Video Overview
Tsewang on Logic: Part five of five.
- ད་བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན་པའི་རྒྱུ་མཚན་གྱིས། བུམ་པ་ཤེས་བྱ་ཡིན་པའི་ཆ། དེ། གོ་བར་འགྱུར་བ་ལས། བུམ་པ་ཡོད་པ་ཡིན་པ་ལ་སོགས་པའི་ལྡོག་པ་གཞན་རྣམས་ལ་གོ་བར་ནུས་ཀྱི་མ་རེད། བྱས་བ་རེད།
- དེར་ཐལ། བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན་པའི་རྒྱུ་མཚན་གྱིས། ཤེས་བྱ་ཡིན་པར་ཤེས་ཀྱང་། བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན་པའི་རྒྱུ་མཚན་གྱིས། ཤེས་བྱ་ཡིན་པར་ཤེས་ཀྱི་རེད། ཟེར། དེ་ལྟར་ཤེས་ཀྱང་འདི་ནི་བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན་པའི་རྒྱུ་མཚན་གྱིས། འདི་ནི་ཡོད་པ་ཡིན་པར་མ་ཤེས་པའི་གང་ཟག་ཡོད་པའི་ཕྱིར། ཟེར།
- ཨོའོ་དེ། དེ་འདྲས་ཡོང་གི་རེད་མ་རེད། བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན་པ་ཤེས། བུམ་པ་ཡོད་པ་ཡིན་པར་མ་ཤེས་པ་དེ་འདྲས་ཡོའོ་རེད་པཱ། ཡོང་གི་རེད་པཱ།
- ཨོང་། དེར་ཐལ། ཟེར་གྱི་ཡོའོ་རེད། དེ་ཡོད་པར་ཐལ། ཟེར་གྱི་ཡོའོ་རེད། བུམ་པ་གཟུགས་རུང་ཡིན་པའི་རྒྱུ་མཚན་གྱིས། གཟུགས་ཡིན་པར་ཤེས། ཕུང་པོ་ཡིན་པར་མ་ཤེས་པའི་གང་ཟག་ཡོང་གི་རེད་མ་རེད། བུམ་པ་གཟུགས་ཡིན་པར་ཤེས། བུམ་པ་ཕུང་པོ་ཡིན་པར་མ་ཤེས་པ་དེ་འདྲས་ཡོང་གི་རེད་མ་རེད། དེ་ཡང་ཡོང་གི་རེད་པཱ།
- བུམ་པ་གཟུགས་རེད་ཟེར་རྦད་དེ་ཤེས། ཕུང་པོ་རེད་པས་ཟེར་ན། གང་ཞིག ང་ཧ་གོ་གི་མིན་འདུག་ཟེར་མཁན་ཡོང་གི་རེད་མ་རེད། ཨོའོ་འདི་ཟེར་གྱི་རེད།
- ཁའོ་ན། མཚོན་བྱ་དེ་མིང་དང་དོན་གཅིག་རེད་པས། མིང་དང་ཁྱད་པར་ཡོའོ་རེད་པས།
- ཀཨོའོ་ཡོའོ་རེད་ཡོའོ་རེད། རེད་རེད། མཚོན་བྱ་དེ་ཐ་སྙད་ལའང་ཟེར་གྱི་རེད། མཚོན་བྱའི་མིང་ལ་ཐ་སྙད་ཟེར་གྱི་རེད། ཧ་གོ་སོང་ང་། མིང་ཡང་ཟེར་གྱི་རེད། མཚན་ཉིད་དེའི་མིང་ལ་དོན་ཟེར་གྱི་རེད། ཤེས་སོང་ང་།
- ཀབུམ་པ་ཟེར་མཁན་དེ་མི་གཞན་དག་གིས་བཏགས་པ་རེད་མ་རེད། མིས་བཏགས་པ་རེད་མ་རེད། དཔེར་ན། བོད་སྐད་ལ་ཡིན་ན། བུམ་པ་ཟེར་བ་རེད་པཱ། རྒྱ་གར་གྱི་སྐད་ལ་ཡིན་ན། གཱ་སྒྲ་ཟེར་གྱི་རེད། གཱ་སྒྲ་ཟེར་གྱི་རེད། ཨོང་། ཨ་མི་རི་ཀའི་སྐད་ལ་ག་རེ་ཟེར་གྱི་རེད། བུམ་པ་ཟེར་མཁན་དེ། ཨོའོ་བྱས་ཙང་ད་དེ་ཚོ་གང་ག་མིས་བཏགས་པ་རྐྱང་རེད་པཱ།
- ཀཡིན་ན། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན། ལྟོ་། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཁོ། དང་པོ་ཁོ་རང་ནས་ཡོའོ་རེད་མ་རེད། ཐོག་མ་ཁོ་རང་ནས་ཡོའོ་རེད་པཱ།
- ཀད་ཁོ་ལ་ཁག་ཅིག་གི་བུམ་པ་ཟེར་བཏགས། ཁག་ཅིག་གི་གཱ་སྒྲ་ཟེར་བཏགས། ཁག་ཅིག་གི་ག་རེད། བོའོ་ཐའོ། ཨོང་ཕོའོ་ཐའོ་ཟེར་བཏགས།
- ཀད་ག་ནང་བཞིན་རྟ་ཡང་། རྟ་ཡང་་ད་ག་རེད་པཱ། རྟ་ཟེར་མཁན་དེ་མིང་རེད། ངོ་མ་བྱས་སོང་ན། རྐང་ལག་བཞི་བྱས། དེའི་དེ་བར་ཟེ་བ་བྱས་བཞག་པ་འདི་དང་པོ་ཁོ་རང་ནས་ཡོའོ་རེད་པཱ། ད་དེ་ལ་ཁག་ཅིག་གིས། མཱ་༼རྒྱ་སྐད་སྒྲ་༽ཟེར། རྒྱ་མི་ཡིན་ན་མཱ་ཟེར་གྱི་རེད་པཱ། རྟ་ལ། བོད་པས་ཡིན་ན་རྟ་ཟེར་གྱི་རེད་པཱ། རྒྱ་གར་གྱི་སྐད་ལ་བྱས་སོང་ན། འདི་ཟེར་གྱི་རེད། ཨོང་། ཧ་ལེ་ཡཱ་ཟེར་གྱི་རེད། ཁྱེད་རང་ཚོས་ག་རེ་ཟེར་གྱི་རེད། ཨོའོ། ཧོའོ་ཟེ་ཟེར་གྱི་འདུག་ག བྱས་ཙང་མི་འདྲ་རེ་རེ་ཡོའོ་རེད། ད་སུའུ་ལན་གྱི་ཡང་དེ་ཅིག་ཟེར་གྱི་རེད་པཱ། ཡང་རི་པིན་གྱི་ཅིག་ཟེར་གྱི་རེད་པཱ། ཁོ་མིང་མི་འདྲ། མིང་མིང་ཟེར་མཁན་དེ་མིས་བཏགས་པ་ཞིག་རེད་པཱ།
- ཀདངོས་པོ་དེ་གྲུབ་པའི་རྗེས་སུ། དེ་ནི་ཁག་ཅིག་གི་བུམ་པ་བྱས། ཁག་ཅིག་གི་གཱ་སྒྲ་ཟེར་བྱས། ཁག་ཅིག་གི་ཀ་ལཱ་ཤའི་ཟེར་གྱི་རེད། ཀ་ལའི་། ཧ་གོ་སོང་ང་།
- ཀའདི་མི་འདྲ་མང་པོ་ཡོའོ་རེད། མི་ལ་ཡིན་ན་ཆ་བཞག་པ་ཡིན་ན། ང་ཚོ་བོད་པས་ཡིན་ན་མི་ཟེར་གྱི་རེད་པཱ། དེ་བོད་པའི་ཚིག་རེད་པཱ། རྒྱ་མི་ཡིན་ན་རན་༼རྒྱ་སྐད་སྒྲ་༽ཟེར་གྱི་རེད་པཱ། རྒྱ་གར་གྱིས་མི་ལ་འདི་ཟེར་གྱི་རེད། ག་རེ་ཡིན་འདི། རྒྱ་གར་གྱི་མི་དེ་ཁོ་ལ་འདི་རེད། ཨང་། ནཱ་ར་ཟེར་གྱི་རེད། ཁྱེད་རང་ཚོ་ག་རེ་ཟེར་གྱི་རེད། ཨོའོ། བྱས་ཙང་གིས། ཨོའོ། མིང་མིང་ཡོད་པ་དེ་རེད། དོན། ད་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཁོ་གཅིག་པ་གཅིག་རྐྱང་རེད་པཱ། ཁོ་ལ་མིང་མི་འདྲ་རེ་རེ་བཏགས་པ་རེད་པཱ། ཨོའོ། བྱས་ཙང་མིང་དང་དོན་ཟེར་མཁན་དེ་ཡག་པོ་ཤེས་སོང་ག ཨོའོ་འདུག་བཟོ་རེད།
- ཀབུམ་པ་གཟུགས་རུང་ཡིན་པའི་རྒྱུ་མཚན་གྱིས། གཟུགས་ཡིན་པར་ཤེས་ཀྱང་། ཕུང་པོ་ཡིན་པར་མ་ཤེས་པའི་གང་ཟག་ཡོད་པ་བཞིན་ཟེར། དེར་ཐལ། ཀུན་རྫོབ་བདེན་པ་ཤེས་ཀྱང་། ཀུན་རྫོབ་བདེན་པ་ཡིན་པར་མ་ཤེས་པའི་གང་ཟག ཀུན་རྫོབ་བདེན་པ་ཤེས། ཀུན་རྫོབ་བདེན་པ་ཡིན་པར་མ་ཤེས་པའི་གང་ཟག་ཡོའོ་རེད་བྱས་པ་རེད། བུམ་པ། ཧ་གོ་སོང་ང་།
- ཀདེ་བཞིན་དུ། ཀུན་རྫོབ་བདེན་པ་ཟེར་མཁན་དེ་གང་ལ་ཟེར་བ་རེད། གང་འདྲས་ཅིག་ལ་ཟེར་གྱི་རེད།
- ཀདེ་ཚོ་གང་ག་ཀུན་རྫོབ་བདེན་པ་ཟེར་གྱི་རེད། ཧ་གོ་སོང་ང་། བློ་ཀུན་རྫོབ་ཀྱི་ཡུལ་དུ་བྱེད་མཁན་འདྲ་པོ་ཡོའོ་རེད་པཱ། དེ་ཚོ་ལ་ཀུན་རྫོབ་བདེན་པ། ཟེར་གྱི་རེད།
- ཀདོན་དམ་བདེན་པ་ཟེར་མཁན་དེ། བློ་དོན་དམ་པའི་ཡུལ་དུ་བྱེད་མཁན་གྱི་གཞལ་བྱ་དེ་ལ་དོན་དམ་བདེན་པ། ཟེར་གྱི་རེད།
- ཀད་སྟོང་པོ་གཉིས་ཟེར་མཁན་འདྲ་པོ། དེ་ཚོ་གང་ག་དོན་དམ་བདེན་པ་ཟེར་གྱི་ཡོའོ་རེད། དེ་ཧ་གོ་སོང་ང་། ད་ངོ་མ་བྱས་སོང་ན། མདོ་སྡེ་པའི་ལུགས་ལ་བྱས་སོང་ན་ད། དོན་དམ་བདེན་པ་ཟེར་མཁན་དེ་དང་དངོས་པོ་དོན་གཅིག་རེད། དོན་དམ་བདེན་པ་དང་དངོས་པོ་དོན་གཅིག་བྱས། རྐུན་རྫུབ་བདེན་པ་དང་རྟག་པ་དོན་གཅིག་རེད།
- ཀད་ཡང་གྲུབ་མཐའ་སོ་སོའི། མི་འདྲ་བ་ཁག་ཁག་ཡོའོ་རེད་ད།
- ཀདེ་བཞིན་དུ་ཚད་མས་དམིགས་པའི་བུམ་པ་ཡོད་པ་ཡིན་པའི་ཆ་དེ་ཁོ་ན་འཇོག་ནུས་པར། ད་ཚད་མས་དམིགས་པ་ཡིན་པའི་སྒོ་ནས། བུམ་པ་ཡོད་པ་ཡིན་པའི་ཆ་འདིར་འཇོག་ཐུབ་ཀྱི་རེད་མ་རེད། འཇོག་ནུས་ཀྱི་རེད་པཱ། འཇོག་ནུས་པ་དང་གོ་བར་བྱེད་ནུས་པ། གོ་བར་བྱེད་ནུས་པ་ལ་སོགས་པ། བུམ་པ་བུམ་པའི་སྟེང་གི་མཚོན་བྱའི་ལྡོག་པ་དུ་མ་མཚན་ཉིད་སོ་སོའོ་སྒོ་ནས་འཇོག་དགོས་ལུགས་དང་། ནམ་མཁའ་དང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཡང་། དེ་བཞིན་དུ་སྦྱར་བར་བྱའོ།
- ཀབུམ་པ་ལ་དབྱེ་ན། ཚད་མས་དམིགས་པའི་ཆ་ནས་ཡོད་པར་འཇོག་གི་རེད་མ་རེད། ཨོའོ། ཚད་མས་གྲུབ་པའི་ཆ་ནས་གཞི་གྲུབ་ལ་འཇོག་གི་རེད་མ་རེད། ཨོང་། དོན་བྱེད་ནུས་པ་ཡིན་པའི་ཆ་ནས་དངོས་པོར་འཇོག་གི་རེད་མ་རེད། ཨོང་། སྐད་ཅིག་མ་ཡིན་པའི་ཆ་ནས་མི་རྟག་པར་འཇོག་གི་རེད་མ་རེད། ཨོའོ། ད་ག་ནང་བཞིན། ནམ་མཁའ་ལ་སོགས་པ་གང་གའི་གང་ལ་སྦྱར་དུས་ལྡོག་པ་དེ་ཚོ་འཇོག་དུས་འདུག་བཟོ་ཟེར་དགོས་རེད་བྱས་པ་རེད།
- ཀདཔེར་ན། ནམ་མཁའ་ཤེས་བྱ། ནམ་མཁའ་བློའི་ཡུལ་དུ་བྱ་རུང་ཡིན་པའི་རྒྱུ་མཚན་གྱིས་ཤེས་བྱ་ཡིན་པར་འཇོག་པར་རེད་མ་རེད། གཅིག་པ་རེད། ནམ་མཁའ་ཚད་མས་གྲུབ་པ་ཡིན་པའི་ཆ་ནས་གཞི་གྲུབ་དུ་འཇོག་པ་རེད་མ་རེད། ནམ་མཁའ་ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་ཡིན་པའི་ཆ་ནས་རྟག་པར་འཇོག་པ་རེད་མ་རེད། རྟག་པར་འཇོག་པ་རེད་པཱ།
- ཀཨའ། ནམ་མཁའ་ཚད་མས་རྟོགས་པར་ཡིན་པའི་ཆ་ནས། གཞལ་བྱ་ཡིན་པར་འཇོག་པ་རེད་མ་རེད། འཇོག་པ་རེད་པཱ། ཨོའོ་འདུག་བཟོ་ཟེར་བ་རེཨེད། དོན་དག་ཁོ་གཅིག་པ་རེད། ཧ་གོ་སོང་ང། ཨོའོ་བྱས།
- ཀད་ལྟ་དེའི་ཚར་གྲབས་ཨེ་ཡོད། འདི་བྱས། སྦྱར་བར་བྱའོ་ཟེར་བྱས།
- ཀད་དེ་ལྟར་ན། མཚན་མཚོན་གཞི་གསུམ་གང་ཡིན་ཀྱང་། རང་རང་གི་སྐབས་ཀྱི་མཚན་མཚོན་གཞི་གསུམ་ནི། ཚད་གཞི་ཆོས་གཅིག་ལ། ལྡོག་པས་བྱེད་བ་ཡིན་ཞིང་། ཚུལ་འདི་གོ་བ་གནས་དམ་པ་ཡིན། ཟེར།
- ཀམཚན་ཉིད་ཡིན་ན། མཚོན་བྱ་ཡིན་ནའང་རེད་ཟེར་གྱི་ཡོའོ་རེད། མཚན་མཚོན་གཞི་གསུམ་ཟེར་མཁན་དེ། མཚན་ཉིད། མཚོན་བྱ། མཚན་གཞི་གསུམ་ཟེར་གྱི་རེད་དང་། ཨོའོ་མཚན་མཚོན་གཞི་གསུམ་གང་ཡིན་ཀྱང་། རང་རང་གི་སྐབས་ཀྱི་མཚན་མཚོན་གཞི་གསུམ་ནི། ཟེར། མཚན་གཞི་ཚོས་གཅིག་ལ་ལྡོག་པས་ཕྱེ་བ་རེད། བྱས་བ་རེད།
- ཀདཔེར་ན་བུམ་པ། དེ་རེད་པཱ། ཨོང་། བློའི་ཡུལ་དུ་བྱ་རུང་ཡིན་པ་ཅིག་ཡོའོ་རེད་པཱ། བུམ་པ་བློའི་ཡུལ་དུ་བྱ་རུང་ཡིན་པ་དང་། བུམ་པ་ཤེས་བྱ་ཡིན་པ། བུམ་པ་མཚན་གཞི་ཡིན་པ། གསུམ་པོར་ལྡོག་པས་བྱེད་པར་རེད། རྫས་ཀྱི་སྒོ་ནས་ཕྱེ་བ་རེད། ལྡོག་པའི་སྒོ་ནས་ཕྱེ་བ་རེད་བྱས་བ་རེད། ཧ་གོ་སོང་ང།
- ཀབུམ་པ་བློའི་ཡུལ་དུ་བྱ་རུང་མ་ཡིན་པ་ལས་ལྡོག་པའོ་ཆ་ནས། བློའི་ཡུལ་དུ་བྱ་རུང་ཡིན་པར་བཞག བུམ་པ་ཤེས་བྱ་ཡིན་་་་་་་མ་ཡིན་པ་ལྡོག མ་ཡིན་པ་ལས་ལྡོག་པ་ཡིན་པས་ཤེས་བྱར་འཇོག བུམ་པ་མཚན་གཞི་མ་ཡིན་པ་ལས་ལྡོག་པའི་ཆ་ནས་བུམ་པ་མཚན་གཞིར་འཇོག་པ་རེད། བྱས་པ་རེད།
- ཀཨོའོ། མཚན་མཚོན་གཞི་གསུམ་གང་ཡིན་ཀྱང་། རང་རང་གི་སྐབས་ཀྱི་མཚན་མཚོན་གཞི་གསུམ་ནི། མཚན་གཞི་ཆོས་གཅིག་ལ་ལྡོག་པས་ཕྱེ་བ་ཡིན་ཞིང་། ཚུལ་འདི་གོ་བ་གནས་དམ་པ། ད་དེ་ཤེས་པ་འདི་གནད་དགག་ཆེན་པོ་ཞེ་དྲག་རེད་ཞུ་གི་ཡོའོ་རེད།
- ཀགནས་དམ་པ་ཡིན་ཏེ། ཟེར། དཔེར་ན་བྱས་བ་རེད། ཀ་བ་དེ་བློའི་ཡུལ་དུ་བྱ་རུང་ཡིན་པའི་དོན་གྱི་ཤེས་བྱ་ཡིན་པར་བཞག་པ། ཀ་བ་དེ་བློའི་ཡུལ་དུ་བྱ་རུང་ཡིན་པའི་དོན་གྱི་ཤེས་བྱ་ཡིན་པར་བཞག་པ་རེད་མ་རེད། བཞག་པ་ཡིན་པ་དེ་བཞིན་དུ་བྱས་པ་རེད། མཚན་གཞི་གང་ཡིན་པ་དེ། མཚན་ཉིད་དེ་དང་དེ་ཡིན་པའི་དོན་གྱིས། མཚོན་བྱ་དེ་དང་དེ་ཡིན་པར་འཇོག་དགོས་ཀྱིས། མཚན་གཞི་དེ་མཚན་ཉིད་དེ་མ་ཡིན་ན། འགྲིག་གི་མ་རེད་བྱས་བ་རེད།
- ཀམི་འགྲིག་པ་གང་ཡིན་ནམ་ཟེར་ན། ཀ་བས་་་་་་་་ཀ་བས་གསེར་བུམ་བུམ་པ་ཡིན་པ་མཚོན་མི་ནུས་པས། ཀ་བས་གསེར་བུམ་བུམ་པ་ཡིན་པ་མཚོན་ནུས་ཀྱི་རེད་མ་རེད། ཨཱ། ཀ་བས། གསེར་བུམ་བུམ་པ་ཡིན་པ་མཚོན་ནུས་ཀྱི་རེད་མ་རེད། མ་རེད་པཱ། གསེར་བུམ་བུམ་པ་རེད་ཟེར། གང་ཡིན་འདྲ་ཟེར་ན། ཀ་བ་རེད་པཱ་ཟེར་ན་འགྲིག་གི་རེད་མ་རེད། ཀ་བ་མ་རེད་ཟེར་གྱི་རེད་པཱ། ཨོའོ། ད་ཀ་བས་གསེར་བུམ་མཚོན་མི་ནུས་པ་དེ་ག་རེད། བྱས་པ་རེད། གསེར་བུམ་དེ་ཀ་བ་མ་རེད་པཱ། ཁོས་བྱས་པ་རེད། ཧ་གོ་སོང་ང་།
- ཀཡིན་གཅིག་མིན་གཅིག་གི དེ་ལ་ག་རེ་ཟེར་ག མཚན་གཞི་གང་ཡིན་པ་དེ་མཚན་ཉིད་དེ་དང་དེ་ཡིན་པའི་དོན་གྱིས། མཚོན་བྱ་དེ་དང་དེ་ཡིན་པར་འཇོག་དགོས་པ་མ་གཏོགས། ཨོའོ་དེ་དང་དེ་མ་ཡིན་ན། དེ་འཇོག་ཐུབ་ཀྱི་མ་རེད་བྱས་བ་རེད།
- ཀདཔེར་ན། ཀ་བས་གསེར་བུམ་བུམ་པ་ཡིན་པ་མཚོན་མི་ནུས་པ་བཞིན་ནོ། ཟེར། མཚན་ཉིད་དེས་མཚན་གཞི་དེ་མཚོན་བྱ་དེ་ཡིན་པར་འཇོག་མ་ནུས་པའི་ཕྱིར། མཚན་ཉིད་དེས་མཚན་གཞི་དེ་མཚོན་བྱ་ཡིན་པར་འཇོག གང་ཟེར་དགོས་རེད། མ་ནུས་པའི་ཕྱིར། ད་མཚན་་་་མཚན་ཉིད་གང་ཡིན་པ་དེ་མཚན་ཉིད་དེ་དང་དེ་ཡིན་པའི་དོན་གྱི་མཚོན་བྱ་དེ་དང་དེ་ཡིན་པར་མ་འཇོག་ན། མཚན་ཉིད་དེས་མཚན་གཞི་དེ་མཚོན་བྱ་ཡིན་པར་འཇོག་ཐུབ་ཀྱི་མ་རེད་བྱས་བ་རེད།
- ཀའདི་ཧ་གོ་སོང་ང་། ཨོའོ་འདི་ཟེར་གྱི་ཡོའོ་རེད། ད་དེ་གསུམ་ལྡོག་པ་ཐ་དད་མ་ཡིན་ན་ཡང་། མཚོན་མི་ནུས་ཏེ། ཟེར། དེ་གསུམ་ཟེར་ན་ག་རེ་ཟེར་ཡོའོ་རེད་པས།
- ཀམཚན། མཚོན། གཞི་གསུམ་པོ་དེ་ཟེར་གྱི་ཡོའོ་རེད། ལྡོག་པ་ཐ་དད་མ་ཡིན་ན་ཡང་། ཡང་མཚོན་ཐུབ་ཀྱི་མ་རེད་བྱས་བ་རེད། གང་ག མཚན་ཉིད་དེ་བྱས། མཚོན་བྱ་དེ་བྱས། མཚན་གཞི་གསུམ་ག་ལྡོག་པ་ཐ་དད་ཡིན་པ་གཅིག་དགོས་རེད་བྱས་པ་རེད།
- ཀསྤྱིར་ཐ་དད་བྱས། གང་ཟེར། དེ། ཨོའོ། ངོ་བོ་གཅིག་པ་བྱས། ལྡོག་པ་ཐ་དད་པ་ཅིག་དགོས་རེད་བྱས་པ་རེད། ལྡོག་པ་ཐ་དད་པ་མ་ཡིན་ན། མཚོན་ནུས་ཀྱི་མ་རེད་བྱས་པ་རེད། མཚོན་མི་ནུས་པ་གང་རེ་ཡིན་ཟེར་ན།
- ཀཀ་བ་དེ་ཀ་བ་ཡིན་པའི་དོན་གྱི་ཀ་བ་ཡིན་ཞེས་བྱས་པ་ལྟ་བུ་ལ། ཀ་བ་དེ་ཀ་བ་ཡིན་པའི་དོན་ཅི་ཡང་གོ་རྒྱུ་མེད་པ། ཀ་བ་དེ་ཀ་བ་རེད་ཟེར། ཀ་བ་ཡིན་པ་ག་རེ་ཡིན་ཟེར་ན། ཀ་བ་རེད་ཟེར་སོང་ན། དེ་གོ་རྒྱུ་འཚོར་རྒྱུ་འདུག་གམ་མི་འདུག དེ་གོ་ཡས་གའི་ཡོའོ་མ་རེད་པཱ།
- ཀཡོའོ་རེད་མ་རེད། ཁྱེད་རང་ལ་ཅིག་གིས་དེ་གང་རེད་ཟེར་ན། པཱི་ཙེ་༼རྒྱ་སྐད་སྒྲ་༽རེད་ཟེར། པཱི་ཙེ་ཡིན་པ་ག་རེ་ཡིན་ནམ་ཟེར་ན། པཱི་ཙེ་རེད་ཟེར་ན། ཆོ་ཞེ་དྲག་བྱུང་སོང་མ་སོང་ང་། ཨཱ། ཆོ་ཡོའོ་མ་རེད།
- ཀཀ་བ་དེ་ཀ་བ་རེད་བྱས། ཀ་བ་དེ་ཀ་བ། ཀ་བ་དེ་ཀ་བ་ཡིན་པ་ཐག་ཆོད། གང་གས། དེ་ད། ང་ཡའི་ཧ་གོ་གི་ཡོད་ཟེར་གྱི་རེད་པཱ། ད་ཀ་བ་དེ་ཀ་བ་ཡིན་པའི་རྒྱུ་མཚན་གང་རེད། ཟེར་སོང་ན།
- ཀདེ་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཡིན་པའི་རྒྱུ་མཚན་གྱིས། ཀ་བ་རེད་ཟེར། ཟེར་བ་མ་གཏོགས། ཀ་བ་དེ་ཀ་བ་ཡིན་པའི་རྒྱུ་མཚན་གྱི་ཀ་བ་རེད་ཟེར་སོང་ན། དེ་ནི་དེ་ལ་ཆོ་གའི་མ་བྱུང་བ་རེད་པཱ། ཨོའོ་འདི་ཟེར་གྱི་ཡོའོ་རེད། ཤེས་སོང་ང་།
- ཀཨོའོ་བྱས། དེ་གསུམ་ངོ་བོ་གཅིག་ལ། ག་རེ་དེ། བུམ་པ་དེ་ཤེས་བྱ་ཡིན་པས་ན་ཤེས་བྱ་ཡིན་ཞེས། གང་ཟེར། ཀ་བ་དེ་ཀ་བ་ཡིན་པའི་དོན་གྱི་ཀ་བ་ཡིན་ཞེས་བྱས་པ་ལྟ་བུ་ལ། ཀ་བ་དེ་ཀ་བ་ཡིན་པའི་དོན་ཅི་ཡང་གོ་རྒྱུ་མེད་པ་དང་ཟེར། བུམ་པ་དེ་ཤེས་བྱ་ཡིན་པའི་དོན་གྱི། ད་ཡང་བུམ་པ་དེ་ཤེས་བྱ་རེད་ཟེར། ཤེས་བྱ་ཡིན་པ་གང་ཡིན་ནམ། ཟེར་ན།
- ཀཤེས་བྱ་རེད་ཟེར་སོང་ན། གོ་རྒྱུ་ཡོའོ་རེད་མ་རེད། འོ་ན་བུམ་པ་ཤེས་བྱ་ཡིན་པ་གང་ཡིན་ནམ། ཟེར་ན། བློའི་ཡུལ་དུ་བྱ་རུང་རེད་པཱ། བྱས་ཙང་ཤེས་བྱ་རེད། ཨོའོ་འདུག་བཟོ་བྱས་སོང་ན། ཡག་པོ་ཡོའོ་རེད། ཧ་གོ་སོང་ང་། ཨོའོ་འདུག་ཟེར།
- ཀབུམ་པ་དེ་ཤེས་བྱ་ཡིན་པའི་དོན་གྱིས་ཤེས་བྱ་ཡིན་ཞེས་བྱས་པ་ལའང་། དེ་ཤེས་བྱ་ཡིན་པའི་དོན་གོ་རྒྱུ་མེད་པ་ལྟ་བུ་ཡིན་པའི་ཕྱིར་རོ་ཟེར་བྱས། དེ་གསུམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཀྱང་། ཨོའོ་དེ་གསུམ་ཟེར་ན། མཚན་མཚོན་གཞི་གསུམ་པོ་དེ། ཟེར་གྱི་ཡོའོ་རེད།
- ཀངོ་བོ་གཅིག་གི་་་་་་ངོ་བོ་གཅིག་རེད་ཟེར། ཡིན་ནའང་ལྡོག་པ་ཐ་དད་པ་རེད། ཟེར་གྱི་ཡོའོ་རེད། ཨོའོ། ལྡོག་པ་ཐ་དད་ཡིན་ཀྱང་མཚན་ཉིད་དེ་མཚོན་བྱའི་དོན་ལྡོག་མ་ཡིན་ནའང་། མཚན་ཉིད་དེས་མཚན་གཞི་དེ་མཚོན་བྱ་དེ་ཡིན་པར་མཚོན་མི་ནུས། མཚན་ཉིད་དེ་མཚོན་བྱའི་དོན་ལྡོག་མ་ཡིན་ན། འགྲིག་གི་ཡོའོ་མ་རེད། མཚན་ཉིད་གཅིག་ཡོའོ་རེད་པཱ། མཚན་ཉིད་དེ་དཔེར་ན་དོན་བྱེད་ནུས་པ་དེ་དངོས་པའི་དོན་ལྡོག་མ་ཡིན་ན། དོན་བྱེད་ནུས་པས་དངོས་པོ་མཚོན་་་་་་་་མཚོན་ནུས་ཀྱི་ཡོའོ་མ་རེད། དོན་བྱེད་ནུས་པ་ཡོའོ་རེད་པཱ། དེ་དངོས་པའི་དོན་ལྡོག་རེད་དང་མ་རེད།
- ཀའདི་ཧ་གོ་གི་འདུག་ག དོན་བྱེད། ཁྱེད་རང་གི་ཧ་གོ་གི་འདུག་ག
- ཀདོན་བྱེད་ནུས་པ་དེ་དངོས་པོའི་དོན་ལྡོག་རེད་མ་རེད། དོན་ལྡོག་རེད། ཟེར་དགོས་རེད། དོན། དོན་ལྡོག་མ་ཡིན་ན། དེ་ནས་དོན་བྱེད་ནུས་པས་དངོས་པོ་མཚོན་ནུས་ཀྱི་མེད། མཚོན་ཐུབ་ཀྱི་མ་རེད། ཟེར་དགོས་ཀྱི་རེད། དེ་དོན་བྱེད་ནུས་པས་དངོས་པོ་མཚོན་ནུས་ཀྱི་ཡོའོ་རེད་མ་རེད། མཚོན་ཐུབ་ཀྱི་རེད་པཱ། འདི་དངོས་པོ་རེད། ག་རེ་ཡིན་ན་ཟེར་ན།
- ཀདོན་བྱེད་ནུས་པ་རེད། ཟེར་གྱི་ཡོའོ་རེད་པཱ། ཨོའོ་དོན་བྱེད་ནུས་པ། ཨོའོ། དོན་བྱེད་ནུས་པ་དེ་དངོས་པོའི་དོན་ལྡོག་རེད་ད། དོན་ལྡོག་དང་མཚན་ཉིད་དོན་གཅིག་རེད།
- ཀདོན་བྱེད་ནུས་པ་དེ་དངོས་པོའི་དོན་ལྡོག་ཡིན་པ་གང་ཡིན་ནམ་ཟེར་ན།
- ཀདོན་བྱེད་ནུས་པ་ཆོས་ཅན། དངོས་པོའི་དོན་ལྡོག་ཡིན་པ་དང་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར། འདུག་བཟོ་ཟེར་དགོས་རེད། ཤེས་སོང་ང་། ཨོའོ་འདུག་བཟོ་བྱས།
- ཀམཚན་ཉིད་དེ་མཚན་གཞི་དང་མཚོན་བྱ་དེ་ཡིན་འཇོག་མི་ནུས་པའི་ཕྱིར་རོ། དེ་གསུམ་ལྡོག་པ་ཐ་དད་མ་ཡིན་ན་ཡང་མཚོན་མི་ནུས་ཏེ། ག་རེ་ག་རེ་ཟེར།
- ཀདེ་གསུམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཀྱང་མཚན་ཉིད་དེ་མཚོན་བྱའི་དོན་ལྡོག་མ་ཡིན་ནའང་མཚན་ཉིད་དེ་མཚན་གཞི་དང་མཚོན་བྱ་དེ་ཡིན་པ་མཚོན་མི་ནུས་ཏེ། དཔེར་ན། བུམ་པ་དེ་རང་གི་ངོ་བོ་འཛིན་པ་ཡིན་པའི་དོན་གྱིས། ཤེས་བྱ་ཡིན་བྱས་ན། ཏག་ཏག་འགྲིག་པ་རེད། ད་འདི།
- ཀབུམ་པ་འདི་རང་གི་ངོ་བོ་འཛིན་པ་ཡིན་པའི་དོན་གྱིས། ཤེས་བྱ་ཡིན་བྱས་ན། བུམ་པ་དང་རང་གི་ངོ་བོ་འཛིན་པའི། བུམ་པ་ཤེས་བྱ་ཡིན་པ། གང་། བུམ་པ་དང་རང་གི་ངོ་བོ་འཛིན་པ་དང་། ཤེས་བྱ་གསུམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཡང་། བུམ་པ་དེ་རང་གི་ངོ་བོ་འཛིན་པར་ཤེས་ཀྱང་། དེ་ཤེས་པས་བུམ་པ་ཤེས་བྱ་ཡིན་པར་ཤེས་མི་ནུས་པ་ལྟ་བུ་ཡིན་པའི་ཕྱིར།
- ཀབུམ་པ་དེ་རང་གི་ངོ་བོ་འཛིན་པ་ཡིན་པར་ཤེས་ནས། བུམ་པ་དེ་ཆོས་ཡིན་པར་མ་ཤེས་པ་དེ་འདྲས་ཡོའོ་རེད་མ་རེད། ཡོའོ་རེད་པཱ།
- ཀབུམ་པ་དེ་རང་གི་རང་བཞིན་འཛིན་པ་ཡིན་པར་ཤེས་ནས། བུམ་པ་དེ་ཤེས་བྱ་ཡིན་པར་མ་ཤེས་པ་ཡོའོ་རེད་མ་རེད། ཨོའོ་དེ་ཡང་ཡོའོ་རེད་པཱ།
- ཀབུམ་པ་དེ་ཤེས་བྱ་ཡིན་པར་ཤེས་ནས་བུམ་པ་དེ་གཞལ་བྱ་ཡིན་པར་མ་ཤེས་པ་དེ་འདྲས་ཡོའོ་རེད་མ་རེད། དེ་ཡང་ཡོང་གི་རེད་པཱ།
- ཀཤེས་བྱའི་ཐ་སྙད་ཤེས། གཞལ་བྱའི་ཐ་སྙད་མ་ཤེས་པ་དེ་འདྲས་ཡོང་གི་རེད་མ་རེད། ཨོའོ་འདུག་ཟེར། མི་ནུས་པ་ལྟ་བུ་ཡིན་པའི་ཕྱིར་རོ། ཟེར་བྱས།