Video Overview
Tsewang on Logic: Part three of five.
- ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད། བྱས་པ་རེད། ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད་། ཟེར། དེའི་འགྲེལ་བཤད་ནི། ཟེར། ད་གཞལ་བྱ་ཟེར་མཁན་དེའི་འགྲེལ་བཤད་ཟེར་གྱི་ཡོའོ་རེད། ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཀྱང་། དེ་ནི་ཚད་མས་དངོས་སུ་རྟོགས་པར་བྱ་བ་དང་། ཤུགས་ལ་རྟོགས་པ་བྱ་བ་དང་། སྟོབས་ཤུགས་ཀྱིས་རྟོགས་པར་བྱ་བ་གང་རུང་ཡིན་པའི་ཆ་ནས། དེ་ནི་གཞལ་བྱ་ཡིན་ཟེར། བཞག་པ་རེད། ཧ་གོ་སོང་ང་།
- ད་ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཡང་། ཟེར་ན། ཀ་བ་ཡིན་ན་ཡང་རེད། བུམ་པ་ཡིན་ན་ཡང་རེད། མི་ཡིན་ན་ཡང་རེད། འོ། ས་ཡིན་ན་ཡང་རེད། ཆུ་ཡིན་ན་ཡང་རེད། ཚད་མས་རྟོགས་པར་བྱ་བ་རེད་པ། ཚད་མས་རྟོགས་པར་བྱ་བའི་ཆ་ནས། དེ་ནི་གཞལ་བྱ་ཞེས་བཞག་པ་རེད། བྱས་པ་རེད། དེ་ཤེས་ཀྱི་འདུག་ག འོ་དེ་རེད། ད་དེའི་གཤམ་ལ་ད། དེ་བཞིན་དུ་བུམ་པ་མི་རྟག་པ་སོགས་ཆོས་ཐམས་ཅད་ལ་སྦྱར་བ་སྔ་མ་གཞི་གྲུབ་ཀྱི་སྐབས་སུ་བཤད་པ་ལྟར། དེ་བཞིན་དུ་ཤེས་པར་བྱ་དགོས་པ་ཡིན་ཟེར།
- ད་བུམ་པ་མི་རྟག་པ། བུམ་པ་མི་རྟག་པ་སོགས་ཟེར་དུས་ག་རེ་ཟེར་གྱི་ཡོའོ་རས། བུམ་པ་མི་རྟག་པ། བུམ་པ་བྱས་པ། བུམ་པ་ཤེས་བྱ། བུམ་པ་ཡོད་པ། བུམ་པ་གཞི་གྲུབ། བུམ་པ་དངོས་པོ། བུམ་པ་སྐྱེས་པ། བུམ་པ་བདག་མེད། འོ་་་ལ་སོགས་པ་དེ་ཚོ་ཡང་གང་ག་ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཆ་ནས། དེ་ནི་གཞལ་བྱར་གཞག་ག་༼དགོས་༽རེད། བྱས་པ་རེད།
- བུམ་པ་མེད་པ། མི་རྟག་པ་དེ་གཞལ་བྱ་རེད་དམ་མ་རེད་ཟེར་ན་ག་རེ་ཟེར་གས། གཞལ་བྱ་ཡིན་ཟེར་དགོ་༼དགོས་༽རེད། ཧ་གོ་སོང་ང་། བུམ་པ་མི་རྟག་པ་དེ་གཞལ་བྱ་ཡིན་ཟེར། བུམ་པ་ཤེས་བྱ་དེ་གཞལ་བྱ་རེད་དམ་མ་རེད། རེད་ཟེར། བུམ་པ་ཡོད་པ་དེ་གཞལ་བྱ་རེད་དམ་མ་རེད། ཡིན་ཟེར་དགོས། བུམ་པ་མི། བུམ་པ་ཤེས་བྱ་དེ་གཞལ་བྱ་ཡིན་པའི་རྒྱུ་མཚན་གང་ཡིན་ནམ། ཟེར་ན། ཚད་མས་རྟོགས་པར་བྱ་བ་ཡིན་པའི་རྒྱུ་མཚན་གྱིས་གཞལ་བྱར་ཞོག་པ་༼བཞག་པ་༽རེད་ཟེར། ད་དེ་ཤེས་ཀྱི་འདུག་ག གཞལ་བྱ་ཟེར་མཁན་དེ། ཚད་མས་རྟོགས་པར་བྱ་བའི་ཆ་ནས། དེ་ནི་གཞལ་བྱ་ཟེར་བཞག་པ་རེད། བྱས་པ་རེད།
- ཆོས་ཐམས་ཅད་ལ་སྦྱར་བའི་སྔ་མ་གཞི་གྲུབ་ཀྱི་སྐབས་བཞིན་དུ་བཤད་པར། ཤེས་པར་བྱ་དགོས། སྔ་མ་གཞི་གྲུབ་ཀྱི་སྐབས་སུ་ཟེར་ན་ག་རེ་ཟེར་གྱི་རེད་པས། གོང་ཡ་རུ། ཚད་མས་གྲུབ་པ་གཞི་གྲུབ་ཀྱི་མཚན་ཉིད་ཟེར་སོང་ང་། ཚད་མས་གྲུབ་པ་གཞི་གྲུབ་ཀྱི་མཚན་ཉིད། བུམ་པ་དེ་ཚད་མས་གྲུབ་པའི་ཆ་ནས་གཞི་གྲུབ་ཡིན་ཟེར་བཞག་པ་རེད། ཀ་བ་དེ། ཚད་མས་གྲུབ་པ་ཡིན་པའི་ཆ་ནས། གཞི་གྲུབ་ཅེས་བཞག་པ་རེད། དེ་བཞིན་དུ། བུམ་པ་དང་ཀ་བ་ལ་སོགས་པ། ཚད་མས་རྟོགས་པར་བྱ་བ་ཡིན་པའི་ཆ་ནས། དེ་ནི་གཞལ་བྱར་གཞག་པ་རེད། དེ་ཤེས་པར་བྱེད་དགོས་རེད། ཟེར་གྱི་ཡོའོ་རེད།
- ད་དེ་རེད། དམིགས་པའི་མཚན་ཉིད་ཟེར་མཁན་དེ། ཤེས་བྱའི་མཚན་ཉིད་དེ་བཤད་ཚར་བ་རེད་པ། བློའི་ཡུལ་དུ་བྱ་རུང་ཤེས་བྱའི་མཚན་ཉིད་ཟེར་བཤད་ཚར་བ་རེད་པ། ཨེའེ། གཞི་གྲུབ་ཀྱི་མཚན་ཉིད་ལ་ག་རེ་བཞག་པ་རད། ཚད་མས་གྲུབ་པ་གཞི་གྲུབ་ཀྱི་མཚན་ཉིད། ཟེར། བཤད་ཟིན་པ་རེད་པ། ཡོད་པའི་མཚན་ཉིད་ལ་ག་རེ་བཞག་པ་རད། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་དུ་བཞག་པ་རེད་པ། ད་དམིགས་པའི་མཚན་ཉིད་རེད། དམིགས་པའི་མཚན་ཉིད་ལ་གང་འདྲས་ཟེར་བཞག་དགོས་རད། ཟེར་ན། ཚད་མས་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་དེ། དམིགས་པའི་མཚན་ཉིད་ཡིན་ཟེར། མཇུག་མ་ཡིན་ན། དམིགས་པའི་མཚན་ཉིད་ཞོག ཟེར་ན། ག་རེ་ཟེར་གྱི་རད། ཚད་མས་སྒྲོ་འདོགས་གཅད་པར་བྱ་བའི་གཞི། དམིགས་པའི་མཚན་ཉིད་ཡིན་གསུངས། འོ་དམིགས་པའི་མཚན་ཉིད་ཟེར་མཁན་ཁོ།
- ད་དམིགས་པ་དང་། ཤེས་བྱ།ཡོད་པ།གཞལ་བྱ།གཞི་གྲུབ་གང་ག དོན། དོན་སྤྱི་ད་རེད་པ། ཡིན་ན་ཡང་སོ་སོས་སོ་སོའི་མཚན་ཉིད་རེ་རེ་ཞོག་དུས་༼འཇོག་དུས་༽། ད་དམིགས་པའི་མཚན་ཉིད་ཞུ་དགོས་བྱུང་ན། འདུག་བཟོ་ཞུ་དགོ་རེད། ཚད་མས་སྒྲོ་འདོགས་གཅད་པར་བྱ་བའི་གཞི་དེ། དམིགས་པའི་མཚན་ཉིད་ཡིན་ཟེར། ད་དེའི་སྒྲ་བཤད་ནི་ཟེར་མཁན་ཞིག་འདུག་ག དེའི་སྒྲ་བཤད་ཟེར་ན་ག་རེ་ཟེར་གྱི་རད། དམིགས་པའི་སྒྲ་བཤད་ཟེར་གྱི་ཡོའོ་རེད། དམིགས་པའི་སྒྲ་བཤད། དམིགས་པའི་སྒྲ་བཤད་ནི། ཀ་བ་དང་བུམ་པ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཡང་། དེ་དག་ལ་སྒྲོ་འདོགས་ཀྱི་བློས། སྒྲོ་ཇི་སྙིད་བཏགས་པ་དེ། དེ་དག་བློ་ཚད་མས་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ཡིན་པའི་ཆ་ནས། དེ་དག་དམིགས་པ་ཡིན་ཞེས་བཤད་པ་རེད་ཟེར།
- ད་ཀ་བ་དང་བུམ་པ། ད་དུང་དེ་རེད་པ། དམིགས་པ་ཡིན་ཟེར་བྱས་པ་རེད་པ། ཚད་མས་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་བྱས་པ་རེད། ཚད་མས་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་སྟངས་འདྲ་པོ་གང་འདྲས་རེད་པས།ཟེར་ན། བུམ་པ་ལ། རྟག་པར་འཛིན་པའི། རྟག་འཛིན་གྱི་སྒྲོ་འདོགས་ཡོའོ་རད་མ་རད། ཡོའོ་རེད་པ། བུམ་པ་མེད་པར་འཛིན་པའི་སྒྲོ་འདོགས་ཡོའོ་རད་མ་རད། ཡོའོ་རེད་པ། བུམ་པ་དངོས་པོ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་ཡོའོ་རད་མ་རད། ཡོའོ་རེད་པ། བུམ་པ་ཨེ། གཞི་གྲུབ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད་པ། བུམ་པ་ཤེས་པ།
- འོ། དཱ། བུམ་པ་རྟག་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད་པ། བུམ་པ་མེད་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད། བུམ་པ་ཤེས་བྱ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད། བུམ་པ་ཤེས་བྱ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་ཟེར་ན། ག་རེ་ཟེར་གྱི་རད། བུམ་པ་ཤེས་བྱ་མ་རེད་སྙམ་པའི་བློ་དེ་ལ་ཟེར་དགོས་རེད། བུམ་པ་ཤེས་བྱ་མ་རེད་མཉམ་དུ་བསམ་པ་དེ། ནོར་འཁྲུལ་རེད་པས།ཚད་མ་རེད་པས། ནོར་འཁྲུལ་རེད། ནོར་འཁྲུལ། ནོར་འཁྲུལ། ཨོ་ནོར་བ་རེད། འཁྲུལ་པ་རེད། ད་སྒྲོ་འདོགས་ཟེར་བ་དེ་ལ་ཟེར་བ་རེད།
- བྱས་ཙང་། ད་བུམ་པ། མི་རྟག་པ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་དེ་གང་གི་གཅད་ཀྱི་ཡོའོ་རད། བུམ་པ་མི་རྟག་པར་རྟོགས་པའི་ཚད་མ་དེས། གཅད་ཀྱི་ཡོའོ་རེད། བུམ་པ་མི་རྟག་པར་རྟོགས་པའི་ཚད་མ་དེས། བུམ་པ་རྟག་པར་འཛིན་པའི་རྟག་འཛིན་གྱི་སྒྲོ་འདོགས་དེ་བཅད་པའི་གོ་ནས། བུམ་པ་མི་རྟག་པར་རྟོགས་ཀྱི་ཡོའོ་རེད། བུམ་པ་ཡོད་པར་རྟོགས་པའི་ཚད་མ་ཞིག་ཡོའོ་རེད་པ། བུམ་པ་ཡོད་པར་རྟོགས་པའི་ཚད་མ་དེས། བུམ་པ་ཡོད་པ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་བཅད་པའི་གོ་ནས། བུམ་པ།ཡོད་པར་རྟོགས་ཀྱི་ཡོའོ་རེད། བུམ་པ་དངོས་པོ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་དེ་གང་གིས་བཅད་ཀྱི་ཡོའོ་རེད། བུམ་པ་དངོས་པོར་རྟོགས་པའི་ཚད་མ་དེས་བཅད་པའི་གོ་ནས། དེ་ནི་བུམ་པ་དངོས་པོར་རྟོགས་ཀྱི་ཡོའོ་རེད། བུམ་པ། བུམ་པ་རབ་རྟོགས་པའི་ཚད་མ་ཞིག་ཡོའོ་རེད་པ། དེས་བུམ་པ་བུམ་པ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་བཅད་པའི་གོ་ནས། འོ་བུམ་པ་བུམ་པར་རྟོགས་ཀྱི་ཡོའོ་རེད།
- བྱས་ཙང་། སྒྲོ་རྟོགས་དེ་དག་གཅད་པའི་གཞི་ཁོ་གང་གི་བྱེད་ཀྱི་ཡོའོ་རས། ཟེར་ན། བུམ་པ་དེས་བྱེད་ཀྱི་ཡོའོ་རེད། བྱས་ཙང་བུམ་པ་དེ། ཚད་མས་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་ཟེར་ཡས་ཁོ། དེ་ལ་ཟེར་གྱི་ཡོའོ་རེད། ད་ད་ག་ནང་བཞིན། ཀ་བ་ལའི་གཅིག་པ་རེད། ཀ་བ་རྟག་པར་འཛིན་པའི་རྟག་འཛིན་ཡོའོ་རེད། ཀ་བ་མེད་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད། ཀ་བ་ཡོད་པ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད། ཀ་བ་གཞི་གྲུབ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད། ཀ་བ་ཨེ། ཤེས་བྱ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་ཡོད་རེད། དེ་གཅད་དགོ་༼དགོས་༽རེད། གང་གི་གཅོད་ཀྱི་ཡོའོ་རེད། ཀ་བ་ཡོད་པ་མ་ཡིན། མ་ཡིན་པར་འཛིན་པའི་སྒྲོ་འདོགས་དེ། ཀ་བ་ཡོད་པར་རྟོགས་པའི་ཚད་མ་དེས་གཅོད་ཀྱི་ཡོའོ་རེད། དེ་གཅོད་པའི་སྐབས་ལ། དམིགས་པ་ཁོ་ག་རེ་བྱེད་ཀྱི་ཡོའོ་རེད། ཀ་བ་དེ་ལ་བྱེད་ཀྱི་ཡོའོ་པ། བྱས་ཙང་། ཀ་བ་དང་བུམ་པ་སོགས་པ་དམིགས་པ་ཡིན། ཚད་མས་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་གཞི་ཡིན་ཟེར་ཡས་ཁོ། དེ་ལ་ཐུག་པ་རེད། དེ་ཤེས་སོང་ང་།
- འོ། ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཡང་། དེ་དག་ལ་སྒྲོ་འདོགས་ཀྱི་བློས། སྒྲོ་ཇི་སྙིད་བཏགས་པ་དེ་དག བློ་ཚད་མས། སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ཡིན་པའི་ཆ་ནས། དེ་ནི། དེ་དག་དམིགས་པ་ཡིན་ཞེས། ཞེས་པའི་དོན་རེད་ཟེར་བ་འདྲ་པོ། ཀ་བ་དང་བུམ་པ་དེ་ཚོ་དམིགས་པ་ཡིན་ཟེར་དགོས་པའི་རྒྱུ་མཚན་ཁོ་དེ་རེད། བྱས་པ་རེད། ད་དཔེར་ན་ཟེར་འདུག་ག དཔེར་ན། བུམ་པ་དེ། བུམ་པ་མི་རྟག་པར་རྟོགས་པའི་བློ་ཚད་མས། རྟག་པའི་སྒྲོ་འདོགས་གཅོད་པའི་གཞི། ད་བུམ་པ། མི། དེ་གཅིག་ཡོའོ་རེད་པ། བུམ་པ་གཅིག་ཡོའོ་རེད་པ། བུམ་པ་དེ། བུམ་པ་མི་རྟག་པར་རྟོགས་པའི་བློས། བུམ་པ་མི་རྟག་པར་རྟོགས་པའི་གཞི་བྱེད་ཀྱི་རད་མ་རད། གཞི་བྱེད་ཀྱི་རེད། ག་རེ་རས་ཟེར་ན། བུམ་པ་ཁོ་ལ་དམིགས། དམིགས་ཏེ། ད་བུམ་པ་རྟག་པར་འཛིན་པའི་རྟག་འཛིན་གྱི་སྒྲོ་འདོགས་དེ་བཅད་པའི་གོ་ནས། དེ་ནི་བུམ་པ་མི་རྟག་པར་རྟོགས་པར་བྱེད་ཀྱི་ཡོའོ་རེད་པ།
- བྱས་ཙང་། བུམ་པ་མི་རྟག་པ་དེ། བུམ་པ་མི་རྟག་པར་རྟོགས་པའི་བློས། སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ཡིན་ཟེར་ཡས་ཁོ་དེ་རེད། དཔེར་ན་བུམ་པ་དེ་ཟེར་འདུག་ག བུམ་པ་མི་རྟག་པར་རྟོགས་པའི་བློ་ཚད་མས་ཟེར། བློ་ཚད་མ་དང་ཚད་མ་དོན་གཅིག་རེད། འོང་། བློ་ཚད་མས། རྟག་པའི་སྒྲོ་འདོགས་གཅོད་པའི་གཞི་དང་། ད་ཨེ། གཞི་ཡིན་པའི་ཆ་ནས། དམིགས་པར་བཞག་པ་རེད་པ། བུམ་པ་དངོས་པོར་རྟོགས་པའི་ཚད་མས། བུམ་པ་དངོས་མེད་དུ་སྒྲོ་འདོགས་པ་གཅོད་པའི་གཞི་ཡིན། ཟེར། ད་བུམ་པ། དངོས་པོར་རྟོགས་པའི་ཚད་མ་ཡོའོ་རད་མ་རད། ཡོའོ་རེད་པ། བུམ་པ་དངོས་པོར་རྟོགས་པའི་ཚད་མ་ཟེར་ན་ག་རེ་ཟེར་གྱི་ཡོའོ་རེད་པས། བུམ་པ་དངོས་པོར་ཤེས་པའི་ཚད་མ་ཟེར་གྱི་ཡོའོ་རེད། ང་རང་ཚོས་བུམ་པ་དངོས་པོར་ཤེས་ཀྱི་འདུག་གམ་མི་འདུག་གམ།
- ཁྱེད་རང་ཚོས་བུམ་པ་དངོས་པོར་ཤེས་ཀྱི་འདུག་གམ་མི་འདུག་གམ། བུམ་པ་དངོས་པོ་ཡིན་པར་ཤེས་ཀྱི་ཡོའོ་རེད་པ། བུམ་པ་དངོས་པོ་རེད་དམ་མ་རེད་ཟེར་ན། བུམ་པ་དངོས་པོ་རེད། ཟེར་གྱི་རད་མ་རད། འོ་བྱས་ཙང་ག ད་བུམ་པ་དངོས་པོར་ཤེས་ཀྱི་འདུག་ག ཁྱེད་རང་གི་བུམ་པ་དངོས་པོར་རྟོགས་ཀྱི་འདུག་ག རྟོགས་པ་དང་ཤེས་པ་དོན་གཅིག་རེད། ང་རང་ཚོས། བུམ་པ་དངོས་པོར་ཤེས་ཀྱི་འདུག་ག ད་བུམ་པ་དངོས་པོར་རྟོགས་པའི་ཚད་མ་དེས། བུམ་པ་དངོས་པོ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་དེ་བཅད་པའི་གོ་ནས། ད་བུམ་པ་དངོས་པོར་རྟོགས་པ་རད་མ་རད། རེད་ཟེར་དགོས་རེད། བྱས་ཙང་། བུམ་པ་དེ་བུམ་པ་དངོས་པོར་རྟོགས་པའི་ཚད་མའི་སྒྲོ་འདོགས་གཅོད་པའི་གཞི་ཡིན་ཟེར་ཡས་ཁོ། དེ་རེད། ཤེས་སོང་ང་།
- དཔེར་ན་བུམ་པ་དེ། བུམ་པ་མི་རྟག་པར་རྟོགས་པའི་བློ་ཚད་མས། རྟག་པའི་སྒྲོ་འདོགས་གཅོད་པའི་གཞི་དང་། བུམ་པ་དངོས་པོར་རྟོགས་པའི་ཚད་མས། བུམ་པ་དངོས་མེད་དུ་སྒྲོ་འདོགས་པ་གཅོད་པའི་གཞི། ཟེར་ཡས་ཁོ་དེ་ལ་ཟེར་བ་རེད། ད་དེ་ལ་སོགས་པ་ལོག་རྟོགས་ཀྱི་སྒྲོ་འདོགས་པ་མཐའ་ཡས་པ་གཅོད་པའི་གཞི་ཡིན་པས་ན། བུམ་པ་དེ་དམིགས་པ་ཡིན་ནོ། དེ་ལ་སོགས་པ་ཟེར་ན།བུམ་པ་རྟག་པར་འཛིན་པའི་རྟག་འཛིན། དེ་ལ་སོགས་པ་ཟེར་མཁན་དེའི་མང་ལོས་༼མང་པོ་ཇི་ཙམ་༽ཡོའོ་རད། བུམ་པ་ལ་སྒྲོ་འདོགས་པ། སྒྲོ་འདོགས་མང་ལོས་ཡོའོ་རད། ཞེ་དྲག་༼མང་པོ་༽ཡོའོ་རེད། བུམ་པ་མེད་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད། བུམ་པ་དངོས་པོ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད། བུམ་པ་བུམ་པ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད། བུམ་པ་མི་རྟག་པ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད། བུམ་པ་དངོས་པོ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་ཡོའོ་རེད། བུམ་པ་རྒྱུ་མ་ཡིན་པར་འཛིན་པའི་སྒྲོ་འདོགས། བུམ་པ་རྒྱུ་རེད་དམ་མ་རེད།ཅི། ཅི་རད།
- བུམ་པ་ཟེར་མཁན་དེ་རྒྱུ་རད་མ་རད། རྒྱུ་ཟེར་མཁན་གང་འདྲས་ཤིག་ལ་ཟེར་བ་རས། ཕན་འདོགས་བྱེད། ཕན་འདོགས་བྱེད་རྒྱུའི་མཚན་ཉིད་ཟེར་དགོས་རེད། བུམ་པས་ཕན་འདོགས་ཀྱི་རད་མ་རད། འོ་བྱས་ཙང་ག ཕན་འདོགས་བྱེད་རྒྱུའི་མཚན་ཉིད་རེད། ཕན་ཐོགས་ཀྱི་ཡུལ་སྐྱེད་པ་ཡིན་ཟེར་བ་རེད། ཨོའོ། རྒྱུ་ཟེར་མཁན་དེ། ད་དངོས་པོ་སྒང་ག་རྒྱུ་རེད་པ། དངོས་པོ་སྒང་ག་རྒྱུ་རད་མ་རད། དངོས་པོ་གང་གས་ཕན་ཐོགས་ཀྱི་རད་མ་རད། ཕན་མི་ཐོགས་པའི་དངོས་པོ་ཡོའོ་རད་མ་རད། ཡོའོ་མ་རེད། ག་པར་ཡོང་གི་རད། འདིས་ཕན་ཐོགས་ཀྱི་རེད། འདིས་ཕན་ཐོགས་ཀྱི་རེད། དེབ་ཀྱི་ཕན་ཐོགས་ཀྱི་རེད། སྨྱུ་གུས་ཕན་ཐོགས་ཀྱི་ཨེད་མ་རད། ཤོག་བུས་ཕན་ཐོགས་ཀྱི་རད་མ་རད། ཨེའེ། སྣག་ཚས་ཕན་ཐོགས་ཀྱི་རད་མ་རད། ད་ཕན་མི་ཐོགས་པའི་དངོས་པོ། དངུལ་གྱི་ནི་ཕན་ཐོགས་ཀྱི་རེད་པ། ད་ཕན་མི་ཐོགས་པའི་དངོས་པོ་ཞིག་ཡོའོ་རད་མ་རད།
- འཇུར་རྟས་ཕན་ཐོགས་ཀྱི་རད་མ་རད། འཇུར་རྟ། འཇུར་རྟ། འཇུར་རྟསའི་ཕན་ཐོགས་ཀྱི་འདུག་ག རྐང་པ་ལ་མ་གྱོན་ན། རྐང་པ་ལ་ཚེར་མ་ཟུག་པ་དང་། རྐང་པ་འཁྱགས་པ་ལ་སོགས་པ་བྱེད་ཀྱི་འདུག་ག ད་ཕན་འདོགས་ཟེར་ཡས་དེ་རེད། དེ་ལ་ཟེར། ད་དངོས་པོ་སྒང་ག་ཕན་འདོགས་བྱེད་ཡིན་ཟེར་དགོས། ཤེས་སོང་ང་། ད་བུམ་པ་ཕན་འདོགས་བྱེད་མ་ཡིན་པ་དང་། དངོས་པོ་མ་ཡིན་པར་འཛིན་པའི་བློ་དེ་ཚོ་ད། སྒྲོ་འདོགས་ཟེར་མཁན་ཁོ་རེད། ད་དེ་ཚོའི་སྒྲོ་འདོགས་དེ་ཚོ་གང་གི་འཇུག་གི་རད། བུམ་པ་དངོས་པོར་རྟོགས་པའི་བློས་དཔྱད། བུམ་པ་མི་རྟག་པར་གཏོགས་པའི་བློས་དཔྱད། བུམ་པར་ཤེས་བྱར་རྟོགས་པའི་བློས་དཔྱད། བུམ་པ་གཞལ་བྱར་རྟོགས་པའི་བློས་དཔྱད། འོ་དེ་འདྲས་ཟེར་བྱས་ཚར་བ་དང་། བུམ་པ་དམིགས་པར་བྱས་ཏེ། སྒྲོ་འདོགས་དེ་དག་གཅོད་པའི་གཞི་བྱས་པ་ཡིན་ན། དེ་ནི་བུམ་པ་དེ། སྒྲོ་འདོགས་དེ་དག་གཅོད་པའི་གཞི་ཡིན་སྨྲོས་ན། བུམ་པ་དམིགས་པ་ཡིན་ཟེར་དགོས།
- ཁ: འདི་ཤོད་དང་། སྒྲོ་འདོགས་ལ་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་གཉིས་ཀ་ཡོའོ་རེད་པས།
- ཀ: ཡོའོ་མ་རེད།
- ཁ: ཕྱིན་ཅི་ལོག་པ་རྐྱང་།
- ཀ: སྒང་ག་ཕྱིན་ཅི་ལོག་རྐྱང་རེད། སྒྲོ་འདོགས་ཟེར་ཡས་དེ་གང་ག་ཕྱིན་ཅི་ལོག་རྐྱང་རེད། བློ་ཚད་མ་ཟེར་ཡས་དེ་ད་ཕྱིན་ཅི་མ་ལོག་པ་རེད་པ། ང་རང་ཚོས་བུམ་པ་དངོས་པོ་ཡིན་ནོ་སྙམ་དུ་འཛིན་པའི་བློ་ཞིག་ཡོའོ་རེད་པ། ད་དེ་ཕྱིན་ཅི་མ་ལོག་པ་རེད། བློ་ཚད་མ་རེད་པ། ད་བུམ་པ་མེད་སྙམ་དུ་འཛིན་པའི་བློ་དེ་སྒྲོ་འདོགས་རད་མ་རད། ཕྱིན་ཅི་ལོག་རད་མ་རད། ཕྱིན་ཅི་ལོག་རེད་པ། ཁ་ཕྱི་ཁ་ལོག་འཛིན་པ་རེད་པ། བུམ་པ་ཡོད་པ་ཡིན་བཞིན་དུ། བུམ་པ་མེད་སྙམ་དུ་འཛིན་པ་རེད་པ། སྒྲོ་འདོགས་ལ་ཕྱིན་ཅི་མ་ལོག་ཟེར་ཡས་ཡོའོ་མ་རེད་ད། གང་ག སྒྲོ་འདོགས་སྒང་ག་ཕྱིན་ཅི་ལོག་ཤ་སྟག་རེད། འོ་ཡ། བུམ་པ་དེའི་དམིགས་པ་ཡིན་ནོ་ཟེར། དེ་ཡག་པོ་ཤེས་སོང་ང་ལ། འོ་དེ་བྱས།
- ཀ: ད་བུམ་པ་མི་རྟག་པ་དེ། ཚད་མས། དེ་དངོས་མེད་ཡིན་པར་སྒྲོ་བཏགས་པའི་སྒྲོ་འདོགས་གཅོད་པའི་གཞི་ཡིན་པ་དང་། ཡང་བུམ་པ་མི་རྟག་པ་དེ་ཡང་། དམིགས་པ་ཡིན་ཟེར་དགོ་༼དགོས་༽རེད། བུམ་པ་མི་རྟག་པ་དེ། བུམ་པ་མི་རྟག་པ་དེ་དམིགས་པ་ཡིན་པ་ག་རེ་རས། ཟེར་ན། ཚད་མས་བྱས་པ་རེད། དེ་དངོས་མེད་ཡིན་པར་ཟེར་ན། བུམ་པ་མི་རྟག་པ་དངོས་མེད་ཡིན་པར་ཟེར་གྱི་ཡོའོ་རེད། སྒྲོ་བཏགས་པའི་སྒྲོ་འདོགས་གཅོད་པའི། བུམ་པ་མི་རྟག་པ་དངོས་མེད་ཡིན་སྙམ་དུ་འཛིན་པའི་སྒྲོ་འདོགས་ཡོའོ་རད་མ་རད། བུམ་པ་མི་རྟག་པ། དངོས་མེད་ཡིན་སྙམ་དུ་འཛིན་པའི་སྒྲོ་འདོགས་ཡོའོ་རད་མ་རད། བུམ་པ་མི་རྟག་པ་ང་རང་ཚོས་བྱས་སོང་ན། དངོས་མེད་རད་མ་རད། མ་རེད་པ། དངོས་པོ་རེད་པ། བུམ་པ་མི་རྟག་པ་ཁོ་དངོས་པོ་རེད་པ། ད་བུམ་པ་མི་རྟག་པ་དངོས་མེད་ཡིན་སྙམ་དུ་འཛིན་པ་དེ། སྒྲོ་འདོགས་རད་མ་རད།
- ཁ: སྒྲོ་འདོགས་རེད་ལ།
- ཀ: སྒྲོ་འདོགས་དེ་གང་གི་གཅོད་ཀྱི་རད། བུམ་པ་མི་རྟག་པ་དངོས་པོར་རྟོགས་པའི་བློ་ཁོས་གཅོད་ཀྱི་ཡོའོ་རེད། བྱས་ཙང་། བུམ་པ་མི་རྟག་པ་དངོས་པོར་རྟོགས་པའི་བློ་དེས། ད་བུམ་པ་མི་རྟག་པ་དངོས་མེད་དུ་འཛིན་པའི་སྒྲོ་འདོགས་གཅད་པ་རེད་པ། སྒྲོ་འདོགས་གཅད་པའི་གཞི་ལ་ག་རེ་བཟུང་བ་རད། བུམ་པ་མི་རྟག་པ་དེ་བཟུང་བ་རེད། བྱས་ཙང་བུམ་པ་མི་རྟག་པ་དེ། དམིགས་པ་ཡིན་ཟེར་ཡས་ཁོ་དེ་རེད། ཤེས་སོང་། བུམ་པ་མི་རྟག་པ་དེ་ཚད་མས། དེ་དངོས་མེད་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་གཅོད་པའི་གཞི་ཡིན་པ་དང་ཟེར། དེ་དེ་མ་ཡིན་པར་སྒྲོ་བཏགས་པའི་སྒྲོ་འདོགས་གཅོད་པའི་གཞི། དེ་དེ་མ་ཡིན་པར། སྒྲོ་བཏགས་པ། སྒྲོ་འདོགས་གཅོད་པའི་གཞི་ཡིན་པའི་ཟེར་ན། ག་རེ་ཟེར་གྱི་རད། བུམ་པ་མི་རྟག་པ། བུམ་པ་མི་རྟག་པ་མ་ཡིན་པར་འཛིན་པའི་བློ་ཟེར་གྱི་ཡོའོ་རེད། དེ་དེ་མ་ཡིན་པར་འཛིན་པ་ཟེར་ན། ཧ་གོ་སོང་ང་།
- ཀ: དེ་དེ་མ་ཡིན་པར་འཛིན་པ་ཟེར་ན་ག་རེ་ཟེར་གྱི་རད། བུམ་པ་མི་རྟག་པ་དེ། བུམ་པ་མི་རྟག་པ་མ་ཡིན་པར་འཛིན་པའི་སྒྲོ་བཏགས་པ་ཟེར་བ་རེད། དཔེར་ན། འདི་པི་ཙེ༼རྒྱ་སྐད།ཕོར་པ་༽རད་མ་རད། འདི་པི་ཙེ་མ་ཡིན་པར་འཛིན་པའི་བློ་དེ་སྒྲོ་བཏགས་རད་མ་རད། སྒྲོ་འདོགས་རེད། འདི་པི་ཙེ་མ་རེད་ཟེར་སོང་ན། ནོར་བ་རད་མ་རད། ནོར་བ་དངོས་རེད་པ། འོ་དེ་ལ་སྒྲོ་འདོགས་ཟེར་བ་རེད། ད་བུམ་པ་མི་རྟག་པ་དེ། བུམ་པ་མི་རྟག་པ་མ་ཡིན་སྙམ་དུ་འཛིན་པའི་བློ་དེ། ད་སྒྲོ་འདོགས་རད་མ་རད། སྒྲོ་འདོགས་རེད་ཟེར་དགོས། ད་དེ་གང་གི་གཅོད་ཀྱི་རད། བློ། བུམ་པ་མི་རྟག་པ་བུམ་པ་མི་རྟག་པར་འདོགས་པའི་བློ་དེས། སྒྲོ་འདོགས་དེ་གཅད་ཀྱི་ཡོའོ་རེད། སྒྲོ་འདོགས་གཅད་པའི་གཞི་ལ་ག་རེ་ཟིན་གྱི་ཡོའོ། འཛིན་གྱི་ཡོའོ་རད། བུམ་པ་མི་རྟག་པ་ཁོ་འཛིན་གྱི་ཡོའོ་རེད། ཁོ་བུམ་པ་མི་རྟག་པ་དམིགས་པའི་གཞིར་བྱས། ད་དངོས་པོ་མ་ཡིན་པར་འཛིན་པའི་སྒྲོ་འདོགས་དེ་གཅད། དངོས་མེད་དུ། ག་རེ་ཟག་༼ཟེར་༽དངོས་པོ་ཡིན་པར་རྟོགས་པ་རེད་པ། འོ་དེ་བྱེད་ཀྱི་ཡོའོ་རེད།
- ཁ: བུམ་པ་མི་རྟག་པ་ཁོ་རང་དངོས་མེད་མ་རེད་པས།
- ཀ: མ་རེད།
- ཁ: འོ་ན།
- ཀ: དངོས་པོ་རེད།
- ཁ: བུམ་པ་མི་རྟག་པ་ཡིན།
- ཀ: འོང་། བུམ་པ་མི་རྟག་པ་ཡིན་པ་དེ། དངོས་པོ་རེད།
- ཁ: རེད་པས།
- ཀ: རེད་རེད། དངོས་པོ་ཡིན་ཟེར་དགོས།
- ཁ: བུམ་པ་མི་རྟག་པ་དངོས་པོ།
- ཀ: འོ་རེད། བུམ་པ་མི་རྟག་པ་དེ་དངོས་པོ་ཡིན་ཟེར་དགོས་རེད། དངོས་པོའི་ནང་ནས་ག་རེ་རད་ཟེར་སོང་ན། དངོས་པོ་ལ་བེམ་པོ་ཤེས་པ་ལྡན་མིན་འདུ་བྱེད་གསུམ་ཟེར་ཡོའོ་རེད། ད་ལྡན་མིན་འདུ་བྱེད་ཟེར་ཡས་དེ་རེད། དེའི་ནང་ནས། གསུམ་པོ་དེའི་ནང་ནས། བུམ་པ་མི་རྟག་དེ་ལྡན་མིན་འདུ་བྱེད་ཡིན་ཟེར་དགོས་རེད། ལྡན་མིན་འདུ་བྱེད་བཅུ་གསུམ་ཟེར་བ་ཡོའོ་རེད་པ། ཧ་གོ་སོང་ང་། འོ་དེའི་གྲངས་དེ། བུམ་པ་མི་རྟག་པ་དེ་ལྡན་མིན་འདུ་བྱེད་བཅུ་གསུམ་གྱི་ནང་ཚན་ཞིག་རེད། དེ་ཡག་པོ་ཤེས་སོང་ང་། བུམ་པ་མི་རྟག་པ་དངོས་པོ་ཡིན་ཟེར་དགོས་རེད་ད། བུམ་པ་མི་རྟག་པ་དངོས་པོ་ཡིན། འདུས་བྱས་ཡིན། རང་མཚན་ཡིན། རྒྱུ་ཡིན། འབྲས་བུ་ཡིན། མི་རྟག་པ་ཡིན། སྐྱེས་པ་ཡིན། བྱས་པ་ཡིན། འོ་དེ་འདྲས་ཟེར་དགོས་རེད་དོ། དེ་ཚོ་གང་ག་དོན་གཅིག་རེད། རྒྱུ། འབྲས་བུ། མི་རྟག་པ།དངོས་པོ། སྐྱེས་པ།བྱས་པ། མི་རྟག་པ།གཞན་དབང་། རང་མཚན་འོ་དེ་ཚོ་སྒང་ག་དོན་གཅིག་རེད་ད། མིང་བཏགས། ཁག་ཁག་༼སོ་སོ་༽བཏགས་པ་རེད་མ་གཏོགས། གང་ག་དོན་གཅིག་མིང་གི་རྣམས་གྲངས་རེད།
- ཀ: དེ་ཡག་པོ་ཤེས་སོང་ང་། འོ་འདུག་བཟོ་རེད། དེ་དེ་མ་ཡིན་པར་སྒྲོ་བཏགས་པའི་སྒྲོ་འདོགས་གཅོད་པའི་གཞི་ཡིན་པས་ན། བུམ་པ་མི་རྟག་པ་དེ་དམིགས་པ་ཡིན་པ་སོགས། ཆོས་ཐམས་ཅད་ལ་ཤེས་པར་བྱའོ། ད་ཆོས་ཐམས་ཅད་ལ་གང་ག་ཤེས། ད་ཆོས་ཐམས་ཅད་དམིགས་པ་རད་མ་རད། ངས་དཔེ་བཞག་ན། དཔེན་ན་དེ་ཡོའོ་རེད་པ། རྒྱལ་ཁབ་ཅིག་ལ་ཆ་བཞག་པ་ཡིན་ན། སོག་པོ། སོག་པོ་དམིགས་པ་རད་མ་རད། སོག་པོ་རྒྱུས་ཡོད་པས།
- ཁ: སོག་ཡུལ་གྱི་སོག་པོ།
- ཀ: འོང་། སོག་ཡུལ་གྱི་སོག་པོ། སོག་པོ་དེ་དམིགས་པ་རད་མ་རད། སོག་པོ་དེ་དམིགས་པ་རེད་པ། སོག་པོ་དེ་གང་གི་དམིགས་པ་རས། སོག་པོ་མི་རྟག་པར་རྟོགས་པར་བློ་ཁོའི་དམིགས་པ་རེད། སོག་པོ་མི་ཡིན་པར་རྟོགས་པའི་བློའི་དམིགས་པ་རེད། འོ་དེ་འདྲས་ཟེར་བཞག་དགོས་རེད། སོག་པོ་དེ་དམིགས་པ་རེད་ཟེར། ཁྱེད་རང་མིང་ལ་ག་རེ་ཟག་༼ཟེར་༽།
- ཁ: ཨའ། ཁོས་རི་སི་༼ཕྱི་རྒྱལ་གྱི་མིའི་མིང་༽།
- ཀ: ཁོས་རི་སི། འོང་། ཁོས་རི་སི་ཟེར་ཡས་དེ་དམིགས་པ་རེད་དམ་མ་རེད། ཡིན་ཟེར། གང་གི་དམིགས་པ་རད། ཁོས་རི་སི་མི་རྟག་པར་རྟོགས་པའི་བློའི་དམིགས་པ་རེད། ཁྱེད་རང་ལ་ག་རེ་ཟེར།
- ཁ: ཁྲ་པེ་སི།
- ཀ: འོང་ཁྲ་པེ་སི། ཁྲ་པེ་སི་དེ་དམིགས་པ་རེད། གང་གི་དམིགས་པ་རད། ཁྲ་པི་སེ་མི་རྟག་པར་རྟོགས་པའི་བློའི་དམིགས་པ་རེད། འོང་ཡ། གང་ག་དམིགས་པ་རེད། ད་ཡོད་ཚད་ཐམས་ཅད་དམིགས་པར་འགྲོ་དགོས་རེད་ད། འོང་། དེ་འདྲས་ཟེར་རེད། ད་དེ་བྱས་ནས་བཞག་བྱའི་མཚན་ཉིད་ཚར་བ་རེད་པ། ད་ཆོས་ཀྱི་མཚན་ཉིད་ཟེར་ཡན་ཁོ། འདི་རུ་གཞག་གི་རེད་ད། རང་གི་ངོ་བོ་འཛིན་པ་ཆོས་ཀྱི་མཚན་ཉིད། ཟེར་དགོས་རེད། དཔེ་ཆ་དེ་ལ་ལྟས་ཅིག་༼ལྟོས་ཤིག་༽། རང་གི་ངོ་བོ་འཛིན་པ་ཆོས་ཀྱི་མཚན་ཉིད་ཟེར་འདུག་ག ད་རང་གི་ངོ་བོ་འཛིན་པ་ཆོས་ཀྱི་མཚན་ཉིད་ཟེར། ད་རང་གི། ཆོས་ཟེར་མཁན་དེ་སྒྲ་བཤད་འདྲ་པོ་གང་འདྲས་ཟེར་དགོས་ཟེར་ན། ཀ་བ་དང་བུམ་པ་ལ་སོགས་པ་ཆོས་གང་ཡིན་ན་ཡང་། ཚང་མས་རང་གི་སྤྱིའི་ངོ་བོ་གཅིག་འཛིན་གྱི་ཡོའོ་རེད། རང་གི་ཁྱད་པར་གྱི་ངོ་བོ་གཅིག་འཛིན་གྱི་ཡོའོ་རེད། གཉིས་གཉིས་་་་་་་འཛིན་གྱི་ཡོའོ་རེད།
- ཀ: བྱས་ཙང་རང་གི་ངོ་བོ་འཛིན་པ་ཟེར་དགོས་རེད། དཔེར་ན། བུམ་པ་དེ་རང་གི་ངོ་བོ་འཛིན་པ་ཡིན་བྱས་པ་རེད་པ། རང་གི་ངོ་བོ་འཛིན་སྟངས་གང་འདྲས་ཟེར་འཛིན་པ་རད། རང་གི་སྤྱིའི་ངོ་བོ་གཅིག་་འཛིན་གྱི་ཡོའོ་རེད། རང་གི་ཁྱད་པར་གྱི་ངོ་བོ་གཅིག་འཛིན་གྱི་ཡོའོ་རེད། རང་གི་སྤྱིའི་ངོ་བོ་ག་རེ་འཛིན་གྱི་ཡོའོ་རད། བུམ་པ་དེ་ཤེས་བྱའི་ངོ་བོ་འཛིན་གྱི་ཡོའོ་རད་མ་རད། བུམ་པ་ཤེས་བྱ་རད་མ་རད། བུམ་པ་ཡོད་པ་རད་མ་རད། བཞག་བྱ་རད་མ་རད། ད་ཤེས་བྱ་དེ་བུམ་པའི་སྤྱི་རད་མ་རད།
- ཁ: མ་རེད།
- ཀ: བུམ་པའི་སྤྱི་རེད།
- ཁ: སྤྱི་ཨ་ཡིན།
- ཀ: ཤེས་བྱ་བུམ་པའི་སྤྱི་རེད། ཧ་གོ་སོང་ང་། བུམ་པ་ཤེས་བྱའི་བྱེ་བྲག་རེད། ཤེས་བྱ་བུམ་པའི་སྤྱི་རེད། བུམ་པ་ཤེས་བྱའི་བྱེ་བྲག་རེད། བྱས་ཙང་། ད་ཤེས་བྱ་དེ་བུམ་པའི་སྤྱི་ཡིན་དུས། བུམ་པ་དེ་ཤེས་བྱའི་ངོ་བོ་དེ། བུམ་པ་ཤེས་བྱ་རེད་དམ་མ་རེད་ཟེར་ན། ག་རེད་ཟེར་ག བུམ་པ་ཤེས་བྱ་ཡིན་ཟེར་གྱི་འདུག་ག ད་བུམ་པས་ཤེས་བྱའི་ངོ་བོ་དེ་འཛིན་འདུག་གམ་མི་འདུག་གམ། འོ་བྱས་ཙང་། བུམ་པས་ཤེས་བྱའི་ངོ་བོ་འཛིན་པ་དེ་རང་གི་སྤྱིའི་ངོ་བོ་འཛིན་པ་ཟེར་བ་རེད། སྤྱིའི་ངོ་བོ་འཛིན་པ་ག་རེ་ཟེར་ན། ཤེས་བྱ་ཟེར་མཁན་དེ་གང་གའི་༼ཚང་མ་༽སྤྱི་རད་མ་རད། རེད། ཤེས་བྱ་དེ་བུམ་པའི་སྤྱི་རེད། ཀ་བའི་སྤྱི་རེད། ཁང་པའི་སྤྱི་རེད། རི་བོའི་སྤྱི་རེད། སྒྲོག་ཙེའི་སྤྱི་རེད། དེབ་ཀྱི་སྤྱི་རེད། སྨྱུ་གུའི་སྤྱི་རེད་ཤེས་བྱ། ཤེས་བྱ་དེ་སྨྱུ་གུའི་སྤྱི་རད་མ་རད། སྨྱུ་གུ། སྨྱུ་གུའི་སྤྱི་རད་མ་རད། སྨྱུ་གུ་དེ་ཤེས་བྱ་རད་མ་རད།
- ཁ: ཤེས་བྱ་རེད།
- ཀ: བྱས་ཙང་ག སྨྱུ་གུའི་ཤེས་བྱ་རེད་པ། དེབ་ཤེས་བྱ་རད་མ་རད། ད་ཤེས་བྱ་ཟེར་མཁན་དེ་རྦད་དེ་སྨྱུ་གུ་དང་། དེབ།ཁང་པ།མི།ཁྱི། སྤྱང་ཁྱི་ལ་སོགས་པ་སྒང་ག་རྒྱ། རྒྱ་མི། ཨ་མི་རི་ཁ། བོད་པ། སོག་པོ། དབྱིན་ཇེ་སྒང་ག་ལོགས་༼ཚང་མ་༽། ཁྱབ་ཀྱི་ཡོའོ་རད་མ་རད། སྒང་གའི་སྤྱི་རེད། ཤེས་བྱ་དེ། ཤེས་བྱ་དེ། ཤེས་བྱ་ཡ་སྒང་གའི་སྤྱི་རེད། ཡོད་པ་ཡང་སྒང་གའི་སྤྱི་རེད། ཧ་གོ་སོང་ང་། འོང་བྱས་ཙང་། ད་ཤེས་བྱ་དེ་བུམ་པ་ལ་ཡང་ཁྱབ་པ་རེད། ཀ་བ་ལ་ཡང་ཁྱབ་པ་རེད། བྱས་ཙང་། བུམ་པས་ད་ཤེས་བྱའི་ངོ་བོ་འཛིན་ཡོའོ་རད་མ་རད། འཛིན་ཡོའོ་རེད་པ། ད་རང་གི་སྤྱིའི་ངོ་བོ་འཛིན་པ་ཟེར་དེ་ལ་ཟེར་བ་རེད། ཤེས་བྱ་དེ་དེ་རེད་པ། བུམ་པའི་སྤྱི་རེད་པ། བྱས་ཙང་བུམ་པ་དེ། ད་རང་གི་སྤྱི་ཤེས་བྱའི་ངོ་བོ་འཛིན། འཛིན་ཡོད་ཙང་། དེ་ནི་བུམ་པ་དེ་རང་གི་སྤྱིའི་ངོ་བོ་འཛིན་པ་ཟེར་དགོས་རེད།
- ཀ: ད་རང་གི་ཁྱད་པར་གྱི་ངོ་བོ་ཟེར་ཡས་དེ་ག་རེ་ཟེར་གྱི་ཡོའོ་རད་ཟེར་ན། བུམ་པ་དེ་ལྟོ་བ་ལྟིར་བ་རད་མ་རད། ཞབས་ཞུམ་པ་རད་མ་རད། ཆུ་སྐྱོར་བ་རད་མ་རད། ད་ཞབས་ཞུམ་པ། ལྟོ་བ་ལྟིར་བ།ཆུ་སྐྱོར་བ་དེ་བུམ་པའི་ཁྱད་པར་གྱི་ཆོས་རད་མ་རད། ཁྱད་པར་གྱི་ངོ་བོ། བུམ་པའི་ཁྱད་པར་ཟེར་ན། བུམ་པ་ཁོ་རང་ཡོད་མཁན་གཞན་ལ་མེད་མཁན་ཞིག་ལ་ཟེར་དགོས་རེད། དཔེར་ན་ང་ལ་ལྟ་བུ། ང་ལ་ཆ་མཚོན་པ་ཡིན་ན། མགོ་དཀར་པོ་ཡིན་པ། ཧ་གོ་སོང་ང་། འདི་ན་སྨ་བ་ཡོད་པ། འདི་བར་ཏས་ཙེ་རྒྱ་ཡོད་པ། ཧ་གོ་སོང་ང་། རྒས་པོ་ཡིན་པ། བོད་པ་ཡིན་པ། སྟོད་ཐུང་ནག་པོ་གྱོན་ཡོད་པ། འོ་དེ་ཚོ་ངའི་ཁྱད་པར་གྱི་ཆོས་རེད་པ། ཁྱད་པར་གྱི་ཆོས་རད་མ་རད། ང་རང་གི་ཁྱད་ཆོས་རེད་པ། འོ་དེ་ལ། ད་ངས་ང་རང་གི་ཁྱད་པར་གྱི་ངོ་བོ། སྟོད་ཐུང་ནག་པོ་གྱོན་ཡས་འདྲ་པོ། མགོ་དཀར་པོ་ཡིན་པ་ལ་སོགས་པ། བོད་སྐད་བརྒྱབ་ཤེས་པ་ལ་སོགས་པ། འོ་དེ་འདྲས་ཀྱི་ཁྱད་པར་གྱི་ངོ་བོ་འཛིན་གྱི་ཡོའོ་རེད།
- ཀ: ད་སྤྱི་ཤེས་བྱའི་ངོ་བོ་འཛིན་གྱི་ཡོའོ་རད་མ་རད། འཛིན་གྱི་ཡོའོ་རེད་པ། ང་ཤེས་བྱ་རེད་པ། བྱས་ཙང་། ད་སྒང་གས། ཁྱེད་རང་གིས། རང་གི་ངོ་བོ་འཛིན་གྱི་ཡོའོ་རེད། ཁྱེད་རང་གིས་རང་གི་ངོ་བོ་འཛིན་པ། འདིས་རང་གི་ངོ་བོ་འཛིན་པ་རེད། འདིས་རང་གི་ངོ་བོ་འཛིན་པ་རེད། འདིས་རང་གི་ངོ་བོ་འཛིན་པ། འདིས་རང་གི་ངོ་བོ་འཛིན་པ་རེད། འདི་ཡང་རང་གི་ངོ་བོ་འཛིན་པ་རེད། འདི་ཡང་རང་གི་ངོ་བོ་འཛིན་པ་རེད་ལ་འདི་ཡང་རང་གོ་ངོ་བོ་འཛིན་པ་རེད། ཕག་པས་ཀྱང་རང་གི་ངོ་བོ་འཛིན་པ་རེད། ཁྱིས་ཀྱང་རང་གི་ངོ་བོ་འཛིན་པ་རེད། ཧ་གོ་སོང་ང་། ངོ་བོ་འཛིན་པའི་ནང་ནས་ཀྱང་། རང་གི་སྤྱིའི་ངོ་བོ་དང་ཁྱད་པར་གྱི་ངོ་བོ་གཉིས་གཉིས་གཉིས་གཉིས་འཛིན་གྱི་ཡོའོ་རེད། གང་གས། ཧ་གོ་སོང་ང་། བྱེ་བྲག་ཡིན་ཚད་སྒང་གས།
- ཀ: བྱས་ཙང་ད། བུམ་པ་དེ་རང་གི་ངོ་བོ་འཛིན་པ་ཟེར་ཡས་དེ་རེད། ག་རེ་ཡིན་ཟེར་ན། ཆོས་ཀྱི་སྐད་ཟློས་ཤིག་ཡོའོ་རེད་པ། སྐད་ཟློས་དེ་ལ་རྡ་མ་ཟེར་བ་རེད། ཤེས་ཀྱི་ཡོད་མེད་ཁྱོད་ཚོ། རྡ་མ་ཟེར། ལེགས་སྦྱར་གྱི་སྐད་རེད། རྡ་མ། ཧ་དགོས་ཀྱི་ཡོད་པས། རྡ་མ། རྡ་མ་ཟེར་ན་ག་རེ་ཟེར་དགོས་རད། བོད་ལ་ཟེར་ན། ཆོས་ཟེར་བ་རེད། བོད་སྐད་ལ་བྱས་སོང་ན། འཛིན་པ་ཟེར་དགོས་རེད། རྡ་མ་ཟེར་མཁན་དེ་འཛིན་པ། འོ། མཚོན་ཆ་འཛིན་པ། འཛིན་པ་ཟེར་ཡན་དེ། འཛིན་པ་བཟུང་བ། འོ་དེ་འདྲས་ལ། རྡ་མ། རྡ་མ་ཟེར་ཡས་དེ་ཆོས་ཀྱི་སྐད་ཟློས་ད་རེད་པ། ད་རྡ་མ་ཟེར་ཡས་དེ་དོན་དག་གང་ལ་འཇུག་གི་ཡོའོ་རད།ཟེར་སོང་ན། འཛིན་པའམ་བཟུང་བ་ལ། འོ་རྡ་མ་ཟེར་བ་རེད། ཧ་གོ་སོང་ང་།
- ཀ: བྱས་ཙང་རང་གི་ངོ་བོ་འཛིན་པས་ན། ཆོས་ཟེར་ཡས་ཁོ་དེ་ལ་ཟེར་བ་རེད། ད་བུམ་པ་དེ་རང་གི་ངོ་བོ་འཛིན་པ་རད་མ་རད། རང་གི་ངོ་བོ་འཛིན་སྟངས་གང་འདྲས་ཟེར་འཛིན་པ་རད། རང་གི་སྤྱིའི་ངོ་བོ་དང་ཁྱད་པར་གྱི་ངོ་བོ་གཉིས་གཉིས་འཛིན་པས་ན། རང་གི་ངོ་བོ་འཛིན་པ་ཟེར། བསྟན་དོན། ད་དེ་ནས་མར་ལྟོས་ཤིག ཧ་གོ་གི་རེད། དེའི་སྒྲ་བཤད་ནི་ཟེར་འདུག་ག ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཀྱང་། དེའི་སྤྱིའི་ངོ་བོ་དང་ཁྱད་པར་གྱི་ངོ་བོ་གཉིས་འཛིན་པའམ་གཉིས་དང་ལྡན་པའི་ཆ་ནས་དེ་དག་ཆོས་ཡིན་ཞེས་པ་སྟེ། ཆོས་ཀྱི་སྐད་ཟློས་རྡ་མ་ཞེས་པ་འཛིན་པ་ལ་འཇུག་པའི་ཕྱིར་རོ། ཟེར། ཧ་གོ་སོང་ང་། དེ་ཤེས་སོང་ང་།
- ཀ: འོ་་་་། རྡོ་རྗེ་འཆང་ཟེར་གྱི་འདུག་ག རྡོ་རྗེ་འཆང་། རྒྱལ་བ་རྡོ་རྗེ་འཆང་ལ། སངས་རྒྱས་ཞུ་བ་རྒྱལ་བ་རྡོ་རྗེ་འཆང་། དེ་ལ་རྒྱལ་བ་རྡོ་རྗེ་འཆང་། རྡོ་རྗེ་འཆང་ཟེར་ན། རྡོ་རྗེ་འཛིན་པ་ཟེར་དགོས་རེད། འཆང་བ་དང་འཛིན་པ་གཅིག་པ་རེད། ཧ་གོ་སོང་ང་། འོ་ཡ། ཆོས་ཀྱི་སྐབས་བདུན་དྷར་མ་ཞེས་པ་འཛིན་པར་འཇུག་པའི་ཕྱིར་རོ། ཟེར། དཔེར་ན་བྱས་པ་རེད། ད་དཔེ་བཞག བུམ་པས་ནི་སྤྱི་ལ་ཁྱབ་པ་ཤེས་བྱའི་ངོ་བོ་འཛིན་གྱི་ཡོའོ་རེད། བྱས་པ་རེད། སྤྱི་ལ་ཁྱབ་པ་ཤེས་བྱའི་ངོ་བོ་ཟེར་ན་ག་རེ་ཟེར་གྱི་ཡོའོ་རད། ཤེས་བྱ་དེ། ཤེས་བྱ། ཤེས་བྱ་གང་ག་ལ་ཁྱབ་པ་རད་མ་རད། ཤེས་བྱ་དེ། ལྟོས་དང། དཀར་ཡོལ་ལ་ཁྱབ་པ་རད་མ་རད།
- ཁ: དཀར་ཡོལ་ལ་ཁྱབ།
- ཀ: ཁྱབ་པ་རེད་པ། སྒྲོག་ཙེ་ལ་ཁྱབ་པ་རད་མ་རད།
- ཁ: ཁྱབ་པ་རེད།
- ཁ: ཁྱབ་པ་རེད།
- ཀ: ཤེས་བྱས། ཤིང་ལ་ཁྱབ་པ་རད་མ་རད།
- ཁ: ཁྱབ་ཀྱི་རེད།
- ཀ: མི་ལ་ཁྱབ་པ་རད་མ་རད།
- ཀ: ཁྱི་ལ་ཁྱབ་པ་རད་མ་རད།
- ཁ: ཁྱབ་ཀྱི་རེད།
- ཀ: འོ་་་། བོད་པ་ལ་ཁྱབ་པ་རད་མ་རད། ད་བྱས་ཙང་ཤེས་བྱས་སྒང་ག་ལ་ཁྱབ་ཟེར་ཡས་ཁོ་དེ་རེད། ཤེས་བྱའི་གསང་བ། གང་ག་ལ་ཁྱབ་བསྡད་ཡོའོ་རེད། ཤེས་བྱ་དེ་སྒང་གའི་སྤྱི་ཡིན་ཟེར་ཡས་ཁོ། འོ་དེ་ཟེར་གྱི་ཡོའོ་རེད། བྱས་ཙང་། ཨེའེ། བུམ་པས་ནི་སྤྱི་ལ་ཁྱབ་པ། ཤེས་བྱའི་ངོ་བོ་ཡང་འཛིན་པ་རེད། ཟེར། རང་གི་ཁྱད་པར་གྱི་ངོ་བོ་ལྟོ་ལྟིར་བ་དང་། ཨོ། ངོ་བོ་གཉིས་འཛིན་པས་ན། ལྟོ་ལྟིར། བུམ་པས་ལྟོ་ལྟིར་ལ་ངོ་བོ་འཛིན་གྱི་རད་མ་རད། འཛིན་གྱི་རེད་པ། ཁོ་རང་ལྟོ་ལྟིར་བ་རེད་པ། ལྟོ་ལྟིར་བས་ངོ་བོ་འཛིན་ཟེར་ཡས་དེ་ག་རེ་ཟེར་ན། ལྟོ་ལྟིར་བའི་ངོ་བོ་ཡིན་པའི་རྒྱུ་མཚན་གྱིས། ལྟོ་ལྟིར་བའི་ངོ་བོ་འཛིན་བཞག་པ་རེད། བུམ་པས་ཤེས་བྱའི་ངོ་བོ་འཛིན་ཟེར་ཡས་དེ། གང་ལ་གོ་དགོས་རད། བུམ་པ་ཤེས་བྱ་ཡིན་པར་སོང་ཙང་། ཤེས་བྱའི་ངོ་བོ་འཛིན་པ་ཡིན་ཟེར་དགོས་རེད། བྱས་ཙང་། འོ་ད་བུམ་པ་དེ། བུམ་པ་དེ་རང་གི་སྤྱིའི་ངོ་བོ་དང་ཁྱད་པར་གྱི་ངོ་བོ་གཉིས་འཛིན་སོང་ངམ་མ་སོང་ངམ། འཛིན་པ་རེད།
- ཀ: སྤྱིའི་ངོ་བོ་འཛིན་སྟངས་གང་འདྲས་ཟེར་འཛིན་པ་རས སྤྱི་ལ་ཁྱབ་པ་ཤེས་བྱའི་ངོ་བོ་འཛིན་པ་རེད། ཁྱད་པར་གྱི་ངོ་བོ་ག་དེ་འཛིན་པ་རད། ལྟོ་བ་ལྟིར་བ་དང་ཞབས་ཞུམ་པའི་ངོ་བོ་འཛིན་པ་རེད་པ། ཁྱད་པར་གྱི་ངོ་བོ་འཛིན་སྟངས་འདུག་བཟོ་རེད། ངོ་བོ་གཉིས་འཛིན་པས་ན། བུམ་པ་དེ་ཆུ་ཡིན་ཟེར་ལབ་པ་རེད། ད་བུམ་པ། ད་བུམ་པ་དེ་ཆུ་རད་མ་རད། ཆུ་རེད་ཟེར་དགོས། ཀ་བ་ཆུ་རད་མ་རད།
- ཁ: ཆུ་རེད།
- ཀ: ཀ་བ་ཆུ་ཡིན་པའི་རྒྱུ་མཚན་ག་རེ་རད། རྒྱུ་མཚན་ཤོད། རང་གི་ངོ་བོ་འཛིན་པ། འོ། ཀ་བ་དེ་ཆུ་ཡིན་ཏེ་རང་གི་ངོ་བོ་འཛིན་པ་ཡིན་པས་སོ། ཟེར། ཡིན་པ་ཤེས་ཚར་ན་འགྲིག་གི་རེད། ཚད་མ་རིག་པ་བཏང་དུས་ཙ་ན་ཡིན་ན། འདུག་བཟོ་ཟེར་གྱི་རེད། ཀ་བ་ཆོས་ཅན། ཆུ་ཡིན་པར་ཐལ། རང་གི་ངོ་བོ་འཛིན་པའི་ཕྱིར། ཟེར་གྱི་རེད། འོ་འདུག་བཟོ། དེ་འདོད་ཟེར་དགོས་རེད་དེ་ལ། ཀ་བ་ཆུ་ཡིན་པར་འདོད་ཟེར་དྲང་པོ་རེད། འོ་ད་ག་རེད། ཟེར་སྟངས་ད་ག་རེད་ད། མཇུག་མ་ག་ལེ་ག་ལེ་འདུག་བཟོ་ཤེས་པར་བྱ་རྒྱུ་རེད་ད། ད་ལྟ་ད།ག་གའི་ཤེས་ཀྱི་མ་རེད་པ། ད་ལྟོ་ལྟིར་བ་དང་ངོ་བོ་གཉིས་གཉིས་འཛིན་པས་ན། བུམ་པ་དེ་ཆོས་ཡིན་པ་དང་། དེ་བཞིན་དུ་ཤེས་བྱ་ཐམས་ཅད་ལ་སྦྱར་བར་བྱའོ། ཟེར།
- ཀ: ད་ཤེས་བྱ་ཐམས་ཅད་ངོ་བོ་གཉིས་གཉིས་འཛིན་པ་དེ། ཤེས་པར་བྱ་རྒྱུ་རེད། བྱས་པ་རེད། དེ་ཡག་པོ་ཤེས་སོང་།
- ཁ: ཡང་བསྐྱར་ཞིག་བསླབ་རོགས་གནང་། ང་དོགས་པ་ཞིག་ཟ་གིས།
- ཀ: འོ་ཡ་ཡ་ཡ།
- ཁ: དཔེར་ན་བུམ་པས་ནི་སྤྱི་ལ་ཁྱབ་པ། ཤེས་བྱའི་ངོ་བོ།
- ཀ: འོང་།
- ཁ: བུམ་པས་སྤྱི་ལ།
- ཀ: སྤྱི་ལ་ཁྱབ་པ་ཤེས་བྱའི་ངོ་བོ་འཛིན་པ་ཟེར་ན། ཤེས་བྱ་དེས་ཤེས་བྱའི་གསང་བའི་སྤྱི་ལ་ཁྱབ་པ་རད་མ་རད། ཤེས་བྱ་དེ་སྤྱི་ལ་ཁྱབ་པ་རད་མ་རད།
- ཁ: བྱེ་བྲག་ལ་ཁྱབ་པ་རེད་པ།
- ཀ: འོ་བྱས་ཙང་ག འོ་དེ་སྤྱི་ལ་ཁྱབ་པ་ཟེར་ན། ད་ཤེས་བྱ་གང་ག་ལ། ད་ཤེས་བྱ་དེ་རྦད་དེ་ཤེས་བྱའི། ཡོད་ཚད་གང་ག་སྤྱི་ཁོ་ར་ཁྱབ་ནས་བསྡད་ཡོའོ་རད་མ་རད། ཁྱབ་ཡོའོ་རེད་པ། ད་ཁོའི་ངོ་བོ་འཛིན་པས་ན། སྤྱི་ལ་ཁྱབ་པ་ཤེས་བྱའི་ངོ་བོ་འཛིན་པ་ཟེར་དགོས་རེད། དེ་ཤེས་སོང་། ཤེས་བྱས་སྤྱི་ལ། ཤེས་བྱས་མི་གཅིག་ལ་ཁྱབ་ཡོའོ་རད་མ་རད།
- ཁ: མི་གཅིག་ལ་ཁྱབ་ཡོད།
- ཀ: མི་གཅིག་ལ་ཁྱབ་པ་རེད་པ།
- ཁ: མི་གཅིག
- ཀ: མི། མི་གཅིག་ལ་ཁྱབ་པ་རད་མ་རད། ཤེས་བྱས།
- ཁ: ཁྱབ་པ་རེད།
- ཀ: མི་གང་ག་ལ་ཁྱབ་པ། ཤིང་སྤྱི་ལ་ཁྱབ་པ་རད་མ་རད།
- ཁ: ཤིང་།
- ཀ: ཤིང་སྤྱི་ལ།
- ཁ: ཤེས་བྱ།
- ཀ: ཤིང་སྤྱི་ལ་ཁྱབ་པ་རེད་དམ། ཁྱབ་དགོས་བྱུང། ཤིང་སྒང་ག་ཤེས་བྱ་རེད་པ། དེ་ནས་ཤེས་བྱས་ཆུ་སྤྱི་ལ་ཁྱབ་པ་རད་མ་རད། ཆུ་སྤྱི་ལ། ཁྱབ་དགོས་བྱུང་། ཆུ་སྒང་ག་ཤེས་བྱ་རེད་པ། ཤེས་བྱས་མི། ག་རེ་ཟེར་དགོས་རས། ཤེས་བྱས་མེ་སྤྱི་ལ་ཁྱབ་པ་རད་མ་རད། མ་འགྲེང་པོ་མེ། ཤེས་བྱས་མེ་སྤྱི་ལ་ཁྱབ་པ་རད་མ་རད། ཁྱབ་དགོས་བྱུང་། གང་རས་ཟེར་སོང་ན། མེ་གང་ག་ཤེས་བྱ་རེད་པ། ཆུ་སྒང་ག་ཤེས་བྱ་རེད་པ། བཟས་སྒང་ག་ཤེས་བྱ་རེད་པ། རྒྱང་ཤེལ་སྒང་ག་ཤེས་བྱ་རེད་པ། ཤེས་བྱས་ཤེལ་ཐ་དག་ལ་ཁྱབ་པ་རད་མ་རད། ཤེལ་ཧ་གོ་གི་འདུག་ག ཤེལ་སྒོ།
- ཁ: ཤེལ་སྒོ།
- ཀ: ཤེལ་སྒོ་སྒང་ག་ཤེས་བྱ་རད་མ་རད། ཤེས་བྱའི་ཁོངས་སུ་འདུས་ཡོའོ་རད་མ་རད། ད་ཤེས་བྱས་ཤེལ་སྒོ་སྒང་ག་ལ་ཁྱབ་སོང་ངམ་མ་སོང་ངམ། ད་ཤེལ་སྒོ་སྤྱི་ལ་ཁྱབ་སོང་ང་ལ། མི་སྤྱི་ལ་ཁྱབ་སོང་ང་། ཁྱི་སྤྱི་ལ་ཁྱབ་པ་རེད། གཡག་སྤྱི་ལ་ཁྱབ་པ་རེད། ལུག་སྤྱི་ལ་ཁྱབ་པ་རེད། རྭ་སྤྱི་ལ་ཁྱབ་པ་རེད་པ། རྒྱལ་ཁབ་གང་ག་ལ་ཁྱབ་པ་རེད། ཤེས་བྱས་རྒྱལ་ཁབ་སྒང་ག་ལ་ཁྱབ་པ་རད་མ་རད། འཛམ་གླིང་ན་རྒྱལ་ཁབ་ག་ཚོད་ཡོའོ་རེད།
- ཀ: ཨ། མང་པོ་ཡོའོ་རེད་པ། བརྒྱ་ལྷག་ཡོའོ་རེད་པ། དེ་གས་དེ་སྒང་ག་ལ་ཤེས་བྱས་ཁྱབ་ཡོའོ་རད་མ་རད། ཁྱབ་ཀྱི་རེད།ཡོད་ཚད་ལ་ཁྱབ་ཀྱི་རེད། བཞག་བྱས་ཁྱབ་ཀྱི་རེད། གཞི་གྲུབ་ཀྱི་ཁྱབ་ཀྱི་རེད།
- ཁ: ཧེ་་་་མང་པོ་ཡོའོ་རེད།
- ཁ: འདི་བུམ་པ་དང་ཤེས་བྱ་ཅི་ཁྱབ་ཆེ་ཡས་ཡོའོ་རེད།
- ཀ: ཨོང་། ཤེས་བྱ་དེ་ཁྱབ་ཆེ་བ་ཡོའོ་རེད།
- ཁ: ཤེས་བྱ་ལས་ཁྱབ་ཆེ་བ།
- ཀ: ཤེས་བྱས་ལས་ཁྱབ་ཆེ་བ། ཤེས་བྱ་ལས་ཁྱབ་ཆེ་བ། ཁྱབ་ཆེ་བར་སོང་ཙང་། ཤེས་བྱའི་སྤྱི་ག་རེ་ཟག་༼ཟེར་༽། ག་རེ་ཟེར། བུམ་པའི་སྤྱི་བྱས་པ་རེད། སྤྱི་ཟེར་མཁན་དེ་ཁྱབ་ཆེ་བ་རེད། ལྟོས་དང་། ཤེས་བྱ་དང་བུམ་པ་གཉིས་བྱས་ན་ག་གི་ཁྱབ་ཆེ་བ་ཡོད་བ་རད། ཤེས་་བྱ་ཁྱབ་ཆེ་བ་ཡོའོ་རེད། བུམ་པ་དེ་ཁྱབ་ཆུང་བ་ཡོའོ་རེད། བྱས་ཙང་། ཤེས་བྱ་དེ་བུམ་པའི་སྤྱི་ཡིན་བྱས་པ་རེད། ཤེས་བྱ་དེ་ཀ་བ་ལས་ཁྱབ་ཆེ་བ་ཡོའོ་རད་ཆུང་བ་ཡོའོ་རད། ཀ་བ་ལས། ཀ་བ་ཤེས་ཀྱི་ཡོད་པ་༼ཡོད་དམ་༽།
- ཁ: ཡོད་ཡོད།
- ཀ: ད།ཁྱབ་ཆེ་བ་ཡོའོ་རེད་པ། ད་ཤེས་བྱ་དེ་ཀ་བའི་སྤྱི་ཡིན་བྱས་པ་རེད། ཀ་བ་དེ་ཤེས་བྱའི་བྱེ་བྲག་ཡིན་བྱས་པ་རེད། ད་ཀ་བ་དེ་མི་ལས་ཁྱབ་ཆེ་བ་ཡོའོ་རད་ཆུང་བ་ཡོའོ་རད། མི། མི་མི་མི།
- ཁ: ཀ་བ་དང་།
- ཀ: མ་རེད་མ་རེད། ཤེས་བྱ་དེ། ཤེས་བྱ་དེ་མི་ལས་ཁྱབ་ཆེ་བ་ཡོའོ་རད་ཆུང་བ་ཡོའོ་རད།
- ཁ: ཆེ་བ་ཡོའོ་རེད།
- ཀ: ཁྱབ་ཆེ་བ་རེད་པ། བྱས་ཙང་། ཤེས་བྱ་དེ་མིའི་སྤྱི་ཡིན་བྱས་པ་རེད། མི་དེ་ཤེས་བྱའི་བྱེ་བྲག་ཡིན་བྱས་པ་རེད། ད་ཤེས་བྱ་ལ་སྤྱི་སྤྱི་ཟེར་ཡས་ཁོ་དེ་རེད། སྤྱི་ལ་ཁྱབ་ཟེར་ཡས་དེ། ཤེས་བྱས་མ་ཁྱབ་པའི་གཞི་གཅིག་ཡོའོ་མ་རེད། རྒྱལ་ཁབ་ཡང་ཡོའོ་མ་རེད་ལ་དངོས་པོ་ཡང་ཡོའོ་མ་རེད། འོ་ཡ། དེ་ཡག་པོ་ཤེས་སོང་ང་། འོ་འདུག་བཟོ་རེད། དེ་བཞིན་དུ་ཤེས་བྱ་ཐམས་ཅད་ལ་སྦྱར་བ་བྱའོ། གཞི་གྲུབ་ན་ཟེར་འདུག་ག གཞི་གྲུབ་ན། ཁྱོད་ཀྱི་སྤྱིའི་ངོ་བོ་དུ་མ་འཛིན་པས་ཁྱབ་སྟེ། ཟེར། ཁྱོད་ཀྱི་སྤྱིའི་ངོ་བོ་དུ་མ་འཛིན་པས་ཁྱབ་སྟེ། གཞི་གྲུབ་ན། ཁྱོད་ལ་ཤེས་བྱའི་ངོ་བོ་དང་། ཡོད་པའི་ངོ་བོ་དང་། གཞི་གྲུབ་ཀྱི་ངོ་བོ་དང་། དམིགས་པའི་ངོ་བོ་དང་ལྡན་པ་ཁྱབ་པའི་ཕྱིར། ཟེར།
- ཀ: ད་དེ་ག་རེ་ཟེར་གྱི་ཡོའོ་རས་ཟེར་སོང་ན། དཔེར་ན། ཀ་བ་ལ་ཤེས་བྱའི་ངོ་བོ་ཡོའོ་རད་མ་རད། ཀ་བ་ལ། ཤེས་བྱའི་ངོ་བོ་ཡོའོ་རེད་པ། ཀ་བ་ལ་ཡོད་པའི་ངོ་བོ་ཡོའོ་རད་མ་རད། ཀ་བ་ལ་གཞི་གྲུབ་ཀྱི་ངོ་བོ་ཡོའོ་རད་མ་རད། ཀ་བ་ལ་དམིགས་པའི་ངོ་བོ་ཡོའོ་རད་མ་རད། འོ་་་ད། ཁྱོད་ཀྱི་ངོ་བོ་དུ་མ་འཛིན་ཟེར་ཡས། དེ་ལ་ཟེར་བ་རེད། ད་དཀར་ཡོལ་ལ་ཆ་བཞག་པ་ཡིན་ན། དཀར་ཡོལ་ལ་ཤེས་བྱའི་ངོ་བོ་ཡོའོ་རད་མ་རད། བཞག་བྱའི་ངོ་བོ་ཡོའོ་རད་མ་རད། གཞི་གྲུབ་ཀྱི་ངོ་བོ་ཡོའོ་རད་མ་རད། དམིགས་པའི་ངོ་བོ་ཡོའོ་རད་མ་རད། ཡོད་པའི་ངོ་བོ་ཡོའོ་རད་མ་རད། བྱས་ཙང་། ད་ཀ་བ་ལ་ངོ་བོ་དུ་མ་འདུག་ག
- ཀ: ངོ་བོ་དུ་མ་འཛིན་པ་ཟེར། འོ་དེ་ལ་ཟེར་དགོས་རེད། ཤེས་སོང་ང་། སྤྱིའི་ངོ་བོ་དུ་མ་འཛིན་པས་ཁྱབ་སྟེ། གཞི་གྲུབ་ན། ཁྱོད་ལ་ཤེས་བྱའི་ངོ་བོ་དང་། ཡོད་པའི་ངོ་བོ་དང་། གཞི་གྲུབ་ཀྱི་ངོ་བོ་དང་། དམིགས་པའི་ངོ་བོ་དང་ལྡན་པ་ཁྱབ་པའི་ཕྱིར་བྱས་པ་རེད། དེར་ཐལ། ཟེར་ན། ཁྱབ་པར་ཐལ། ཟེར་གྱི་ཡོའོ་རེད། གཞི་གྲུབ་ན་ཁྱོད་ཤེས་བྱ་སོགས་ཡིན་པ་ཁྱབ་པའི་ཕྱིར། ཁྱོད་ཤེས་བྱ་སོགས། ཟེར་ན་ག་རེ་ཟེར་གྱི་ཡོའོ་རད། གཞི་གྲུབ་ན་ཁྱོད་ཤེས་བྱ་ཡིན་པས་ཁྱབ་ཀྱི་རེད། གཞི་གྲུབ་ན་ཁྱོད་ཡོད་པ་ཡིན་པས་ཁྱབ་ཀྱི་རེད། གཞི་གྲུབ་ན་ཁྱོད་གཞི་གྲུབ་ཡིན་པས་ཁྱབ་ཀྱི་རེད། གཞི་གྲུབ་ན་ཁྱོད་གཞལ་བྱ་ཡིན་པས་ཁྱབ་ཀྱི་རེད། གཞི་གྲུབ་ན་ཁྱོད་ཤེས་བྱ་ཡིན་པས་ཁྱབ་ཀྱི་རེད། ཟེར། སོགས་ཟེར་ཡན་དེ། ཧ་གོ་སོང་ང་། སོགས་ཟེར་ཡས་དེ་མང་པོའི་དེ་རེད་པ།
- ཀ: གཞི་གྲུབ་ན་ཤེས་བྱ་ཡིན་དགོས་ཀྱི་རད་མ་རད། གཞི་གྲུབ་ན། ཤེས་བྱ་ཡིན་དགོ་༼དགོས་༽རད་མ་རད། ཤེས་བྱ་ཡིན་དགོས་རེད། གཞི་གྲུབ་ན་གཞལ་བྱ་ཡིན་དགོས་རད་མ་རད། གཞི་གྲུབ་ན་ཡོད་པ་ཡིན་དགོས་རད་མ་རད། གཞི་གྲུབ་ན། དམིགས་པ་ཡིན་དགོས་རད་མ་རད། འོ་བྱས་ཙང་། སྒང་ག་ཡིན་པས་ཁྱབ་ཟེར་ཡས་ཁོ་དེ་ལ་ཟེར་བ་རེད། ཤེས་སོང་ང་། གཞི་གྲུབ་ན་ཁྱོད་ལ་ཤེས་བྱའི་ངོ་བོ་དང་ཡོད་པའི་ངོ་བོ་དང་གཞི་གྲུབ་ཀྱི་ངོ་བོ་དང་དམིགས་པའི་ངོ་བོ་དང་ལྡན་པས་ཁྱབ་པའི་ཕྱིར།
- ཀ: དེ་ཡིན་ཙང་། གཞི་གྲུབ་ན་ཁྱོད་ཤེས་བྱ་སོགས་ཡིན་པས་ཁྱབ་པའི་ཕྱིར། ཟེར། ཁྱབ་སྟེ། བྱས་པ་རེད། ཁྱོད་ཀྱི་རང་བཞིན་བདག་ཉིད་དུ་གྲུབ་པའི་ཆོས་དེ་ནི། ཁྱོད་ཀྱི་ངོ་བོ་ཡིན། ད་དེ། ཁྱོད་ཀྱི་རང་བཞིན་དུ་བདག་ཉིད་དུ། ཟེར་ཡས་ཤིག་འདུག་ག དེ་ཡི་གེ་གཅིག་བརྒྱབ་ན་ཆ་ཚང་འགྲིག་པ་རེད། ཡི་གེ་མང་པོ་རྒྱག་དགོས་ཡོའོ་མ་རེད། ཁྱོད་ཀྱི་བདག་ཉིད་དུ་གྲུབ་པའི་ཆོས་དེ་ནི། ཁྱོད་ཀྱི་ངོ་བོ་ཡིན་པའི་ཕྱིར། ཟེར་ན། འགྲིག་གི་རེད། ཡང་ན། ཁྱོད་ཀྱི་རང་བཞིན་དུ་གྲུབ་པའི་ཆོས་དེ་ནི་ཁྱོད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། ཟེར། ཡི་གེ་གཅིག་བཞག་ན་འགྲིག་གི་ཡོའོ་རེད། ཡང་ན་རང་བཞིན་དུ། ཟེར་ཡས་དེ་གཡུག་བཞག ཧ་གོ་སོང་ང་།
- ཀ: རང་བཞིན་དུ། དེ་གཡུག་བཞག་ན། གང་འདྲས་ཟེར་ལབ་དགོས་རད། ཁྱོད་ཀྱི་བདག་ཉིད་དུ་གྲུབ་པའི་ཆོས་དེ་ནི་ཁྱོད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། ཟེར། ཡང་ན། བདག་ཉིད་དུ། ཟེར་མཁན་དེ་བཞག་ན། ཁྱབ་སྟེ། ཁྱོད་ཀྱི་རང་བཞིན་དུ་གྲུབ་པའི་ཆོས་དེ་ནི་ཁྱོད་ཀྱི་ངོ་བོ་ཡིན་པས་ཁྱབ་པའི་ཕྱིར། ཟེར། ཚིག་མང་པོ་དེ་དགོ་༼དགོས་ཀྱི་༽མ་རེད། དེ་འཐོལ་པ་རེད། རང་བཞིན་དུ་བདག་ཉིད་དུ། ཟེར། སྙན་པོའི་ཡོའོ་མ་རེད། བོད་ཀྱི་ཚིག་གི་འགྲོ་སྟངས་བྱས་སོང་ན། རང་བཞིན་དུ་བདག་ཉིད། རང་བཞིན་ཟེར་བ་དང་བདག་ཉིད་ཟེར། དོན་གཅིག་རེད་པ། བྱས་ཙང་། གཞི་གྲུབ། ཁྱོད་ཀྱི་རང་བཞིན་དུ་གྲུབ་པའི་ཆོས་དེ་ནི། ཟེར་ན་འགྲིག་གིས། ཡང་ན་ཁྱོད་ཀྱི་བདག་ཉིད་དུ་གྲུབ་པའི་ཆོས་དེ་ནི། ཟེར་ན་འགྲིག་གི་ཡོའོ་རེད། ཤེས་སོང་ང་།
- ཀ: འོ་འདུག་བཟོ་རང་རེད། ད་དེ་ཚར་ནས། ག་རེ་ཚར་སོང་ངས། དམིགས་པའི་མཚན་ཉིད་དེ་ཚར་སོང་ང་། དམིགས་པའི་མཚན་ཉིད་ཚར་ནས། ད་ག་པར་སླེབས་ཡོའོ་རེད་པས། བཞི་པ་ལ་སླེབས་ཡོའོ་རེད། བཞི་པ་ག་གི་རེད་པས། སྤྱིར་མཚན་མཚོན་གཞི་གསུམ་གྱི་དོན་བཤད་པ། ཟེར་ཡས་དེ་རུ་སླེབས་པ་རེད། ཧ་གོ་སོང་ང་། སྤྱིར་མཚན་མཚོན་གཞི་གསུམ་གྱི་དོན་བཤད་པ། ཟེར་ཡས་ཁོ། དེ་ལ་ས་བཅད་གཉིས་ཀྱི་གོ་ནས་བཤད་ཀྱི་ཡིན། བྱས་པ་རེད། བཞི་པ་སྤྱིར་མཚན་མཚོན་གཞི་གསུམ་གྱི་དོན་ཞིབ་པར་བཤད་པ་ལ། ཞིབ་ཏུ་བཤད་ཀྱི་ཡིན། ཟེར་དགོ་༼དགོས་༽རེད། མཚན་ཉིད། མཚོན་བྱ། དེ་ནས་མཚན་གཞི། མཚན་གཞི། མཚོན་བྱ།མཚོན་ཚུལ། མཚན་ཉིད་ཀྱི་མཚོན་བྱ་མཚོན་ཚུལ་ལ་སོགས་པ། ཞིབ་པར་བཤད་ཀྱི་ཡིན་བྱས་པ་རེད། ཞིབ་པར་བཤད་པ་ལ། མཚན་མཚོན་གཞི་གསུམ་གྱི་དོན་སྤྱི་བཤད་པ། ཟེར་ཡན་ཞིག་འདུག་ག དེ་ལ་ར་གཅིག་རྒྱབ་དགོས་རེད། མཚན་མཚོན་གཞི་གསུམ་གྱི་དོན་སྤྱིར་བཤད་པ། ཟེར་དགོས་རེད། ཧ་གོ་སོང་ང་།
- ཀ: གཞི། སྤྱི་ཟེར་ཡས་དེ་ཡག་པོ་ཡོའོ་མ་རེད། མཚན་མཚོན་གཞི་གསུམ་གྱི་དོན་སྤྱིར་བཤད་པ། ཟེར། ར་གཅིག་བརྒྱབ་ཙང་། སྤྱིར་ཟེར། མཚན་མཚོན་གཞི་གསུམ་གྱི་དོན་སྤྱིར་བཤད་པ་དང་། དེ་གཞི་ལ་སྦྱར་བའོ། བྱས་པ་རེད་ད། གཉིས་འདུག་བཟོ་བྱེད་དགོ་༼དགོས་༽རེད། ཧ་གོ་སོང་ང་། མཚན་མཚོན་གཞི་གསུམ་གྱི་དོན་སྤྱིར་བཤད་པ། ཡང་འདི་ལ་ཡང་ར་བརྒྱབ་དགོས་རེད། མཚན་མཚོན་གཞི་གསུམ་གྱི་དོན། དཔེ་ཆ་དེ་ལའི་ཡོད་ཀྱི་རེད་པ། ཁྱོད་རང་ཚོས། དེ་ལ་པར་ར་དེ་ནོར་བ་ཡིན་གྱི་རེད། གཞི་ར་བརྒྱབ་དགོས་རེད། མཚན་མཚོན་གཞི་གསུམ་གྱི་དོན་སྤྱིར་བཤད་པ་ཟེར། དང་པོ། མཚན་མཚོན་གཞི་གསུམ། ཟེར་ན་ག་རེ་ཟེར་གྱི་རད། ཧ་དགོ་༼དགོས་༽ཀྱི་འདུག་ག མཚན་མཚོན་གཞི་གསུམ་ཟེར་མཁན་དེ། མཚན་ཉིད་བྱས། མཚོན་བྱ་བྱས། མཚན་གཞི་གསུམ་ལ་མཚན་མཚོན་གཞི་གསུམ་ཟེར་ར་རེད། གང་འདྲས་ཟེར། མཚན་མཚོན་གཞི་གསུམ་ཟེར་ག་ལ་ཟེར་བ་རད། མཚན་ཉིད་མཚོན་བྱ་མཚན་གཞི།
- ཀ: ཡཱ། མཚན་མཚོན་གཞི་གསུམ་འདིའི། མཚན་ཉིད་མཚོན་བྱ་མཚན་གཞི། འདུག་བཟོ་ལྟོས་ཤིག མཚན་ཉིད་མཚོན་བྱ་གཞི། གཞི་ཟེར་དུས་མཚན་གཞི་ཟེར་གྱི་ཡོའོ་རེད། ཡཱ། མཚན་མཚོན་གཞི་གསུམ་ཟེར་ན། གང་དང་གང་ལ་ཟེར་བ་རད། མཚན་ཉིད་མཚོན་བྱ་མཚན་གཞི་གསུམ་ལ། འོ་་་། མཚན་མཚོན་གཞི་གསུམ། ཟེར། མཚན་མཚོན་གཞི་གསུམ། མཚན་མཚོན་གཞི་གསུམ་ཟེར། དེ་ལ་ཟེར་བ་རེད། ད་དེ་གསུམ་གྱི་ནང་ནས་མཚན་ཉིད་ནི། ད་དང་པོ་དེ་གཉིས་པོ་རེད་པ། མཚན་ཉིད་ནི་བྱས་པ་རེད། མཚན་ཉིད་ཟེར་མཁན་དེ་གང་འདྲས་ཤིག་ལ་ཟེར་གྱི་ཡོའོ་རད། ཟེར་སོང་ན། མཚན་གཞི་འམ་གྲོགས་གཞི་དེའི་སྟེང་དུ། མཚོན་བྱའམ་བཞག་བྱ་དེ་གཉིས་ལྡོག་པ་གཞན་དང་མ་འདྲེས་པར་མཚོན་བྱེད་དམ་རོགས་བྱེད་དེ།དེ་ལ་མཚན་ཉིད་ཟེར་བ་ཡིན། ཟེར་གྱི་ཡོའོ་རེད། མཚན་ཉིད་ཟེར་མཁན་དེ། ཧ་གོ་སོང་ང་། མཚན་ཉིད་ཟེར་མཁན་དེ། མཚན་ཉིད་མཚན་ཉིད་ཟེར་མཁན་དེ་གང་འདྲས་ཤིག་ལ་ཟེར་བ་རས།
- ཀ: མཚན་གཞི་འམ། ཟེར། འཇོག་གཞི་དེའི་སྟེང་དུ། མཚོན་བྱའམ་བཞག་བྱ་དེ་གཉིས་ཟེར། འདོགས་པ་གཞན་དང་མ་འདྲེས་པར། མཚོན་བྱེད་དམ་རོགས་བྱེད་དེ་ལ་ཟེར་བ་ཡིན། ཟེར། ད་དེ་ངས་དཔེ་ཞིག་བཤད་ན་མ་གཏོགས་ཁྱེད་རང་ཚོ་ཁག་པོ་ཡོའོ་རེད། དཔེར་ན། དོན་བྱེད་ནུས་པ་དངོས་པའི་མཚན་ཉིད་རད་མ་རད། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་རེད་པ། ད་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་སྟངས་འདྲ་པོ་གང་འདྲས་ཤིག་རད། ཟེར་སོང་ན། དོན་བྱེད་ནུས་པས། དཀར་ཡོལ་འདི། དངོས་པོར་མཚོན་ཐུབ་ཀྱི་ཡོའོ་རེད། གང་འདྲས་ཟེར་མཚོན་གྱི་ཡོའོ་རད། ཟེར་ན། དཀར་ཡོལ་དེ་དངོས་པོ་རེད། བྱས་པ་རེད། དངོས་པོ་ཡིན་སྟངས་གང་འདྲས་རད། ཟེར་སོང་ན། དོན་བྱེད་ནུས་པ་ཡིན་པའི་རྒྱུ་རྐྱེན་གྱིས་དངོས་པོ་རེད་བྱས་པ་རེད། མཚན་གཞི་འམ་གྲོགས་གཞི་དེ། དེ་ལས། མཚོན་བྱ་དེར་མཚོན་པའམ། འཇོག་པར་བྱེད་པའི་རྒྱུ་མཚན་གྱིས་མཚན་ཉིད་བྱས་པ་རེད།
- ཀ: ཡཱ་དོན་བྱེད་ནུས་པ་མཚན་ཉིད་རད་མ་རད། རེད་ཟེར། གང་གི་མཚན་ཉིད་རད། དངོས་པོའི་མཚན་ཉིད། དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་རེད་ད། དངོས་པོའི་མཚན་ཉིད་འཇོག་ཟེར་ན་ག་རེ་བཞག་ག
- ཁ: དོན་བྱེད་ནུས་པ།
- ཀ: དོན་བྱེད་ནུས་པ་དངོས་པའི་མཚན་ཉིད། ད་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཟེར་ཡས་དེ་གང་ལ་ཟེར་གྱི་ཡོའོ་རད་ཟེར་ན། དཔེར་ན། ཤིང་ལྟ་བུ་དངོས་པོར་མཚུངས་དགོས་རེད་པ། ཤིང་དངོས་པོར། ཤིང་མ་ཤེས་པའི་གང་ཟག་ཅིག་ལ། ཤིང་དངོས་པོར་མཚོན་ཀ་རད་མ་རད། ཤིང་དངོས་པོ་ཡིན་པར་མ་ཤེས་པའི་གང་ཟག་ཡོང་གི་རད་མ་རད།
- ཁ: ཡོང་གི་མ་རེད།
- ཀ: ཨ་ཙི། ཡོང་དགོས་བྱུང་། ཤིང་རྒྱུས་མེད་པའི་མི་ཡོའོ་རད་མ་རད། ཤིང་ཁྱོན་ནས་༼རྩ་བ་ནས་༽མ་ཤེས་པའི་མི་དེ་འདྲས་ཡོང་གི་རད་མ་རད། ཤིང་མཐོང་མ་མྱོང་བའི་མི་ཡོའོ་རད་མ་རད། ཡོང་དགོས་བྱུང་། མཐའ་མཚམས་ཁག་ཅིག་ལ་ཤིང་ཁྱོན་ནས་ཡོའོ་མ་རེད་པ། བྱེ་ཐང་ཁོ་ར་མ་གཏོགས་ཤིང་མེད་པའི། ཡུལ་ཡོའོ་རད་མ་རད། ཤིང་མེད་པའི་ཡུལ་དེ་འདྲས་ཡོའོ་རད་མ་རད།
- ཁ: ཤིང་མེད་་པའི་ཡུལ་ཨ་ཡོད།
- ཀ: གང་ཡིན་ན། བྱེ་ཐང་ལ་ཤིང་ཡོའོ་རེད་པས། ཤིང་མེད་པའི་བྱེ་ཐང་། བྱེ་མའི་ཐང་། རྦད་དེ་བྱེ་མ་རྐྱང་བྱས། ཤིང་གཅིག་རྐྱང་མི་སྐྱེས་པ་དེ་འདྲས་ཡོའོ་རད་མ་རད།
- ཁ: ཡོའོ་རེད།
- ཀ: དེ་ཡོའོ་རེད་པ། དེ་ལས་ཤིང་མཐོང་མ་མྱོང་བའི་མི་ཡོང་གི་རད་མ་རད།
- ཁ: ཡོང་སྲིད།
- ཀ: ཡོང་སྲིད་ཀྱི་རེད། ཡོང་གི་རེད། ཡོང་གི་རེད་ད། ཤིང་མཐོང་མ་མྱོང་བའི་མི་ཡོང་དགོས་བྱུང་། བྱས་ཙང་། ད་ཤིང་མཐོང་མ་མྱོང་བའི་གང་ཟག་ཅིག་ལ་ཤིང་དངོས་པོ་རེད་ཟེར་བརྡ་སྤྲོད་དགོས་རད་མ་རད། བརྡ་སྤྲོད་དགོས་རེད་པ། བརྡ་སྤྲོད་པ་ཟེར་ན་ཕར་ཤིང་དངོས་པོ་རེད། འདི་གང་རས་ཟེར་ན། དངོས་པོ་རེད། དངོས་པོ་ཡིན་པ་གང་འདྲས་རད་ཟེར་ན། དོན་བྱེད་ནུས་ཀྱི་འདུག་ག བྱས་ཙང་དངོས་པོ་རེད་ཟེར། དེ་འདྲས་ཟེར་ཕར་བསླབ་དགོས་རད་མ་རད།
- ཁ: བསླབ་དགོས་རེད།
- ཀ: བསླབ་དགོས་རེད་པ། བྱས་ཙང་། ད་ཤིང་དངོས་པོར་མཚོན་པ་བྱེད་དུས། གང་གི་གོ་ནས་མཚོན་པར་བྱེད་དགོས་རད། དོན་བྱེད་ནུས་པ་ཡིན་པའི་རྒྱུ་མཚན་གྱིས། ཤིང་དངོས་པོར་མཚོན་པ་བྱེད་ཀྱི་ཡོའོ་རེད། ཤིང་མཚན་གཞི། དངོས་པོ་ཡིན་པར་མཚོན། དོན་བྱེད་ནུས་པ་ཡིན་ནོ། ཟེར་ཡས་དེ་འོ། བྱས་ཙང་ལམ་སེང་ཤེས་ཀྱི་རེད། དཔེར་ན་བ་གླང་རྒྱུས་མེད་པའི་གང་ཟག་ཡོའོ་རད་མ་རེད། བ་གླང་རྒྱུས་མེད་པའི་གང་ཟག་ཡོའོ་རེད་པ། བྱས་ཙང་། བ་གླང་གི་མཚན་ཉིད་ལ་ག་རེ་བཞག་དགོས་རད། ནོག་དང་ལྐོག་ཤལ་སོགས་འདུས་པའི་གོང་བུ་དེ་བ་གླང་གི་མཚན་ཉིད་རེད། ཧ་གོ་སོང་ང་། ནོག་དང་ལྐོག་ཤལ་སོགས་འདུས་པའི་གོང་བུ་དེ་བ་གླང་གི་མཚན་ཉིན། ཟེར།
- ཀ: ནོག་ཟེར་ན་གང་ལ་ཟེར་དགོས་རད། འདིའི་ཤ་རྡོག་རྡོག་དེ་ལ་ཟེར་དགོས་རེད། ཤ་རྡོག་རྡོག་ཆེན་པོ་ཞིག་འདུག་ག བ་གླང་ལ། ལྐོག་ཤལ་ཟེར་ན། འདིའི་དེ་ནས་མར་ཤ་ལྷེབ་ཤ་ལྷེབ་ཅིག་འདུག་ག དེ་ལ་ནོག་སོགས་མདུད་པའི་གོང་བུ་བ་གླང་གི་མཚན་ཉིད་ཟེར་དགོས་རེད། བ་གླང་ཟེར་ཡས་ཁོ་དེ་འདྲས་ཤིག་དགོ་༼དགོས་༽ཡོའོ་རེད། རྔ་མོང་ལའི་འདུག་ག རྔ་མོང་ལ་ནོག་ཡོའོ་རད་མ་རད། ལྐོག་ཤལ་འདུག་གས་མི་འདུག་གས། བྱས་ཙང་། ད་བ་གླང་ཟེར་མཁན་དེ་ནོག་སོགས་འདུས་པའི་གོང་བུ་དེ་བ་གླང་གི་མཚན་ཉིད་རེད་པ། ད་བ་གླང་རྒྱུས་མེད་པའི་གང་ཟག་དེ་ལ། ད་བ་གླང་སེར་སྐྱ་ལྟ་བུ་མཚན་གཞིར་བཟུང་ཚར་བ་དང་། སེར་སྐྱ་ཟེར་ན་ཧ་གོ་གི་འདུག་ག སེར་པོ། བ་གླང་སེར་པོ་ཡོའོ་རད་མ་རད། ནག་པོ་ཡོའོ་རད་མ་རད། དཀར་པོ་ཡོའོ་རད་མ་རད། སེར་སྐྱ་དེ་བ་གླང་ཡིན་པར་ངོ་སྤྲོད་བྱེད་དགོ་རེད་པ། ངོ་སྤྲོད་བྱེད་དུས་གང་འདྲས་ཟེར་བྱེད་དགོ་རེད་ཟེར་ན། བ་གླང་རྒྱུས་མེད་པའི་གང་ཟག་དེ་ལ། འདི་བ་གླང་རེད་ཟེར།
- ཀ: དེ་གང་ཡིན་འགྲོ། འདི་བ་གླང་ཡིན་པ་གང་འདྲས་ཟེར་རེད་པས། ཟེར་ན། ནོག་དང་ལྐོག་ཤལ་སོགས་མདུད་པའི་གོང་བུ་འདུག་ག བྱས་ཙང་བ་གླང་རེད་དོ། ཟེར། འོ་དེ། མཚན་ཉིད་མཚན་ཉིད་ཟེར་ཡས་ཁོ་འདི་ལ་ཟེར་དགོས་རེད། མཚན་ཉིད་དེ་སྔོན་ལ་ཤེས། དེའི་རྗེས་སུ་མཚོན་བྱ་དེ་ཤེས་པར་བྱེད་དགོས་ཙང་། མཚན་ཉིད་ཟེར་ཡས་དེ། མཚོན་བྱ་མཚོན་བྱེད་ཡིན་ཟེར་དགོས་རེད། ཧ་གོ་སོང་ང་། མཚོན་བྱ་ཟེར་དུས་ཙ་ནས། མཚོན་པར་བྱ་བའི་ཡུལ་ཁོ་ལ་མཚོན་བྱ་ཟེར་དགོས་རེད། མཚན་ཉིད་ཟེར་ན། ཁོ་མཚོན་པར་བྱེད་མཁན་ཁོ་ལ་ཟེར་དགོས་རེད། ཁྱེད་རང་མི་རེད་དམ་མ་རེད།
- ཀ: མི་ཡིན་པའི་རྒྱུ་མཚན་ཁོ་ག་གའི་གོ་ནས་བཞག་པ་རད། མ་ཤེས་དོན་གོ་བ། སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་རེད་པ། ད་མི་ཡིན་པ་ག་རེ་རད་ཟེར་ན། སྨྲ་ཤེས་དོན་གོ་བ་ཡིན་པའི་རྒྱུ་མཚན་གྱིས། མི་རེད་ཟེར་གྱི་རེད་པ། ཁྱི་མི་རེད་དམ་མ་རེད་ཟེར་ན། མི་མ་རེད་པ། མི་མ་ཡིན་པའི་རྒྱུ་མཚན་ག་རེ་རེད་པས། སྨྲ་ཤེས་དོན་གོ་བ་མ་རེད་པ། བྱས་ཙང་མི་མ་རེད་བྱས་པ་རེད། མཚན་ཉིད་ཟེར་མཁན་དེ། ད་མཚོན་བྱ་མཚོན་སྟངས་ཤེས་སོང་ང་། མཚན་ཉིད་ཟེར་མཁན་དེ། དེ་སོང་ཙང་། དན་ད་ལྟའི་དེ་འདི་ནས་མར་ལྟོས་ཤིག མཚན་ཉིད་ནི་མཚན་གཞི་འམ་འཇོག་གཞི་དེའི་སྟེང་དུ་བྱས་པ་རེད། མཚོན་བྱའམ་བཞག་བྱ་དེ་གཉིས་འདོགས་པ་གཞན་དང་མི་འདྲེས་པར་མཚོན་བྱེད་དམ་རོགས་བྱེད་དེ་ལ་མཚན་ཉིད་ཟེར་དགོས་རེད་ཟེར་བ་རེད།
- ཀ: ད་འཇོག་གཞི་དེ་རང་གི་མཚོན་བྱའམ་བཞག་བྱ། ག་རེ་ཟེར་དགོས་རད། བཞག་བྱ་དེ་དེ་གཉིས་ཡིན་པར་འདོགས་པ་གཞན་དང་མ་འདྲེས་པར་མཚོན་པ་ཟེར་ན་ག་རེ་ཟེར་གྱི་ཡོའོ་རད། དཔེར་ན། དེ་ཡོའོ་རེད་པ། གསེར་གྱི་ལྟོ་ལྟིར་བ་ཡོའོ་རད་མ་རད།
- ཁ: གསེར་གྱི།
- ཀ: གསེར་གྱི་ལྟོ་ལྟིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ། གསེར་གྱི་ལྟོ་ལྟིར་བ། གསེར་གྱི་ཕོར་པ་ཡོའོ་རད་མ་རད།
- ཁ: ཡོའོ་རེད།
- ཀ: གསེར་གྱི་ལྟོ་ལྟིར་བ་ཡོའོ་རད་མ་རད། གསེར་གྱི་བུམ་པ་ཡོའོ་རད་མ་རད།
- ཁ: ཡོའོ་རེད།
- ཀ: འོ་ཡོའོ་རེད་ད། གསེར་གྱི་བུམ་པ་རྟགས་མར་སྤྲད་ཀྱི་མི་འདུག་ས། ཁྱེད་རང་ཚོ། ཧ་གོ་སོང་། རྒྱལ་ཁབ་ཁག་འགྲན་བསྡུར་བྱེད་དུས་གསེར་གྱི་རྟགས་མ་སྤྲད་ཀྱི་ཡོའོ་རད་མ་རད།
- ཁ: གསེར་གྱི་བུམ་པ།
- ཀ: ཨ།
- ཁ: བུམ་པ་གསེར་གྱི།
- ཀ: གསེར་གྱི་བུམ་པ་སྤྲད་ཀྱི་འདུག་ག འཛམ་གླིང་གི་གསེར་གྱི་བུམ་པ།
- ཁ: ལགས་འོང་ལ།
- ཀ: འོང་། བུམ་པ། བུམ་པ་ཟེར། དེ་ཚོ་ལ་ཟེར་དགོས་རེད། ཧ་གོ་སོང་ང་། ད་བྱས་ཙང་། བུམ་པ་དེ་དེ་རེད་པ། ག་རེ་ཟེར་དགོས་རད། ལྟོ་བ་ལྟིར་བ་རེད་པ། ཞབས་ཞུམ་པ་རེད་པ། ཆུ་སྐྱོར་བ་རེད་པ། ད་ལྟོ་ལྟིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་དེ་བུམ་པའི་མཚན་ཉིད་རེད། བྱས་ཙང་། ལྟོ་ལྟིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པས་གསེར་གྱི་ལྟོ་ལྟིར་བ་ལྟ་བུ། ཀ་བ་དང་བྲག་དང་ས་དང་ཆུ་ལ་སོགས་པ། གང་དང་ཡང་མ་འདྲེས་པར། བུམ་པ་གོ་བར་བྱེད་ནུས་ཀྱི་ཡོའོ་རེད།
- ཀ: ལྟོ་ལྟིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ། བྱས་ཙང་བུམ་པའི་མཚན་ཉིད་ཡིན་ཟེར་དགོས་རེད། མཚན་ཉིད་ཟེར་མཁན་དེ་ལ། དོན་དག་ཁོ་དེ་འདྲས་ཤིག་ལ་ཟེར་དགོས་རེད། མཚན་ཉིད་ནི་མཚན་གཞི་འམ། མཚན་གཞི་ཟེར་ན་ག་རེ་ཟེར་གྱི་རད། འདི་དངོས་པའི་མཚན་གཞི་རེད། མཚན་གཞི་ཟེར་ན། མཚན་གཞི་ཧ་གོ་སོང་ང་། དངོས་པའི་མཚན་གཞི་ཞོག་ཟེར་ན་ག་རེ་གཞག་གོ་རད། འདི་ཆོས་ཅན། སྒྲོག་ཙེ་དེ་བཞག་ནའི་འགྲིག་གི་རེད། འདི་བཞག་ནའི་འགྲིག་པ་རེད། དངོས་པོའི་མཚན་གཞི་ཟེར་གྱི་ཡོའོ་རེད། དངོས་པོ་མཚོན་པར་བྱེད་མཁན་ཞིག་བྱུང་ན་འགྲིག་པ་རེད། འདིས་དངོས་པོ་མཚོན་གྱི་རད་མ་རད།
- ཁ: མཚོན་གྱི་རེད།
- ཀ: རེད་པ། འདི་དངོས་པོ་རེད་པ། འདི་དངོས་པོ་ཡིན་སྟངས་གང་འདྲས་རད། དོན་བྱེད་ནུས་ཀྱི་འདུག་ག བྱས་ཙང་དངོས་པོ་རེད་ཟེར་གྱི་ཡོའོ་རེད། འོ་ཡ། མ་འདྲེས་པར་ཟེར། མཚོན་བྱེད་དམ་འཇོག་བྱེད་ཡིན་པའི་རྒྱུ་མཚན་གྱིས་མཚན་ཉིད་ཡིན་ཟེར་བཞག་པ་རེད། བྱས་པ་རེད། ཡང་ན་བྱས་པ་རེད། ཡང་ན་མཚན་ཉིད་ཟེར་ཡས་ཁོ། ཡང་འདི་འདྲས་ཤིག་བཞག་ནའི་འགྲིག་གི་རེད་ཟེར། མཚན་གཞི་འམ་འཇོག་གཞི་དེ་རང་གི་མཚོན་བྱའམ་བཞག་བྱ་དེ་གཉིས་ཡིན་པར་འདོགས་པ་གཞན་དང་མ་འདྲེས་པར་མཚོན་བྱེད་དམ་འཇོག་བྱེད་དེ་ལ་མཚན་ཉིད་ཟེར་བ་ཡིན་ཟེར་དགོས་རེད། འདི་ཡག་པོ་ཧ་གོ་སོང་ངས། འོ་འདུག་བཟོ་ཟེར་དགོས་རེད། མཚན་ཉིད་མཚན་ཉིད་ཟེར་མཁན་དེ། ད་ཁྱེད་རང་ཚོ་ལ་ངས་གཅིག སྐད་ཆ་གཅིག་དྲིས་གོ། ཀ་བའི་མཚན་ཉིད་ཞོག་ཟེར་ན་ག་རེ་གཞག་གོ་རད།
- ཁ: ཀ་བའི་མཚན་ཉིད།
- ཀ: འོང་།
- ཁ: གདུང་བཏེགས་ཀྱི།
- ཀ: གདུང་བཏེགས་ཀྱི་དོན་བྱེད་ནུས་པ་ཀ་བའི་མཚན་ཉིད་ཡིན་ཟེར། ཡཱ། ཁྱེད་རང་། གདུང་བཏེགས་ཀྱི་དོན་བྱེད་ནུས་པ་ཀ་བའི་མཚན་ཉིད་ཡིན་ཟེར། བུམ་པའི་མཚན་ཉིད་ཞོག ལྟོ་ལྟིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་བུམ་པའི་མཚན་ཉིད་ཡིན་ཟེར། དངོས་པའི་མཚན་ཉིད་ཞོག ཡཱ། ཞོག དོན་བྱེད་ནུས་པ་དངོས་པའི་མཚན་ཉིད་ཡིན་ཟེར། ཁྱོད་མི་རྟག་པའི་མཚན་ཉིད་ཞོག
- ཁ: སྐད་ཅིག་མ་་་།
- ཀ: སྐད་ཅིག་མ་མི་རྟག་པའི་མཚན་ཉིད། ཟེར། ཁྱོད་རང་ཡོད་པའི་མཚན་ཉིད་ཞོག ཚད་མས་དམིགས་པ་ཡོད་པའི་མཚན་ཉིད། ཁ་སང་འདི་རུ་ཚར་སོང་ང་། ཁྱེད་རང་གཞལ་བྱའི་མཚན་ཉིད་ཞོག ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད་ཡིན་ཟེར། ཁྱེད་རང་དམིགས་པའི་མཚན་ཉིད་ཞོག ཚད་མས་སྒྲོ་འདོགས་གཅད་པར་བྱ་བའི་གཞི་དམིགས་པའི་མཚན་ཉིད། ད་རང་དང་པོ་ཁོ་རང་ནས་ཟེར་སོང་ང་། དམིགས་པའི་མཚན་ཉིད་ཞོག ཚད་མས་སྒྲོ་འདོགས་གཅད་པར་བྱ་བའི་གཞི། དམིགས་པའི་མཚན་ཉིད། དམིགས་པའི་མཚན་ཉིད་ཞོག ཚད་མས་སྒྲོ་འདོགས་གཅད་པར་བྱ་བའི་གཞི་དམིགས་པའི་མཚན་ཉིད་ཡིན་ཟེར། ད་མཚན་ཉིད་ལ་མང་པོ་ཡོའོ་རེད། ཡོད་པའི་མཚན་ཉིད། དངོས་པའི་མཚན་ཉིད། ཤེས་བྱའི་མཚན་ཉིད། གཞལ་བྱའི་མཚན་ཉིད། ཡོད་པའི་མཚན་ཉིད། བྱས་པའི་མཚན་ཉིད།