Skip to main content Skip to search
15 Dec 2011
1 min 37 sec
Video Overview
Creators: 
Unknown

Tsewang explains elementary logic.

Transcript search
No results found for this search
0 of 0
  • དཔེར་ན། ལྟོས་དང་། བསྡུས་གྲྭ་ཟེར་མཁན་ཅིག་འདུག་ག 
    dper na/_ltos dang /_bsdus grwa zer mkhan cig 'dug ga_
  • བསྡུས་གྲྭ་བསྡུས་གྲྭ་ཟེར་གྱི་འདུག་གང་མིང་ལ། བསྡུས་གྲྭ་ཟེར་ན་ག་རེ་ཟེར་གྱི་ཡོའོ་རེད། ཟེར་ན། 
    bsdus grwa bsdus grwa zer gyi 'dug gang ming la/_bsdus grwa zer na ga re zer gyi yo'o red/_zer na/_
  • ཚད་མ་རིག་པའི་ནང་དོན་མདོར་བསྡུས་ཀྱི་ཚུར་བསྡུས་པའི། ཨོའོ་གཞུང་ལུགས་ཡིན་པའི་རྒྱུ་མཚན་གྱིས། བསྡུས་གྲྭ་བྱས་པ་རེད།
    tshad ma rig pa'i nang don mdor bsdus kyi tshur bsdus pa'i/_o'o gzhung lugs yin pa'i rgyu mtshan gyis/_bsdus grwa byas pa red/
  • ད་བསྡུས་གྲྭ་ཟེར་མཁན་དེ། བསྡུས་གྲྭ་འདི་ད་ལྟ་ཤོག་ལྷེ་གཅིག་གཉིས་ཅིག་རེད་པཱ། ད་བསྡུས་གྲྭ་ལ་མང་པོ་ཡོའོ་རེད། ཧ་གོ་སོང་ང་།
    da bsdus grwa zer mkhan de/_bsdus grwa 'di da lta shog lhe gcig gnyis cig red pA/_da bsdus grwa la mang po yo'o red/_ha go song nga /
  • ཁ་དོག་དཀར་དམར་ཟེར་ཡས། རྒྱུ་འབྲས་ཟེར་ཡས། སྤྱི་བྱེ་བྲག་ཟེར་ཡས། ཨོའོ་འགལ་འབྲེལ་ཟེར་ཡས། རྫས་ལྡོག་ཟེར་ཡས། ཡིན་ལོག་མིན་ལོག་ཟེར་ཡས། ཡོད་ལྡོག་མེད་ལྡོག་ཟེར་ཡས། གཞན་སེལ་ཟེར་ཡས། ཐལ་འགྱུར་ཆེ་བ་ཟེར་ཡས། ཐལ་འགྱུར་ཆུང་བ་ཟེར་ཡས། གཅིག་དང་དུ་མ་ཟེར་ཡས། དབྱིབས་དང་ཁ་དོག་ཟེར་ཡས། ཁྱབ་གྲོགས་ཀྱི་རྣམ་གཞག་ཟེར་ཡས། བསྡུས་གྲྭ་ལ་མང་པོ་ཡོའོ་རེད།
    kha dog dkar dmar zer yas/_rgyu 'bras zer yas/_spyi bye brag zer yas/_o'o 'gal 'brel zer yas/_rdzas ldog zer yas/_yin log min log zer yas/_yod ldog med ldog zer yas/_gzhan sel zer yas/_thal 'gyur che ba zer yas/_thal 'gyur chung ba zer yas/_gcig dang du ma zer yas/_dbyibs dang kha dog zer yas/_khyab grogs kyi rnam gzhag zer yas/_bsdus grwa la mang po yo'o red/
  • བསྡུས་གྲྭ་ངོ་མ་དེ་ཤེས་པར་་་་་་་་་་ཤེས་དུས་ཙམ་ནས་ཚད་མ་རིག་པའི་ནང་དོན་ག་རོའོ་༼མང་པོ་༽ཅིག་ཤེས་འགྲོ་གི་རེད། ཚད་མ་རིག་པ་ཡག་པོ་ཅིག་ཤེས་པར་བྱེད་པ་ལ། བསྡུས་གྲྭ་དེ་མ་ཤེས་ན་ཚད་མ་རིག་པ་དེ་ཤེས་ཐུབ་ཡས་ཡོའོ་མ་རེད་དོ། བསྡུས་གྲྭ་ཟེར་མཁན་དེའི་གོ་དོན་དེ་ཤེས་སོང་ང་།
    bsdus grwa ngo ma de shes par shes dus tsam nas tshad ma rig pa'i nang don ga ro'o (mang po )cig shes 'gro gi red/_tshad ma rig pa yag po cig shes par byed pa la/_bsdus grwa de ma shes na tshad ma rig pa de shes thub yas yo'o ma red do/_bsdus grwa zer mkhan de'i go don de shes song nga /
  • ཚད་མ་རིག་པའི་ནང་དོན་མདོར་བསྡུས་ཀྱིས་ཚུར་ཅིག་སྟོན་པའི་གཞུང་ལུགས་དེ་ལ་སྡུད་སྒྲ་ཟེར་གྱི་ཡོའོ་རེད།
    tshad ma rig pa'i nang don mdor bsdus kyis tshur cig ston pa'i gzhung lugs de la sdud sgra zer gyi yo'o red/
  • ད་དེ་གས་དེ་ཚད་མ་རིག་པའི་ནང་དོན་མདོར་བསྡུས་ཅིག་བསྟན་པ་རེད། འདི་ཤེས་ན་ཚད་མ་རིག་པ་གང་ག་ཤེས་ཀྱི་མ་རེད། ཚད་མ་རིག་པའི་ཀ་ཁ་བཟོ་འདྲ་ཅིག་རེད། ང་ཚོ་ཡི་གེ་སློབ་དུས་ཙམ་ནས་ཀ་ཁ་དང་པོ་བསླབས་ཀྱི་འདུག་ག ཨོའོ། འདིའི་བཟོ་འདྲ་ཅིག་རེད།
    da de gas de tshad ma rig pa'i nang don mdor bsdus cig bstan pa red/_'di shes na tshad ma rig pa gang ga shes kyi ma red/_tshad ma rig pa'i ka kha bzo 'dra cig red/_nga tsho yi ge slob dus tsam nas ka kha dang po bslabs kyi 'dug ga_o'o/_'di'i bzo 'dra cig red/