Skip to main content Skip to search
15 Dec 2011
20 min 5 sec
Rating
0
No votes yet
Video Overview
Creators: 
Unknown

Tsewang on Logic: Part four of five.

Show More

  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཡཱ་ད་འོ་ན་འདི་རེད་དཱ། ཡང་ན་མཚན་ཉིད་ནི་ཟེར། མཚན་གཞིའམ། འཇོག་བྱེད་དེ་རང་གི་མཚོན་བྱའམ། གཞག་བྱ་དེ་ཉིད་ཡིན་པར་ལྡོག་པར་གཞན་དང་མ་འདྲེས་པར་མཚོན་བྱེད་དམ་འཇོག་བྱེད་དེ་ཡིན་ནོ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་ཉིད་མཚན་ཉིད་ཟེར་མཁན་ཅིག་ཡོའོ་༿ཡོད་༾རེད་པཱ། མཚན་ཉིད་མཚན་ཉིད་ཟེར་མཁན་དེ། དཔེར་ན། དོན་བྱེད་ནུས་པ་དེ་དངོས་པོའི་མཚན་ཉིད་རེད་པཱ། བྱས་ཙང་། བུམ་པ་མཚན་གཞི་ཟེར་གྱི་རེད། དངོས་པོ་ཡིན་པར་མཚོན་ཟེར། དོན་བྱེད་ནུས་པ་ཟེར། ད་བུམ་པ་དོན་བྱེད་ནུས་པ་ཡིན་པའི་རྒྱུ་མཚན་གྱིས། དངོས་པོར་མཚོན་པ་རེད་པཱ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་འདི་ལ། དེ་ནས་མཚན་གཞི་འམ་འཇོག་བྱེད་དེ་རང་གི་མཚོན་བྱ་འམ། གཞག་བྱ། གཞག་བྱ་ཟེར་ན་མཚོན་བྱ་ལ་ཟེར་གྱི་རེད། རྣམ་པར་གཞག་བྱ་ཟེར་མཁན་དེ། ཡིན་པར་ལྡོག་པ་གཞན་དང་མ་འདྲེས་པར་མཚོན་བྱེད་དམ་འཇོག་བྱེད་དེ་ལ་ཟེར་བ་ཡིན་ཟེར་གྱི་ཡོའོ་རེད། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དེ་འདྲས་འཇོག་བྱེད་ལ་ནི་ཟེར། ད་རྣམ་པར་འཇོག་བྱེད་དེ་ལ་རྩིས། རྣམ་པར་འཇོག་བྱེད་དང་མཚན་ཉིད་གཅིག་པ་རེད། ཨོའོ་དེ་འདྲའི་འཇོག་བྱེད་ལ་ནི་ཟེར། རང་གི་མཚོན་བྱའི་ཆ་ཤས་ཐམས་ཅད་ལ་མ་ཁྱབ་པ་དང་། རང་གི་མཚོན་བྱ་མ་ཡིན་པ་ལའང་། ཁྱབ་པས་ཁྱབ་ཆེ་བ་དང་། རང་གི་མཚོན་བྱའི་དོན་ལྡོག་དུ་མི་སྲིད་པའི་སྐྱོན་གསུམ་དང་བྲལབ་ཞིག་དགོས་པས་ན་ཟེར།
  • ད་མཚན་ཉིད་མཚན་ཉིད་ཟེར་མཁན་དེ། བུམ་པའི་མཚན་ཉིད་ལ་གང་འདྲ་ཅིག་དགོས་རེད་ཟེར་སོང་ན། མ་ཁྱབ། ཁྱབ་བྱེད། མི་སྲིད་པའི་སྐྱོན་གསུམ་དང་བྲལ་བ་ཅིག་དགོས་རེད། ཧ་གོ་སོང་ང་།
  • མ་ཁྱབ་པའི་སྐྱོན་ཟེར་འདི་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པས། བུམ་པ་ཐམས་ཅད་ལ་ཁྱབ་ཀྱི་རེད། བུམ་པ་ཐམས་ཅད་ལ་མ་ཁྱབ་ན། འདི་བུམ་པའི་མཚན་ཉིད་ལ་ཡ་འཇོག་ཤེས་ཀྱི་མ་རེད། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དཔེར་ན་དོན་བྱེད་ནུས་པ་དེ་ཤེས་བྱའི་མཚན་ཉིད་ལ་བཞག་ན་འགྲིག་གི་རེད་མ་རེད། བཞག་གི་ཡིན་ན། འགྲིག་གི་མ་རེད་པཱ། མི་འགྲིག་པ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། དོན་བྱེད་ནུས་པས་ཤེས་བྱ་ལ་ཁྱབ་ཀྱི་ཡོའོ་མ་རེད། མ་ཁྱབ་པའི་སྐྱོན་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བྱས་ཙང་མཚན་ཉིད་ཟེར་མཁན་དེ་ཆོས་གང་དང་གང་ཡིན་ན་ཡང་། དེའི་མཚན་ཉིད་དུ་འཇོག་པ་ལ། མཚན་ཉིད་དེས་མཚོན་བྱ་དེའི་རིགས་ཐམས་ཅད་ལ་ཁྱབ་པ་ཅིག་དགོས་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་་་དེ་ལ་མཚོན་བྱའི་ཆ་ཤས་ཐམས་ཅད་ལ་མ་ཁྱབ་པའི་སྐྱོན་མེད་པ་གཅིག་དགོས་རེད་བྱས་བ་རེད། ད་བུམ་པ་ཡིན་ན་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་པས་ཁྱབ། ཨོང་་་་ ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་ན་བུམ་པ་ཡིན་པས་ཁྱབ་པ་གཅིག་དགོས་རེད་པཱ། ཨོའོ་་་མ་ཁྱབ་པའི་ཁྱབ་བྱེད། མ་ཁྱབ་པའི་སྐྱོན་མེད་པ་གཅིག
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་རང་གི་མཚོན་བྱ་མ་ཡིན་པ་ལའང་ཁྱབ་ཆེ་བ་ཟེར་མཁན་གཅིག་འདུག་གང་། ད་ཁྱབ་ཆེ་བ་སྐྱོན་ཟེར་མཁན་དེ་ག་རེ་ཡོའོ་ཟེར་ན། མཚན་ཉིད་དང་མཚོན་བྱ་གཉིས་པོ་དེ་ལ། ཁྱབ་ཆེ་ཆུང་མེད་པ་གཅིག་དགོས་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་ཉིད་དེ་མཚོན་བྱ་ལས་ཁྱབ་ཆུང་བ་བྱུང་ནའི་འགྲིག་གི་ཡོའོ་༿ཡོད་༾མ་རེད། མཚན་ཉིད་དེ་མཚོན་བྱ་ལས་ཁྱབ་ཆེ་བྱུང་ནའི་འགྲིག་གི་ཡོའོ་མ་རེད། དཔེར་ན། བློའི་ཡུལ་དུ་བྱ་རུང་དེ་བུམ་པའི་མཚན་ཉིད་ལ་བཞག་ན་ཁྱབ་ཆེ་བའི་སྐྱོན་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བློའི་ཡུལ་དུ་བྱ་རུང་གིས། ཡིན་ན་བུམ་པ་ཡིན་པས་ཁྱབ་ཀྱི་མ་རེད་པཱ། བྱས་ཙང་ཁྱབ་ཆེ་བའི་སྐྱོན་ཡོའོ་རེད། ད་མཚན་ཉིད། ཆོས་གང་དང་གང་ལ་ཡང་དེའི་མཚན་ཉིད་ཡིན་ན། ད་དེ་ལ་མ་ཁྱབ། ཁྱབ་བྱེད་ཀྱི་སྐྱོན་གང་ཡང་མེད་པ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་་་ཁྱབ་མཉམ་པ་ཅིག་དགོས་རེད་ཟེར་གྱི་ཡོའོ་༿ཡོད་༾རེད། རང་གི་མཚོན་བྱ་མ་ཡིན་པ་ལའང་ཁྱབ་པས་ཁྱབ་ཆེ་པའི་སྐྱོན་གཅིག་བྱས། ད་སྐྱོན་གཅིག་འདི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    རང་གི་མཚོན་བྱའི་དོན་ལྡོག་ཏུ་མི་སྲིད་པའི་སྐྱོན་གསུམ་དང་བྲལ་བ་ཞིག་དགོས་པས་ན། ད་མཚན་ཉིད་དེ་མཚོན་བྱ་དེ་ཡིན་པ་ཞིག་ལས། མཚན་ཉིད་དེ་མཚོན་བྱ་དེ་མ་ཡིན་ན། ཨོའོ་་་དེ་ནི་རང་གི་མཚོན་བྱའི་དོན་ལྡོག་ཏུ་མི་སྲིད་པས་སྐྱོན་ཟེར་གྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དཔེར་ན་བློའི་ཡུལ་དུ་བྱ་རུང་དེ་བུམ་པའི་མཚན་ཉིད་ལ་བཞག་ན་སྐྱོན་གང་ཡོའོ་༿ཡོད་༾རེད། བློའི་ཡུལ་དུ་བྱ་རང་དེ་བུམ་པ་མ་རེད་པཱ། བྱས་ཙང་མི་སྲིད་པའི་སྐྱོན་ཟེར་ཨོའོ་་་དེ་ལ་ཟེར་གྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་དོན་བྱེད་ནུས་པ་དེ་དངོས་པའི་མཚན་ཉིད་ཡིན་ཟེར་དུས་ཙམ་ནས། དོན་བྱེད་ནུས་པ་དངོས་པོ་ལ་སྲིད། དངོས་པོ་ལ་དོན་བྱེད་ནུས་པ་སྲིད། ཨོའོ་་་དངོས་པོ་ལ་དོན་བྱེད་ནུས་པས་མ་ཁྱབ་པའི་སྐྱོན་ཡང་མེད། དོན་བྱེད་ནུས་པ་ལ་དངོས་པོ་མི་སྲིད་པའི་སྐྱོན་ཡང་མེད། དོན་བྱེད་ནུས་པས་དངོས་པོ་ལ་ཁྱབ་ཆེ་བའི་སྐྱོན་ཡང་མེད། མ་ཁྱབ་ཁྱབ་ཆེ་མི་སྲིད་པའི་སྐྱོན་གསུམ་དང་བྲལ་བ་ཅིག་དགོས་ཟེར་ཡས་ཁོ་དེ་འདྲས་ཅིག་ལ་ཟེར་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    རང་གི་མཚོན་བྱའི་དོན་ལྡོག་ཏུ་མི་སྲིད་པའི་སྐྱོན་གསུམ་དང་བྲལ་བ་ཞིག་དགོས་པས་ན། གཞག་བྱ་དང་འཇོག་བྱེད་གཉིས་ལ། འདིའི་གཞག་བྱ་ཟེར་མཁན་དེ་གང་ལ་ཟེར་གྱི་ཡོའོ་༿ཡོད་༾རེད། མཚོན་བྱ་ལ་ཟེར། རྣམ་པར་གཞག་བྱ་ཟེར་བ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚོན་བྱའི་མིང་ལ་རྣམ་པར་གཞག་བྱ་ཟེར་བ་རེད། ཧ་གོ་སོང་ང་། ཨོའོ་་་རྣམ་པར་འཇོག་བྱེད་ཟེར་མཁན་དེ་མཚན་ཉིད་ཀྱི་མིང་རེད། ཨོའོ་་་བྱས་ཙང་རྣམ་པར་གཞག་བྱ་དང་། འཇོག་བྱེད་གཉིས་ལ་ཕན་ཚུན་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་པ་དང་ཟེར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་པ་ཟེར་ན། གང་འདྲས་ཅིག་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་པས། ཡིན་ན་ཡིན་ཁྱབ་མཉམ། མ་ཡིན་ན་མ་ཡིན་ཁྱབ་མཉམ། ཡོད་ན་ཡོད་ཁྱབ་མཉམ། མེད་ན་མེད་ཁྱབ་མཉམ། ཨོའོ་་་ཁྱབ་པ་སྒོ་བརྒྱད། དཔེར་ན་ད་ངས་དེ་གས་དེ་ཨོའོ་་་དོན་བྱེད་ནུས་པ་དང་དངོས་པོ་ལ་ཆ་མཚོན་ན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དོན་བྱེད་ནུས་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ་ཟེར། ཁྱབ་པ་གཅིག་བྱུང་སོང་ང་། དངོས་པོ་ཡིན་ན་དོན་བྱེད་ནུས་པ་ཡིན་པས་ཁྱབ་ཟེར། གཉིས་བྱས། དོན་བྱེད་ནུས་པ་མ་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ་པ་ཟེར། གསུམ་བྱས། དངོས་པོ་མ་ཡིན་ན་དོན་བྱེད་ནུས་པ་མ་ཡིན་པས་ཁྱབ་པ་ཟེར། བཞི་བྱས། དངོས་པོ་ཡོད་ན་དོན་བྱེད་ནུས་པ་ཡོད་པས་ཁྱབ་པ་ཟེར། ལྔ་བྱས། དོན་བྱེད་ནུས་པ་ཡོད་ན་དངོས་པོ་ཡོད་པས་ཁྱབ་པ་ཟེར། དྲུག་བྱས། དངོས་པོ་མེད་ན་དོན་བྱེད་ནུས་པ་མེད་པས་ཁྱབ་ཟེར། བདུན་བྱས། དོན་བྱེད་ནུས་པ་མེད་ན་དངོས་པོ་མེད་པས་ཁྱབ་པ་ཟེར་ཨོའོ་་་་ཁྱབ་པ་སྒོ་བརྒྱད། དེའི་མིང་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་པ་ཟེར། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་ཡཱ་་་ ཨོང་ཕན་ཚུན་གཞག་བྱ་དང་འཇོག་བྱེད་གཉིས་ལ་ཕན་ཚུན། མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་པ་དང་ཟེར། མཚན་ཉིད་དམ་འཇོག་བྱེད་དེ། མཚན་ཉིད་དང་འཇོག་བྱེད་གཅིག་པ་རེད། མཚན་ཉིད་དམ་འཇོག་བྱེད་དེ་མཚོན་བྱའམ་གཞག་བྱ་དེ་མཚོན་བྱ་དང་གཞག་བྱ་གཅིག་པ་རེད། མཚོན་བྱའམ་གཞག་བྱ་དེའི་དོན་ལྡོག་ཏུ་གྲུབ་པ་ཞིག་དགོས་པ་ཡིན་ཟེར་གྱི་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཟེར་ན། དེ་ལྟར་མ་ཡིན་ན་བྱས་པ་རེད། མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་མ་འགྲིག་པ་བྱས། ཨོའོ་་་མཚན་ཉིད་དེ་མཚོན་བྱའི་དོན་ལྡོག་ཡང་མ་ཡིན་ན། མཚན་ཉིད་དེ་རང་གི་མཚན་གཞིའི་སྟེང་གི་རང་གི་མཚོན་བྱ་དེ་ཉིད་ལྡོག་པ་གཞན་དང་མ་འདྲེས་པར། འཇོག་བྱེད་གྱི་མཚན་ཉིད་དུ་མི་འགྱུར་བའི་ཕྱིར་རོ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་དོན་བྱེད་ནུས་པ་དངོས་པའི་མཚན་ཉིད་དེ་ལ་དཔེར་ན་འདི་རེད་པཱ། དོན་བྱེད་ནུས་པ་དང་དངོས་པོ་གཉིས་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་མ་འགྲིག་པ་བྱས། དོན་བྱེད་ནུས་པ་དེ་དངོས་པོའི་དོན་ལྡོག་ཏུ་རིག་པ་མ་ཡིན་ན། ད་ག་རེའི་སྐྱོན་ཡོའོ་རེད་ཟེར་སོང་ན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དོན་བྱེད་ནུས་པས་དངོས་པོ་མཚོན་མི་ནུས་པའི་སྐྱོན་ཡོའོ་༿ཡོད་རེད། འདི་དངོས་པོ་རེད་ཟེར། དངོས་པོ་ཡིན་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། དོན་བྱེད་ནུས་པ་རེད་ཟེར་གྱི་ཡོའོ་རེད་པཱ། ད་འདི་དངོས་པོ་རེད་ཟེར། དངོས་པོ་ཡིན་པའི་མཚོན་བྱེད་ཁོ་ལ་དངོས་པོ་ཡིན་པ་གང་ཡིན་ནམ་ཟེར་ན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བློའི་ཡུལ་དུ་བྱ་རུང་རེད་ཟེར་ན་འགྲིག་གི་རེད་མ་རེད། འགྲིག་གི་མ་རེད་དཱ། གང་རེད་ཟེར་ན། འདི་དངོས་པོ་རེད་བྱས་བ་རེད་པཱ། དངོས་པོ་ཡིན་ན་གང་འདྲས་རེད་ཟེར་ན། བློའི་ཡུལ་དུ་བྱ་རུང་རེད་ཟེར་ན། འགྲིག་པ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    འགྲིག་གི་ཡོའོ་༿ཡོད་༾མ་རེད། བློའི་ཡུལ་དུ་བྱ་རུང་ཡིན་ཚད་འགང་ག་༿ཚང་མ་༾དངོས་པོ་མ་རེད་པཱ། ད་བ་གླང་ལ་ཆ་མཚོན་ན་ངས་ཁ་སང་ཟེར་གྱི་འདུག་གང་། འདི་བ་གླང་རེད་ཟེར། བ་གླང་ཡིན་པའི་རྒྱུ་མཚན་ག་རེ་རེད་ཟེར་སོང་ན། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ནོག་དང་ལྐོག་ཤལ་སོགས་འདུས་པའི་གོང་བུ་ཡིན་པའི་རྒྱུ་མཚན་གྱིས་བ་གླང་རེད། ཟེར་སོང་ན། ཨོའོ་་་དེ་ནི་མཚོན་ནུས་པ་ཟེར་ཨོའོ་་་འདི་ལ་ཟེར་རེད། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་་་ མཚན་ཉིད་དེ་མཚོན་བྱའི་དོན་ལྡོག་ཏུ་གྲུབ་པ་ཞིག། ཨོའོ་་་འདི་བྱས། མ་འདྲེས་པར་འཇོག་བྱེད་ཀྱི་མཚན་ཉིད་དུ་མི་འགྱུར་པ་ཞིག་གོ་ཟེར་བྱས། རྒྱུ་མཚན་དེ་ན། རྒྱུ་མཚན་དེ་ལྟར་འོས་ན་ཟེར་གྱི་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དེ་ན་ཟེར་མཁན་འདི། སྤྱིར་མཚན་མཚོན་གང་ཡིན་ཀྱང་མཚན་ཉིད་དང་མཚོན་བྱ་དེ་གཉིས་ཟེར་འདུག་གང་། མཚན་ཉིད་དང་མཚོན་བྱ་ཡིན་པ་ལ། མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་པ་དང་། མཚན་མཚོན་གྱི། མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་དེ་ཤེས་སོང་ང་ཁྱེད་རང་གི། ད་འོག་དུ་ལའི་༿ལ་ཡང་༾འདོན་དང་འདོན་གྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་ཉིད་དེ་མཚོན་བྱའི་དོན་ལྡོག་དུ་གྲུབ་པ་ཞིག་དགོས་པ་ཡིན་ནོ་ཟེར་བྱས། མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་ནི་བྱས་བ་རེད། མཚན་ཉིད་དེ་ཡིན་ན་མཚོན་བྱ་དེ་ཡིན་པས་ཁྱབ་ཟེར།གཅིག་བྱས། མཚན་ཉིད་དེ་མིན་ན་མཚོན་བྱ་དེ་མིན་པས་ཁྱབ་ཟེར། གཉིས་བྱས། མཚན་ཉིད་དེ་ཡོད་ན་མཚོན་བྱ་དེ་ཡོད་པས་ཁྱབ། གསུམ་བྱས། མཚན་ཉིད་དེ་མེད་ན་མཚོན་བྱ་དེ་མེད་པས་ཁྱབ་པ་སྟེ། མཚན་ཉིད་ཀྱི་ཕྱོགས་ནས་སྒོ་བཞི་ཅིག་བྱས། ད་ཡང་མཚན་ཉིད་དེ་མ་ཡིན་ན་མཚོན་བྱ་དེ་མ་ཡིན། ག་རེ་ཟེར། མཚན་ཉིད་དེ། ཨོའོ་་་མ་ཡིན་ན་མཚོན་བྱ་དེ་མ་ཡིན་པས་ཁྱབ། མཚོན་བྱ་དེ་མ་ཡིན་ན་མཚན་ཉིད་དེ་མ་ཡིན་པས་ཁྱབ། ཨོའོ་་་འདུག་དེ་ཕར་འཇལ་ད་ཁྱབ་པ་སྒོ་བཞི་ཅིག་བརྩིས། ཁྱབ་པ་སྟེ་མཚན་ཉིད་ཀྱི་ཕྱོགས་ནས་ཁྱབ་པ་སྒོ་བཞི་དང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚོན་བྱ་དེ་ཡིན་ན་མཚན་ཉིད་དེ་ཡིན་པའི་ཁྱབ་པ། མཚོན་བྱ་དེ་མ་ཡིན་ན་མཚན་ཉིད་དེ་མ་ཡིན་པའི་ཁྱབ་པ། མཚོན་བྱ་དེ་ཡོད་ན་མཚན་ཉིད་དེ་ཡོད་པའི་ཁྱབ་པ། མཚོན་བྱ་དེ་མེད་ན་མཚན་ཉིད་དེ་མེད་པའི་ཁྱབ་པ་སྟེ། མཚོན་བྱའི་དོན་ལྡོག་ནས་ཨོའོ་་་དེ་ནི་ཁྱབ་པ་སྒོ་བཞི་དེ་མཚན་མཚོན་གྱི་ཁྱབ་པ་སྒོ། དེའི་མིང་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་ཟེར། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དེ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་བསྒྲིག་སྟངས་དེ་ཤེས་སོང་ང་། དངོས་པོ་དང་དོན་བྱེད་ནུས་པ་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་གི་རེད་པས། གང་འདྲས་ཟེར་འགྲིག་གི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དངོས་པོ་ཡིན་ན་དོན་བྱེད་ནུས་པ་ཡིན་པས་ཁྱབ། དོན་བྱེད་ནུས་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ། དངོས་པོ་མ་ཡིན་ན་དོན་བྱེད་ནུས་པ་མ་ཡིན་པས་ཁྱབ། དོན་བྱེད་ནུས་པ་མ་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ། དངོས་པོ་ཡོད་ན་དོན་བྱེད་ནུས་པ་ཡོད་པས་ཁྱབ། དོན་བྱེད་ནུས་པ་ཡོད་ན་དངོས་པོ་ཡོད་པས་ཁྱབ། དངོས་པོ་མེད་ན་དོན་བྱེད་ནུས་པ་མེད་པས་ཁྱབ། དོན་བྱེད་ནུས་པ་མེད་ན་དངོས་པོ་མེད་པས་ཁྱབ། ཨོའོ་་་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་གང་ག་གཅིག་པ་རེད་དང་། ཨོའོ་་་བྱས།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚོན་བྱ་དེ་མེད་ན་མཚན་ཉིད་དེ་མེད་པས་ཁྱབ་པ་སྟེ། མཚོན་བྱའི་ཕྱོགས་ནས་ཁྱབ་པ་སྒོ་བཞི་སྟེ། ཁྱབ་པ་ཨོའོ་་་བརྒྱད་པོ་དེ་ཡིན་ནོ་ཟེར། མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་ཟེར་མཁན་དེ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་མཚན་ཉིད་དེ་མཚོན་བྱའི་དོན་ལྡོག་དུ་གྲུབ་པ་ཞེས་པ་ནི། དོན་ལྡོག་དང་མཚན་ཉིད་གཅིག་པ་རེད། ཧ་གོ་སོང་ང་། མཚན་ཉིད། དོན་ལྡོག་དང་མཚན་ཉིད་གཅིག་པ་རེད་དཱ། མཚན་ཉིད་དེ་མཚོན་བྱའི་དོན་ལྡོག་དུ་གྲུབ་པ་ཞེས་པ་ནི། མཚན་ཉིད་ནི་མཚན་གཞི་སྟེ་མཚོན་བྱ་དེ་ཡིན་པའི་དོན་ཡིན་ཞེས་པའི་དོན་རེད་ཟེར། མཚན་ཉིད་གཅིག་ཡོའོ་༿ཡོད་༾རེད་པཱ། མཚན་ཉིད་དེ་མཚན་གཞི་སྟེ་མཚོན་བྱ་དེས་མཚོན་པར་བྱེད་པའི་དོན་ཡིན་པས། དོན་ཡིན་ཟེར་ནའི་འགྲིག་གི་རེད་ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚོན་བྱ་དེ་ཡིན་པའི་དོན་ཡིན་ཞེས་པའོ་ཟེར། དོན་ལྡོག་དོན་ལྡོག་ཟེར་མཁན་དེ། དོན་ལྡོག་ཟེར་མཁན་དེ། དེ་ན་མཚན་ཉིད་ནི། མཚན་གཞི་དེ་མཚོན་བྱ་དེ་ཡིན་པའི་དོན་ཡིན་ཕྱིར། མཚན་ཉིད་ནི་དོན་ལྡོག་རེད་བྱས་བ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་མཚན་ཉིད་ཟེར་མཁན་དེ། མཚན་གཞི་དེ་མཚོན་བྱ་དེ་ཡིན་པའི་དོན་ནམ་མཚན་ཉིད་ཡིན་པའི་ཕྱིར། མཚན་ཉིད་ནི་དོན་ལྡོག་དུ་བཞག་པ་རེད་བྱས་བ་རེད། མཚོན་བྱ་ཟེར་མཁན་འདི་ནི། མཚན་ཉིད་དེས་མཚན་གཞི་དེ་ལ་ལྡོག་པ་དུ་མ་ཡོད་པ་ལས་ལྡོག་པ་གཞན་དང་མ་འདྲེས་པར་མཚོན་པར་བྱ་བའི་རང་ལྡོག་དེ་ཡིན་པའི་ཕྱིར། མཚོན་བྱ་ནི་རང་ལྡོག་ཡིན་ཟེར་བྱས་པ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚོན་བྱ་མཚོན་བྱ་ཟེར་མཁན་དེ། མཚན་གཞི་དེ་ལ་ལྡོག་པ་དུ་མ་ཡོད་པ་ཟེར་ན། ག་རེ་ཟེར་གྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་གཞི་དེ་ལ་ལྡོག་པ་དུ་མ་ཡོད་པ་ཟེར་ན། དཔེར་ན་འདི་རེད་པཱ། མི་དེ་མཚན་གཞི་རེད་པཱ། མི་མཚན་གཞི་རེད་མ་རེད། མི་མཚན་གཞི་རེད། མི་ཤེས་བྱའི་མཚན་གཞི་རེད། མི་མཚན་གཞི། ཤེས་བྱ་ཡིན་པར་མཚོན། བློའི་ཡུལ་དུ་བྱ་རུང་བ་ཟེར་སོང་ན། དེ་ནི་མཚོན་འགྱུར་ཟེར་གྱི་རེད། མི་དེ་མཚན་གཞི་རེད་དཱ། མི་དེ་མཚན་གཞི་ཡིན་ན། མེ་དེ་ལ། མི་དེ་ལ་ལྡོག་པ་དུ་མ་ཡོའོ་༿ཡོད་༾རེད་མ་རེད། མཚན་གཞི་དེ་ལྡོག་པ། མི་ལ་ལྡོག་པ་དུ་མ་ཡོའོ་རེད་མ་རེད། མི་ལ་ལྡོག་པ་དུ་མ་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨ་མེ་རི་ཁ་བ་ཡོའོ་༿ཡོད་༾རེད། དབྱིན་ཇི་བ་ཡོའོ་རེད། བོད་པ་ཡོའོ་རེད། འབྲོག་པ་ཡོའོ་རེད། ཞིང་པ་ཡོའོ་རེད། རྒྱ་ནག་པ་ཡོའོ་རེད། སུ་ལན་པ་ཡོའོ་རེད། ཧ་གོ་སོང་ང་། ཨོའོ་་་དེ་ཚོ་འགང་ག་༿ཚང་མ་༾མིའི་ལྡོག་པ། མིའི་ལྡོག་པ་ཟེར་སོང་ན། མི་མ་ཡིན་པ་ལས་ལྡོག་མཁན་མང་ལོས་ཡོའོ་རེད་ཟེར་ན། ད་ཆོག་དོ་༿མང་པོ་༾ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མི་མ་ཡོན་པ་ལས་ལྡོག་པ་མང་ལོས་ཡོའོ་༿ཡོད་༾རེད། ཁྱེད་རང་ཡའི་མི་མ་ཡིན་པ་ལས་ལྡོག་པ་རེད་པཱ། རེད་མ་རེད། མི་མིན་པ་ལས། མི་མ་ཡིན་པ་ལས་ལྡོག་པ་ཟེར་ན། མི་མིན་པ་ལས་ལྡོག་པ་ཟེར། མི་མིན་པ་ལས་ལྡོག་སོང་ན་ག་རུ་སླེབས་པ་རེད། མི་ཡིན་པར་སླེབས་པ་རེད་པཱ། ཨོའོ་་་མ་ཡིན་པ་ལས་ལོག་པ་དང་། ཡིན་པ་དོན་གཅིག་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་ཁྱེད་རང་མི་མིན་པ་ལས་ལྡོག་པ་རེད། ང་མི་མིན་པ་ལས་ལྡོག་པ་རེད། ཁྱེད་རང་ཤེས་བྱ་མིན་པ་ལས་ལྡོག་པ་རེད། ཧ་གོ་སོང་ང་། ཁྱེད་རང་ཡའི་ཤེས་བྱ་མིན་པ་ལས་ལྡོག་པ་རེད། འདི་དངོས་པོ་ལས་ལྡོག་པ་རེད་དངོས་པོ་མིན་པ་ལས་ལྡོག་པ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    འདི། དངོས་པོ་མིན་པ་ལས་ལྡོག་པ་རེད་དངོས་པོ་ཡིན་པ་ལས་ལྡོག་པ་རེད། མིན་པ་ལས་ལྡོག་པ་རེད། ཨོའོ་ཧའེ་་་ དངོས་པོ་མིན་པ་ལས་ལྡོག་ཟེར་དུས་ཙམ་ནས་དངོས་པོ་མིན་པ་མ་ཡིན་པ་བྱས། དངོས་པོ་ཡིན་པ་དེ་ལ་དངོས་པོ་མ་ཡིན་པ་ལས་ལྡོག་པ་ཟེར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་་་མཚན་གཞི་ལ་ལྡོག་པ་དུ་མ་ཡོད་ཟེར་ཡས་དེ་གཙོ་བོ་དེ་ལ་ཟེར་བ་རེད།མཚན་གཞི་དེ་ལ་ལྡོག་པ་དུ་མ་ཡོད་པ་ལས། ད་ལྡོག་པ་གཞན་དང་མ་འདྲེས་པར། མཚོན་པར་བྱ་བའི་རང་ལྡོག་དེ་ཡིན་ཕྱིར། མཚོན་བྱ་དེ་རང་དེ་ལ་རང་ལྡོག་ཟེར་བ་རེད་བྱས་བ་རེད། ཤེས་སོང་ང་། ཨོའོ་་་ད་མཚན་གཞི་ནི་མཚན་ཉིད་དེས་མཚོན་བྱ་དེ་ཡིན་པར་མཚོན་པའི་གཞི་ཡིན་པའི་ཕྱིར། མཚན་གཞི་ནི་གཞི་ལྡོག་ཡིན་པ། མཚན་གཞིའི་མིང་ལ་གཞི་ལྡོག་ཡང་ཟེར། ཧ་གོ་སོང་ང་། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་གཞིའི་མིང་ལ་གཞི་ལྡོག་ཡང་ཟེར། གཞི་ལྡོག་གཞི་ལྡོག་ཟེར་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་གཞི་དེ་མཚན་ཉིད་དེས་མཚོན་བྱ་དེ་ཡིན་པར་མཚོན་པའི་གཞི་ཡིན་པའི་ཕྱིར། མཚན་ཉིད་དེས་མཚོན་བྱ་དེ་ཡིན་པར་མཚོན་པ་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད། དཔེར་ན་འདི་དངོས་པོའི་མཚན་གཞི་རེད་མ་རེད། འདི་དངོས་པོའི་མཚན་གཞི་རེད་པཱ། ད་འདི་དངོས་པོའི་མཚན་གཞི་ཡིན་པ་གང་འདྲས་ཟེ་རེད་ཟེར་ན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    འདི་དངོས་པོ་རེད་ཟེར། དངོས་པོ་ཡིན་སྟངས་གང་འདྲས་རེད་པས་ཟེར་ན། དོན་བྱེད་ནུས་པ་ཡིན་པས་སོ། ཨོའོ་་་ ད་དོན་བྱེད་ནུས་པ་ཡིན་པའི་རྒྱུ་མཚན་གྱིས་འདི་དངོས་པོར་མཚོན། མཚོན་ནུས་སོང་ང་མ་སོང་ང་། ཁྱེད་རང་སྨྲ་ཤེས་དོན་གོ་བ་ཡིན་པའི་རྒྱུ་མཚན་གྱིས། མི་ཡིན་པར་མཚོན་པ་རེད་མ་རེད། ཁྱེད་རང་སྨྲ་ཤེས་དོན་གོ་བ་རེད་མ་རེད། ཨཱ། ཁྱོད། སྨྲ་ཤེས་དོན་གོ་བ་རེད་མ་རེད། ཁྱེད་རང་། ཁྱེད་རང་། ཨའེ། སྨྲ་ཤེས་དོན་གོ་བ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    སྐད་ཆ་སྨྲ་ཤེས་ཀྱི་འདུག་གམ་མི་འདུག ཤེས་ཀྱི་འདུག་ག སྨྲ་ཤེས་ཀྱི་འདུག སྨྲ་ཤེས་པ་ཟེར་ན་དེ་ལ་ཟེར་གྱི་རེད། སྐད་ཆ་སྨྲ་ཤེས་པ་དེ། བཤད་ཤེས་པ་དེ་ལ། སྨྲ་ཤེས་པ་དེ་ལ། ཁྱེད་རང་དོན་གོ་བ་རེད་མ་རེད། དོན་གོ་གི་རེད་པཱ། ཧ་གོ་དོན་རྟོགས་འདུག་གང་། ཡག་པ་ཡག་པ་ཧ་གོ་གི་རེད། གདུག་པ་གདུག་པ་ཧ་གོ་གི་རེད། རིག་པ་རིག་པ་ཡིན་པ་ཤེས་ཀྱི་རེད། ག་རེ་སྦྱང་བྱ་ཡིན་པར། སྦྱང་བྱ་ཡིན་ན་དེ་སྦྱང་བྱ་ཡིན་པ་ཤེས་ཀྱི་རེད། དེ་སྦྱང་བྱ་མ་ཡིན་པར་ཤེས་ཀྱི་རེད། སྦྱང་བྱ་མིན་ན། ཨོའོ་་་ད་ཁྱེད། ཁྱེད་རང་སྨྲ་ཤེས། སྨྲ་ཤེས་ཞིང་དོན་གོ་བ་རེད་མ་རེད། རེད་ཟེར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བྱས་ཙང་མི་རེད་པཱ། མི་ཡིན་པ་ག་གིས་ཧ་གོ་བ་རེད་ཟེར་ན། སྨྲ་ཤེས་དོན་གོ་བ་ཡིན་པའི་རྒྱུ་མཚན་གྱིས། མི་ཡིན་པར་ཤེས་ཀྱི་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་ཁྱི་ཡོའོ་རེད་པཱ། ཁྱི་མི་རེད་མ་རེད། མི་མ་ཡིན་པ་ག་གིས་མཚོན་གྱི་རེད། མི་ཡིན་ན་སྨྲ་ཤེས་དོན་གོ་བ་ཅིག་དགོས་རེད་པཱ། ཁྱིས་སྨྲ་ཤེས་ཀྱི་རེད་མ་རེད། ཤེས་ཀྱི་མ་རེད་པཱ། ཁྱིས་སྨྲ་ཤེས་ཀྱི་མ་རེད་པཱ། ཁོས་ཨུའུ་ཨུའུ་ཟེར་རྒྱུ་མ་གཏོགས་ཁོས་སྐད་ཆ་བཤད་ཤེས་ཀྱི་མ་རེད་པཱ། ཧ་ཧ་་་། ཁྱི་ཨའོ་ལི་གིས་སྐད་ཆ་བཤད་ཐུབ་ཀྱི་་་ སྐད་ཆ་བཤད་ཐུབ་ཀྱི་མ་རེད་ཧ་གོ་སོང་ང་། ཁོ་སྤྱང་པོ་དེ་ཡོའོ་རེད་པཱ། ཀླད་པ་སྤྱང་པོ་གང་ག་ཡོའོ་རེད་དེའི་ཡིན་ནའི་ཁོས་སྐད་ཆ་བཤད་ཐུབ་ཀྱི་ཡོའོ་མ་རེད། ཨུའུ་ཨུའུ་ཟེར་ཡས་མ་གཏོགས། སྐད་ཆ་བཤད་ཐུབ་ཀྱི་འདུག་གམ་མི་འདུག་གམ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ། སྨྲ་ཤེས་དོན་གོ་བ་ཟེར་ཨོའོ་དེ་ལ་ཟེར། མི་ཟེར་མཁན་དེ་སྨྲ་ཤེས་དོན་གོ་བ་ཟེར་མཁན་དེ་ལ་མི་ཟེར་རེད། ཨོའོ་དེས་མིའི་མཚན་གཞི་གང་ག་མིར་མཚོན་པར་བྱེད་ཀྱི་ཡོའོ་རེད། བྱས་ཙང་། ཨོང་བྱས། མཚན་གཞི་དེ་མཚོན་བྱ་དེ་ཡིན་པའི་དོན་ཡིན་ཕྱིར། མཚན་ཉིད་གྱི་དོན་དུ་མཚོན་བྱ་ནི་མཚན་ཉིད་དེ། མཚན་གཞི་དེ་ལ་ལྡོག་པ་དུ་མ་ཡོད་པ་ལོག་པར་བཤད་ན་མ་རུང་། མཚོན་པར་བྱ་བའི་རང་ལྡོག་དེ་ཡིན་ཕྱིར། མཚོན་བྱ་ནི་རང་ལྡོག་དང་། མཚན་གཞི་ནི་མཚན་ཉིད་དེས་མཚོན་བྱ་དེ་ཡིན་པར་མཚོན་པའི་གཞི་ཡིན་ཕྱིར། མཚན་གཞི་དེ་གཞི་ལྡོག་ཡིན་ནོ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་དཔེར་ན། ཁྱེད་རང་མིའི་གཞི་ལྡོག་རེད་མ་རེད། མིའི་གཞི་ལྡོག་ཡིན་ཟེར་དགོས་རེད། གཞི་ལྡོག་ཡིན། མིའི་གཞི་ལྡོག་ཡིན་ཟེར་ཡས་གང་རེད་ཟེར་སོང་ན། མིའི་མཚན་གཞི་ཡིན་པའི་རྒྱུ་མཚན་གྱིས། མིའི་གཞི་ལྡོག་ཡིན་ཟེར་རེད། ཧ་གོ་སོང་ང་། ཨོའོ་ཡཱ། གཞི་ལྡོག་ཡིན་ནོ་ཟེར་བྱས།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དེའི་ནང་ལ་རྒན་ལགས། མཚན་གཞི་ནི་ཚིག་གི་དེས་མཚོན་བྱ་དེ་ཡིན་པ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚོན་་པའི་གཞི་ཡིན་ཕྱིར། ཟེར་ཡས་གཅིག་འདུག་ག
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    རྒན་ལགས། མཚོན་བྱ་ཡོད་པ་དེ། མཚོན་བྱ་ཡོད་པ་དེ། ཨ་དངོས་པོ་ཡོད་པ་མཚོན་པ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་དེ། ད་འདི་རེད་པཱ། མཚན་གཞི་ནི་ཟེར། འདི་མཚན་གཞི་ཁོ་བྱས། མཚན་གཞི་ནི་ཟེར་རེད་པཱ། མཚན་ཉིད་དེས་ཟེར་ན་ད་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་རེད་པཱ། དོན་བྱེད་ནུས་པས་མཚན་གཞི་པི་ཙེ་༼རྒྱ་སྐད་ཀྱི་སྒྲ་༽འདི་དངོས་པོ་ཡིན་པར་མཚོན་གྱི་རེད་བྱས་བ་རེད། ཤེས་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་ཉིད་དོན་བྱེད་ནུས་པས་ཟེར། མཚན་གཞི་པི་ཙེ་འདི་དངོས་པོ་ཡིན་པར་མཚོན་གྱི་རེད་བྱས། བྱས་ཙང་འདི་ལ་དངོས་པོའི་མཚན་གཞི་རེད་ཟེར་གྱི་རེད། འདི་ཡག་པོ་ཤེས་སོང་ང་། ཨོའོ་འདི། ཡང་འདུག་བཟོ་ཟེར་ནའི་འགྲིག་གི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་གཞི་ཁྱེད་རང་དོན་བྱེད་ནུས་པས་དངོས་པོ་ཡིན་པར་མཚོན་གྱི་རེད་མ་རེད། ཁྱེད་རང་མཚན་གཞི། དངོས་པོ་རེད། གང་ཡིན་ནམ། དོན་བྱེད་ནུས་པ་རེད་ཟེར་གསུང་གི་འདུག་ག ཨོའོ་འདི་ཟེར་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་གཞི་ནི་མཚན་ཉིད་དེས་མཚོན་བྱ་དེ་ཡིན་པར་མཚོན་པའི་གཞི་ཡིན་པའི་ཕྱིར། མཚན་གཞི་ནི་གཞི་ལྡོག་ཡིན་ནོ་ཟེར། གཞི་ལྡོག་ཟེར་མཁན་དེ། ཁྱེད་རང་དངོས་པོའི་གཞི་ལྡོག་ཡིན་ཟེར་དགོས་རེད་དང་། ཤེས་བྱའི་གཞི་ལྡོག་རེད། ཤེས་བྱའི་གཞི་ལྡོག མིའི་གཞི་ལྡོག གཞལ་བྱའི་གཞི་ལྡོག ཡོད་པའི་གཞི་ལྡོག འགང་ག་༿ཚང་མ་༾རེད། ཡོད་པའི་མཚན་གཞི།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཁྱེད་རང་། གཞལ་བྱའི་མཚན་གཞི། གཞི་གྲུབ་ཀྱི་མཚན་གཞི། ཡུལ་གྱི་མཚན་གཞི། ཨོའོ་་་་དེ་འདྲས་འཇོག་དགོས་རེད་ད། ཡུལ་གྱི་མཚན་གཞི་ལ་ག་རེ་བཞག་ག ཞྭ་མོ་འདི་བཞག་ན་འགྲིག་པ་རེད། དེབ་འདི་བཞག་ན་འགྲིག་པ་རེད། པི་ཙེ་༼རྒྱ་སྐད་ཀྱི་སྒྲ་༽འདི་བཞག་ནའི་འགྲིག་པ་རེད། སྒྲོག་ཙེ་འདི་བཞག་ནའི་འགྲིག་པ་རེད། ཨོའོ་་་དེ་འདྲས་རེད། མཚན་གཞི་ནི་གཞི་ལྡོག་ཡིན་ནོ་ཟེར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་ཉིད་དོན་ལྡོག་ཡིན་ཟེར། ད་མཚན་ཉིད་ལ་དོན་ལྡོག་ཟེར་བ་རེད་པཱ། མཚན་ཉིད་དོན་ལྡོག་ཡིན་ཞེས་པའང་བྱས་བ་རེད། མཚན་ཉིད་དེ་མཚོན་བྱའི་དོན་ཡིན་པ་ལ་གོ་བར་བྱའོ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་མཚན་ཉིད་དེ་མཚོན་བྱའི་དོན་ཁོ་རེད། དཔེར་ན་སྨྲ་ཤེས་དོན་གོ་བ་དེ་མིའི་དོན་རེད་པཱ། རེད་པཱ། ཨོའོ་་་བྱས་ཙང་མཚན་ཉིད་ལ་དོན་ལྡོག་ཟེར་དགོས་པའི་རྒྱུ་མཚན་ཨོའོ་་་དེ་རེད། དོན་བྱེད་ནུས་པ་དེ་དངོས་པོའི་དོན་རེད་པ། དངོས་པོའི་དོན་ཟེར་མཁན་དེ་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན། དངོས་པོ་ཡིན་པའི་དོན་ནམ་དངོས་པོ་མཚོན་བྱེད་ཁོ་ལ་དངོས་པོའོ་དོན་ཟེར་རེད། ཧ་གོ་སོང་ང་། ཨོའོ་་་
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚོན་བྱ་ནི་མཚན་ཉིད་དེ། ག་རེ་ཟེར་དགོས་རད། ཨོང་་་ མཚན་ཉིད་དོན་ལྡོག་ཡིན་ཞེས་པའང། མཚན་ཉིད་དེ་མཚོན་བྱའི་དོན་ཡིན་པ་ལ་གོ་བར་བྱ་དགོས་པ་ཡིན་ཟེར། རྒྱུ་མཚན་དེའི་ཕྱིར་ན། མཚན་གཞི་དེ་མཚན་ཉིད་དེས་མཚོན་བྱ་དེ་ཡིན་པར་མཚོན་པའམ། ཡིན་པར་འཇོག་པར་ཡིན་ནོ་ཟེར་ད། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་གཞི་དེ་ཟེར་གྱི་ཡོའོ་༿ཡོད་༾རེད་མཚན་གཞི་དེ། མཚན་ཉིད་དེས་མཚོན་བྱ་དེ་ཡིན་པར་མཚོན་པའམ། ཡིན་པར་འཇོག་པ་ཡིན་ནོ་ཟེར། ད་དོན་བྱེད་ནུས་པ་ཡིན་པའི་རྒྱུ་མཚན་གྱིས་ཁྱེད་རང་དངོས་པོ་ཡིན་པར་འཇོག་པ་རེད་པཱ། ཁྱེད་རང་དོན་བྱེད་ནུས་པ་ཡིན་པའི་རྒྱུ་མཚན་གྱིས། དངོས་པོར་འཇོག་པ་རེད་མ་རེད། ཨོའོ་་་སྨྲ་ཤེས་དོན་གོ་བ་ཡིན་པའི་རྒྱུ་མཚན་གྱིས་མི་ཡིན་པར་འཇོག་པ་རེད་པཱ། ཨོའོ་་་གོ་བར་ཡིན་ནོ་ཟེར་ཡས་དེ་འདི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    འཇོག་པ་ཡིན་ནོ་ཟེར་བྱས། དེ་ལྟར་མཚོན་པའི་ཚེ། དེ་ལྟར་མཚོན་པའི་བློ་ངོར་ཟེར། ད་མཚོན་སའི་བློ་གཅིག་ཡོའོ་༿ཡོད་༾རེད་པཱ། ཁོའི་ངོར་ཟེར་གྱི་ཡོའོ་རེད། མཚན་ཉིད་ནི་བློ་ལ་ཚུར་ཉེ་བ་དང་། ཡུལ་ཅན་གྱི་ཚུལ་དུ་སྣང་བས་ན། མཚན་ཉིད་ལ་རྫས་ཡོད་ཟེར་བ་རེད་བྱས་པ་རེད། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་ཉིད་དང་མཚོན་བྱ་གཉིས་ཀྱི་ནང་ནས་མཚན་ཉིད་དེ་རྟོགས་སླ་བ་ཡོའོ་༿ཡོད་༾རེད། ཤེས་བདེ་བ་ཡོའོ་རེད། སྨྲ་ཤེས་དོན་གོ་བ་དེ་ཤེས་ལས་སླ་གི་རེད་མི་དེ་ཤེས་ལས་སླ་གི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མི་ཤེས་ལས་སླ་གི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ལས་སླ་གི་མ་རེད། མི་མི་ཟེར་མཁན་འདི། འདི་དང་སྨྲ་ཤེས། སྨྲ་ཤེས་དོན་གོ་བ་དེ་འགང་གས་༿ཚང་མས་༾ཧ། དཔེར་ན། བོང་བུས་ཡང་ང་ཚོ་སྨྲ་ཤེས་དོན་གོ་བ་ཡིན་པ་ཤེས་ཀྱི་རེད་པཱ། ཤེས་ཀྱི་རེད་མ་རེད། བོང་བུས། ཡཱ་ཤེས་ཀྱི་རེད་པཱ། བོང་བུ་ཡོའོ་༿ཡོད་༾རེད་པཱ། བོང་བུས་ང་ཚོ་སྨྲ་ཤེས་དོན་གོ་བ་ཡིན་པ། ང་ཚོས་སྨྲ་ཤེས་པ་དེ་བོང་བུས་ཤེས་ཀྱི་ཡོའོ་རེད་མ་རེད། སྐད་ཆ་བཤད་ཤེས་པ། བཤད་ཐུབ་པ་དེ་བོང་བུས་ཤེས་ཀྱི་མ་རེད་པས། བོང་བུས་མིའི་སྐད་ཤེས་ཀྱི་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མིའི་སྐད་ཤེས་ཀྱི་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མ་རེད། མིའི་སྐད་རྒྱག་ཤེས་ཀྱི་ཡོའོ་༿ཡོད་༾མ་རེད་པཱ། གཞན་མིའི་སྐད་ཁོས་གོ་གི་རེད་མ་རེད། མིའི་སྐད། ཨོང་་་བོང་བུས། མིའི་སྐད་གོ་གི་རེད། ང་ཚོས་བོང་བུ་ལ་ཁྱུགས་ཟེར་གྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དེ་ལ་ཡིན་ན། ག་རེ་རེད། བོང་བུ། བོང་བུ་ལ་ཕར་བོང་བུ་འདེད་ནས་འགྲོ་གི་རེད་པཱ། དེ་དུས་ཙམ་ནས་ཁྱུགས་ཟེར་གྱི་རེད། ཁྱུགས་ཟེར་ན་ཁོས་བར་ག་གློད་༿རྒྱུགས་ཤར་གློད་༾ཀྱི་རེད། ཕག་པ་ལ་ལུའུ་ལུའུ་ཟེར་སོང་ན། ཕག་པ་འགྲོ་གི་འདུག་གང་། འདི་མིའི་སྐད་གོ་གི་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཧ་གོ་སོང་ང་། མིའི་སྐད་གོ་བ་རེད། ད་མིའི་སྐད་ཅིག ཁྱི་ཁོ་རེ། ཁྱེད་རང་གི་མིང་ལ་ག་རེ་ཟེར་གྱི་ཡོད་དམ་ཟེར་ན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཁོས་ཚུར་ལན་རྒྱག་ཤེས་ཀྱི་ཡོའོ་༿ཡོད་༾མ་རེད། གཞན་རྒྱུགས་ཕར་ཟེར་སོང་ན། ཁོས་ཧ་གོ་གི་ཡོའོ་རེད། རྒྱུགས་ཕར་ཟེར་སོང་ན། ཕར་འགྲོ་གི་འདུག་གམ་མི་འདུག་གམ། ཕར་འགྲོ་གི་འདུག་ག ཨོའོ་་་འདི་མིའི་སྐད་གོ་བའི་རྟགས་རེད། མིའི་སྐད་གོ་བའི་རྟགས་རེད། ཁོས་མི་ངོ། ཁྱིས་མི་ངོ་ཤེས་ཀྱི་རེད་པཱ། ཁྱེད་རང་ཚོའི་ཨ་མི་རི་ཁ་རུ་ཁྱི་གཅིག་ཡོད་ན། ད་ཁྱེད་རང་ལོག་དུས། ཁྱི་དེས་ལམ་སང་གཞུ་གུ་ཧྲིལ་ཧྲིལ་བྱེད་ཀྱི་རེད། མཆོངས་ཡོང་གི་རེད་དེ་བར། ཁྱི་ཟེར་མཁན་དེ་སྤྱང་པོ་ཞེ་པོ་ཡོའོ་རེད། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཁྱིས་མི་ངོ་ཤེས་ཀྱི་རེད་མ་རེད། ངོ་ཤེས་ཀྱི་རེད་པཱ། འདི་མི་ཤེས་ཀྱི་རེད་པཱ་ཁོས། མི་ཤེས་ཀྱི་འདུག་གམ་མི་འདུག། ཨོའོ་་་་བྱས་ཙང་མི་ཤེས་ཀྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་མཚན་ཉིད་དང་མཚོན་བྱ་གཉིས་ཀྱི་ནང་ནས་མཚན་ཉིད་དེ་ཏོག་ཙམ་ཤེས་བདེ་པ་ཅིག་ཡོའོ་༿ཡོད་༾རེད། ཧ་གོ་སོང་ང་། ཤེས་བདེ་བ། དཔེར་ན་དོན་བྱེད་ནུས་པ། དོན་བྱེད་ནུས་པ་ཟེར་མཁན་དེ་ཤེས་བདེ་བ་ཡོའོ་རེད། དངོས་པོ་ཤེས་བདེ་འདུག་གམ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དཔེར་ན། འདི་དོན་བྱེད་ནུས་པ་དེ་དངོས་པོའི་ཐ་སྙད་མི་ཤེས་པའི་གང་ཟག་དེ་ཚོས་འདིས་དོན་བྱེད་ནུས་པ་དེ་ཤེས་ཀྱི་འདུག་གམ་མི་འདུག ཤེས་ཀྱི་འདུག་ག ཡིན་ནའང་དེ་ལ་དངོས་པོ་ཟེར་ཤེས་ཀྱི་མི་འདུག་ག ཨོང་་་ མཚན་ཉིད་དང་མཚོན་བྱ་གཉིས་ཀྱི་ནང་ནས་མཚན་ཉིད་དེ་སྔོན་ལ་ཤེས། དེ་ནས་མཚོན་བྱ་དེ་རྗེས་སུ་ཤེས། འདུག་ཟེར་བྱེད་དགོས་རེད་ད། ཨོའོ་ཡཱ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དེ་ལྟར་མཚོན་པའི་རྗེས་དེ་ལྟར་མཚོན་པའི་བློ་ངོར་མཚན་ཉིད་ནི་བློ་ལ་ཚུར་ཉེ་བ་དང་། ཡུལ་ཅན་གྱི་ཚུལ་དུ་སྣང་བས་ན། མཚན་ཉིད་དེ་ལ་རྫས་ཡོད་ཟེར་བ་རེད་ཟེར་རེད། མཚོན་བྱ་ནི་ཕར་ཡུལ་གྱི་ཕྱོགས་སུ་ཉེ་བ་དང་། ཡུལ་གྱི་ཚུལ་དུ་སྣང་བས་ན་། མཚོན་བྱ་ལ་བཏགས་ཡོད་ཡིན་ཞེས་བྱ་ཡིན། སྤྱིར་རྫས་ཡོད་དང་མི་འདྲའོ་ཟེར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་འདིའི་མཚན་ཉིད་རྫས་ཡོད་ཡིན་ཟེར་མཁན་དེའི། སྤྱིར་རྫས་ཡོད་དང་བཏགས་ཡོད་གཉིས་ཀྱི་ནང་ནས་རྫས་ཡོད་དེ་ལ་ཟེར་བ་མ་རེད་བྱས་བ་རེད། སྤྱིར་རྫས་ཡོད་ཟེར་བ་དེ་གང་ལ་ཟེར་བ་རེད་ཟེར་ན། དངོས་པོར་ཟེར་རེད་པཱ། བྱས་ཙང་མཚན་ཉིད་འགང་ག་༿ཚང་མ་༾དངོས་པོ་རེད་མ་རེད། མ་རེད་པཱ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བློའི་ཡུལ་དུ་བྱ་རུང་དང་། ཚད་མས་གྲུབ་པ་དང་། ཚད་མས་རྟོགས་པར་བྱ་བ་དང་ཅི་དག་༿སོགས་༾མཚན་ཉིད་རེད་དེ། ཡིན་ན་ཡང་དངོས་པོ་མ་རེད་པཱ། རྫས་ཡོད་མ་རེད་པཱ། ཡིན་ན་ཡང་ད་ལྟའི་མཚན་ཉིད་དང་མཚོན་བྱ་གཉིས་ཀྱི་ཕྱེ་བའི། ཨ་ནི་་་རྫས་བཏགས་གཉིས་ཀྱི་ནང་ནས་ད་རྫས་ཡོད་དེ་ཡིན་ཟེར་གྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    རྫས་ཡོད་དང་བཏགས་ཡོད་དང་མི་འདྲའོ་ཟེར། འདི་ཡག་པོ་ཤེས་སོང་ང་། དེ་ལྟར་སྣང་བ་དེ་ཡང་། བློ་ངོར་སྣང་ཚུལ་ཡིན་གྱིས། དོན་གྱི་གནས་ཚུལ་མ་ཡིན་ཏེ། དེ་ལྟར་མཚོན་པའི་ཚེ་མཚན་མཚོན་གཉིས་ཀ་ཡུལ་དུ་གྲུབ་པ་འདྲ་མཉམ་ཡིན་གྱིས། ཨོའོ་་་མཚན་ཉིད་དེ་ཡུལ་ཅན་གྱི་ཕྱོགས་སུ་ཚུར་ཉེ་བ་དང་། ཡུལ་ཅན་དུ་གྲུབ་པ་ནི་མ་ཡིན་པའི་ཕྱིར་རོ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་ཉིད་དེ་ཡུལ་ཅན་དུ་གྲུབ་པ་རེད་མ་རེད། ག་པར། ཡུལ་ཅན་དུ་གྲུབ་པ་མ་རེད་པཱ། མཚན་ཉིད་ཡུལ་ཅན་མ་རེད་པཱ། ཡུལ་ཅན་ཟེར་མཁན་ཁོས་ཡུལ་ཤེས་མཁན་ཅིག་ལ། ཡུལ་ ཡུལ་ཅན་ཟེར་མཁན་འདི་ཁོ་ལ་ཡུལ་ཡོད་མཁན་གྱི་ཆོས་ཞིག་ལ་ཡུལ་ཅན་ཟེར་རེད། ཧ་གོ་སོང་ང་། ཡུལ་ཅན་ཟེར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དཔེར་ན་ཁྱེད་རང་ཡུལ་ཅན་རེད་མ་རེད། ཁོང་ཡང་ཡུལ་ཅན་རེད་པཱ། ང་ཡང་ཡུལ་ཅན་རེད་པཱ། ད་ཡུལ་ཅན་ཟེར་ན་ག་རེ་ཟེར། ཡུལ་དང་ལྡན་པ་ཟེར་གྱི་ཡོའོ་༿ཡོད་༾རེད། ཡུལ་ཡུལ་ཟེར་མཁན་འདི་ཁོའི་ཤེས་བྱའི་ཆོས་འདྲ་ཡོའོ་རེད་པཱ། ཨོའོ་་་དེ་ཚོ་ཤེས་ཀྱི་ཡོའོ་རེད་པཱ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཁོང་ཚོ་ཁྱེད་རང་གི། ཁྱེད་རང་གི་བོད་སྐད་ཤེས་ཀྱི་ཡོའོ་༿ཡོད་༾རེད་པཱ། བོད་སྐད་དེ་ཁྱེད་རང་གི་ཡུལ་རེད། ཧ་གོ་སོང་ང་། བོད་སྐད་དེ་ཁྱེད་རང་གི་ཡུལ་རེད། ཨ་རིའི་སྐད་ཅིག་ཡོའོ་རེད་པཱ། འདི་ཁྱེད་རང་གི་ཡུལ་རེད། ཁྱེད་རང་ཨ་རིའི་སྐད་ཀྱི་ཡུལ་ཅན་རེད། ཁྱེད་རང་བུམ་པའི་ཡུལ་ཅན་རེད། བུམ་པ་ཁྱེད་རང་གི་ཡུལ་རེད། ཧ་གོ་སོང་ང་། ཨོའོ་ཡཱ་་་་
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    སྤྱིར་བཏང་ཡུལ་ཡུལ་ཅན། ཤེས་པ་དང་ཤེས་མིན་གྱི་་ཁྱད་པར་མ་རེད་པས།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མ་རེད། འདི་གང་ཡིན་ཟེར་ན། དཔེར་ན། འདི་ཡོའོ་༿ཡོད་༾རེད་པཱ། ངས་བུམ་པ་མི་རྟག་པ་རེད་ཟེར་མཁན་སྐད་ཆ་དེ་འདུག་ག དེའང་ཡུལ་ཅན་རེད། ཡུལ་ཅན་ལ་སྒྲ་བློ་སྐྱེས་བུ་གསུམ་ཡོའོ་རེད། ཧ་གོ་སོང་ང་། རྗོད་བྱེད་ཀྱི་སྒྲ་འགང་ག་༿ཚང་མ་༾ཡུལ་ཅན་རེད། རྗོད་བྱེད་ཀྱི་སྒྲ་འགང་ག༿ཚང་མ་༾ ཡུལ་ཅན། རྗོད་བྱེད་ཀྱི་སྒྲས་བརྗོད་བྱ་བརྗོད་གི་རེད་མ་རེད། ད་སེ་གོལ་གཏོགས་པའི་སྒྲ་དེ་ཡུལ་ཅན་རེད་མ་རེད། ད་འདི་ཡུལ་ཅན་མ་རེད། ཁོ་རྗོད་བྱེད་ཀྱི་སྒྲ་མ་རེད་པཱ། སྒྲ་འགང་ག་༿ཚང་མ་༾རྗོད་བྱེད་ཀྱི་སྒྲ་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་མི་རྟག་པ་རེད། ཀ་བ་མི་རྟག་པ་རེད། བུམ་པ་དངོས་པོ་རེད། བུམ་པ་ཡོད་པ་རེད། ཟེར་མཁན་གྱི་སྒྲ་ཅིག་འདུག་ག འདི་རྗོད་བྱེད་ཀྱི་སྒྲ་རེད་མ་རེད། བརྗོད་བྱ་བརྗོད་ཀྱི་ཡོའོ་རེད་པཱ།ད་ཆུ་་་་་་་་ཆུ་རྒྱུགས་ཀྱི་རེད་པཱ། ཆབ་ཆབ་ཆབ་ཟེར་གྱི་འདུག་ག དེ་ནས་རི་ནས་བྲག་རིལ་གྱི་རེད་པཱ། སྒྲག་སྒྲག་སྒྲག་ཟེར་མཁན་དང་། མེ་མདའི་སྐད་དང་། མེ་མདའ་བཞུས་སོང་ན། དོའོ་ཟེར་གྱི་འདུག་ག དེ་ཚོ་རྗོད་བྱེད་ཀྱི་སྒྲ་རེད་མ་རེད། རྗོད་བྱེད་ཀྱི་སྒྲ་མ་རེད། དེ་ལ་བརྗོད་བྱ་བཏོན་ཡས་ཡོའོ་མ་རེད་པཱ། བརྗོད་བྱ་བཏོན། ཨོའོ་་་སྐྱེས་བུའི་འཕགས་བཏོན་སྒྲ་དེའི་རྗོད་བྱེད་ཀྱི་སྒྲ་ཡིན་ཟེར་གྱི་མ་རེད། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་རྗོད་བྱེད་ཀྱི་སྒྲ་འགང་ག་༿ཚང་མ་༾ཡུལ་ཅན་ཡིན་ཟེར་དགོས་རེད། ཨོའོ་་་འདུག་དེ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དེ་ལྟར་སྣང་བ་དེ་ཡང་བློ་ངོར་སྣང་ཚུལ་ཡིན་གྱིས་དོན་གྱི་སྣང་ཚུལ་མ་ཡིན་ཏེ་དེ་ལྟར་མཚོན་པའི་ཚེ། མཚན་མཚོན་གཉིས་ཀ་ཡུལ་དུ་གྲུབ་པ་འདྲ་མཉམ་ཡིན་གྱིས། ཨོའོ་་་མཚན་ཉིད་དེ་ཡུལ་ཅན་གྱི་ཕྱོགས་སུ་ཚུར་ཉེ་བ་དང་། ཡུལ་ཅན་དུ་གྲུབ་པ་ནི་མ་ཡིན་པའི་ཕྱིར། ད་མཚན་ཉིད་འགང་ག་༿ཚང་མ་༾ཡུལ་ཅན་མ་རེད་ད། ཨོའོ་ཡཱ་་་ ད་མཚན་མཚོན་གཞི་གསུམ་སྤྱིར་བརྗོད་པ་ཟེར་མཁན་དེ་ཚར་སོང་ང་། ད་གཞི་ལ་སྦྱར་ན་ཟེར་གྱི་ཡོའོ་༿ཡོད་༾རེད། མཚན་གཞི་ཞིག་ལ་སྦྱར་ནས་བཤད་སོང་ན་དེ་འདྲས་རེད་ཟེར་གྱི་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    གཉིས་པ་དེ་གཞི་ལ་སྦྱར་བ་ནི། མཚན་མཚོན་གཞི་གསུམ་ཟེར་མཁན་དེ་གཞི་ལ་སྦྱར་ན་ཟེར་གྱི་ཡོའོ་༿ཡོད་༾རེད། དེ་དག་ཐམས་ཅད་གཞི་ལ་སྦྱར་ཏེ་བཤད་ན་བྱས་པ་རེད། གོང་ལྟར། གོང་དུ་བཤད་པ་ལྟར་ཟེར་གྱི་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚན་ཉིད་དེ་མཚན་གཞི་དེས། མཚན་གཞི་རང་གི་སྟེང་གི་ལྡོག་པ་གཞན་དང་མ་འདྲེས་པར། མཚོན་བྱ་དེ་ཉིད་ཡིན་པའི་འཇོག་བྱེད་ཡིན་པའི་ཚུལ་དེ། ཤེས་བྱའི་མཚན་གཞི་བུམ་པ་དེ། ད་དེ་ཡིན་ཟེར་གྱི་ཡོའོ་༿ཡོད་༾རེད། གོང་དུ་བཤད་པ་ལྟར་མཚན་ཉིད་ནི་མཚན་གཞི་དེ། མཚན་གཞི་རང་གི་ལྡོག་པ་གཞན་དང་མ་འདྲེས་པར། བུམ་པ་ལ་ཡིན་ན། བུམ་པ་དེ་བུམ་པའི་ལྡོག་པ་གཞན་དང་མ་འདྲེས་པར། རང་གི་མཚོན་བྱ་དེ་ཉིད་ཡིན་པར། འཇོག་བྱེད་ཡིན་པའི་ཚུལ་དེ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་དེས། དཔེར་ན་གསེར་གྱི་ལྟོ་ལྡིར་བ་དེས།  བུམ་་་་་་་བུམ་པའི་ལྡོག་པ་གཞན་དང་མ་འདྲེས་པར། དེ་ནི་བུམ་པར་མཚོན་གྱི་ཡོའོ་༿ཡོད་༾རེད་མ་རེད། མཚོན་གྱི་ཡོའོ་རེད་པཱ། ཨོའོ་་་བྱས་ཙང་མཚན་ཉིད་མཚན་ཉིད་ཟེར་འདི་འདི་རེད་བྱས་པ་རེད་། ལྡོག་པ་གཞན་དང་མ་འདྲེས་པར་རང་གི་མཚོན་བྱ་དེ་ཉིད་ཡིན་པར་འཇོག་བྱེད་ཡིན་པའི་ཚུལ་དེ། རེད་ཟེར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    འདི་ཡིན་པ་གང་ཡིན་ནམ་ཟེར་ན། ཤེས་བྱའི་མཚན་གཞི་བུམ་པ་དེ། ད་བུམ་པ་དེ་ཤེས་བྱའི་མཚན་གཞི་ཡིན་ཟེར་གྱི་ཡོའོ་༿ཡོད་༾རེད་ད་དོན་དུ། ཤེས་བྱའི་མཚན་གཞི་བུམ་པ་དེ་ཟེར་ཡས་དེ། བུམ་པ་ཤེས་བྱའི་མཚན་གཞི་རེད་དམ་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཡིན་དང་ཡིན། ཤེས་བྱ་ཞོག་ཟེར་ན། བུམ་པ་བཞག་གི་རེད་པཱ། རེད་མ་རེད། མཚན་གཞི་ཤེས་བྱ་ཞོག་ཟེར་ན། འདི་བཞག་གི་རེད་མ་རེད། ཡོད་པ་ཞོག་ཟེར་ན། ཨོའོ་་་བུམ་པ་བཞག་གི་རེད་པཱ། ཨོའོ་་་ད་བུམ་པ་དེ་ཡོད་པའི་མཚན་གཞི་རེད་མ་རེད། ཨོའོ་་་མཚན་གཞི་ཟེར་མཁན་ཁོ་དེ་ལ་ཟེར་བ་རེད། ཁོ་ངོས་འཛིན་ཡས་ཀྱི་དཔེར་བརྗོད་བཟོ་འདྲ་ཅིག་ལ། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
     ཨོའོ་་་ཤེས་བྱའི་མཚན་གཞི་བུམ་པ་དེ། མཚན་ཉིད་བློའི་ཡུལ་དུ་བྱ་རུང་དེས་ཟེར་འདུག་གང་། མཚན་ཉིད། ཤེས་བྱའི་མཚན་ཉིད་ཁོ་ག་རེ་རེད། བློའི་ཡུལ་དུ་བྱ་རུང་རེད་པཱ། ཨཱ་་་བུམ་པ་དེ་ཤེས་བྱའི་མཚན་གཞི་རེད་པཱ། ད་མཚན་ཉིད་བློའི་ཡུལ་དུ་བྱ་རུང་དེས། དེ་ནི་མཚན་གཞི་བུམ་པ་དེ། ཨོའོ་་་མཚོན་བྱ་ཤེས་བྱ་དེ་ཡིན་པར་མཚོན་པའམ། འཇོག་ཚུལ་ལ་སྦྱར་ན། གང་འདྲས་ཟེར་མཚོན་པར་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་ཟེར་གྱི་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་དེ་བློའི་ཡུལ་དུ་བྱ་རུང་ཡིན་པའི་ཆ་ནས་ཟེར། ཤེས་བྱ་ཡིན་པར་བཞག་པ་ཡིན་ལ། ད་བུམ་པ་དེ་ཤེས་བྱ་ཡིན་པར་བཞག་ཡས་དེ་གང་གི་སྒོ་ནས་བཞག་པ་རེད། བློའི་ཡུལ་དུ་བྱ་རུང་ཡིན་པའི་སྒོ་ནས། བུམ་པ་ཤེས་བྱ་ཡིན་པར་བཞག་པ་རེད་པཱ། ཨོའོ་་་ཁོས། བུམ་པ་དེ་བློའི་ཡུལ་དུ་བྱ་རུང་ཡིན་པའི་ཆ་ནས། ཤེས་བྱ་ཡིན་པར་བཞག་པ་ཡིན་ལ། དེ་ལྟར་བཞག་པ་སྟེ་ཤེས་བྱའི་མཚན་གཞི་བུམ་པ་དེ་རེད། ད་དེ་ལྟར་བཞག་པ་ན། ད་ཤེས་བྱའི་མཚན་གཞི་བུམ་པ་དེ། མཚན་ཉིད་བློའི་ཡུལ་དུ་བྱ་རུང་དེས། མཚོན་བྱ་ཤེས་བྱ་དེ་ཡིན་པར་མཚོན་པ་ཡིན། མཚོན་ཡས། མཚོན་སྟངས་ཁོ་འདུག་དེ་རེད་བྱས་པ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    འདི་ཡག་པོ་ཤེས་སོང་ང་། བློའི་ཡུལ་དུ་བྱ་རུང་གིས་བུམ་པ་ཤེས་བྱ་ཡིན་པར་མཚོན་པ་རེད་མ་རེད། གང་འདྲས་ཟེར་མཚོན་པ་རེད། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་མཚན་གཞི། བུམ་པ་ཤེས་བྱ་རེད་ཟེར། ཡིན་པའི་རྒྱུ་མཚན་གང་ཡིན་ནམ་ཟེར་ན། བློའི་ཡུལ་དུ་བྱ་རུང་ཡིན་པའི་རྒྱུ་མཚན་གྱིས་བྱས་པ་རེད་ཟེར། དེ་ད་གིན་ངས་སྨྲ་ཤེས་དོན་གོ་བ་དང་གཅིག་པ་རེད། ཁྱེད་རང་མིའི་མཚན་གཞི་རེད་མ་རེད། ཁྱེད་རང་མི་ཡིན་པ་གང་གི་མཚོན་པ་རེད། སྨྲ་ཤེས་དོན་གོ་བ་ཡིན་པའི། ཨོའོ་་་རྒྱུ་མཚན་གྱིས་མི་ཡིན་པར་མཚོན་པ་རེད་པཱ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་་་མཚན་གཞི་མཚན་གཞི་ཟེར་མཁན་ཁོ་འདི་དེ་འདྲས་ཅིག་ལ་ཟེར་རེད། ད་དེ་བཞིན་དུ་ཤེས་བྱའི་མཚན་གཞི་བུམ་པ་མི་རྟག་པ་སྟེ། ཡང་བུམ་པ་མི་རྟག་པ་ཅིག་ཡོའོ་༿ཡོད་༾རེད་པཱ། བུམ་པ་མི་རྟག་པ་ཡོའོ་རེད་མ་རེད། བུམ་པ་མི་རྟག་པ། བུམ་པ་མི་རྟག་པ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་མི་རྟག་པ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    རེད་པས། བུམ་པ་མི་རྟག་པ་ཡིན་སྟངས་གང་འདྲས་རེད་པས།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    འཇིག་རྒྱུ་ཡོད་པས།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་ཧར་་་ འདི་ཡག་པོ་ཞེ་དྲགས་འདུག་ཁྱེད། ད་ག་རེད། འཇིག་རྒྱུ་ཡོད་པ་དེ་མི་རྟག་པའི་མཚན་ཉིད་རེད། ད། སྐད་ཅིག་མ་མི་རྟག་པའི་མཚན་ཉིད། འཇིག་རྒྱུ་ཡོད་ཟེར་ན་འགང་ག་༿ཚང་མ་༾མི་རྟག་པ། ཁྱེད་རང་མི་རྟག་པ་རེད་མ་རེད། རི་མི་རྟག་པ་རེད་མ་རེད། རེད་པཱ། སྒྲོག་ཙེ་འདི་མི་རྟག་པ་རེད་མ་རེད། འོ་ན་མི་རྟག་པ་མིན་མཁན་གྱི་མི་ཡོའོ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མི་རྟག་པ་མ་ཡིན་པའི་མི་ཞིག། མ་རེད། མི་རྟག་པ་མ་ཡིན་པའི་མི། སྐད་ཆ་མི་ཀུན་མི་རྟག་པ་རེད། ཨོའོ་་་ ཤོད་མི་དགོས་པ་རེད། མི་ཀུན་མི་རྟག་པ་རེད། གང་ཡིན་ནམ་ཟེར་ན། མི་ཚེ་རིང་ཤོས་ཁོ་ལ་ལོ་ཉི་བརྒྱ་བསྡད་འགྲོ་ཐུབ། དེ་ལྷག་བསྡད་ཀྱི་མ་རེད། ད་ད་ལོའི་འདི་འདུག་གང་། ད་ལྟ་འདི་འདུག་གང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    སྤྱི་ལོ་ཉིས་སྟོང་ག་ཚོད་རེད་པས། སྤྱི་ལོ་ཉིས་སྟོང་གཉིས་རེད་པཱ། ད་ལོ། ད་ལྟ། སྤྱི་ལོ་ཉིས་སྟོང་ག་ཚོད་རེད་པས། སྤྱི་ལོ་ཉིས་སྟོང་། གཅིག་རེད་པཱ། སྤྱི་ལོ་ཉིས་སྟོང་གཅིག་གི་ཉིན་མོ་དེ། ད་འཛམ་བུ་གླིང་ལ་མི་ག་ཚོད་ཡོའོ་༿ཡོད་༾རེད་ཟེར་ན། མི་འབུམ་ཕྲག་ཁྲི་དུང་ཕྱུར་མང་པོ་ཡོའོ་རེད་པཱ། དེ་གྱད་༿དེ་ཚོ་༾འདི། སྤྱི་ལོ་གསུམ་སྟོང་ལྔ། སྤྱི་ལོ་བཞི་སྟོང་ཟིན་དུས། འདི། མི་དེ་གྱད་༿དེ་ཚོ་༾དེ་གཅིག་ཡའི་༿ཀྱང་༾བསྡད་ཀྱི་རེད་མ་རེད། གཅིག་ཀྱང་བསྡད་ཀྱི་མ་རེད། བསྡད་ཀྱི་མ་རེད་པཱ། ག་ཚོད་བསྡད་ནའི། ཚེ་རིང་ཤོས་ཁོ་ཡའི་༿ཡང་༾ལོ་ཉིས་བརྒྱ་བསྡད་སོང་ནའི་སྤྱི་ལོ་གསུམ་སྟོང་ཟིན་དུས་ཙམ་ནས་ཤི་ཚར་གྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཚར་གྱི་རེད་པཱ། ཨོའོ། དེ་འདྲས་རེད། མི་འགང་ག་༿ཚང་མ་༾མི་རྟག་པ་རེད་ཟེར་ཡས་དེ་རེད། ཁོ་འགྱུར་དུས། ང་རང་ཚོ་མཚན་ཉིད་པའི་ཐོག་ནས་བཤད་པ་ཡིན་ན། འཇིག་རྒྱུ་ཡོའོ་༿ཡོད་༾རེད་ཟེར་གྱི་རེད། ཚན་རིག་གི་ཐོག་ནས་བཤད་པ་ཡིན་ན། མི་རྟག་པ་ཡིན་པའི་རྒྱུ་མཚན་ག་རེ་རེད། འགྱུར་ལྡོག་ཡོའོ་རེད་པཱ། མིའི་བསམ་བློ་འདུག་གང་། མིའི་བསམ་བློ་འདི་མི་རྟག་པ་རེད་མ་རེད། མི་རྟག་པ་རེད། འགྱུར་བ་ཞེ་དྲག་ཡོང་གི་རེད། ཁྱེད་རང་བོད་སྐད་སྦྱང་བ་ནས་ད་ལྟའི་བར་ལ་འགྱུར་བ་ཞེ་དྲག་མཐོང་འདུག་གམ་མི་འདུག་གམ། བོད་སྐད་མཁས་རུ་ཞེ་དྲག་ཕྱིན་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཁྱེད་རང་བོད་སྐད་མ་ཤེས་པའི་གོང་དང་། ད་དེང་སང་བྱས་ན། དེ་འདྲས་ལ་ཕྱིན་འདུག་གམ་མི་འདུག་གམ། འགྱུར་ལྡོག་གི། རེད་པཱ། དེ་དུས་བོད་སྐད་ཚིག་གཅིག་ཡའི་༿ཀྱང་༾ཤེས་ཀྱི་མ་རེད་པཱ། ད་ལྟ་བོད་སྐད་མང་པོ་ཤེས་ཀྱི་འདུག་གང་། ཨོའོ་་་ འགྱུར་ལྡོག་ཡོང་གི་ཡོའོ་༿ཡོད་༾རེད། ད་ག་ནང་བཞིན་ཁྱེད་རང་བོད་སྐད་ལོ་གསུམ་བཞི་ཅིག་ད་དུང་ཡའི་སྦྱངས་སོང་ན་ད་ལྟའི་དེ་ལས་མཐོ་རུ་ཞེ་དྲག་མཐོ་རུ་འགྲོ་གི་རེད། འགྱུར་ལྡོག་འགྲོ་གི་རེད། ཨོའོ་་་འདི་མི་རྟག་པ། མི་རྟག་པ་ཟེར་འདི་ད་དེ་ལ་ཟེར་གྱི་རེད་ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    འདུས་བྱས་རྒྱུ་རྐྱེན་གྱི་སྐྱེས་པ་འགང་ག་༿ཚང་མ་༾མི་རྟག་པ་རེད་ད། ད་ནམ་མཁའ་མི་རྟག་པ་རེད་མ་རེད། ནམ་མཁའ། ད་ནམ་མཁའ་མི་རྟག་པ་མ་རེད། ནམ་མཁའ་དེ་བསྡད་བསྡད་པ་བྱེད་ཀྱི་རེད། སྤྱི་ལོ་གཅིག་གི་ལོ་འདིར་ནམ་མཁའ་ཡོའོ་༿ཡོད་༾རེད་མ་རེད། སྤྱི་ལོ། སྤྱི་ལོ་དང་པོ་ཤར་གྱི་རེད་པཱ། སྤྱི་ལོ་གཅིག སྤྱི་ལོ་གཅིག་གི་ལོ་དེ་དུས་ནམ་མཁའ་ཡོའོ་རེད་མ་རེད། སྤྱི་ལོ་གཉིས་ཀྱི་ལོ་དེའི་ནམ་མཁའ་འདུག་གང་། ད་སྤྱི་ལོ་ཉི་སྟོང་གི་ལོ་འདིའི་ནམ་མཁའ་འདུག་གང་། ད་སྤྱི་ལོ་གསུམ་སྟོང་གི་ལོ་དེའི་ནམ་མཁའ་བསྡད་ཀྱི་རེད། བཞི་སྟོང་གི་ལོ་དེའི་ནམ་མཁའ་བསྡད་ཀྱི་རེད། སྤྱི་ལོ་ལྔ་སྟོང་དྲུག་སྟོང་གི་སྐབས་ལའི་༿ལ་ཡང་༾ནམ་མཁའ་འདི་ད་ག་རང་བསྡད་ཀྱི་རེད། བྱས་ཙང་ནམ་མཁའ་འདི་རྟག་པར་བསྡད་ཀྱི་ཡོའོ་རེད། བྱས་ཙང་ཁོའི་མིང་ལ་རྟག་པ་ཟེར་རེད། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་་་རྟག་པ་ཟེར་མཁན་དེ་ད་འགྱུར་ལྡོག་ཁྱོན་ནས་མེད་མཁན་ཅིག་ལ་ཟེར་རེད། ད་ལྟ་འོ་ན་ནམ་མཁའ་ལ་འགྱུར་ལྡོག་ཡོའོ་༿ཡོད་༾རེད་མ་རེད། འགྱུར་ལྡོག་ཡོའོ་མ་རེད། ནམ་མཁའ་ལ་འགྱུར་ལྡོག་འདུག་གང་། མཚམས་རེ་སྤྲིན་པ་འཁོར་གྱི་ཡོའོ་རེད། མཚམས་རེ་སྤྲིན་པ་ཡལ་གྱི་ཡོའོ་རེད་ཟེར་ན་ག་རེ་ཟེར་གྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    འདི་ནམ་མཁའི་འགྱུར་ལྡོག་མ་རེད། ཧ་གོ་སོང་ང་། ནམ་མཁའ་ཁོ་འགྱུར་ལྡོག་ཡོའོ་༿ཡོད་༾མ་རེད། འོ་ན་མཚམས་རེ་སྤྲིན་པ་འཁོར། མཚམས་རེ་སྤྲིན་པ་ཡལ་བྱེད་ཡས་དེ་ག་གིས་བྱས་པ་རེད་ཟེར་ན། སྤྲིན་པ་ཁོ་རང་ལ་འགྱུར་ལྡོག་བྱུང་བ་རེད་པཱ། འདི་ནམ་མཁའི་འགྱུར་ལྡོག་མ་རེད། ང་ཚོ་ད་ནམ་མཁའ་ལ་འགྱུར་ལྡོག་བྱུང་སོང་ཟེར་ཁག་༿ཁུལ་༾ཟེར་གྱི་རེད་མ་གཏོགས། ངོ་མ་ནམ་མཁའི་འགྱུར་ལྡོག་གའི་མ་རེད་པཱ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    རེད་པཱ། ཨོའོ། ད་ནམ་མཁའ་འདི་རྦད་དེ་སྐལ་པ་འདི་འཇིག་སོང་ནའང་། ནམ་མཁའ་འདི་བསྡད་ཀྱི་རེད། ནམ་མཁའ་སྟོང་པ་ཁོ་ར་ལ་བསྡད་ཀྱི་རེད། ཨོའོ་་་ བྱས་ཙང་ད་ནམ་མཁའ་འདི་ད། ཤེས་བྱ་འདི་རྟག་པ་རེད་མ་རེད། ཤེས་བྱ་འདིའི་རྟག་པ་རེད། ཤེས་བྱ་ཟེར་མཁན་འདི་ད་སྤྱི་ལོ་ཆིག་སྟོང་། གསུམ་སྟོང་བཞི་སྟོང་ལྔ་སྟོང་དྲུག་སྟོང་བདུན་སྟོང་ག་ཚད་ཕྱིན་པ་ཡིན་ནའི། ཤེས་བྱ་བསྡད་བསྡད་པ་ཅིག་རེད། ཤེས་བྱ་བསྡད་བསྡད་པ་བྱེད་ཀྱི་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
     ཨཱ་་་ ཡོད་པ་བསྡད་བསྡད་པ་བྱེད་ཀྱི་རེད་མ་རེད། ཡོད་པ་བསྡད་བསྡད་པ་བྱེད་ཀྱི་རེད་པཱ། ཡོད་པ་མེད་པ་ཟེར་བ་ཅིག་ཁྱོན་ནས་ཡོའོ་༿ཡོད་༾མ་རེད་ད། གཞི་གྲུབ་མེད་པ་ཟེར་མཁན་ཅིག་ཡོའོ་རེད་མ་རེད། ད་ཤེས་བྱ། གཞལ་བྱ། གཞི་གྲུབ། ཡོད་པ། ཆོས། དམིགས་པ་དེ་ཚོ་འགང་ག་༿ཚང་མ་༾རྟག་པ་ཡིན་ཟེར་གྱི་རེད། རྟག་པ་ཡིན་སྟངས་ཨོའོ་་་འདི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    རྟག་ཟེར་ཡས་འདི། རྟག་པར་བསྡད་ཡས་ཡོའོ་རེད་པཱ། ད་ང་ཚོ་རྟག་པར་བསྡད་ཡས་ཡོའོ་མ་རེད། ད་ང་ལོ་འགའ་ཤས་ཅིག་ལ་འགྲོ་རན་པ་རེད། ཧ་གོ་སོང་ང་། ཨོའོ། བྱས་ཙང་གི་མི་རྟག་པ་མི་རྟག་པ་ཟེར་མཁན་འདི་ལ་ཟེར་གྱི་རེད། ཨོའོ་ཡག་བྱུང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་བྱས། ད་འདི་བྱས་བ་དང་། ག་རེ་ཟེར། ཨོང་འདི་རེད་པཱ། ཨོའོ། གཞི་ལ་སྦྱར་ན་དེ་དག་ཐམས་ཅད་གཞི་ལ་སྦྱར་དེ་བཤད་ན་གོང་ལྟར་མཚན་ཉིད་དེ་མཚམ་གཞི་དེ། མཚན་གཞི་རང་གི་སྟེང་གི་ལྡོག་པ་གཞན་དང་མ་འདྲེས་པར་རང་གི་མཚོན་བྱ་དེ་ཉིད་ཡིན་པར་འཇོག་བྱེད་ཡིན་པའི་ཚུལ་དེ་ཤེས་བྱའི་མཚན་གཞི་བུམ་པ་དེས་མཚན་ཉིད་བློའི་ཡུལ་དུ་བྱ་རུང་དེས། མཚོན་བྱ་ཤེས་བྱ་དེ་ཡིན་པར་མཚོན་པའམ་འཇོག་ཚུལ་ལ་སྦྱར་ན། བུམ་པ་དེ་བློའི་ཡུལ་དུ་བྱ་རང་ཡིན་པའི་ཆ་ནས། དེ་ནི་ཤེས་བྱ་ཡིན་པར་བཞག་པ་རེད་ཟེར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བྱས་ཙང་བུམ་པ་དེ་ཤེས་བྱའི་མཚན་གཞི་ལ་བཞག་པ་རེད་བྱས་བ་རེད། ད་ག་ནང་བཞིན་དེའི་རེད་ཟེར་གྱི་ཡོའོ་རེད། ཧ་གོ་སོང་ང་། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཤེས་བྱའི་མཚན་གཞི་བུམ་པ་མི་རྟག་པ། བུམ་པ་མི་རྟག་པ་རེད་བྱས་པ་མ་བྱས་པ། རེད་པཱ། ད་བུམ་པ་མི་རྟག་པ་དེ་ཤེས་བྱ་རེད་མ་རེད། ཨཱ། བུམ་པ་མི་རྟག་པ་ཤེས་བྱ་གང་འདྲས་ཟེ་རེད་པས། ཨོའོ་ཏག་ཏག་རེད་པ། ང་ཚོས་བློའི་ཡུལ་དུ་བྱ་རུང་རེད་པཱ། བུམ་པ་མི་རྟག་པ་དེ། ང་ཚོས་བློའོ་ཡུལ་དུ་བྱ་རང་རེད་མ་རེད། ང་ཚོས་ཤེས་ཀྱི་ཡོའོ་རེད་པཱ། ཁྱེད་རང་བུམ་པ་མི་རྟག་པ་ཤེས་ཀྱི་འདུག་གམ་མི་འདུག། ངས་ཡའི་ཤེས་ཀྱི། ཁོས་ཤེས་ཀྱི་རེད་པཱ། བྱས་ཙང་ང་ཚོའི་བློས་བུམ་པ་མི་རྟག་པ་ཡིན་པ་ཤེས་ཀྱི་ཡོའོ་རེད་པཱ། ང་ཚོའི་བློའི་ཡུལ་དུ་བྱ་རུང་ཟེར་གྱི་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ། བྱས་ཙང་ཤེས་བྱ་ཡིན་བྱས་བ་རེད་བུམ་པ་མི་རྟག་པ་འདི། བུམ་པ་མི་རྟག་པ་འདི། ཨང་བྱས། བློའི་ཡུལ་དུ་བྱ་རུང་ཡིན་པའི་ཆ་ནས་ཤེས་བྱ་ཡིན་པར་བཞག་པའམ་མཚོན་པ་དེ་ཡིན་ནོ་ཟེར་བྱས། དེས་འདྲེས་ཏེ། དེས་འདྲེས་ཏེ་ཟེར་ན་ག་རེ་ཟེར་གྱི་ཡོའོ་ཡས། དེས་རིགས་འདྲེས་ཏེ་ཟེར་གྱི་ཡོའོ་རེད། རིགས་འདྲེས་པ་ཟེར་ཡས་འདི་ཁྱེད་རང་ཚོས་ཤེས་་ཀྱི་ཡོད་དམ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བོད་སྐད་དེ། རིགས་འདྲེས་པ་ཟེར་མཁན་འདི། དེས་རིགས་འདྲེས་དེ། ཨོའོ་དེ་དང་གཅིག་པ་ཡིན་པ། གཅིག་མཚུངས་ཡིན་པ། དཔེར་ན་འདི་དངོས་པོ་རེད་བྱས་བ་རེད་པཱ། འདི་དངོས་པོ་ཡིན་པ་འདི་རིགས་འདྲེས་ནས་འདི་ཡང་དངོས་པོ་རེད། འདི་ཡང་དངོས་པོ་རེད་་་་་་་་་་་་་་་་། ཟེར་ད་མཚུངས་པ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    རིགས་འདྲེས་རིགས་འདྲེས་ཟེར་མཁན་འདི་རེད། ཧ་གོ་སོང་ང་། མཚུངས་པའི་དོན་རེད། ཨོའོ་ཡཱ། འདི་ཡག་པོ་ཤེས་སོང་ང་། ཨོའོ། ཁྱེད་རང་ཚོ་ཡག་པོ་འདུག་གང་། ཡག་པོ་ཞེ་དྲག་འདུག། སྤྱང་པོ་འདུག
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
     ད་འདི་རེད་པཱ། ག་རེ་ཟེར་དགོས་རེད། བུམ་པ་མི་རྟག་པ་དེ། དེས་རིགས་འདྲེས་ཏེ་ཟེར། བུམ་པོའི་སྟེང་གི་ལྡོག་པ་གཞན་རྣམས། བུམ་པོའི་སྟེང་གི་ལྡོག་པ་གཞན་ཟེར་ན་ག་རེ་ཟེར་གྱི་རེད། བུམ་པའི་སྟེང་ལ་ལྡོག་པ་མང་ལོས་ཡོའོ་རེད། ག་རེ་དང་ག་རེ་ཡོའོ་རེད། ཡ། ཁྱོད་ཅིག་ལན་བཏབ་དང་། བུམ་པོའི་སྟང་གི་ལྡོག་པ་མང་པོ་ཡོད་བྱས་པ། བུམ་པའི་སྟེང་ན་ལྡོག་པ་གང་འདྲས་འདུག་གམ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨཱ། རྫ་བུམ། དངུལ་བུམ། ལྕགས་བུམ། རྡོ་བུམ། རྩ་བུམ། དེ་ནས་ལྕགས་བུམ་རེད་པཱ། ཨོའོ་རེད་རེད་ཏག་ཏག་རེད། བུམ་པོའི་སྟེང་ན་ལྡོག་པ་མང་པོ་ཡོའོ་རེད། ད་ག་ནང་བཞིན་བུམ་པོའི་སྟང་ན་ལྡོག་པ་གང་འདྲས། གཞན་དག་ག་རེ་ཡོའོ་རེད། བུམ་པ་མི་རྟག་པ་ཡིན་པའི་ཆ་ཡོའོ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་མི་རྟག་པ། བུམ་པ་སྐྱེས་པ་ཡིན་པའི་ཆ་ཡོའོ་རེད་མ་རེད། བུམ་པ་དངོས་པོ་ཡིན་པའི་ཆ་ཡོའོ་རེད་མ་རེད། བུམ་པ་ཤེས་བྱ་ཡིན་པའི་ཆ་ཡོའོ་རེད་མ་རེད། བུམ་པ་ཡོད་པ་ཡིན་པའི་ཆ་ཡོའི་རེད་མ་རེད། བུམ་པ་མི་རྟག་པ་ཡིན་པའི་ཆ་ཡོའོ་རེད་མ་རེད། བུམ་པ་སྐད་ཅིག་མ་ཡིན་པའི་ཆ་ཡོའོ་རེད་མ་རེད། བུམ་པ་དངོས་པོ་ཡིན་པའི་ཆ་ཡོའོ་རེད་མ་རེད། བུམ་པ་མི་མ་ཡིན་པའི་ཆ་ཡོའོ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་གང་ཟག་མ་ཡིན་པའི་ཆ་ཡོའོ་རེད་མ་རེད། དེ་ཚོ་གང་ག་བུམ་པའི་སྟེང་གི་ལྡོག་པ་མི་འདྲ་བ་ཟེར་གྱི་རེད། བུམ་པའི་སྟེང་ན་ལྡོག་པ་མི་འདྲ་མང་པོ་ཡོའོ་རེད། ཧ་གོ་སོང་ང་། ཨོའོ་ཡཱ། དེ་ཚོར་ཡ་བུམ་པའི་སྟེང་གི་ལྡོག་པ་མི་འདྲ་བ་ཟེར་རེད། ལྡོག་པ་མི་འདྲ་བ། ད་ལྡོག་པ་མི་འདྲ་བ་ཟེར་མཁན་དེ་བུམ་པ་ཅིག་པོ་མ་རེད། གང་གའི་སྟེང་ལ་ཡོའོ་རེད། འདིའི་སྟེང་ན་ལྡོག་པ་མི་འདྲ་བ་ཡོའོ་རེད་མ་རེད། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    འདིའི་སྟེང་ལ་ཤེས་བྱ་ཡིན་པའི་ཆ་ཅིག་འདུག་ག ཡོད་པ་ཡིན་པའི་ཆ་འདུག་ག དངོས་པོ་ཡིན་པའི་ཆ་འདུག་ག གཞལ་བྱ་ཡིན་པའི་ཆ་འདུག་ག གཞི་གྲུབ་ཡིན་པའི་ཆ་འདུག་ག དེ་ཁྱེད་རང་གི་བལྟས་ན་ཡོའོ་རེད་མ་རེད། ཤེས་བྱ་ཡིན་པའི་ཆ། གཞི་གྲུབ་ཡིན་པའི་ཆ། མི་ཡིན་པའི་ཆ། གང་ཟག་ཡིན་པའི་ཆ། ཨ་མི་རི་ཁ་བ་ཡིན་པའི་ཆ། བོད་སྐད་ཤེས་པ་ཡིན་པའི་ཆ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཧ་གོ་སོང་ང་། ཨོའོ། དེ་གང་གས། ཤེས་བྱ་རེ་རེའི་སྟེང་ན་ལྡོག་པ་མཐའ་ཡས་པ་ཡོའོ་རེད། གང་ག་ལ་ལྡོག་པ་མི་འདྲ་བ་མང་པོ་ཡོའོ་རེད། ཨོའོ་ལྡོག་པ་མི་འདྲ་བ་ཟེར་འདི་ལ་ཟེར་རེད། ཧ་གོ་སོང་ང་། ཨོའོ་བྱས། འདི་ཡག་པོ་ཤེས་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་དེས་རིགས་འདྲེས་ཏེ་བུམ་པའི་སྟེང་གི་ལྡོག་པ་གཞན་རྣམས་དང་། ནམ་མཁའ་དང་འགོག་བདེན་དང་བུམ་པའི་དོན་བྱེད་དང་། རེ་བོང་གི་རྭ་མེད་པ་སོགས་ཆོས་ཐམས་བཅད་ལ་སྦྱར་ཏེ་དེ་དག་ཤེས་བྱ་ཡིན་ཚུལ་ཤེས་པར་བྱའོ། ད་ནམ་མཁའ་དེ་ཤེས་བྱ་རེད་མ་རེད། ཨཱ། ཡཱ་གང་འདྲས་ཟེར་རེད། ཤེས་བྱ་ཡིན་སྟང་ས་གང་འདྲས་ཟེར་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བློའི་ཡུལ་དུ་བྱ་རུང་རེད་པཱ། ཨོའོ་འདི་རེད། ཁྱེད་རང་གི་ཟེར་ཡས་ཏ་ག་ཏག་རེད། ནམ་མཁའ་དེ་ཤེས་བྱ་ཡིན་པ་གང་རས་ཟེར་ན། བློའི་ཡུལ་དུ་བྱ་རུང་རེད་ཟེར། བྱས་ཙང་བོའི་ཡུལ་དུ་བྱ་རུང་ཡིན་པས་ད་ནམ་མཁའ་མཚོན་ཐུབ་སོང་ང་། ཨོའོ། ནམ་མཁའ་ཤེས་བྱ་ཡིན་པ་མཚོན་ཐུབ་སོང་ང་།ནམ་མཁའ་ཤེས་བྱ་རེད་ཟེར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    འགོག་བདེན་ཤེས་བྱ་རེད་མ་རེད། ཨཱ། འགོག་བདེན་ཤེས་བྱ་ཡིན་ན་གང་འདྲས་རེད། བློའི་ཡུལ་དུ་བྱ་རུང་རེད་པཱ། འགོག་བདེན་ཟེར་མཁན་དེ་ཁྱེད་རང་གི་ཧ་གོ་གི་འདུག་གམ། ཁྱེད་རང་གཉིས་ཀྱི། ཨོའོ་བདེན་བཞིའི་ནང་ནས། ཨོའོ། སྡུག་མངལ་གྱི་བདེན་པ། ཀུན་བྱུང་གི་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ། འགོག་པའི་བདེན་པ་ཟེར་མཁན་དེ་རེད། ཨོའོ། ད་སྤྱིར་འགོག་བདེན་འགོག་བདེན་ཟེར་མཁན་དེ་ལ་ག་རེ་ཟེར་གྱི་ཡོའོ་རས་ཟེར་སོང་ན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ང་རང་ཚོའི་འདོག་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་ཉོན་མོང་ཡོའོ་རེད་པཱ། དེ་གས་དེ་སྤངས་པའི་ཆ་ཁོ་ལ་འགོག་བདེན་ཟེར་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དེ་གཉིས། དེ་གས་དེ་འགོག་པའི་ཆ་དེ་ལ། དེ་སངས་རྒྱས་འཕགས་པས་ཡིན་ན། ད་འདོད་ཆགས་ཞེ་སྡང་གཏི་མུག་གང་ག་སྤངས་པ་རེད་མ་རེད། སྤངས་པ་རེད་པཱ། ཨོའོ། ད་འདིའི་སྤངས་པའི་ཆ་དེ་ལ་འགོག་བདེན་ཟེར་རེད། འགོག་བདེན་ཟེར་མཁན་དེ། འདི་ཤེས་སོང་ང་། ཨོའོ་ཡཱ། འགོག་བདེན་བྱས།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པའི་དོན་སྤྱི་ཟེར་ན་གང་ལ་ཟེར་རས། ཨོང་ངས་ཁ་སང་བཤད་པ་ཡིན་པཱ། ཨོའོ་ད་ལྟ་ང་ཚོའི་འདུག་དེ་བསམ་བློ་འདུག་དེ་བུམ་པའི། བུམ་པ་དྲན་སོང་ན། བུམ་པའི་སྣང་བ་འཆར་གྱི་འདུག་གམ་མི་འདུག་གམ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཁྱེད་རང་ལ། བུམ་པའི་སྣང་བ་འཆར་གྱི་འདུག་གམ་མི་འདུག ཨོའོ། ཁྱེད་རང་གི་བློ་ལ་བུམ་པའི་སྣང་བ་འཆར་གྱི་འདུག་གམ་མི་འདུག འཆར་གྱི་འདུག་གང་། ཨོང་། ཁང་པའི་ནང་གི་ཇ་དམ་ཁོའི་སྣང་བ་འཆར་གྱི་འདུག་གམ་མི་འདུག ཁྱེད་རང་གི་དེང་སང་བསྡད་སའི་ཁང་པ་ཅིག་ཡོའོ་རེད་པཱ། འདིའི་ནང་གི་ཇ་དམ་གྱི་སྣང་བ་འཆར་གྱི་འདུག་གམ་མི་འདུག། ཇ་དམ། ཇ་དམ་གྱི་སྣང་བ་ཆར་གྱི་འདུག་ག འདི་ཇ་དམ་གྱི་དོན་སྤྱི་ཁོ་རེད། ཇ་དམ་གྱི་དོན་ཅིག་རེད། བུམ་པའི་སྣང་བ་འཆར་མཁན་དེ་བུམ་པའི་དོན་སྤྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཁྱེད་རང་གི་ཕ་ཡུལ་གྱི་རྣམ་པ་འཆར་གྱི་འདུག་གམ་མི་འདུག ད་ལྟ། ཕ་ཡུལ་གྱི་རྣམ་པ་འཆར་མཁན་དེ་ཁྱེད་རང་གི་ཕ་ཡུལ་གྱི་དོན་སྤྱི་རེད། ཆོས་གང་ག་ལ་དོན་སྤྱི་འབྱེད་དུས་འདུག་དེ་ཞོག་དགོས་རེད། ཁྱེད་རང་གི་ཕ་ཡུལ་གྱི་དོན་སྤྱི་ཞོག་ཟེར་ན། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཕ་ཡུལ་གྱི། ཕ་ཡུལ་འཛིན་པའི་རྟོགས་པ་ལ་ཕ་ཡུལ་གྱི་རྣམ་པ་འཆར་བའི་ཆ་དེ་ལ་ཕ་ཡུལ་གྱི་དོན་སྤྱི་ཟེར་རེད། བུམ་པའི་དོན་སྤྱི་ཞོག་ཟེར་ན། བུམ་འཛིན་རྟོགས་པ་ལ་བུམ་པའི་སྣང་བ་འཆར་བ་དེ་ཨོའོ་བུམ་པའི་དོན་སྤྱི་ཟེར། བུམ་པའི་དོན་སྤྱི་ལ་ཞོག་དགོས་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཀ་བའི་དོན་སྤྱི་ཞོག་ཟེར་ན་ག་རེ་བཞག་དགོས་རེད། ཀ་བ་འཛིན་པའི་རྟོགས་པ་ལ་ཀ་བའི་སྣང་བ་འཆར་བ། ཀ་བ་མ་ཡིན་པ་ལས་ལོག་པར་སྣང་བ་ཡའི་ཟེར་གྱི་རེད། ཨོའོ་འདི་ཀ་བའི་དོན་སྤྱི་རེད། ཁྱིའི་དོན་སྤྱི་ཞོག། ཟེར་ན་ག་རེ་བཞག་གི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
     ཁྱི་འཛིན་པའི་རྟོགས་པ་ལ་ཁྱིའི་སྣང་བ་འཆར་བ་དེ། ཁྱི་མ་ཡིན་པ་ལས་ལོག་པར་སྣང་བ་དེ་ཨོའོ་ཁྱིའི་དོན་སྤྱི་རེད། ད་དེ་ཆོས་གང་ག་ལ་འཇོག་དགོས་རེད་དང་།ཡཱ། ཁྱེད་རང་གི་་ཨ་མའི་དོན་སྤྱི་ཞོག་ཟེར་ན་ག་རེ་བཞག་ག ཁྱེད་རང་ཨ་མ་ཡོའ་རེད་མ་རེད་ད་ལྟ། ཨ་མའི་དོན་སྤྱི་བཞག་ན་ག་རེ་བཞག་ག ཁྱེད་རང་གི་བློ་དེ་ལ་ཨ་མའི་སྣང་བ་ཅིག་འཆར་གྱི་འདུག་གམ་མི་འདུག ཨོའོ་འདི་ཨ་མའི་དོན་སྤྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨ་ཕའི་སྣང་བ་འཆར་གྱི་འདུག་གམ་མི་འདུག འཆར་གྱི་འདུག་གང་།  ཨོའོ་འདི་ཁྱེད་རང་གི་ཨ་ཕའི་དོན་སྤྱི་ཁོ་རེད། སྣང་བ་འཆར་མཁན་དེ་ཨ་ཕ་ངོ་མ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ངོ་མ་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ། དོན་སྤྱི་ཟེར་དེ་དེ་ལ་ཟེར་རེད། ཁོ། སྤྱང་པོ་ཞེ་པོ་འདུག་གང་། ཨོའོ་ཡཱ་ཡཱ། ཁྱོད་སྤྱང་པོ་འདུག། ཚད་མ་རིག་པ་སྦྱང་ན་ཡག་པོ་ཤེས་ཀྱི་རེད། དངོས་གནས་རེད། ཚད་མ་རིག་པ་ཟེར་མཁན་དེ་སྦྱང་བ་ལ་ཀླད་པ་སྤྱང་པོ་གོ་རེད། མི། ཀླད་པ་སྤྱང་པོ་མེད་ན་ཚད་མ་རིག་པ་ཤེས་བ་ཁག་པོ་བྱེད་ཀྱི་རེད། ཨོང་། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨ་ཕ་ངོ་མ་མ་རེད་ཟེར་ཁོས་ཏག་ཏག་རེད་པཱ། ཨ་ཕ་ངོ་མ་རེད། ད་ལྟ་ཁྱེད་རང་གི་ནང་གི་ཇ་དམ་གྱི་སྣང་བ་འཆར་གྱི་ཡོའོ་རེད་པཱ། འདི་ཇ་དམ་ངོ་མ་ཁོ་མ་རེད། ཇ་དམ་ངོ་མ་ཡིན་ན་ད་ཚོད་ཇ་དམ་ཁོ་མི་གཞན་དག་ཅིག་གི་བརྐུས་སོང་ན་ཧ་གོ། གོ་དགོས་ཀྱི་རེད་པཱ། ཧ་གོ་མི་འདུག་གང་ད་ལྟ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་འདི། དོན་སྤྱི་དོན་སྤྱི་ཟེར་འདི། དེ་ལ་ཟེར་རེད་ད། ད་དོན་སྤྱི་ཟེར་འདི་གང་ག་ལ་ཞོག་དགོས་རེད། གཞིས་ཀ་རྩེའི་དོན་སྤྱི་ཞོག་ཟེར་ན་ག་རེ་བཞག་ག གཞིས་ཀ་རྩེ་འཛིན་པའི་རྟོགས་པ་ལ་གཞིས་ཀ་རྩེའི་སྣང་བ་འཆར་བ། ཨོའོ། ད་ཡག་པོ་འདུག་གང་། ཨོའོ་ཡཱ་ཡཱ། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ནམ་མཁའ་བྱས། འགོག་བདེན་བྱས། བུམ་པའི་དོན་སྤྱི་བྱས། རེ་བོང་གི་རྭ་མེད་པ། རེ་བོང་གི་རྭ་མེད་པ་ཡོའོ་རེད་མ་རེད། རེ་བོང་གི་མགོ་ལ། རེ་བོང་གི་རྭ་ཟེར་ན་ག་རེ་ཟེར་གྱི་རེད། རེ་བོང་གི་མགོ་ལ་སྐྱེས་པའི་རྭ་ཟེར་གྱོ་ཡོའོ་རེད། ད་རེ་བོང་གི་མགོ་ལ་སྐྱེས་པའི་རྭ་ཅིག་ཡོའོ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཡོའོ་མ་རེད། སྤྱིར་བཏང་ཡོའོ་མ་རེད། ད་དམིགས་གསལ་ལ་འགའ་རེར་ཡོང་གི་རེད་པཱ། རེད་པཱ། དམིགས་གསལ། ཨའ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཡོང་སྲིད་ཀྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨཱ། ཡོང་སྲིད་ཀྱི་རེད། ཏག་ཏག་རེད། ཁྱེད་རང་གིས་ཟེར་ཡས་ད་ག་རེད། ཡོང་རེ་ཙམ་དེ་འདྲས་སྲིད་ཀྱི་རེད། ཡིན་ན་ཡང་རེ་བོང་གི་མགོ་ལ་རྭ་ཡོའོ་རེད་མ་རེད་ཟེར་ན། མེད་ཟེར་རྒྱུ་རེད་པཱ། ཨོང་། ང་ཚོའི་མིའི་མགོ་ལ་རྭ་ཡོའོ་རེད་མ་རེད་ཟེར་ན། མེད་ཟེར་རྒྱུ་རེད་པཱ། ཡིན་ན་ཡང་མིའི་མགོ་ལ་རྭ་སྐྱེས་སྲིད་ཀྱི་རེད་པཱ་མ་རེད་པཱ་ཟེར་ན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    སྲིད་ཀྱི་རེད། མིའི་མགོ་ལ་རྭ་སྐྱེས་པོ་དེ་གང་ཡིན་ནམ་ཟེར་ན། ད་ལྟ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ། ག་ཚོད་ཡིན་ན་ང་ལྔ་ཡིན་ན་ང་དྲུག་ཡིན་ན་ཅིག་ལ། རྨོ་བོ་གཅིག་ལ། རྭས་ཀོག། རྭ་གཉིས་སྐྱེས་བ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    རྒྱལ་ཁབ་གང་། ཁྱེད་རང་ཚོས་ཚགས་པར་མཐོང་མ་བྱུང་ངམ། རྭ་གཅིག་དེ་ཙམ་ཙམ་ཅིག་འདུག རྭ་གཅིག་དེ་ཙམ་ཙམ་ཅིག་འདུག རྨོ་བོ་གཅིག་གི་མགོ་ལ། དྲང་པོ་སྐྱེས་བ་རེད། དེ་རྒྱལ་ཁབ་ག་རུ་ཡིན་ན་ས་ཧ་གོ་མ་སོང་། གཞན་ཉིན་རེའི་ཚགས་པར་དེ་འདྲེས་ལ་འདོན་སོང་ང་། ངས་འདི། ཚགས་པར་འདི་མཐོང་བྱུང་། རྒྱལ་ཁབ་དེ་ངས་ཧ་གོ་མ་སོང་། ག་གི་ཡིན་ན། ཧ་གོ། ལོའོ་དེ་འདྲས་ཡོང་སྲིད་ཀྱི་རེད་པཱ། བུ་ལ་སྤུ་གུ་སྐྱེས་བ་སྲིད་ཀྱི་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུས་སྤུ་གུ་སྐྱེས་བ་འཇུག་མར་ཡོང་སྲིད་ཀྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མ་རེད། བུ་ལ། བུ་རང་ལ་སྤུ་གུ་སྐྱེས་བ་སྲིད་ཀྱི་རེད་མ་རེད། དེ་འདྲས་ཡའི་སྲིད་བ་རེད།སྲིད་ར། སྲིད་བ་རེད་དང་། དངོས་གནས་རེད་འདི་ཡིན། ཡིན་ཐག་ཆོད་རེད། སྲིད་ཀྱི་རེད། བུ་ལ་སྤུ་གུ་སྐྱེས་བ་སྲིད་ཀྱི་རེད་དང་། བུ། བུའི་འདི་ནས་སྤུ་གུ་སྐྱེས་བ་སྲིད་ཀྱི་རེད། བུའི་མ་གའི་ནས་འདི་སྐྱེས་ཀྱི་མ་རེད་པཱ། བུའི་དེ་བར་ནས་སྤུ་གུ་སྐྱེས་མཁན་ཡོའོ་རེད། རྩིབ་ལོག་དེ་འདྲས་ནས། ང་རང་ཚོའི་སྔན་མ་ཡིན་ན་ལོ་རྒྱུས་ལ་ཡིན་ན་དེ་ཡོའོ་རེད། རྒྱལ་པོ་གསོ་གཅོང་འཕགས་ཟེར་མན་གཅིག་ཡོའོ་རེད། རྒྱལ་པོ་གསོ་གཅོང་འཕགས་ཟེར་མཁན་དེ་འཁོར་ལོས་འགྱུར་བའི་རྒྱལ་པོ་རེད། དེ་ལ་སྤྱི་བོ་འདི་རུ་རྡོག་རྡོག་ཅིག་འདོན་པ་རེད། དེ་ནས་སྤུ་གུ་གཅིག་སྐྱེས་བ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    དེའི་མིང་ལ་རྒྱལ་པོ་སྤྱི་བོ་སྐྱེས་ཟེར་རེད། ཧ་གོ་སོང་ང་། རྒྱལ་པོ་སྤྱི་བོ་སྐྱེས་ཟེར། སྔོན་མ་སྔོན་མིའི་ལོ་རྒྱུས་རེད། སྒྲུང་ཡང་མ་རེད་འདི། དེ་འདྲས་ཡོང་སྲིད་ཀྱི་རེད་ད། བུ་ལ་སྤུ་གུ་སྐྱེས་པ་ཟེར་མཁན་དེ་ཡོང་སྲིད་མཁན་ཅིག་རེད་ད། འདི་ཡོང་མི་སྲིད་པ་གའི་ཡོའོ་མ་རེད། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུ་བུ་མོར་ལ་འགྲོ་བ་ཡོའོ་རེད་མ་རེད། ཨཱ། བུ་བུ་མོར་འགྲོ་བ་ཡོའོ་རེད་དང་། བུ་ལོ་སུམ་བཅུ་ཟེར་ནའི་བུ་མོར་འགྲོ་མཁན་ཡོའོ་རེད། ཨའེ། ཁྱེད་རང་ཚོས་གོ་མ་ཡོང་ངམ། འདི། ཁྱེད་རང་ཚོས་ཚགས་པར་མང་པོ་བལྟ་གི་་རེད་པཱ། ང་ཚོ་དེ་ནི་བོད་དུ་བསྡད་ནའི་འདི་འདུག་གང་བཟའ་ཚང་གཉིས་འདུག་ག རྒྱལ་ཁབ་གཅིག་རུ། བཟའ་ཚང་གཉིས་བྱས། བུ་དེ་བུ་མོར་ལ་ཕྱིན། བུ་མོ་དེ་བུ་ལ་ཕྱིན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བྱས་ཙང་ཁོང་གཉིས་སྔར་ནང་བཞིན་འཆང་ས་བརྒྱབ་ནས་བསྡད་འདུག་གང་། དེ་ཡང་ཉིན་རའི་ཚགས་པར་ནས་འདོན་པ་རེད། དེ་འདྲས་ཡོའོ་རེད། བུ་བུ་མོར་འགྲོ་བ་ཡའི་ཡོའོ་རེད། བུ་མོ་བུ་ལ་འགྲོ་བ་ཡའི་ཡོའོ་རེད། མི་ལ་ད་དུང་ད་དུང་ཏོག་ཙམ་ཉུང་བ་ཡོའོ་རེད་པཱ། རྭ་ལུག་དེ་ཚོ་ལ་མང་པོ་ཡོའོ་རེད། བྱ་ཕོ་བྱ་མོ་ལ་འགྲོ་མཁན་ཡོའོ་རེད། བྱ་མོ་་་་་བྱ་ཕོར་ལ་འགྲོ་མཁན་ཡོའོ་རེད། ངས་མིག་གི་མཐོང་བ་རེད་དེ་ཚོ་ཡང་། ཧ་གོ་སོང་ང་། ཨོའོ་དེ་འདྲས་སྲིད་ཀྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མིའི་མགོ་ལའི་རྭ་ཀོག་སྐྱེས་བ་ཡའི་སྲིད་ཀྱི་རེད། ད་ཤེས། སྲིད་ཚད་དང་ག་ཡོད་ཟེར་ན་འགྲིག་གི་མ་རེད། དཔེར་ན་ལོ་གཅིག་འདི་བྱུང་སོང་ངམ་མ་བྱུང་སོང་ང་། བུ་མོ་གཅིག་ལོ་ཉི་ཤུ་རྩ་གཉིས་གཉིད་ཁུག་པ་དེ་ཁྱེད་རང་ཚོས་ཚགས་པར་མཐོང་བྱུང་ངམ་མ་བྱུང་ངམ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུ་མོ་གཅིག། ལོ་ཉི་ཤུ་རྩ་གཉིས་གཉིད་ཁུག་པ་རེད་ཟེར། ལོ་ཉི་ཤུ་རྩ་གཉིས། ལོ་ཉི་ཤུ་རྩ་གཉིས་ཧ་གོ་གི་རེད་པཱ། ལོ་གྲངས་ཀ་རྒྱབ་ནས་གཅིག་གཉིས་གསུམ་བཞི་ཟེར། ལོ་ཉི་ཤུ་རྩ་གཉིས་གཉིད་ཁུག་ནས་བསྡད་པ་རེད་ཟེར། ད་ལོ་ཉི་ཤུ་རྩ་གཉིས་གཉིད་ཁུག་དུས། ལོ་ཉི་ཤུ་རྩ་གཉིས་རེད་ཟེར་མོ། གཉིད་སད་དུས་ལོ་བཞི་ཅུ་ཞེ་གཉིས་སླེབས་རེད་ཟེར། དེ་དུས་བུ་མོ་འདི་སྔར་ནང་བཞིན། ལོ་ཉི་ཤུ་རྩ་གཉིས་ཀྱི་ཁོ་རང་ལ་བསྡད་ཡོའོ་རེད་ཟེར། མ་རྒས་པ་བྱས། ད་གཉིད་སད་ཚར་རེད་པཱ། ད་དེ་ནས་མགྱོགས་པོ་མགྱོགས་པོ་རྒས་ཀྱི་ཡོའོ་རེད། དེ་འདྲས་ཡོའོ་རེད་དང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཧ་གོ་སོང་ང་། ད་འདི་གཉིད་རང་ད་ཡིན་ན་མིན་ན། ང་བྱས་ན་འགོག་པའི། འགོག་པའི་སྙོམས་འཇུག་ཟེར་མཁན་ཅིག་ཡོའོ་རེད། ཨོའོ་དེ་འདྲས་མིན་འགྲོ་བསམ། ང་རང་གི་དོགས་པ་བྱེད་ཀྱི་ཡོད། ད་གཉིད་རང་ད་ཡིན་འགྲོ་མིན་འགྲོ། གཞན་འགོག་པའི་སྙོམས་འཇུག་་ཟེར་མཁན་དེ་ལ་ལོ་མང་པོ་བསྡད་མཁན་དེ་འདྲས་ཡོའོ་རེད། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
     ལོ་བརྒྱ་ཕྲག་བསྡད་མཁན་དེ་འདྲས་ཡོའོ་རེད། ཧ་གོ་ཡོང་ངམ་དེ་འདྲས། ཁྱེད་སྤྱང་པོ་འདུག ཞེ་དྲག་སྤྱང་པོ་འདུག ཨོའོ་ཡཱ་་་་་་། ཨོའོ་དེ་འདྲས་ཡོའོ་རེད་ཧ་གོ་སོང་ང་། ཨོང་བྱས། ད་རི་བོང་རྭ་མེད་པ་ཟེར་མཁན་དེ་ཤེས་སོང་ང་། ཨཱ། ཨོའོ། རེ་བོང་གི་མགོ་ལ་ཡ་རྭ་སྐྱེས་སྲིད། རེད་ད་དེ་འདྲས་སྲིད་ཀྱི་རེད་པཱ། སྲིད་ན་ཡང་རེ་བོང་གི་མགོ་ལ་རྭ་ཡོད་ཟེར་ན་འགྲིག་པ་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་འདི་བྱས་པ་དང་། ད་ཁྱེད་རང་ཚོས་དེ་ནས་མར་རི་བོང་གི་རྭ་མེད་པ་སོགས། ཆོས་ཐམས་ཅད་ལ་སྦྱར་ཏེ་དེ་དག་ཤེས་བྱ་ཡིན་ཚུལ་ཤེས་པར་བྱའོ་ཟེར། རི་བོང་གི་རྭ་མེད་པ་དེ་ཤེས་བྱ་རེད་མ་རེད། ཤེས་བྱ་ཡིན་པའི་རྒྱུ་མཚན་ག་རེ་རེད། བློའི་ཡུལ་དུ་བྱ་རུང་ཡིན་པའི་རྒྱུ་མཚན་གྱི་ཤེས་བྱ་རེད་ཟེར། ཁྱེད་རང་ཤེས་བྱ་རེད་མ་རེད། ཤེས་བྱ་ཡིན་པའི་རྒྱུ་མཚན་ག་རེ་རེད། བློའི་ཡུལ་དུ་བྱ་རང་ཡིན་པའི་རྒྱུ་མཚན་གྱིས་ཤེས་བྱ་རེད་ཟེར། ང་ཤེས་བྱ་རེད་མ་རེད། ཤེས་བྱ་ཡིན་པའི་རྒྱུ་མཚན་ག་རེ་རེད། བློའི་ཡུལ་དུ་བྱ་རང་ཡིན་པའི་རྒྱུ་མཚན། ཨོའོ་ད་ག་རེད། ད་དོན་དག་ཁོ་འདི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་མཚན་ཉིད་མཚན་ཉིད་ཟེར། མཚན་ཉིད་ཀྱིས་མཚོན། མཚན་གཞི་མཚོན་པར་བྱེད་ཀྱི་ཡོའོ་རེད། མཚན་གཞི་མཚོན་པར་བྱེད་ཀྱི་ཡོའོ་རེད། ཁོ་མཚན་གཞི་དེ་ཤེས་བྱ་ཡིན་པ་ག་འདྲས་ཟེར་མཚོན་གྱི་ཡོའོ་རེད་ཟེར་ན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
     བློའི་ཡུལ་དུ་བྱ་རང་ཡིན་པའི་རྒྱུ་མཚན་གྱིས། ཤེས་བྱ་རེད་ཟེར་འཇོག་ཐུབ་ཀྱི་ཡོའོ་རེད་ཨོའོ་དེ་ལ་མཚན་གཞི་དེ་མཚོན་པར་བྱེད་མཁན་གྱིས་མཚོན་བྱེད་དམ་མཚན་ཉིད་ཟེར་ཡས་གཙོ་བོ་དེ་ལ་ཟེར་རེད། ད་དེ་ནས་མར་བལྟས་ཨཱ། མཚན་ཉིད་དེ་རང་གི་མཚོན་བྱའི་རང་ལྡོག་དེ་ཉིད་བྱས་བ་རེད། གཞན་དང་མ་འདྲེས་པར་མཚོན་ཚུལ་དེ་ཡང་ཞིབ་པར་བཤད་ན། ཡང་ད་དུང་ཞིབ་ཏུ་བཤད་དུ་བཤད་པ་ཡིན་ན། མཚན་ཉིད་མཚན་ཉིད་ཅིག་ཡོའོ་རེད་པཱ། མཚན་ཉིད་དེས་རང་གི་མཚོན་བྱའི་རང་ལྡོག
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་དཔེར་ན། བློའི་ཡུལ་དུ་བྱ་རང་དེ་མཚན་ཉིད་རེད་མ་རེད། ཤེས་བྱའི་མཚན་ཉིད་རེད་པཱ། ད་ཤེས་བྱའི་རང་ལྡོག་ཁོ་བློའི་ཡུལ་དུ་བྱ་རང་ཁོས་མཚོན་པར་བྱེད་ཀྱི་ཡོའོ་རེད་མ་རེད། ཤེས་བྱའི་རང་ལྡོག་ཟེར་ན། ཤེས་བྱ་ཁོ་རང་ལ་ཟེར་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མཚོན་པར་བྱེད་ཀྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་མཚོན་པར་བྱེད་ཀྱི་ཡོའོ་རེད་པཱ། ད་བྱས་ཙང་འདི་འདི་ཟེར་གྱི་ཡོའོ་རེད། ག་རེ་ཟེར་དགོས་རེད། མཚན་ཉིད་དེ་རང་གི་མཚོན་བྱའི་རང་ལྡོག་དེ་ཉིད་གཞན་དང་མ་འདྲས་པར་མཚོན་ཚུལ་དེ་ཡང་ཞིབ་པར་བཤད་ན་དེ་འདྲ་རེད་ཟེར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་དེ་བློའི་ཡུལ་དུ་བྱ་རང་ཡིན་པའི་ཆ་ནས། ཤེས་བྱ་ཡིན་པ་དང་། འདི་ཏག་ཏག་རེད་པཱ། བུམ་པ་འདི་བློའི་ཡུལ་དུ་བྱ་རང་ཡིན་པའི་ཆ་ནས་ཤེས་བྱ་རེད་མ་རེད། རེད་མ་རེད། བུམ་པ་དེ་བླཱི་ཡུལ་དུ་བྱ་རང་ཡིན་པའི་ཆ་ནས། ཤེས་བྱ་རེད་མ་རེད། བུམ་པ་དེ་ཚད་མས་་རྟོགས་པར་བྱ་བ་ཡིན་པའི་ཆ་ནས། གཞལ་བྱ་རེད་མ་རེད། བུམ་པ་དེ་མཚན་མེད་གྲུབ་པ་ཡིན་པའི་ཆ་ནས་གཞི་གྲུབ་རེད་མ་རེད། བུམ་པ་དེ་རང་གི་ངོ་བོ་འཛིན་པ་ཡིན་པའི་ཆ་ནས། ཆོས་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་དེ་འདྲས་ཟེར་འཇོག་དགོས་རེད། བུམ་པ་དེ་དོན་བྱེད་ནུས་པ་ཡིན་པའི་ཆ་ནས་དངོས་པོ་རེད་མ་རེད། རེད་པཱ། ཨོའོ་འདི། ཞིབ་ཏུ་བཤད་ན་དེ་འདྲས་རེད་བྱས་བ་རེད། བུམ་པ་དེ་བློའི་ཡུལ་དུ་བྱ་རང་ཡིན་པའི་ཆ་ནས་ཤེས་བྱ་ཡིན་པ་དང་། བུམ་པ་དེ་ཚད་མས་དམིགས་པ་ཡིན་པའི་ཆ་ནས་ཡོད་པ་ཡིན་པ་དང་། ཡོད་པ་ཡིན་པར་འཇོག་པ་རེད་བྱས་བ་རེད། བུམ་པ་དེ་དོན་བྱེད་ནུས་པ་ཡིན་པའི་ཆ་ནས་དངོས་པོ་ཡིན་པར་འཇོག་པ་དང་། དང་དང་ཟེར་མཁན་དེ་རེད་ཟེར་གྱི་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་དེ་བློའི་ཡུལ་དུ་བྱ་རང་ཡིན་པའི་ཆ་ནས་ཤེས་བྱར་འཇོག་པ་རེད་མ་རེད། བུམ་པ་དེ་མཚན་མེད་དམིགས་པ་ཡིན་པའི་ཆ་ནས་ཡོད་པར་འཇོག་པ་རེད་མ་རེད། བུམ་པ་དེ་དོན་བྱེད་ནུས་པ་ཡིན་པའི་ཆ་ནས་དངོས་པོར་འཇོག་པ་རེད་མ་རེད། ཨོའོ་འདུག་བཟོ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་དེ་དོན་བྱེད་ནུས་པ་ཡིན་པའི་ཆ་ནས་དངོས་པོ་ཡིན་པ་དང་། བུམ་པ་དེ་གཟུགས་སུ་རང་བ་ཡིན་པའི་ཆ་ནས་གཟུགས་ཡིན་པར་འཇོག་པ་རེད་མ་རེད། ཨཱ། གཟུགས་སུ་རུང་བ་དེ་གཟུགས་ཀྱི་མཚན་ཉིད་རེད་མ་རེད། ཨོའོ་འདུག་དེ། བུམ་པ་དེ་གཟུགས་སུ་རུང་བ་ཡིན་པའི་ཆ་ནས་གཟུགས་ཡིན་པ་དང་།བུམ་པ་དེ་སྐད་ཅིག་མ་ཡིན་པའི་ཆ་ནས་མི་རྟག་པར་བཞག་པར་རེད་མ་རེད། སྐད་ཅིག་མ་མི་རྟག་པའི་མཚན་ཉིད་རེད་མ་རེད། བྱས་ཙང་བུམ་པ་དེ་མི་རྟག་པ་རེད་མ་རེད། བུམ་པ་མི་རྟག་པ་ཡིན་པ་གང་གི་སྒོ་ནས་བཞག་པ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་སྐད་ཅིག་མ་ཡིན་པའི་ཆ་ནས། ཨོའོ་སྐད་ཅིག་མ་ཡིན་པའི་ཆ་ནས། མི་རྟག་པར་འཇོག་པར་རེད་བྱས་བ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཆ་ནས་མི་རྟག་པ་ཡིན་པ་དང་། བུམ་པ་བློའི་ཡུལ་དུ་བྱ་རང་ཡིན་པ་སོགས་ཀྱི་མཚན་ཉིད་ལྡོག་པ་དུ་མ་དང་། བུམ་པ་བློའི་ཡུལ་དུ་བྱ་རང་ཡིན་པ་སོགས། མཚན་ཉིད་ཀྱི་ལྡོག་པ་དུ་མ་དང་། བུམ་པ་ཤེས་བྱ་ཡིན་པ་སོགས། མཚོན་བྱའི་ལྡོག་པ་དུ་མ་བུམ་པ་རང་གི་རང་བཞིན་དུ་གྲུབ་པའམ། ངོ་བོ་གཅིག་ཏུ་ཡོད་པ་ཡིན་གྱིས། བློའོ་ཡུལ་དུ་བྱ་རུང་ལ་སོགས་པའི་མཚན་ཉིད་རྣམས་ཀྱིས། བུམ་པ་ཤེས་བྱའི། སོགས་ཡིན་པར་བཅད་པའི་དབང་གིས། བུམ་པ་དེ་ལ་ལྡོག་པ་དེ་དང་གསར་དུ་གྲུབ་པ་ནི་མིན་ནོ། ད་འདི་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་འདི་ཟེར་གྱི་ཡོའོ་རེད་དོ། བུམ་པ་བློའི་ཡུལ་དུ་བྱ་རང་ཡིན་པ་སོགས། མཚན་ཉིད་ཀྱི་ལྡོག་པ་དུ་མ་དང་། ད་བུམ་པ་བློའི་ཡུལ་དུ་བྱ་རང་རེད་མ་རེད། བུམ་པ་མཚན་མེད་གྲུབ་པ་རེད་མ་རེད། བུམ་པ་རང་གི་རང་བཞིན་འཛིན་པ་རེད་མ་རེད། བུམ་པ་མཚན་མེད་གྲུབ་རེད་མ་རེད། བུམ་པ་དོན་བྱེད་ནུས་པ་རེད་མ་རེད། མཚན་ཉིད་ཀྱི་ལྡོག་པ་དུ་མ་ཟེར་ཨོའོ་དེ་ལ་ཟེར་རེད། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
     བུམ་པ་བློའི་ཡུལ་དུ་བྱ་རང་ཡིན་པ་སོགས། མཚན་ཉིད་ཀྱི་ལྡོག་པ་དུ་མ་ཟེར་མཁན་ཁོ། མི་རྟག་པ། བུམ་པ་སྐད་ཅིག་མ་རེད་མ་རེད། ཨོའོ་བྱས་ཙང་། ལྡོག་པ་དུ་མ། མཚན་ཉིད་ཀྱི་ལྡོག་པ་དུ་མ་དང་། ད་ཡང་བུམ་པ་ཤེས་བྱ་ཡིན་པ་སོགས་མཚོན་བྱའི་ལྡོག་པ་ཟེར་འདུག་ག བུམ་པ་ཤེས་བྱ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་གཞག་བྱ་རེད་མ་རེད། ཡོད་པ་རེད་མ་རེད། དངོས་པོ་རེད་མ་རེད། མི་རྟག་པ་རེད་མ་རེད། བྱས་པ་རེད་མ་རེད། ཨོའོ། འདི། དེ་ཚོ་གང་ག་འདི་རེད་པཱ། མཚོན་བྱ་རེད་པཱ། འོ་བུམ་པ་ཤེས་བྱ་ཡིན་པ་སོགས། སོགས་ཟེར་མཁན་དེ་མང་ཚིག་རེད་པཱ། བསྡུས་པའི་ཟེར་གྱི་རེད་པཱ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་ཤེས་བྱ་ཡིན་པ་སོགས་མཚོན་བྱའི་ལྡོག་པ་དུ་མ། བུམ་པ་རང་གི་རང་བཞིན་དུ་གྲུབ་པའམ། ད་དེ། བུམ་པ་ཤེས་བྱ་ཡིན་པ་སོགས་ཀྱི་ལྡོག་པ་དུ་མ་ཡོའོ་རེད།  བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན་པ་སོགས་ཀྱི་ལྡོག་པ་དུ་མ་ཡོའོ་རེད་ཟེར། དེ་གས་དེ་བུམ་པའི་སྟེང་དུ་ཡོའོ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་ཤེས་བྱ་ཡིན་པའི་ཆ། བུམ་པ་ཡོད་པ་ཡིན་པའི་ཆ། བུམ་པ་གཞི་གྲུབ་ཡིན་པའི་ཆ་དེ་ཚོ་གང་ག་བུམ་པ་ཁོ་རང་གི་སྟེང་ན་ཡོའོ་རེད་མ་རེད། བུམ་པ་རང་། བུམ་པ་ཁོ་རང་གི་རང་བཞིན་དུ་ཡོའོ་རེད་མ་རེད། ཨོའོ་འདི་ལ། འདི་ཟེར་གྱི་ཡོའོ་རེད། བུམ་པ་བཞག་རུང་ཡིན་པ་སོགས་མཆན་ཉིད་ཀྱི་ལྡོག་པ་དུ་མ་དང་། བུམ་པ་ཤེས་བྱ་ཡིན་པ་སོགས་མཚོན་བྱ། མཚོན་བྱའི་ལྡོག་པ་དུ་མ། བུམ་པ་རང་གི་རང་བཞིན་དུ་གྲུབ་པའམ་ཟེར། ཨོའོ་རང་གི་ངོ་བོ་གཅིག་ཏུ། ངོ་བོ་གཅིག་ཏུ་ཡོད་པ་ཡིན་གྱིས་ཟེར། བུམ་པ་ཤེས་བྱ་ཡིན་པ་དེ་བུམ་པ་དང་ངོ་བོ་གཅིག་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་གཞལ་བྱ་ཡིན་པ་དེ་བུམ་པ་དང་ངོ་བོ་གཅིག་པ་རེད། བུམ་པ་མི་རྟག་པ་ཡིན་པ་དེ་བུམ་པ་དང་ངོ་བོ་གཅིག་པ་རེད། ཨོང་ཨོང་། ངོ་བོ་གཅིག་ཏུ་ཡོད་པ་ཡིན་གྱིས་ཟེར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བློའི་ཡུལ་དུ་བྱ་རང་ལ་སོགས་པའི་མཚན་ཉིད་རྣམས་ཀྱིས། ད་བློའི་ཡུལ་དུ་བྱ་རུང་། ཨོའོ། ཡོའོ་རེད་པཱ། དེས་བུམ་པ་ཤེས་བྱ་སོགས་ཡིན་པར་བཅད་པའི་དབང་གིས། བཅད་པའི་དབང་གིས་བུམ་པ་དེ་ལ་ལྡོག་པ་དེ་དག། ལྡོག་པ་དེ་དག་གསར་དུ་གྲུབ་པ་ནི་མིན་ནོ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ད་བུམ་པ་དེ་དག། བུམ་པ་ཡོད་པ། བུམ་པ་ཤེས་བྱ། བུམ་པ་གཞག་བྱ། བུམ་པ་གཞི་གྲུབ། བུམ་པ་ཨ་དེ་ནས་ག་རེ་ཟེར་དགོས་རེད། བདག་མེད་ཡིན་པ་སོགས། བུམ་པ་ལ་བཅད་པའི་དབང་གི་དེ་ནི་བུམ་པའི་སྟེང་དུ་གསར་དུ་གྲུབ་པ་ཅིག་རེད་མ་རེད་ཟེར་ན། མ་རེད་བྱས་བ་རེད། ཧ་གོ་སོང་ང་ཨོའོ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    གསར་དུ་གྲུབ་པ་ནི་མིན་ནོ་ཟེར་བྱས། དེ་ལ་བློའི་ཡུལ་དུ་བྱ་རང་གི་བུམ་པ་ཤེས་བྱ་ཡིན་པའི་ཆ་ཁོ་ན་འཇོག་བར་ནུས་པས་གོ་བར་བྱེད་ནུས་པ། བུམ་པ་བློའི་ཡུལ་དུ་བྱ་རུང་གིས། བྱ་རུང་རེད་མ་རེད་ཟེར་ན། རེད་པཱ། བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན། ཡིན་པའི་རྒྱུ་མཚན་གྱི། བུམ་པ་ཤེས་བྱ་ཡིན་པའི་ཆ་ཁོ་ན་འཇོག་པ་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་ཤེས་བྱ་ཡིན་པར་ག་གིས་འཇོག་པ་རེད། བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན་པའི་ཆ་ནས་འཇོག་པ་རེད་པཱ། ད་ཡང་བུམ་པ་གཞག་བྱ་ཡིན་པ་གང་གིས་གོ་ནས་འཇོག་པ་རེད། བུམ་པ་མཚན་མས་རྟོགས་པ་ཡིན་པའི་ཆ་ནས་འཇོག་པ་རེད་པཱ། བུམ་པ་མི་རྟག་པ་ཡིན་པ་གང་གི་སྒོ་ནས། གང་གི་ཆ་ནས་འཇོག་པ་རེད། བུམ་པ་སྐད་ཅིག་མ་ཡིན་པའི་ཆ་ནས་འཇོག་པ་རེད་པཱ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་བྱས་པ་ཡིན་པ་གང་གི་སྒོ་ནས་འཇོག་པ་རེད། བུམ་པ་སྐྱེས་པ་ཡིན་པའི་ཆ་ནས་འཇོག་པ་རེད་པཱ། བུམ་པ་ཆོས་ཡིན་པ་དེ་གང་གི་སྒོ་ནས་འཇོག་པ་རེད། རང་གི་རང་བཞིན་དུ། རང་གི་ངོ་བོ་འཛིན་པའི་སྒོ་ནས་བཞག་པ་རེད་པཱ། ཨོའོ་འདུག་བཟོ་ཟེར་གྱི་ཡོའོ་རེད། ད་འདི། ཤེས་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་དེ་བློའི་ཡུལ་དུ་བྱ་རུང་ཡིན་པའི་ཆ་ནས་ཤེས་བྱ་ཡིན་པ་དང་། བུམ་པ་དེ་མཚན་མེད་དམིགས་པའི་ཆ་ནས་ཡོད་པ་ཡིན་པ། བུམ་པ་དེ་དོན་བྱེད་ནུས་པ། གང་ཟགས་འདི། འདི་བྱས། ཨའ།བུམ་པ་ཤེས་བྱ་ཡིན་པ་སོགས་མཚོན་བྱའི་ལྡོག་པ་དུ་མ། བུམ་པ་རང་གི་རང་བཞིན་དུ་གྲུབ་པའམ་ངོ་བོ་གཅིག་ཏུ་ཡོད་པ་ཡིན་གྱི། བློའི་ཡུལ་དུ་བྱ་རུང་ལ་སོགས་པའི་མཚན་ཉིད་རྣམས་ཀྱིས། བུམ་པ་འདི་ཤེས་བྱ་ཡིན་པ་སོགས། ཡིན་པར་བཅད་་པའི་དབང་གིས། དེ་ནི་བུམ་པ་དེ་ལ་ལྡོག་པ་དེ་དག་གསར་དུ་གྲུབ་པ་དེ་འདྲས་མ་རེད་བྱས་བ་རེད། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    གསར་དུ་གྲུབ་པ་མ་ཡིན་པ་ཟེར་ན།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    གསར་ཏུ་གྲུབ་པ་མ་ཡིན་པ་ཟེར་ན། གསར་དུ་སྐྱེས་པ་མ་རེད་ཟེར་གྱི་ཡོའོ་རེད། བུམ་པ་ཡོད་པ་ཡིན་པ་དེ་གསར་ཏུ་སྐྱེས་པ་མ་རེད་བྱས་བ་རེད། གང་རེད་ཟེར་ན། བུམ་པ་ཡོད་པ་ཡིན་པ་ཁོ་རྟག་པ་རེད། འདིས་བྱས་བ་རེད། ཧ་གོ་སོང་ང་།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་ཡོད་པ་ཡིན་པ།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་བུམ། ཡོད་པ་ཡིན་པ་དེ་རྟག་པ་ཡིན་ཟེར་གྱི་ཡོའོ་རེད། ཧ་གོ་སོང་ང་། ད་གསར་ཏུ་སྐྱེས་ཟེར་ན་དེ་ཚོ་རེད་པཱ། འདི་གསར་ཏུ་སྐྱེས་པ་རེད་མ་རེད། ཨོའོ་དངོས་པོ་གང་ག་གསར་ཏུ་སྐྱེས་པ་ཡིན་ཟེར་གྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    རྟག་པ་གང་ག་གསར་ཏུ་སྐྱེས་པ་མ་རེད། ཧ་གོ་སོང་ང་། ཁྱེད་རང་གསར་ཏུ་སྐྱེས་པ་རེད་མ་རེད། སྐྱེས་པ་རེད། གསར་ཏུ་སྐྱེས་དགོས་བྱུང་། ད་ལྟ་ད་ལྟ་སྐྱེས་ཀྱི་རེད། འདུག་བཟོ་དེ་འདྲས་ཀྱི། ཡོད། ཆུ་ཚོད་ཚག་་་་་་་ཟེར་སྟངས་རེ་རེ་ལ་ཁྱེད་རང་ལ་འགྱུར་ལྡོག་རེ་རེ་ཡོང་གི་རེད་མ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཡོང་གི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ་བྱས་ཙང་གསར་ཏུ་སྐྱེས་པ་རེད། ལམ་སང་ལམ་སང་ཆུ་ཚོད་གཅིག་ཕྱིན་པ་དང་གསར་ཏུ་སྐྱེས། ཆུ་ཚོད་གཉིས་ཕྱིན་པ་དང་གསར་ཏུ་སྐྱེས། ཆུ་ཚོད་གསུམ་སྐྱེས་པ་དང་གསར་ཏུ་དེ་འདྲས་ཟེར་རྦད་དེ། ཧ་གོ་སོང་ང་། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ། གསར་ཏུ་སྐྱེས་སྐྱེས་ཟེར་ཡས་དེ་འདི་ལ་ཟེར་རེད། གསར་ཏུ་གྲུབ་པ་ནི་མིན་ནོ་ཟེར་བྱས། དེ་ལ་བློའི་ཡུལ་དུ་བྱ་རང་གིས་བུམ་པ་ཤེས་བྱ་ཡིན་པའི་ཆ་ཁོ་ན་འཇོག་ནུས་པ་དང་། གོ་བར་བྱེད་ནུས་པ་ཡིན་གྱིས། བློའི་ཡུལ་དུ་བྱ་རུང་དེ་བུམ་པ་ཡོད་པ་ཡིན་པ་ལ་སོགས་པའི་ལྡོག་པ་གཞན་རྣམས་ནི་འཇོག་པ་དང་། གོ་བར་བྱེད་པ་ནི། གོ་བར་བྱེད་མི་ནུས་ཟེར། ད་བུམ་པ་བློའི་ཡུལ་དུ་བྱ་རང་ཡིན་པའི་ཆ་ནས་བུམ་པ་ཤེས་བྱར་གོ་བར་བྱས་པ་རེད་བྱས་བ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཡིན་ན་ཡང་བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན་པའི་ཆ་ནས་བུམ་པ་གཞལ་བྱར་གོ་ཐུབ་ཀྱི་མ་རེད་བྱས་བ་རེད། བུམ་པ་གཞག་བྱར་གོ་བར་བྱེད་ཀྱི་མ་རེད་བྱས་བ་རེད། འདི་ཤེས་སོང་ང་། ཨོའོ་འདི་ཟེར་གྱི་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    གཞན་རྣམས་ནི་འཇོག་པ་དང་གོ་བར་བྱེད་མི་ནུས་སྟེ། བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན་པའི་རྒྱུ་མཚན་གྱིས། བུམ་པ་ཤེས་བྱ་ཡིན་པའི་ཆ་གོ་བར་འགྱུར་བ་ལས། བུམ་པ་ཡོད་པ་ཡིན་པ་ལ་སོགས་པའི་ལྡོག་པ་གཞན་རྣམས་གོ་བར་མི་འགྱུར་བས་སོ། ཟེར། གོ་གི་མ་རེད་བྱས་བ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    མི་གོ་བ་འདི་ག་རེས་བྱས་པ་རེད་ཟེར་སོང་ན། དེར་ཐལ་ཟེར། དེར་ཐལ་་ཟེར་ན་ག་རེ་ཟེར་གྱི་ཡོའོ་རེད་པ། དེ་ཡིན་པར་ཐལ། ཨོའོ། ཡང་ན་དེ་ཡིན་པར་ཐལ། ཡང་ན་དེ་མིན་པར་ཐལ། ཡང་ན་དེ་ཡོད། ཐལ་ཐལ་ཟེར་མཁན་དེ་གང་ཡོའོ། ཡོད་པར་ཐལ། ཡིན་པར་ཐལ། མེད་པར་ཐལ། 
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    ཨོའོ། དངོས་པོ་ཡིན་པར་ཐལ། ཤེས་བྱ་ཡིན་པར་ཐལ་ཟེར། ཐལ་ལ་གང་ཡང་ཟེར་གྱི་རེད། ཧ་གོ་སོང་ང་། ཐལ་ཟེར་མཁན་དེ་ལ། གང་ལའི་སྦྱར་རྒྱུ་ཡོའོ་རེད། ཕྱིར་ཟེར་མཁན་དེའི་གང་ལའི་སྦྱར་རྒྱུ་ཡོའོ་རེད། དངོས་པོ་ཡིན་པའི་ཕྱིར། ཤེས་བྱ་ཡིན་པའི་ཕྱིར། བུམ་པ་ཡིན་པའི་ཕྱིར། མི་རྟག་པ་ཡིན་པའི་ཕྱིར།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    གཞལ་བྱ་་ཡིན་པའི་ཕྱིར། གཞི་གྲུབ་ཡིན་པའི་ཕྱིར། ཆོས་ཡིན་པའི་ཕྱིར་ཟེར། གང་ག་ཕྱིར་ཕྱིར་ཟེར་ཕྱིན་པ་རེད། ཕྱིར་ཕྱིར་ཟེར་མཁན་དེ་རྒྱུ་མཚན་རེད། ད་དཔེར་ན་ཁྱེད་རང་ང་ལ་བུམ་པ་དངོས་པོ། ཡིན་པར་ཐལ་ཟེར་གྱི་རེད་པཱ། ངས་འདོད་ཟེར་གྱི་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
     བུམ་པ་དངོས་པོ་ཡིན་པར་འདོད་ཟེར། བུམ་པ་དངོས་པོ་ཡིན་པར་འདོད་ཟེར་དུས་ག་རེ་ཟེར་གྱི་ཡོའོ་རེད་པཱ། བུམ་པ་དངོས་པོ་ཡིན་ཟེར། ཡིན་པ་ཐལ་ལ་འདོད་ཟེར་དུས་ཡིན་ཟེར་གྱི་ཡོའོ་རེད། བུམ་པ་དངོས་པོ་མ་ཡིན་པ་ཐལ་ཟེར་སོང་ན། འདོད་ཟེར་ན། བུམ་པ་དངོས་པོ་མ་ཡིན་པར་འདོད་ཟེར་གྱི་ཡོའོ་རེད།
  • དགེ་རྒན་ཆེན་མོ་ཚེ་དབང་ལགས།
    བུམ་པ་དངོས་པོ་མ་ཡིན་པར་འདོད་ཟེར་ན་འགྲིག་པ་རེད་མ་རེད། མ་འགྲིག་པ་རེད། བུམ་པ་དངོས་པོ་ཡིན་པར་ཐལ་ཟེར་མཁན་དེ་ལ། འདོད་ཟེར་ན་འགྲིག་པ་རེད་མ་རེད། འགྲིག་པ་རེད། བུམ་པ་དངོས་པོ་ཡིན་པར་འདོད། ང་བུམ་པ་དངོས་པོ་ཡིན་བསམ་གྱི་འདུག་ཟེར་གྱི་ཡོའོ་རེད། ཡིན་པར་འདོད་ཟེར་དུས་ཙམ་ནས། ཡིན་པར་འདོད་དོ། ང་བསམ་གྱི་འདུག་ཟེར་གྱི་ཡོའོ་རེད། ཧ་གོ་སོང་།