོད།༽ཨག་༿གཤེ་གཤེ་༾ཟེར་གྱི་རེད་ད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཨེ་་་ ཟླ་བ་གཉིས་ཡོད་པར་དམིགས། དམིགས་ཟེར་མཁན་གཅིག་འདུག་ག མཐོང་ཟེར་གྱི་ཡོའོ་རེད། མཐོང་བའི་དོན་རེད། རྟོགས་པ་རང་ཟེར་ར་༿བ་༾མ་རེད། མཐོང་་་་མཐོང་བ་ལ་རྟོགས་པ་མ་རེད་དོ། ཨོའོ་་་
- སློབ་ཕྲུགཡིན་ནའི་འཇོག་པ། ཡོད་པར་འཇོག་པ།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཡོད་པར་འཇོག་ཟེར་ན། ད། ཡོད་པ་ཡིན་པར་བཞག་ཐུབ་ཀྱི་རེད། ཟེར་གྱི་ཡོའོ་རེད།
- སློབ་ཕྲུགཡོད་པ་ཡིན་པར་བཞག་ཐུབ་ཀྱི་རེད་དང་ཡོད་པ་ཡིན་པར་རྟོགས་ཐུབ་ཀྱི་རེད་གཅིག་པ།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཨེ། ཡོད་པ་ཡིན་པར་གཞག་ཐུབ་པ་ཟེར་ན། ད། འདི་རེད་པཱ་ཨོའོ། དཔེར་ན་ང་རང་ཚོས་འདི་སེར་པོ་ཡིན་པར་མཐོང་གི་འདུག་ག ད་་་་། སེར་པོ་ཡིན་པར་མཐོང་དུས་ཙམ་པ། འདི་ངོ་མ་རང་སེར་པོ་རེད་དམ་མ་རེད།
- སློབ་ཕྲུགརེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།རེད་པཱ། ད། མི་གཞན་དག་གཅིག་གིས་འདི་དམར། དཀར་པོར་མཐོང་སོང་ན། ཁོ་འདི་ནས་དཀར་པོར་མཐོང་མཁན་ཁོ་འཁྲུལ་པ་རེད། མཐོང་བ་ཁོ་དོན་་་་་་དོན་དངོས་ལ་གནས་པ་རེད།
- སློབ་ཕྲུགདོན་དངོས་ལ་གནས།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།འོ་་་ ང་ཚོས་མཐོང་མཁན་འདི་དོན་དངོས་ལ་གནས་པ་རེད་པཱ། འོ།འཇོག་ཐུབ་ཐུབ་ཟེར་མཁན་ཁོ་འདི་རེད། འཇོག་ཐུབ་ཟེར་མཁན་འདི། བཞག་ཐུབ་ཟེར་མཁན་འདི། སེར་པོར་བཞག་ཐུབ་ཟེར་ཡས་ཁོ། དོན་དངོས་ལ་སེར་པོར་གནས་ཡོད་རེད་ཟེར་གྱི་ཡོའོ་༿ཡོད་༾རེད། འདི་ཡག་པོ་ཤེས་སོང་ངམ།
- སློབ་ཕྲུགའདུག་བཟོ་རེད། ད་འདི་འཇོག་པ་ཟེར་མཁན་འདི། གྲུབ་པ་འདྲ་པོ་། ངས་བལྟས་ན།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཨོའོ། རེད་་་་། གྲུབ་པ་དང་འཇོག་པ་ལ་ཁྱད་ཡོའོ་༿ཡོད་༾རེད། གཞག་ཐུབ་པ་ཟེར་མཁན་འདི། ད་ལྟའི་འདི་འཇོག་ཐུབ་འཇོག་ཐུབ་ཟེར་མཁན་འདི། སེར་པོར་བཞག་ཐུབ་ཀྱི་རེད། སེར་པོར་བཞག་ཐུབ་ཀྱི་མ་རེད། ཟེར་གྱི་ཡོའོ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བཞག་པའི་དོན་རེད་འདུག་ག འཇོག་ཟེར་མཁན་འདི། འདི་རེད་པཱ། བྱེད་ཚིག་རེད་པཱ། བྱེད་པའི་ཚིག འདས་མ་འོངས་གསུམ་གྱི་ནང་ནས་གཞག་བྱ།གཞག་བྱ། འཇོག་བྱེད། བཞག་ཟིན། བཞག་ཟེར་གྱི་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བོད་ཡིག་ཟེར་མཁན་འདི་ལ་ཡང་། འདི་ཡོའོ་༿ཡོད་༾རེད་པཱ། ཡུལ་བར་གྱི་འགྲོ་སྟངས་ཅིག་ཡོའོ་རེད་པཱ། ཁོ།ཁོ་ལ། དུས་གསུམ་ལ་ཟེར་སྟངས་མི་འདྲ་ཡོའོ་རེད། གཞག འཇོག བཞག སྐད་ཆ་ཟེར་སྟངས་མི་འདྲ་བ་མང་པོ་ཡོའོ་རེད། ཧ་གོ་སོང་ང་། ད་འདི་ཡག་པོ་ཅིག་ཤེས་སོང་ངམ། ཨོའོ་བྱས།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད། དེས་ན་ལོག་ཤེས་སོགས་ཀྱི་ཡུལ་དམིགས་པའི་ཡོད་པར་འཇོག་མི་ནུས་འཇོག་མི་ནུས་ཟེར་གྱི་རེད་འདུག་ག འཇུག་པ་དང་འཇོག་པ་ཁྱད་རེད། ཁྱད་ཡོའོ་རེད་ད། འཇོག་མི་ནུས་ལ་ཟེར། གཞག་མི་ནུས་ལ་ཟེར་གྱི་ཡོའོ་རེད། གཞག་མི་ནུས་ལ། ཚད་མས་ནི་དེ་དམིགས་པ་ཙམ་གྱི་ཡོད་པ་ཡིན་པར་འཇོག་ནུས་པ་ཡིན་ཟེར། ད།འཇོག་པར་ཟེར་མཁན་གཅིག་པར་སླེབས་སོང་ང་། གཞག་ནུས་པ་རེད་ཟེར་གྱི་ཡོའོ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད། ང་རང་ཚོས་སྒྲོག་ཙེ་སེར་པོར་མཐོང་བའི་མིག་ཤེས་འདི་ཚད་མ་རེད། མདོར་བསྡུས་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་འདི་ཚད་མ་མ་རེད། ལོག་ཤེས་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།འདུག་བཟོ་ཟེར་གྱི་ཡོའོ་༿ཡོད་༾རེད་ད། ཚད་མས་ནི་ཆོས་དེ་དམིགས་པ་ཙམ་གྱི་ཡོད་པ་ཡིན་པར་འཇོག་ནུས་པར་ཡིན་ནོ་ཟེར། ཚད་མིན་གྱི་བློས་དམིགས་པའི་ཡུལ་དེ་ཡོད་པར་འཇོག་མི་ནུས་ཏེ། ཟེར། ཚད་མིན་གྱི་བློ་དང་ཚད་མ་མ་ཡིན་པའི་བློ་གཅིག་པ་རེད། ཧ་གོ་སོང་ང་།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མ་མ་ཡིན་ཟེར་མཁན་ཁོ་བསྡུས་ནས། ཚད་མིན་བྱས་པ་རེད། ད། ཚད་མ་མ་ཡིན་པའི་བློ་ག་རེ་དང་ག་རེ་ཞོག་དགོས་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མིན་གྱི་བློ་ལ་དབྱེ་ན། བཅད་ཤེས། ལོག་ཤེས། ཐེ་ཚོམ། ཡིད་དཔྱོད། སྣང་ལ་མ་ངེས་ཀྱི་བློ་དང་ལྔ་ཡོའོ་རེད། ཧ་གོ་སོང་ང་།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མིན་གྱི། ཚད་མ་མ་ཡིན་པའི་བློ་ཟེར་གྱི་ཡོའོ་རེད་ད། མདོར་བསྡུས་ན། ཚད་མ་མ་ཡིན་པའི་བློ་ལ་ག་ཚད་ཡོའོ་༿ཡོད་༾རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བཅད་ཤེས། ལོག་ཤེས། ཐེ་ཚོམ། ཡིད་དཔྱོད། སྣང་ལ་མ་ངེས་ཀྱི་བློ། ལྔ་ཡོའོ་རེད། འདི་ཚོ་འགང་ག་༿ཚང་མ་༾ཚད་མིན་གྱི་བློ་རྐྱང་རེད། ཨོའོ་་་
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མིན་གྱིས་བློས་དམིགས་པའི་ཡུལ་དེ་ཡོད་པར་འཇོག་མི་ནུས་ཏེ། ད་ཚད་མིན་གྱི་བློ་འགང་གས་ཟེར་གྱི་ཡོའོ་༿ཡོད་༾རེད། གཞན་དག་བཅད་དཔྱད་ཤེས་ཀྱིས་ཡོད་པར་འཇོག གང་ཟེར་དེའི་དམིགས་པའི་དེ་ཡོད་པར་འཇོག་ཐུབ་ཀྱི་རེད་པཱ། ཚད་མིན་གྱི་བློ་འགང་གས་ཟེར་གྱི་ཡོའོ་རེད། ཚང་མས།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།དམིགས་པའི་ཡུལ་དེ་ཡོད་པར་འཇོག་མི་ནུས་ཏེ་ཀ་བ་རྟག་འཛིན་རྟོགས་པས་ཟེར་ར་༿བ་༾འདུག་ག འོ་་་ ཀ་བ་རྟག་འཛིན་རྟོགས་པས་ཀ་བ་རྟག་པར་དམིགས་ཀྱང་། ཀ་བ་རྟག་པ་གཞི་མ་གྲུབ་པའི་ཕྱིར་རོ་ཟེར། འོང་།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད། ཀ་བ་རྟག་འཛིན་རྟོག་པ་ཟེར་ན། ག་རེ་ཟེར་གྱི་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཨ་་་ ཀ་བ་རྟག་འཛིན་རྟོག་པ་ཟེར་ན། ག་རེ་ཟེར་གྱི་རེད།
- སློབ་ཕྲུགལོག་ཤེས་ཟེར་གྱི་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།མ་རེད། ཀ་བ་རྟག་འཛིན་རྟོག་པ་ཟེར་མཁན་འདི་ལ་ག་རེ་་་་་་་་གང་འདྲས་གཅིག་ལ་ཟེར་གྱི་རེད། ཀ་བ་རྟག་འཛིན་རྟོག་པ་ཟེར་མཁན་འདི།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཀ་བ་རྟག་པར་འཛིན་པའི་བློ་ཁོ་རང་ཟེར་ར་རེད། ཁོ་བསྡུས་པ་རེད། རྟག་འཛིན་རྟོག་པ་ཟེར་ཡས་ཁོ། ཀ་བ་རྟག་པར་འཛིན་པའི། ཀ་བ་རྟག་པ་རེད་མ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།མ་རེད་པཱ། འོ། ད། ཀ་བ་རྟག་པར་འཛིན་པའི་བློ་ཁོ་ལོག་ཤེས་རེད་མ་རེད། ལོག་ཤེས་རེད། སྒྲ་རྟག་པར་འཛིན་པའི་བློ་ལོག་ཤེས་རེད་པཱ། འོ། ཁོ་གཅིག་པ་རེད། ཀ་བ་རྟག་པར་འཛིན་པའི་བློ་ཁོ་ཡའི་༿ཡང་༾ལོག་ཤེས་རེད་པཱ།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ལོག་ཤེས། འཁྲུལ་ཤེས། ཕྱིན་ཅི་ལོག་གི་བློ་ཟེར་གྱི་རེད། ད། ཀ་བ་རྟག་པར་འཛིན་པའི་བློ་དེ་ལོག་ཤེས་རེད་མ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད། འདི་ལོག་ཤེས་རེད་པཱ། ད་ཀ་བ་རྟག་པར་འཛིན་པའི་བློ་དེ་ཀ་བ་རྟག་པར་ཁོས་འཛིན་གྱི་ཡོའོ་རེད་མ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།འཛིན་ན་ཡང་ཀ་བ་རྟག་པར། དོན་་་་་་དོན་དངོས་ལ་ཀ་བ་རྟག་པ་རེད་མ་རེད། འོ་་་ འཇོག་མི་ནུས་ཟེར་མཁན་ཁོ་ད་འདི་རེད། ལོག་ཤེས་ཀྱི་ཁོ་འཛིན་ན་ཡང་། ཁོ་རྟག་པར་འཇོག་ཐུབ་ཀྱི་མ་རེད་ཟེར་གྱི་ཡོའོ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།མི་ཐུབ་པ་ཁོ། ཀ་བ་རྟག་པར་འཛིན་པའི་བློས་ཀ་བ་རྟག་པར་འཛིན་གྱི་ཡོའོ་རེད་དེ། དོན་དངོས་ལ་ཀ་བ་རྟག་པ་མ་རེད་ཟེར་གྱི་ཡོའོ་རེད། འདི་ཤེས་སོང་། འོ་་་ འདི་ཟེར་གྱི་ཡོའོ་རེད་ད། ཨོང་བྱས། ད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མིན་གྱིས་བློས་དམིགས་པའི་ཡུལ་དེ་ཡོད་པར་འཇོག་མི་ནུས་ཏེ། ཀ་བ་རྟག་འཛིན་རྟོག་པས་ཀ་བ་རྟག་པར་དམིགས་ཀྱང་། ཀ་བ་རྟག་པ་གཞི་མ་གྲུབ་པའི་ཕྱིར་རོ། ཀ་བ་རྟག་པ་གཞི་གྲུབ་པ་རེད་མ་གྲུབ་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།གཞི་མ་གྲུབ་པ་རེད། ཀ་བ་རྟག་པ་གཞི་མ་གྲུབ་པ་རེད་པཱ། འོ་་་བྱས།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མས་གྲུབ་པ་གཞི་གྲུབ་ཀྱི། ད། ཡོད་པའི་མཚན་ཉིད་ཚར་ར་རེད་པཱ། ད་ཡང་གཞི་གྲུབ་ཀྱི་མཚན་ཉིད། ཁྱེད་རང་གི་ད་གིན་ཟེར། ཡཱ། གཞི་གྲུབ་ཀྱི་མཚན་ཉིད་ལ་ག་རེ་བཞག་གི་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མས་གྲུབ་པ་གཞི་གྲུབ་ཀྱི་མཚན་ཉིད། འོ། འདུག་བཟོ་ཟེར་དགོས་རེད། ལམ་སང་ཁ་ནས་ལམ་སང་འདོན་པ་གཅིག ཚད་མས་གྲུབ་པ་གཞི་གྲུབ་ཀྱི་མཚན་ཉིད་ཡིན། ཟེར།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།དེའི་སྒྲ་བཤད་ནི། ད་ཡང་གཞི་གྲུབ་ཀྱི་སྒྲ་བཤད་ཤོད་ཀྱི་ཡོའོ་རེད། དེའི་སྒྲ་བཤད་ཟེར་མཁན་འདི། གཞི་གྲུབ་ཀྱི་སྒྲ་་་་་དེའི་སྒྲ་བཤད་ནི་ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ནས་ཀྱང་ཆོས་དེ་ཡོད་མེད་ཇི་ལྟར་ཡིན་པ་་དང་། ཆོས་དེའི་གནས་ལུགས་དེ་ལྟར་ཡིན་མིན་སོགས་བློ་ཚད་མས་བརྟག་ནས་ཡོད་པ་ཡིན་པ་དང་དེ་ལྟར་ཡིན་པར་གྲུབ་པ་ཡིན་པའི་ཆ་ནས་གཞི་གྲུབ་ཟེར། ཨོ་་་གཞི་གྲུབ། གཞི་གྲུབ་ཟེར་མཁན་འདི། ཧ་གོ་སོང་ང་།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད། དཔེར་ན་ཀ་བ་ལ་སོགས་པ་ཡོད་མེད་བརྟག་དཔྱད་བྱེད་ཀྱི་རེད་པཱ། བརྟག་དཔྱད་བྱས་ནི། དེ་ནི་ཀ་བ་ཡོད་པར་ཤེས་ཤེས་ཀྱི་རེད་མ་རེད།
- སློབ་ཕྲུགཤེས་ཀྱི་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཀ་བ་ཡོད་པར་ཤེས་དུས་ཙམ་ནས། ད།འདིའི་བློ་དེས་ཀ་བ་ཡོད་པར་ཤེས་པ་ལྟར་ཀ་བ་འདི། ད་གྲུབ་པ་རེད་མ་རེད།
- སློབ་ཕྲུགདོན། གྲུབ་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།གྲུབ་པ་རེད་པ་འོང་། བྱས་ཙང་གཞི་གྲུབ།གཞི་གྲུབ་ཟེར་ཡས་ཁོ། ཧ་གོ་སོང་ང་། ཡོད་མེད་བརྟག་པས་གཞིར་བཞག་པ་རེད། གཞིར་བཞག་པ་ལྟར་ཀ་བ་ཁོ་དོན་ལ་ཡང་གྲུབ་པས་ན་གཞི་གྲུབ་བྱས་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།མདོར་ན། ད།ཆོས་འགང་ག་༿ཚང་མ་༾གཞི་གྲུབ་རྐྱང་རེད་ད། འདི་གཞི་གྲུབ་རེད་མ་རེད། ཚད་མས་གྲུབ་པ་རེད་པཱ། འདི་གཞི་གྲུབ་ཡིན་ན་གང་འདྲས་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།འདི་ག་རེ་རེད། ཇ་དམ་ཡིན་ནམ་ཆུ་དམ་ཡིན། འོ་་་སེར་པོ་ཡིན་ནམ་དམར་པོ་ཡིན། བརྟག་དཔྱད་བྱས་པའི་སྒོ་ནས། ད།འདི་དམར་པོ་ཡིན་པར་ཤེས་ཐུབ་ཀྱི་རེད་མ་རེད། བྱས་ཙང་གཞི་གྲུབ། གཞི་གྲུབ་ཟེར་ཡས་ཁོ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད།འདི་ཡའི་གཅིག་པ་རེད་པཱ། འདི་ཡང་གཅིག་པ་རེད་པཱ། འདི་ཡང་གཅིག་པ་རེད་པཱ། འོ་་་གཞི་གྲུབ། གཞི་གྲུབ་ཟེར་ཡས་ཁོ། ཁྱེད་རང་གཞི་གྲུབ་པ་རེད་མ་རེད།
- སློབ་ཕྲུགརེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།རེད་པཱ། ཁྱེད་རང་མི་ཡིན་མིན་བརྟག་དཔྱད་བྱས། མི་རིགས་གང་ཡིན་མིན་བརྟག་དཔྱད་བྱེད་དུས་ཙམ་ནས། ཁྱེད་རང་ཨ་མི་རི་ཁའི་མི་རིགས་དེ་ཡིན་པ་ངས་ཤེས་ཀྱི་རེད་པཱ། ཤེས་ཀྱི་ཡོའོ་རེད་པཱ། བྱས་ཙང་། ད། ཁྱེད་རང་གཞི་གྲུབ་ཀྱི་འདུག་ག གཞི་གྲུབ། གཞི་གྲུབ་ཟེར་ཡས་ཁོ་འོ་འདི་རེད། ཤེས་སོང་ངམ།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།འོ། ཚད་མས་གྲུབ་པ་གཞི་གྲུབ་ཀྱི་དེའི་སྒྲ་བཤད་ནི། ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཀྱང་དེ་ནི་ཚད་མས། ཨན་་་དེ་ནི་ག་རེ་ཟེར། ཨ་ལ་འདི་ལ་འདུག་ག འ་ཡེ་་་འདི་རེད་པཱ།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཨན་་་ ག་རེ། འདིའི་སྒྲ་བཤད་ནི་ཟེར། ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ནས་ཀྱང་ཆོས་དེ་ཡོད་མེད་ཇི་ལྟར་ཡིན་པ་དང་ཆོས་དེའི་གནས་ལུགས་དེ་ལྟར་ཡིན་མིན་སོགས། བློ་ཚད་མས་བརྟག་ནས་ཡོད་པ་ཡིན་པ་དང་། དེ་ལྟར་ཡིན་པ་གྲུབ་པ་ཡིན་པའི་ཆ་ནས། དེ་ནི་གཞི་གྲུབ་ཡིན་ཞེས་བརྗོད་པ་རེད། ཟེར་གྱི་ཡོའོ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།དཔེར་ན། ཟེར་གྱི་ཡོའོ་རེད། བློ་ཚད་མས་བུམ་པ་དེ་ཡོད་པའམ་མེད་པ་ཡིན་ཞེས་བརྟག་ནས། ཡོད་པ་ཡིན་པར་གྲུབ་པར་ཡིན་པས་ན། བུམ་པ་གཞི་གྲུབ་ཟེར། བུམ་པ་གཞི་གྲུབ། བུམ་པ་གཞི་གྲུབ་ཟེར་མཁན་འདི། བློ་ཚད་མས་བུམ་པ་དེ་ཡོད་པའམ་མེད་པ་ཡིན་ཞེས་བརྟག་པ་བྱས་ནས་ཟེར་གྱི་ཡོའོ་༿ཡོད་༾རེད། བརྟག་དཔྱད་བྱས་ནས་བུམ་པ་ཡོད་པར་གྲུབ་པ་ཡིན་པས། བུམ་པ་ཡོད་པར་གྲུབ་རྒྱུ་ཡོའོ་རེད་མ་རེད། གྲུབ་རྒྱུ་ཡོའོ་རེད་པཱ། བྱས་ཙང་བུམ་པ་གཞི་གྲུབ།བུམ་པ་གཞི་གྲུབ་ཟེར་ཡས་ཀྱི་གཞི་གྲུབ་སྟངས་ཁོ་འདི་རེད། བྱས་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བུམ་པ་གཞི་གྲུབ་དང་། བུམ་པ་དེ་ཚད་མས་རྟག་མི་རྟག་གང་ཡིན་བརྟག་ནས་རྟག་པ་རེད་དམ། རྟག་མི་རྟག་ཟེར་དུས་ཙམ་ནས། བུམ་པ་དེ་རྟག་པ་ཡིན་ནམ་མི་རྟག་པ་གང་ཡིན། ཨོའོ་་་བརྟག་དཔྱད་བྱས་ནས་ཟེར་གྱི་ཡོའོ་རེད། བུམ་པ་མི་རྟག་པ་ཡིན་པར་གྲུབ་ཀྱི་རེད་མ་རེད། གྲུབ། གྲུབ་ཀྱི་རེད་པཱ། གྲུབ་པར་ཡིན་པས་ན་བུམ་པ་མི་རྟག་པ་ཡིན་པར་གཞི་གྲུབ། བུམ་པ་མི་རྟག་པ་ཡིན་པར་གཞི་གྲུབ་ཡིན་ཟེར་ཡས་ཁོ་ད་འདི་རེད་བྱས་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བུམ་པ་མི་རྟག་པ་ཡིན་པར་གཞི་་་་་གཞི་གྲུབ་དང་། ད།བུམ་པ་དེ་བློ་ཚད་མས་ཤེས་བྱ་ཡིན་མིན་བརྟག་ནས། ཡང་བུམ་པ་ཤེས་བྱ་རེད་མ་རེད་བསམ་ནས། བློ་ཚད་མས་བརྟག་དཔྱད་བྱེད་ཀྱི་རེད་མ་རེད། བརྟག་དཔྱད་བྱས་ནས། ད།བུམ་པ་ཤེས་བྱ་ཡིན་པར་གྲུབ་ཀྱི་རེད་མ་རེད། གྲུབ་པ་དང་ཤེས་པ་གཅིག་པ་རེད། ཧ་གོ་སོང་ང་།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བུམ་པ་ཤེས་བྱ་ཡིན་པར་གྲུབ་པ་བྱས་པ་དང་བུམ་པ་ཤེས་བྱ་ཡིན་པར་རྟོགས་པ། ཤེས་པ། གཅིག་པ་རེད་དཱ། སྐད་ཆ་ཟེར་སྟངས་མ་གཏོགས་གཅིག་པ་རེད། ཨོའོ་་་གྲུབ་པར་་་་་་གྲུབ་པའི་ཆ་ནས། ཟེར། དེ་ནས་བུམ་པ་ཤེས་བྱ་ཡིན་པར་གཞི་གྲུབ་ཡུལ་ལ་བཞག་པ་རེད་མ་རེད། བཞག་པ་རེད་ཟེར།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།དེ་བཞིན་དུ་བུམ་པའི་སྟེང་གི་ལྡོག་པ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ལ་སྦྱར་ཞིང་། བུམ་པའི་སྟེང་གི་ལྡོག་པ་ཇི་སྙེད་ཡོའོ་༿ཡོད་༾རེད་མ་རེད། ཁྱོད་ཀྱི་ཧ་གོ་ཀྱི་འདུག་གམ། བུམ་པའི་སྟེང་གི་ལྡོག་པ་ཇི་སྙེད་ཟེར་མཁན་འདི།
- ལྡོག་པ་ཇི་སྙེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བུམ་པའི་སྟེང་ལ་ལྡོག་པ་ཇི་སྙེད། ཇི་སྙེད་ཟེར་མཁན་འདི་མང་པོའི་མིང་རེད། ཧ་གོ་སོང་ང་། བུམ་པས། ཇི་སྙེད་ཟེར།ཇི་སྙེད། ཇི་སྙེད།ཇི་སྙེད་ཟེར་ན་མང་པོ་མཐའ་ཡས་པའི་དོན་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བུམ་པའི་སྟེང་གི་ལྡོག་པ་ཇི་སྙེད་ཡོའོ་༿ཡོད་༾རེད་མ་རེད། ལྡོག་པ་ཇི་སྙེད་ཡོའོ་རེད། གྲངས་མེད་ཡོའོ་རེད། གང་རེད་ཟེར་ན།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བུམ་པ་ཤེས་བྱ་ཡིན་པའི་ཆ་ཡོའོ་རེད་མ་རེད། བུམ་པ་གཞལ་བྱ་ཡིན་པའི་ཆ་ཡོའོ་རེད་མ་རེད། བུམ་པ་མི་རྟག་པ་ཡིན་པའི་ཆ་ཡོའོ་རེད་མོ་རེད། བུམ་པ་དངོས་པོ་ཡིན་པའི་ཆ་ཡོའོ་རེད་མ་རེད། བུམ་པ་བེམ་པོ་ཡིན་པའི་ཆ་ཡོའོ་རེད་མ་རེད། བུམ་པ་གཟུགས་ཡིན་པའི་ཆ་ཡོའོ་རེད་མ་རེད། འོ་་་ ད།འདི་ཚོ་གང་ག་བུམ་པའི་སྟེང་གི་ལྡོག་པ་ཟེར་གྱི་རེད། ཧ་གོ་སོང་ང་།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བུམ་པ་ཤེས་བྱ་མ་ཡིན་པ་ལས་ལྡོག་པ། བུམ་པ་ཀ་བ་ཡིན་པ་ལས་ལྡོག་པ། བུམ་པ།ཨན་་་ རྟག་པ་ཡིན་པ་ལས་ལྡོག་པ། བུམ་པ་ནམ་མཁའ་ལས་ལྡོག་པ། བུམ་པ་ཤེས་པ་ལས་ལྡོག་པ། ཨོའོ་་་བུམ་པ་རྟག་པ་ལས་ལྡོག་པ། བུམ་པ་སྒྲ་ལས་ལྡོག་པ། བུམ་པ་མི་ལས་ལྡོག་པ། བུམ་པ་ཆུ་ལས་ལྡོག་པ། བུམ་པ་མེ་ལས་ལྡོག་པ། བུམ་པ་གླང་ལས་ལྡོག་པ། བུམ་པ་དབྱངས་ལས་ལྡོག་པ། བུམ་པ་དེ་ནི་ཨན་་་ ར། ལུག ཁྱི་ལས་ལྡོག་པ། འདི་ཚོ་བུམ་པའི་སྟེང་ན་ལྡོག་པ་ཇི་སྙེད་གྲངས་མེད་ཡོའོ་རེད། ཧ་གོ་སོང་ང་། འོ།འདི་ཚོ་ཟེར་གྱི་ཡོའོ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བུམ་པའི་སྟེང་གི་ལྡོག་པ་ཇི་སྙེད། ཇི་སྙེད།ཇི་སྙེད་ཟེར་མང་པོའི་དོན་རེད། མི་ཇི་སྙེད་ཅིག་ཡོའོ་༿ཡོད་༾རེད་ཟེར་གྱི་རེད། མི་ཇི་སྙེད་ཅིག་ཡོའོ་རེད་ཟེར་དུས་ཙམ་པ་ག་རེ་ཟེར་གྱི་ཡོའོ་རེད་པཱ།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།མི་མཐའ་ཡས་པ་ཡོའོ་རེད། མང་པོ་ཞེ་དྲག་ཡོའོ་རེད་ཟེར་གྱི་ཡོའོ་རེད། ཨན་་་ ཇི་སྙེད་ཡོད་པ་ཐམས་ཅད་ལ་སྦྱར་ནས་ཤེས་པར་བྱེད་དགོས་རེད། བྱས་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བུམ་པ་དེ་བཞིན་དུ་ཀ་བ་དང་ནམ་མཁའ་ལ་སོགས་པའི་ཆོས་ཐམས་ཅད་ལ་སྦྱར་ཏེ། གཞི་གྲུབ་ཡིན་ཚུལ་ཤེས་པར་བྱའོ། ཟེར། ད།བུམ་པ་ལ་བཞག་པ་དེ་བཞིན་དུ་ཀ་བ་གཞི་གྲུབ་ཡིན་པ་དེ་ཡའི་ཤེས་པར་བྱེད་ཀྱི་རེད། ནམ་མཁའ་གཞི་གྲུབ་ཡིན་པ་དེ་ཡའི་ཤེས་པར་བྱེད་ཀྱི་རེད། ལབ་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཀ་བ་གཞི་གྲུབ་ཡིན་པ་ག་གིས་་ཤེས་ཀྱི་ཡོའོ་རེད། ཀ་བ་ཡོད་པ་རེད་མེད་པ་རེད་བརྟག་དཔྱད་བྱེད་ཀྱི་རེད་མ་རེད། བརྟག་དཔྱད་བྱས་ནི་ཀ་བ་ཡོད་པ་ཡིན་པར་ཤེས་ཀྱི་རེད་མ་རེད། གྲུབ་ཀྱི་རེད་མ་རེད། བྱས་ཙང་ཀ་བ་གཞི་གྲུབ་ཟེར་ཡས་ཁོ་འདི་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ནམ་མཁའ་གཞི་གྲུབ་ཡིན་སྟངས་གང་འདྲས་ཟེར་གྲུབ་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ནམ་མཁའ། ནམ་མཁའ་རྟག་པ་ཡིན་ནམ་དང་མི་རྟག་པ་ཡིན་བརྟག་དཔྱད་བྱེད་ཀྱི་རེད་མ་རེད། བརྟག་དཔྱད་བྱས་པའི་རྗེས་སུ་ནམ་མཁའ་རྟག་པ་ཡིན་པར་གྲུབ་ཀྱི་རེད་མ་རེད། བྱས་ཙང་།བུམ་པ་་་་ག་རེ་ཟེར་་་་་་་་ནམ་མཁའ་གཞི་གྲུབ་ཡིན་ཟེར་གྱི་ཡོའོ་རེད། ད་འདི། འདི་འགང་གར་༿ཚང་མར་༾སྦྱར། སྦྱར་ནས་ཤེས་པར་བྱེད་དགོས་རེད་བྱས་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མ་རིག་པའི་མིང་ཁོ་ལ་གཅིག་ཤེས་ཀུན་གྲོལ་ཟེར་ར་༿བ་༾རེད། གཅིག་ཤེས་ཀུན་གྲོལ་ཟེར། གཅིག་ཤེས་སོང་ན་ཀུན་གྲོལ་འགྲོ་གི་ཡོའོ་རེད། ཧ་གོ་སོང་ང་། དོགས་པ་གང་ག་གྲོལ་འགྲོ་གི་ཡོའོ་རེད། གཅིག་ཤེས་ཀུན་གྲོལ་ཟེར།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད།གཅིག་པ་རེད་པཱ། སྒྲ་གཞི་གྲུབ་སྟངས་ཤེས་སོང་ངམ། སྒྲ་གཞི། གཞི་གྲུབ་སྟངས་གང་འདྲས་རེད་ཟེར་ན།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཁྱོད་རས་བྲིས་ན། སྒྲ་ཡོད་མེད་བརྟག་དཔྱད་བྱས་ཏེ་སྒྲ་ཡོད་པ་ཡིན་པར་གྲུབ་ཀྱི་ཡོའོ་༿ཡོད་༾རེད། ཟེར། བྱས་ཙང་སྒྲ་གཞི་གྲུབ་པ་རེད་ཟེར།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཁྱེད་རང་གཞི་གྲུབ་པ་རེད་དམ་མ་རེད། ཁྱེད་རང་གཞི་གྲུབ་སྟངས་གང་འདྲས་ཟེར། གྲུབ་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།འོ་་་བརྟག་དཔྱད་བྱས་ཏེ་གཞི་གྲུབ་ཡིན་པར་ཤེས་ཀྱི་ཡོའོ་རེད་པཱ། བྱས་ཙང་གཞི་གྲུབ།གྲུབ་ཟེར་མཁན་འདི། ཁྱེད་རང་གཞི་གྲུབ་ཡིན་པར་གྲུབ་སྟངས་གང་འདྲས་རེད། གཞི་གྲུབ་སྟངས། ཡོད་མེད་བརྟག་དཔྱད་བྱས་དེ་ནི་ཡོད་པ་ཡིན་པར་གྲུབ་ཀྱི་རེད་མ་རེད། བྱས་ཙང་གཞི་གྲུབ་ཟེར་ཡས་ཁོ། གཞི་གྲུབ་ཟེར། ཨོའོ་་་སྒྲ་བཤད་ཟེར། ཨོའོ་་་་དེ་ལ་ཟེར་གྱི་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།དེ་ཡག་པོ་ཤེས་སོང་ངམ། འོ་་་ཁྱེད་རང་ཚོ་ཀླད་པ་སྤྱང་པོ་ཞེ་དྲག་འདུག ཨོའོ་་་་དངོས་གནས་འདུག ཡག་པོ་ཞེ་དྲག་རེད། བརྩོན་འགྲུས་ཡའི་ཆེན་པོ་འདུག དངོས་གནས་ཡག་པོ་རེད། ང་བསྟོད་བསྔགས་གཏང་ཡས་ཀྱི་དེ་རེད། གཞི་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད།ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད། ད།གཞི་གྲུབ་ཀྱི་མཚན་ཉིད་ཚར་ར་༿བ་༾རེད་པཱ། ཚར་སོང་ང་།ད།གཞི་གྲུབ་ཀྱི་མཚན་ཉིད།གང་ཟེར། གཞལ་བྱའི་མཚན་ཉིད་ལ་ག་རེ་གཞག་དགོས་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད། ད་ལྟོས་ད། ཚད་མས་དམིགས་པར་ཡོད་པའི་མཚན་ཉིད་བྱས་པ་རེད་པཱ། ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད་གཅིག་ཡོའོ་རེད་པཱ། གཞལ་བྱ།གཞལ་བྱ་ཟེར་མཁན་འདི་ག་རེ་རེད་ཟེར་ན། ཚད་མས་གཞལ་བར་བྱེད་པས་ན་གཞལ་བྱ་བྱས་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མས་གཞལ་བ་དང་ཚད་མས་རྟོགས་པ་དོན་གཅིག་རེད། གཅིག་པ་རེད། སྐད་ཆ་ཟེར་སྟངས་མི་འདྲ་བ་མ་གཏོགས་ཚད་མས་གཞལ་བར་བྱེད་པ་དང་ཚད་མས་རྟོགས་པར་བྱེད་པ་ལ་ཁྱད་ཡོའོ་༿ཡོད་༾མ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ང་ཚོའི་མིག་ཤེས་ཀྱིས་འདི་སེར་པོ་ཡིན་པར་གཞལ་བ་རེད་མ་རེད། གཞལ་བ་རེད། ང་ཚོའི་མིག་ཤེས་ཀྱིས་འདི་སེར་པོ་ཡིན་པར་རྟོགས་པ་རེད་མ་རེད། རྟོགས་པ་རེད། ང་ཚོའི་མིག་ཤེས་ཀྱིས་འདི་སེར་པོ་ཡིན་པར་དམིགས་པ་རེད་མ་རེད། དམིགས་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།འཇལ། རྟོགས། ངེས་གསུམ་དོན་གཅིག་ཟེར། འཇལ་བ། རྟོགས་པ། ཧ་གོ་སོང་ང་། ངེས་པ། འདི་ཚོ་དོན་གཅིག་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།འདི་ཚད་མས་གཞལ་བར་བྱ་བ་བྱེད་བ་༿པ་༾དང་ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད་ཟེར་ར་༿བ་༾ལ་ཁྱད་༿ཁྱད་པར་༾ཡོའོ་མ་རེད། ཧ་གོ་སོང་ང་། ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད། ཡང་དེའི་སྒྲ་བཤད་ནི་ཟེར་ར་འདུག་ག ད་གཞལ་བྱའི་སྒྲ་བཤད་རེད། གཞལ་བྱའི་མཚན་ཉིད། ཡ་་་ཁྱོད་གཞལ་བྱའི་མཚན་ཉིད་ཞོག
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད། འདི་ལམ་སང་འདི་ངེས་པར་བྱེད་དགོས་རེད། ཡ་་་གཞལ་བྱའི་མཚན་ཉིད་ཞོག ལབ་དང་། ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད་བྱེད་ཅིག ལབ་ཅིག གཞལ་བྱའི་མཚན་ཉིད་ཞོག ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད། ཡ་་་ཁྱོད་གཞལ་བྱའི་མཚན་ཉིད་ཞོག ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད་ཟེར། ལམ་སང་འདུག་བཟོ་ཟེར་དགོས་རེད། ཆ་ཚང་ཆ་ཚང་། ཧ་གོ་སོང་། ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།གཞལ་བྱའི་སྒྲ་བཤད་ཞོག ད། འདི་གཞལ་བྱའི་སྒྲ་བཤད་འདི་ལ། དེའི་སྒྲ་བཤད་ནི་ཟེར།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཀྱང་། ཟེར། དེ་ནི་ཚད་མས་དངོས་སུ་རྟོགས་པར་བྱ་བ་དང་ཤུགས་ལ་རྟོགས་པར་བྱ་བ་དང་། སྟོབས་ཤུགས་ཀྱིས་རྟོགས་པར་བྱ་བ་གང་རུང་ཡིན་པའི་ཆ་ནས། གཞལ་བྱ་ཡིན་པར་གཞག་པར་ཡིན་ཞེས་པའོ།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད།དཔེར་ན།ཀ་བ་དང་བུམ་པ་ལ་སོགས་པ། ཀ་བུམ་ཟེར་ན་ནི་ཡང་ཧ་གོ་གི་འདུག་ག ཀ་བ་དང་བུམ་པ་ལ་སོགས་པའི་ཆོས་གང་དང་གང་ཡིན་ན་ཀ་བ་ཡིན་ན་ཡང་རེད། བུམ་པ་ཡིན་ན་ཡང་རེད། སྒྲོག་ཙེ་ཡིན་ན་ཡང་རེད། རྐུབ་བཀྱག་ཡིན་ན་ཡང་རེད་། མེ་ཤིང་ཡིན་ན་ཡང་རེད། ཨན།ཡང་ཏན་ཧྲི་༼རྒྱ་ནག་གི་སྐད་ཡིན་ཞིང་བོད་སྐད་ལ་བརྙན་འཕྲིན་ཟེར་༽ཡིན་ན་ཡང་རེད། དེབ་ཡིན་ན་ཡང་རེད། སྨྱུ་གུ་ཡིན་ན་ཡང་རེད། ཤོག་བུ་ཡིན་ན་ཡང་རེད་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད།འདི་གཞལ་བྱ་ཟེར་དགོས་པའི་རྒྱུ་མཚན་གང་ཡིན། ཟེར་ན། ད་ཡང་འདི་ཚོ་་་་་འདི་ཚོ་ལ་ཟེར་གྱི་ཡོའོ་རེད། ཚད་མས་དངོས་སུ་རྟོགས་པར་བྱ་བ་ཡང་ན་ཚད་མས་དངོས་སུ་རྟོགས་པར་བྱ་བ། ཡང་ན་ཚད་མས་ཤུགས་ལ་རྟོགས་པར་བྱ་བ། ཡང་ན་སྟོབས་ཤུགས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཆ་ནས་གཞལ་བྱ་ཞེས་པ་རེད་བརྗོད་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མས་དངོས་སུ་རྟོགས་པར་བྱ་བ་ཟེར་ན། ག་རེ་ཟེར་གྱི་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།འདིར་ང་ཚོའི་མིག་ཤེས་ཀྱིས་འདི་དངོས་སུ་རྟོགས་པ་རེད་མ་རེད། དངོས་སུ་རྟོགས་པ་རེད་པཱ། ཁོ་རང་གི་རྣམ་པར་ཤར་བའི་སྒོ་ནས་རྟོགས་པ་དེ་ལ། དངོས་རྟོགས་ཟེར་ར་༿བ་༾རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།རྟོགས་ལ་དངོས་རྟོགས་ཤུགས་རྟོགས་གཉིས། རྣམ་པར་ཤར་དང་མ་ཤར་གཉིས་ཟེར། རྣམ་པར་ཤར་བའི་གོ་ནས་རྟོགས་པ་དེ་ལ་དངོས་སུ་རྟོགས་པ་ཟེར་ར་༿བ་༾རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཤུགས་ལ་རྟོགས་པ་ཟེར་མཁན་འདི་ག་རེ་རེད་ཟེར་ན།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།གནས་སྐབས་ཤིག་ཡུལ་དེའི་ལ་བློ་ཁ་མ་ཕྱོགས་ན་ཡང་། དེ་ལ་བློ་ཁ་ཕྱོགས་པ་ཙམ་གྱིས་ལམ་སང་ངེས་ཕྱོགས་ཡོད་མཁན་དེ་ལ་ཤུགས་ལ་རྟོགས་པ་ཟེར་ར་༿བ་༾རེད། ཤེས་སོང་ངམ། འོ་་་ཤུགས་ལ་རྟོགས་པ་ཟེར།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།སྟོབས་ཤུགས་ཀྱིས་རྟོགས་པ་ཟེར་ན། དེ་ལ་ཡིད་མ་གཏད་ན་ཡང་དེ་ཤེས་པ་ཙམ་གྱིས་དེའི་ཞར་ལ། འོ། ཡུལ་གཞན་དག་འདི་ཤེས་མཁན་འདི་ལ། འོ་་་ཤུགས་ཀྱིས་ཤེས་པ་ཟེར། ཧ་གོ་སོང་ངམ། ཤུགས་ཀྱིས་ཤེས་པ་ཟེར། སྟོབས་ཤུགས་ཀྱིས་ཤེས་པ་ཟེར།
- སློབ་ཕྲུགའདི་ལ་བརྟེན་ནས་དེ་རྟོགས་པ།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།འོ།ཧར་ར།ཧར་ར།ཧར་ར།ཧར། འོ་་་ད་ག་རེད། འདི་ཤེས་པ་ལ་བརྟེན་ནས་ཁོའི་རིག་པས་འདི་ལམ་སེང་དཔག་ནུས་མཁན་འདི་ལ། ད་ཤུགས་ཀྱིས་རྟོགས་པ་ཟེར་གྱི་རེད། ཁྱོད་རིག་པ་སྤྱང་པོ་འདུག
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཤེས་ཀྱི་འདུག་ག རེད་རེད། དེ་ངོ་མ་རེད། དེ་ངོ་མ་རེད། འདི་སྐྱག་རྫུན་ཡོའོ་༿ཡོད་༾མ་རེད།ངོ་མ་རེད། འདི་འདྲས་གཅིག་དགོ་༿དགོས་༾རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མ་རིག་པ་ཟེར་མཁན་འདི། ཤེས་པ་ལ་འདི་འདྲས་གཅིག་མ་ཤེས་ན། ད་ཁག་པོ་ཞེ་པོ་ཡོའོ་རེད། འདི་འདྲས་ཤེས་པ་དགོ་༿དགོས་༾རེད། ད།ལམ་སང་ཕར་འདུག་བཟོ་རིག་པས། ཕར་རྟགས་གསལ་བཏང་། ཧ་གོ་སོང་ང་།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཨོའོ་་་འདི་རྟོགས་པའི་ཤུགས་ཀྱིས་ལམ་སེང་ཕར་ཕྱོགས་འདི་ཤེས་ཐུབ་མཁན། འདིའི་དོན་དག་འདི་འདུག་བཟོ། འདུག་བཟོ་བསམ་བློ་གཏང་བྱས་དེ་ནི་ཕར་ཕྱོགས་གཞན་ཨོའོ། དེབ་གཞན་དག་འདི་ལས་འདི་འདྲས་གཅིག་ཡོད་བསམ་ནས་ལམ་སང་དྲན་གསོས་ཀྱི་འདུག་ག འོ་་་འདི་ཚོ་ལ་སྟོབས་ཤུགས་ཀྱིས་རྟོགས་པ་ཤུགས་ལ་རྟོགས་པ་ཟེར་ར་རེད། ཤེས་སོང་ངམ།ཨོའོ་་་ འདུག་བཟོ་ཟེར་གྱི་རེད་དོ།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ད།ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཀྱང་། དེ་ནི་ཚད་མས་དངོས་སུ་རྟོགས་པར་བྱ་བ་དང་། ཤུགས་ལ་རྟོགས་པར་བྱ་བ་དང་། སྟོབས་ཤུགས་ཀྱིས་རྟོགས་པར་བྱ་བ་གང་རུང་ཡིན་པའི་ཆ་ནས། གཞལ་བྱ་ཡིན་པར་བཞག་པས་གཞལ་བྱ།གཞལ་བྱ་ཟེར་ཁོ། གཞལ་བྱ་ཡིན་པར་བཞག་པ་ཡིན་ཞེས་བཞག་པའོ་ཟེར་བྱས།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།དཔེར་ན་བྱས་པ་རེད། བུམ་པ་དེ་ཚད་མས་དངོས་སུ་རྟོགས་པར་བྱ་བ་སོགས། གསུམ་པོ་གང་རུང་ཡིན་པའི་ཆ་ནས་གཞལ་བྱ་ཡིན་པ། ད།བུམ་པ་དེ་ཚད་མས་དངོས་སུ་རྟོགས་པར་བྱ་བ་རེད་མ་རེད། རེད་པཱ་འོ།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།བུམ་པ་མིག་ཤེས་ཀྱིས་དངོས་སུ་རྟོགས་པར་བྱ་བ་རེད་མ་རེད། ཨ། རྟོགས་པར་བྱ་བ་རེད་པཱ། འོ་་་རྟོགས་པར་བྱ་བ་སོགས་གསུམ་པོ་གང་རུང་ཡིན་པའི་ཆ་ནས། གསུམ་པོ་གང་རུང་ཟེར་ན། གསུམ་པོ་གང་རུང་ག་གི་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཚད་མས་དངོས་སུ་རྟོགས་པར་བྱ་བ། ཤུགས་ལ་རྟོགས་པར་བྱ་བ། སྟོབས་ཤུགས་ཀྱིས་རྟོགས་པར་བྱ་བ་ཟེར་མཁན་འདི།གསུམ་པོ་དེ་ད་ལྟའི་གོང་དེ་ན་འདི་འདུག་ག དངོས་སུ་རྟོགས་པར་བྱ་བ་དང་། ཤུགས་ལ་རྟོགས་པར་བྱ་བ་དང་། སྟོབས་ཤུགས་ཀྱིས་རྟོགས་པར་བྱ་བ་ཟེར་མཁན་གཅིག་འདུག་ག འདི་གསུམ་པོ་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།འོ། ཤེས་སོང་ངམ། བུམ་པ་དེ་ཚད་མས་དངོས་སུ་རྟོགས་པར་བྱ་བ་སོགས། གསུམ་པོ་གང་རུང་ཡིན་པའི་ཆ་ནས་གཞལ་བྱ་ཡིན་པ་དང་། དེ་བཞིན་དུ་བུམ་པ་མི་རྟག་པ་སོགས། ཆོས་ཐམས་ཅད་ལ་སྦྱར་བ། ད་གིན་དང་གཅིག་པ་གཅིག་རྐྱང་རེད་ཤག ད།བུམ་པ་དང་ཀ་བ་དང་ས་དང་ཆུ། མེ། རླུང་། ད།ཁྱི། གཡག བོང་བུ། སྟག གཟིག སྤྱང་ཀི་འགང་ག་༿ཚང་མ་༾རིག་པ་འབྲེལ་ནི་བཤད་པར་བྱེད་དགོས་རེད་བྱས་པ་རེད།
- དགེ་རྒན་ཆེན་མོ་ཚེ་དབང་ལགས།ཐམས་ཅད་ལ་སྦྱར་བ་སྔ་མ་གཞི་གྲུབ་ཀྱི་སྐབས་བཞིན་དུ་ཤེས་པར་བྱའོ། ད།གཞི་གྲུབ་ཀྱི་སྐབས་སུ་གཞི་གྲུབ་ཡིན་པར་བཤད་སྟངས་གཅིག་ཡོད་པཱ། འདི་ནང་བཞིན་བཤད་པར་བྱེད་ཀྱི་རེད་བྱས་པ་རེད།