Video Overview
An interview with a local monk about the history of the Tsetang area.
- Ü
- Tsetang
- གོང་པོ་རི་ལ། ཐུགས། རྗེ། ཆེན། པོ། ཟེར་ཡི་གེ་བཞི་ཡོའོ་༿ཡོད་༾རེད། ཡི་གེ་བཞི། ཐུགས། ཐུགས་ཟེར་འདི་ག་གིའི་༿གང་དུ་༾ཡོའོ་༿ཡོད་༾རེད་ཟེར་ན། ང་ཚོའི་སྣེ་གདོང་དགོན་པ་སག་གི་ཐོས་༿ཟེར་བ་འདིའི་མདུན་༾དེ། ཐུགས་ཆེན་མོ་ཟེར་འདི་ཡོད་དང་། ཨོའོ་་་་འདི་ཐུགས་ཀྱི་དཀྱིལ་དེ་ནས་ཆུ་འདི་འདོན་གྱི་ཡོའོ་༿ཡོད་༾རེད། ད་རྗེ་ཟེར་འདི་ཆར་པ་གཏང་ན་དེའི་ཡོའོ་༿ཡོད་༾རེད། དེའི། ཆར་པ་གཏང་ན། རི་འདི། ང་ཚོའི་དེའི་མདུན་དེའི། ཨོང་ལགས། རྗེ་ཟེར་འདི་འདི་བྱས། ད་ཆེན་ཟེར་འདི་འདེའི་བརྒྱབ་ལོག་དེའི་ཡོའོ་༿ཡོད་༾རེད།
- བུ་ཆུང་བརྒྱབ་དེའི་ཕར་འགྲོ་དགོས་རེད་པཱ། བྲག་ཕུག་གི་ཚུར་དེའི་མེད་འགྲོ།
- བློ་གྲོསཨའོ་་་་དེའི་ཁར་ཐུག་དེའི་ཡོའོ་༿ཡོད་༾རེད། པོ་ཟེར་འདི་ད་ཡེ་གའི་གོང་པོ་རི་གི་༿ཡི་༾བརྒྱབ་ལོག་ཡེ་གའི་མཐོང་སྒྲོལ་མགོན་པོ་ཡོད་པཱ། མཐོང་སྒྲོལ་མགོན་པོ་མཐོང་སའི་ལུང་ཆུང་ལ་ཁ་བལྟས་པ་འདྲ་ཅིག་ཡོའོ་༿ཡོད་༾རེད།
- བུ་ཆུང་ཨའ་ལས། ལོ་བྱུང་ལ་ཁ་བལྟས་པ་འདྲ་ཅིག།
- བློ་གྲོསཨོང་། ཨོའོ་འདི། ཐུགས། རྗེ། ཆེན། པོ་ཟེར་ཡི་གེ་བཞི། དེ་རྩ་བ་ལ་དེ་ནི་གསེར་ལྡན་ནགས་འཁྲོད། སྔ་མ་ཡིན་ན་ད་གསེར་ལྡན་གྱི་ནགས་འཁྲོད་ཡོའོ་༿ཡོད་༾རེད་པཱ། དེའི་དེ་ནི་སྲུང་མ་ལྟེ་བ་འདི་དེའི་བཀའ་སྲུང་རྡོ་རྗེ་གཡུ་སྒྲོན། གཙོ་འཁོར་གནས་པ་ཟེར་དཱ། རྡོ་རྗེ་གཡུ་སྒྲོན་གཙོ་འཁོར་འདི་དེའི་ཡོའོ་༿ཡོད་༾རེད། འདུག་ཟེར་བྱས། དཱ་དེ་ནས་དེ་ནི་ཤར་དེ་མ་གའི་སྤྲིན་དཀར་གཟུགས་སའི་མ་གི། ཤར་སྤྲེའུ་ཡིས་བཀྱག་པ།
- བུ་ཆུང་ཤར་སྤྲེའུ་ཡིས་བཀྱག་པ།
- བློ་གྲོསལྷོ་རྟ་མཆོག་གིས་བཀྱག་པ། ནུབ་སྡིག་པས་བཀྱག་པ། ཨོང་ཨོང་། གླང་ཆེན་གྱིས་བཀྱག་པ། ད་དེའི་བྱང་རྨ་བྱས་བཀྱག་པ། ཨོའོ་་་་འདུག་ཟེར་བྱས་ནས། འདི་ཡོའོ་༿ཡོད་༾རེད། དེ་གྱད། ཨོང་། ཁག་བཞི། ལྔ་ཡོའོ་༿ཡོད་༾རེད། སྤྲེའུ་བྱས། རྟ་མཆོག་བྱས། སྡིག་པ་བྱས། ཨོང་་་་གླང་ཆེན་བྱས། རྨ་བྱ་བྱས། ཨོང་ལགས། ཨོའོ་་་་འདུག་ཟེར་བྱས། གོང་པོ་རི་གི་༿ཡི་༾དཱ་འདི་བཞི་འདི། ད་གནས་རྟགས་འདི་མ་ཟྭ་དོར་གསུམ། འདི། ཡེ་གའི། དེའི་དམ་ཅན་འདི་ཡོའོ་༿ཡོད་༾རེད། བཀའ་སྲུང་འདི། ཨོང་་་་དགོན་པ་སཱ་ལ་འདི་འདི་ཡོའོ་༿ཡོད་༾རེད་ལགས། གང་ཟགས༿ཟེར་༾།
- བློ་གྲོསཨོང་། མ་མོ་འདི། ཨེ་གེ་༿ཡ་གེའི་༾རྩེ་འདི། ཨོང་། ད་དེ་ནས་དེ་ལ་བྲོ་སོང་དགོན་པོ་ལ་ཟྭ་འདི་བྱས། ཨོང་། ཨོའོ་་་་འདུག་ཟེར། མ་ཟྭ་དོར་གསུམ་དེ་གྱད་བྱས། དེ་དཱ་དེའི་བྱས་ན། དེའི་གཞུང་གི་དེ་དཱ། དབུས་སྒྲོན་པ་འདི་རེད་ལགས། གནས་འདི་དེ། གནས་ལྔ་དེ། ཨོའོ་་་་འདི་བྱས། ད་དེ་གྱད་མ་གཏོགས་དཱ་དེའི་རང་བྱོན་དང་དེ་འདྲས་ཞེ་དྲག་ཡོའོ་༿ཡོད་༾རེད་དེའི། དེ་ཞེ་དྲག་ཞུ་ཡས་ཟེར་མི་འདུག། དཱ་ཁག་ཅིག་ནི་བཞུགས་ཡོའོ་༿ཡོད་༾རེད། དཱ་ཁག་ཅིག་ནི་བཞུགས་ཡོའོ་༿ཡོད་༾མ་རེད་པཱ་ལགས།
- བློ་གྲོསདཱ་དེ་ནས་ཆོས་རྒྱལ་གྱི་སྲོང་བཙན་གྱི་དུས་ལ་ཉིན་མ་གཅིག་ལ་ཐུགས་རྗེ་ཆེན་པོ་བརྒྱད་བཞངས་༿བཞེངས་༾གནང་པ་རེད། བརྒྱད། སྔ་ཐོག་བཞངས་༿བཞེངས་༾གནང་། དགོང་དག་༿དྲོ་༾ཚོས་རྩི། རབ་གནས་དང་བཅས་པ་བསྒྲུབས། བསྒྲུབས་ནས་གཅིག་དེ་ཡེ་གའི་ཕོ་བྲང་ལ་ཆོས་རྒྱལ་མེས་ཨག་ཚོམ་གྱིས་ཐུགས་དམ་དཀྱིལ་དེ་རྒྱལ་ས་ཁང་ཟེར་དེ་འདུག་གཱ། ཨོང་། དེའི་ཡོའོ་༿ཡོད་༾རེད། གཅིག། ད་མགོན་པོ་རི་ཐམས་ཅད་འདི་ལ་བདུན་ཡོའོ་༿ཡོད་༾རེད་ལགས། བདུན། དཱ་བདུན་དེ་ནས་ཡེ་གའི་ཨ་ནི་་་་དགོན་པོའི་༿པའི་༾ཡེ་གའི། ཨ་ནི་་་་གཅིག་གི་སྦས་བཞག་བྱས། བྱིས་པ་ལོ་བརྒྱད་ཀྱི་སྐུ་ཚད་གཅིག་ཡོའོ་༿ཡོད་༾རེད་མ་གཏོགས། གཞན་ཡོའོ་༿ཡོད་༾རེད་ལགས་དཱ། ཨོའོ་་་་འདུག་ཟེར་ཐུགས་རྗེ་ཆེན་པོ།
- བུ་ཆུང་ཨ་ནི་་་་་དགོན་པ་ཡོའོ་༿ཡོད་༾རེད་པས།
- བློ་གྲོསཨོང་། ཡོའོ་༿ཡོད་༾རེད་ལགས། འདི་ཆུང་ཆུང་གཅིག་ཡོའོ་༿ཡོད་༾རེད། དགུང་ལོ་བརྒྱད་ཀྱི་སྐུ་ཚད་གཅིག། ཨོའོ་་་་དེ་ནི་དེ་འདྲས་ཅིག་རེད། གཞན་ཞེ་དྲག་ཞུ་ཡས་མི་འདུག།
- བུ་ཆུང་ཨ་ནི་་་་སྤྲེའུ་དེའི་ལོ་རྒྱུས། སྤྲེའུ་བྲག་ཕུག།
- བློ་གྲོསསྤྲེའུ་ལོའོ། སྤྲེའོ་དེ་དཱ་དང་པོ་རྒྱ་གར་ནས་སངས་རྒྱས་ཀྱི་ད་སྤྲེའུ་ལ་ཚུར་དཱ་བོད་ལ་སོང་གསུངས་པ་རེད་པཱ། བོད་ལ་སོང་གསུང་། དེ་ནི་གསུང་དཱ་སྤྲེའུ་ཡ་གའི་གཞུག་ལ་ད་སྲིན་མོ་བྲག་དེ། སྔ་མ་ནགས་འཁྲོལ་འདྲ་འདུག་གཱ སྲིན་མོ་བྲག་དེ་གས་༿ཡིས་༾དེ་ནི་སྤྲེཨིའུའི་སྐུ་མདུན་ལ་བཅར་ནས། བཅར་བྱས་དེ་ནི་ཨོའོ་་་། དེ་ནི་ང་ལ་ད་འབྲེལ་ན་གནང་དགོས་ཡོད་ཟེར། དེ་ནི་ཡང་ཕར། སྤྲེའུ་གིས་༿ཡིས་༾ཕར་ཆིབས་གནང་ནས་དེ་ནི། ད་དེ་འབྲེལ་བ་གྱིས་༿ཡིས་༾ཟེར་གསུང་པ་འདྲ་འདུག་གཱ་ལགས།
- བློ་གྲོསདེ་སྲིན་མོ་བྲག་དེ་བྱས། སྲིན་མོ་བྲག་དེ་བྱས་དེ་ནི་དེའི་སྨད་དེའི་སྲིན་མོ་བྲག་དེ་ཡོའོ་༿ཡོད་༾རེད། སྟོད་དེའི་སྤྲེའུ་བྲག་ཕུག་དེ་ཡོའོ་༿ཡོད་༾རེད་པཱ་ལགས། དེ་ནས་སྤྲེའུ་བྲག་ཕུག་འདི་དེ་ནི། ད་སྤྲེའི་ཕྲུག་གུ་ཞེ་དྲག་སྐྱེས་པ་རེད་པཱ། ང་ཚོའི་ཡ་གའི་མུར་༿མ་རུ་༾དེ་ནས་ཡར། ཡུར་༿ཡ་རུ་༾མི་ནག་ཟེར་དེ་དེ་གྱད་ནགས་སྤྲེལ་འདྲ་པོ་འདུག་གཱ ཨོང་ཨོང་་་་དེ་ནས་ཡར། སྤྲེའུ་གིས་ནགས་ཚལ་བྱས། དཱ་དེ་ནས་དེ་ནི་རྒྱ་གར་ནས་སངས་རྒྱས་ཀྱིས་ཚུར་འབྲུ་བསྐུར་གནང་ནས། འབྲུ་བསྐུར་གནང་ནས་ད་ཕ་གའི་ད་རིང་སང་། ཨོང་། ཕ་གའི་རྩེ་ཐང་ཀྲན་༼རྒྱ་སྐད་ཀྱི་སྒྲ༽གྱི་ཁར་ཐུག་ཕེའི། བེ་རའི་ཤིང་ཟེར་ཅིག་ཡོའོ་༿ཡོད་༾རེད། ཨོའོ་་་་འདི་རེད་པཱ་ལགས།
- བློ་གྲོསད་དེ་ནས་བཟའ་རམ་ཤིང་ཟེར་འདི་དེ་ནི་། སྤྲེའུ་གིས་༿ཡིས་༾དང་པོ་ཨོའོ་་་་དེ་གས་༿ཡིས་༾བལྟས། ཨོའོ་་་་དེ་ནས་དེ་ནི་དཱ། རྒྱ་ཆེ་རུ་ཆེ་རུ་ཆེ་རུ་ཕྱིན་ནས། དེ་ནི་མིའི་འདི་དེ་དར་ར་༿བ་༾རེད་པཱ། ཨོའི་་་་འདུག་ཟེར་པཱ། ད་དེ་མ་གཏོགས། ཞེ་དྲག་ཅིག་ཞུ་ཡས་ཟེར་མི་འདུག།
- བུ་ཆུང་བྲག་ཕུག་ག་ཚོད་ཡོའོ་༿ཡོད་༾རས།
- བློ་གྲོསབྲག་ཕུག་དེ་ལ་འདི་ཡོའོ་༿ཡོད་༾རེད། དེའི། ཆོས་རྒྱལ་གྱིས་དང་པོ་ཁྲ་འབྲུག་བཞངས་༿བཞེངས་༾གནང་བའི་གོ་དུས་༿སྐབས་སུ་༾དེ་ནི། ཀླུ་འདི་བརྟུལ་ཡས་ཆེད་དུ་ཆོས་རྒྱལ་གྱསི་ཡེ་གའི་༿གིར་༾གྲུབ་པ་སྐྱོན་བཞུགས་རེད་པཱ་ལགས། གྲུབ་པ་སྐྱོན་ནས་བཞུགས་ནས། གྲུབ་པ་སྐྱོན་བཞུགས་དཱ་དེ་ནི། བྱམས་པ་རྩེ་ཟེ་༿ཟེར་བ་༾དེའི་ཡེ་གའི་དར་ལྕོག་བཙུགས་ས་ཅིག་འདུག་གཱ ཡེ་གའི་དེ་འཁྱུང་དེ་བསྒྲུབས་གནང་ནས། ཡེ་གའི་འཕིར་བྱས་ཆིབས་གནང་དང་། ཨོའོ་་་་དེ་ནི་ཁྲ་འབྲུག་ཡོད་ས་དེའི་ཁོ། ཀླ་དེ་ཡོའོ་༿ཡོད་༾རེད་པཱ་ལགས། ཀླུ་འདི་ཨོའོ་་་་དེ་ནི་ཁྲ་འབྲུག་ཟེར། ཀླུ། དེ་ནི་ཨོའོ་་་་དེ་ནས་ཁྲང་དེའི་དཀྱིལ་ནས་ཀླུ་འབྲུག་གི་བཟོ་འདྲ་ཅིག།
- བློ་གྲོསཨོའོ་་་་དེ་དེ་ནི་བརྟུལ་གནང་ནས་དེ་ནི་མཚོ་ཡིན་པ་འདྲ་འདུག་གཱ ཨོའོ་་་་འདི་དེ་ནི་ཁྲ་འབྲུག་འདི་ཡ་གའི་བཞངས་༿བཞེངས་༾གནང་པ་རེད་པཱ། ཆོས་རྒྱལ་ཡ་གའི་གྲུབ་ཁང་བྲག་ཕུག་ཟེར་བྱས་ནས། དེའི་། ཡ་ནས་བྱས་ན་ནག་པོ་འདྲ་ཅིག་མཐོང་གི་རེད། ཨོའོ་་་་དེ་འདི་རེད་པཱ་ལགས། ཆོས་རྒྱལ་གྱིས་གྲུབ་པ་བསྐྱོན་བྱས། དེ་ནི་ཁྱུང་བསྒྲུབ་གནང་ས་འདི། ཨོའོ་་་་འདུག་ཟེར་བྱས། ཨོང་ཨོང་ལགས། གཞན་དཱ།
- བུ་ཆུང་ཁྱུང་བྲག་ཕུག་བྱས། འདི་མིན་པའི་ག་རེ་ཡོའོ་༿ཡོད་༾རེད་པས།
- བློ་གྲོསའདི་མིན་པའི་སྤྲེའུ་བྲག་ཕུག་བྱས། དེ་སྲིན་མོ་བྲག་བྱས། སྲིན་མོ་བྲག་གི་བྲག་ཕུག། གསུམ་བྱས། གསུམ་ལས་ཡོའོ་༿ཡོད་༾མ་རེད།
- བུ་ཆུང་སྐད་གྲགས་ཆེ་བ་དེ་གསུམ།
- བློ་གྲོསཨོའོ་་་་ད་དེ་གསུམ་དེ་བྱས་དཱ། ང་ཚོས་དེའི་མཇལ་ཀ་ཕྱིན་ནའི་གསུམ་རེད་ལ། ད་སྤྲེའུ་བྲག་ཕུག་དང་སྲིན་མོ་བྲག་ལ། སྤྲེའུ་བྲག་ཕུག་ལ་དེའི་དར་ལྕོག་གཅིག་བཙུགས་བཞག་འདུག་གཱ དེའི་རེད། སྲིན་མོ་བྲག་དེ་དེའི་མར་ན་དེའི་ཡོའོ་༿ཡོད་༾རེད། དེ་ཨོའོ་་་་དེ། དེ་ནི་དེ་རེད་མ་གཏོགས་གཞན་ད་དེ་བར་དེ་ནི། འདི་ཟེར་ཡོའོ་༿ཡོད་༾མ་རེད་ལ་དཱ།
- བུ་ཆུང་ལོའོ་སོ། ལོའོ་སོ། འདི་གྲོང་ཚོ་འདི་སྔན་མ་རང་ནས་ཡོའོ་རེད་པས། ཆེ་ཆུང་དེ་ག་ཙམ།
- བློ་གྲོསཡོའོ་༿ཡོད་༾མ་རེད་ལགས། སྔ་མ་ད་དེ་གས་༿ཡི་༾། རྗེས་ལ་ཡར་ཆེ་རུ་ཕྱིན་པ་རེད། དེའི་སྟང་༿སྟེང་༾དེའི་གྲོང་ཚོ་གཅིག་ཡོའོ་༿ཡོད་༾རེད་། གཞན་ཡོའོ་༿ཡོད་༾མ་རེད། ཡ་གའི་ཤིང་ཞེ་དྲག་འདུག་གཱ་ལགས། ཡ་གའི་རྒྱལ་སར་ལྷ་ཁང་ཅིག་ཡོའོ་༿ཡོད་༾རེད། ཨོང་། ཨ་ནེ་དགོན་པོ་༿པ་༾ཡ་གི་སྔ་མོ་ནས་ཡོའོ་༿ཡོད་༾རེད། ད་ཡ་གའི་ནི། གདང་༿སྟེང་༾ཡེ་གའི་འདི་ཡོའོ་༿ཡོད་༾རེད། བསམ་གཏན་གླིང་ཟེར་འདི། བཀའ་གདམས་མའི་དགོན་པ་དང་པོ་འདི།
- བུ་ཆུང་ཡ་གའི་སྒང་ལ།
- བློ་གྲོསཨོང་། ཨོའོ་་་་ཡ་གའི། བཀའ་གདམས་ཟེར་འདི་བྱས། བཀའ་གདམས་པའི་དུས་ལ་དེ་ནི་དགོན་པ་ཡ་གི། དེ་བསམ་གཏན་གླིང་ཟེར་འདི་རྙིང་མའི་དགོན་པ་དང་པོ་དེ་ཡེ་༿ཡར་༾ནས་དར་རེད་པཱ་ལགས། བསམ་གཏན་གླིང་ཟེར་དེ་ནས། དེ་ནས་དེ་ནི་བན་གཙང་ཟེར་འདི་ལ་ཕར་འདི་བྱས། རྒྱ་ཆེ་པོ། ད་དེའི་བརྒྱབ་ལོག་དེ་བྱས་ན། བཀའ་གདམས་ཆོས་འཛོམས་གླིང་ཟེ་༿ཟེར་༾བྱས་ནས་དེ་ཡང་སྔ་མོ་འདི་དཱ། བཀའ་གདམས་པའི་དེ་ཡིན་པ་འདྲ་འདུག་གཱ་ལགས། དེ་གི། རྩེད་ཐང་ལ། རྩེད་ཐང་ལ་ཆོས་གྲྭ་ཆེན་པོ་ཆོས་གྲྭ་ཆེན་པོ་ཟེར་འདི། བཀའ་གདམས་པ། བཀའ་གདམས་པའི་དུས་ལ། དེ་ནི་དེ་ནས་དེ་ཤོག་ལྷེ་འདུག་ཟེར་བརྡབ་པའི་གོ་དུས་༿སྐབས་སུ་༾ནི་གདན་རི་ལ་རི་དྭགས་འདྲོགས་ཀྱི་ཡོད་ཟེར།
- བློ་གྲོསདེ་འདྲས་ཀྱི་འདི་ཡོའོ་༿ཡོད་༾རེད་ཟེར། དཱ་འདིའི་ད་ལྟ་དེའི་མི་ཚང་གཅིག་གཉིས་ཅིག་འདུག་གཱ་ལགས། དེའི་ཁར་ཐུག་ད་གཱ་༿དེ་གར་༾མཛུབ་མོའི། ཨོའོ་་་་དེའི་བཀའ་གདམས་པའི་བཞུགས་ཁྲི་ད་བཞག་ཡོའོ་༿ཡོད་༾རེད། ད་ཡོའོ་༿ཡོད་༾མ་རེད་པཱ་ལགས། ཨོའོ་་་་འདུག་ཟེར་ཡོའོ་༿ཡོད་༾རེད་ལགས།
- བུ་ཆུང་ལ་སེ་༿ལགས་སོ་༾ཨ་ནི་་་་ཕ་གའི་དགོན་པ་གཅིག་འདུག་གཱ་འདི།
- བློ་གྲོསཕ་གི་ལྔ་མཆོད་དགོན་པ་ཟེར།
- བུ་ཆུང་འདི་ག་དུས་བཞངས་༿བཞེངས་༾པ་ཡིན་ནཱ།
- བློ་གྲོསའདི་སྔ་མ་ནས་བཞངས་༿བཞེངས་༾པ་རེད། དེའི། ད་དེའི་མི་ཚང་གསར་པ་གཅིག་འདུག་གཱ དེའི་ལྔ་མཆོད་ཁང་ཟེར་དུས་གསུམ་སངས་རྒྱས་ཡོད་ས་ཅིག་ཡོའོ་༿ཡོད་༾རེད། ད་འདི་བཤིག་པ་རེད་པཱ། བཤིག་བྱས་ང་ཚོའི་བགྲེས་ཁོག་ཚོས་དེ་ནི་ཕར་དགོན་པ་འདི་རྒྱ་ཆེར་རུ་གཏང་པ་རེད་ཟེར། དཱ་འདི། དེ་ནས་ཕར་སྤོས། ལྔམ་༿ལྔ་༾མཆོད་ཁང་ཟེར། ཨོའོ་་་་དེ་ལྔ་མཆོད་ཟེར་འདི་བཞངས་༿བཞེངས་༾། ཨོའོ་་་་དེ་འདྲས་རེད།
- བུ་ཆུང་དེ་ནི་དེ་ནས་ཡང་། རྫ་ཡོལ་ཁྲང་ནང་ལོག་དེའི་གཅིག་འདུག།
- བློ་གྲོསཨོའོ་་་་འདི་ས་སྐྱ་དགོན་པ་རེད།
- བུ་ཆུང་ས་སྐྱ་དགོན་པ་ག་རེ་ཟེར་མཁན་འདི་ཡིན་ན།
- བློ་གྲོསའབྲས་བུ་གླིང་ཟེར་ཡས་དེ་རེད།
- བུ་ཆུང་འབྲས་བུ་གླིང་། དཱ་དེའི།
- བློ་གྲོསདེས་བྱས་ན་ང་ཚོའི་ཡ་གའི་དེ་འདུག་ག་རེ་ཟགས།
- བུ་ཆུང་གོང་དཀར་ཆོས་སྡེ།
- བློ་གྲོསགོང་དཀར་ཆོས་སྡེ། གོང་དཀར་ཆོས་སྡེ་མ་རེད། འོག་དའི་༿དེར་༾ཤན་༼རྒྱ་སྐད་དེ་རྫོང་གི་དོན་༽ཆགས་ས་དའི།
- བུ་ཆུང་ར་སྨད།
- བློ་གྲོསར་སྨད་ཨོའོ་འོང་་་་། ར་སྨད་གྱི་དེའི་དགོན་ལག་རེད་དེ།
- བུ་ཆུང་ར་སྨད་ཀྱི་དགོན་ལག
- བློ་གྲོསའོང་འོང་།
- བུ་ཆུང་ཨ་ལས། ས་སྐྱ་བ་རེད་པས།
- བློ་གྲོསལགས་འོ་་་། ས་སྐྱ་རེད།
- བུ་ཆུང་གྲུབ་མཐའ་ས་སྐྱ་རེད་པས།
- བློ་གྲོསགྲུབ་མཐའ་ས་སྐྱ་རེད།
- བུ་ཆུང་དེ་ནས་རིགས་གསུམ་ལྷ་ཁང་ཟེར་ཡས་ཅིག་འདུག དེ་གང་འདྲས་རེད།
- བློ་གྲོསརིགས་གསུམ་ལྷ་ཁང་ཟེར་ཡས་དེ་ཡའི་དེ་རེད། སྔ་མ་དཱ་འཇམ་དགོན་བླ་མ་ཙོང་ཁ་པ་ཆེན་པོ་འདའི་༿འདིར་༾ལྔ་མཆོད་བསྡད་དམ་བཅའ་བཞག་ག་༿པར་༾ཡོང་པ་རེད་ཟེར་འཇམ་དབྱངས་གྱང་འཐིམ་ཅིག་ཡོའོ་༿ཡོད་༾རེད། དེ་ནི་དའི་འཇམ་དབྱངས་དེ་སྒྲུབ་པ་གནང་བྱས་དེ་ནི་འཇམ་དབྱངས་དེ་རྗེ་རིན་པོ་ཆེ་ལ་ཕར་འཐིམ་པའི་འདི་གནང་བ་རེད་པཱ་དེ་ནི་འཇམ་དབྱངས་ང་ལ་མ་མཐིང་གྱང་ལ་འཐིམ་ཟེར། ཨོའོ་་་་དེ་བཞུགས་ཀྱི་ག་དུས་དེ་ནི་འདིའི་རྩེ་ཐང་རིགས་གསུམ་ལྷ་ཁང་ཟེར་ཡས་དེ་ལ་དི་གཅིག་ཡོའོ་༿ཡོད་༾རེད་ཨོང་་་་རྨོའོ་རྒན་མོ་གཅིག་ཡོའོ་༿ཡོད་༾རེད། སྔ་མ་ཡིན་ན་དེའི་ནང་དའི་རྗེ་རིན་པོ་ཆེ་བཞུགས་འཛིན་གནང་སའི་འདུག་ཟེར་ཐོགས་རྩེ་གསུམ་བྱས་དེའི་སྟང་༿སྟེང་༾དེའི་རི་གསུམ་དགོན་པོ་ཡོའོ་༿ཡོད་༾རེད་དེ་ནི་རྨོའོ་ལགས་ཁྱེད་ཀྱི་བ་ཡི་ལྕི་བ་དེ་གྱད་བསགས་གཞོགས་ཟེར་དེ་ནི་ངས་ཐུགས་དམ་མའི་རྟེན་གཅིག་དེ་བྱས་ཡོང་ཟེར་གསུངས་པ་དང་། དེ་ནི་མར་གིའི་སྐུ་ཚད་བྱིས་པ་ལོ་བརྒྱད་ཀྱི་སྐུ་ཚད་ཙམ་ཡོད་པ་ལ། རྦད་དེ་དེ་ནི་དི་སྔ་མ་ཡིན་ན་རྩེད་ཐང་ལ་ནད་རིམས་གང་ཡོད་ནའི་དེ་གྱད་བཞེས་རྒྱུ་བར་ལ། རྗེ་རིན་པོ་ཆེ་རང་གས་ཆགས་ས་བྱས་ནས་བ་ཡའི་ལྕི་བ་ལ་བཞངས་༿བཞེངས་༾བཞག་སྐྱོག་རེད། ཨོའོ་་་་དེ་དེ་བར་ལ་དེ་ནི་འདི་ཡིན་ནའི་རི་དཀར་པོ་འདུག་གཱ་ལ་ཡར་ནས་ཆུ་རྡོལ་རྒྱག་གི་ཡོའོ་༿ཡོད་༾རེད་ཟེར་དེའི་ཁ་བསྣོན་ཡིན་པ་རེད་ཟེར་ཨོའོ་་་་དའི་གསུང་སྲོལ་ཨོའོ་་་་དེ་འདྲས་ཅིག་ཡོའོ་༿ཡོད་༾རེད།
- བུ་ཆུང་ལས་ཟེ༿ལགས་སོ༾། སྔ་མ་སྔ་མ་ནས་མིན་འདྲོ།
- བློ་གྲོསལགས། སྔ་མོ་སྔ་མོ་ནས་རེད་དཱ་དེ།
- བུ་ཆུང་རིགས་གསུམ་ལྷ་ཁང་ཟེར་ཡས་དེ།
- བློ་གྲོསརིགས་གསུམ་ལྷ་ཁང་ཟེར་ཡས་དེ་སྔ་མ་སྔ་མ་ནས་རེད་པཱ་ལགས ཕ་གིའི།
- བུ་ཆུང་རིགས་གསུམ་ལྷ་ཁང་ཟེར་ཡས་དེ་དང་བཀའ་གདམས་རང་དེ་གཉིས་ག་གི་སྔ་བ་ཡོའོ་༿ཡོད་༾རེད།
- བློ་གྲོསཨོའོ། བཀའ་གདམས་བཀའ་གདམས་སྔ་ཡོད་དྲོ། སྔ་ཡོད་ཀྱི་རེད།
- བུ་ཆུང་བཀའ་དམ་དེ་ཨ་ནེའི་དགོན་པའི་ཡར་ཙ་དའི་༿དེར་༾རེད་པས།
- བློ་གྲོསག་རེ་ལ།
- བུ་ཆུང་རིའི་སྒང་དའི་རེད་པས།ས
- བློ་གྲོསའོང་་་་དེ་འདི་མ་རེད་ལགས་རྙིང་མའི་དགོན་པ།
- བུ་ཆུང་ཐོག་མ་དེ།
- བློ་གྲོསའོང་། བསམ་བརྟན་གླིང་ཟེར་ཡས་དེ། བསམ་བརྟན་གླིང་ཟེར་ཕྱི་རྒྱལ་དེ་ཚོས་འདྲི་བསྒྲག་གནང་གི་འདུག་གཱ་བསམ་བརྟན་གླིང་། བསམ་བརྟན་གླིང་ག་པར་རེད་པས་ཟེར། བཀའ་གདམས་ཆོས་འཛོམས་གླིང་ག་པར་རེད་པས་ཟེར། ཨོའོ་་་་འདི་གསུང་གི་འདུག་གཱ ད་བཀའ་གདམས་ཆོས་འཛོམས་གླིང་ཟེར་ཡས་དེ་དཱ་འདིའི་རྩེད་ཐང་གི་ཆོས་གྲྭ་ཆེན་པོ་དེའི་ར་ཨིཁྲོད་ཡིན་པ་རེད། དེ་ང་ཚོའི་དགོན་པ་དེའི་རི་ཁྲོད་རེད། མིང་ཁོ་ར་བཀའ་གདམས་ཆོས་འཛོམས་གླིང་ཟེར་གྱི་རེད། དཱ་ཡ་གིའི་ལ་བསམ་བརྟེན་གླིང་ཟེར་གྱི་རེད། དཱ་ཡར་གིའི་ལ་དང་པོ་དགོན་པ་བྱས་ནས་དེ་ནས་ཕར་རྒྱ་ཆེ་རུ་ཕྱིན་དེ་ནི་བན་ཚང་དགོན་པ་ཟེར་ཡས་དེ་བྲམ་ཟེ་སྐྱེ་བདུན་གྱི་སྐུ་གདུང་ཡོའོ་༿ཡོད་༾རེད་ཡོའོ་༿ཡོད་༾རེད་ཟེར་ཡས་འདྲ་ཅིག་འདུག་གཱ་ལ། ཨོའོ་་་་དའི་ཨོའོ་་་་དའི་དེ་ནི་འདི་ནས་ཕར་དཱ་རྒྱ་ཆེ་རུ་ཕྱིན་ནས་ཕ་གི་རུ་ཕར་སྤོའོ་གནང་པ་རེད་དཱ་རྩེ་ཐང་གི་དགོན་པ་འདི་ཨོའོ་་་་ད་ལྔ་མཆོད་ཟེར་ཡས་དེའི་ཆོས་གྲྭ་ཆེན་པོའི་ཁུངས་ཀྱི་ཨོའོ་་་་དེ་འདྲས་ཅིག་དཱ་དེ་རིང་སང་ཤོས་སྲོལ་བྱས་ན་ཨོའོ་་་་དེ་འདྲ་ཆོས་གྲྭ་ཆེན་པོ་དེ་ད་ཁོང་ཚོ་ཡིན་ཟེར་གྱི་རེད་དེས་གསུང་གི་ཡོའོ་༿ཡོད་༾རེད་དེ་ཡིན་པ་མ་རེད་ལ་དེ། ཆོས་གྲྭ་ཆེན་པོ་ཟེར་དེ་སྔ་མ་རྦད་འདིའི་དེ་བྱས་ནས་དགོན་པ་དེ་དཱ་ག་པར་ཆགས་ཡོད་ན་ཤོད་ཡས་མི་འདུག་གཱ་ལ་གཞན་དེ་བར་ལ་མཆོད་མ་ཁང་ཟེར་བཀའ་གདམས་པའི་དུས་ལ་མཆོད་མ་ཞུ་ཟེ། དེ་ནི་ད་ག་ནང་བཞིན་གཅིག་གི་གཟིམ་ཁང་ལྕང་ཟེར་ཡས་འདྲ་བུ་༿པོ་༾ད་ག་ནང་བཞིན་དེ་བར་མི་ཚང་དེ་འདྲས་ལ་མིང་ཆེན་པོ་དེ་འདྲས་སྡེ་པ་རྒྱག་རུ་ཟེར་ཡས་ཨོའོ་་་་དེ་ཚོ་ད་བཀའ་གདམས་པའི་དུས་ཀྱི་གཞིས་ཀ་དེ་འདྲས་ཀྱི་དེ་ལྟར་འདྲ་འདུག་གཱ་ལ། ད་འདིའི་དགོན་པ་འདི་དེ་རེད་ལ་སྔ་མོ་རྒྱལ་མཆོག་ལྔ་པའི་དུས་ལ་རྙིང་མ་བྱས་ནས་དེ་ནི་འདི་ཕན་བདེ་ལེགས་བཤད་གླིང་ཟེར་ང་ཚོའི་རྙིང་མའི་དགོན་པ་དེ་བསྡད་ཡོད་ས་དའི་ཕན་དཱ་ལེགས་བཤད་གླིང་ཟེར་ཡས་ཅིག་ཡོའོ་༿ཡོད་༾རེད་འདིའི་རེད་འདིའི་རེད།
- བློ་གྲོསདཱ་ང་ཚོའི་དགོན་པོ་༿པ་༾དགའ་ལྡན་ཆོས་འཁོར་ཟེར་ཡས་དེ་འདིའི་རེད་འདའི་གཤམ་དའི་ཀུང་ཧྲད་༼རྒྱ་སྐད་དེ་བོད་སྐད་ལ་ཚོགས་པའམ་རུ་ཁག་ཞེས་པའི་དོན་༽ཆགས་བསྡད་འདུག་གཱ་ལ་ཨོའོ་་་་དེ་ནི་འདི་དཱ་ང་ཚོ་སྤུ་གུ་༿ཕྲུ་གུ་༾འདྲ་ཅིག་ག་དུས་འདའི་༿འདིར་༾སྤོས་པ་རེད་ལ།
- བུ་ཆུང་ལས་སི་༿ལགས་སོ་༾ ཨ་ནི་་་་ད་ལྟ་མི་དབང་ཕོ་ལྷས་བཞེངས་པ་རེད་ཟེར་ཡས་དེ།
- བློ་གྲོསཨོའོ་་་་འདི་རེད་འདི་རེད། དཱ་མི་དབང་ཕོ་ལྷས་དེ་འདི་བྱས་པ་རེད་ཆོས་སྒོ་བསྒྱུར་བ་རེད། རྒྱལ་བ་སྐལ་བཟང་དུས་ལ་རེད་ཆོས་སྒོ་བསྒྱུར་ཡས་དེ་རྒྱལ་བ་སྐལ་བཟང་དུས་ལ་བྱས། རྒྱ་ནག་གི་དགོན་པ་ད་ང་ཚོའི་འདིའི་ཚོད་དའི་སྤེན་ཡོའོ་༿ཡོད་༾རེད་སྤེན་སྤེན་ཟེར་ཡས་དེ། ནང་ཁུག་དའི་སྤེན་བཀྲམ་ཡས་གཅིག་བྱས་རྒྱ་ནག་གོང་མའི་མཐིལ་ཟེར་བྱས། དེ་རྒྱ་ནག་གོང་མའི་ཚེ་སྒྲུབ་དཱ་རྙིང་མའི་དགོན་པ་དེ་ཕར་བསྒྱུར་ནས་དེ་ནི་རྒྱལ་བ་སྐལ་བཟང་དུས་ལ་དེ་ནི་འདི་ལ་འདི་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་དང་རྒྱ་ནག་རྒྱལ་པོའི་སྐུ་ཚེ་ཚེ་སྒྲུབ་ཞུ་ཡས་ལ། དཱ་ང་ཚོའི་སེར་འབྲས་ཚོ་ལའི་འདི་ཡོའོ་༿ཡོད་༾རེད་པཱ་ལགས། རེད། སེར་འབྲས་ཚོ་ལའི་གཅིག་པ་རེད།
- བློ་གྲོསད་ག་ནང་བཞིན་སེར་འབྲས་ཚོ་ལའི་གཞུང་འདི། རྒྱ་ནག་དགོན་པོ་༿པ་༾རེ་དང་། སྡེ་པ་གཞུང་དགོན་པ་རེ་ཆགས་ཡོའོ་༿ཡོད་༾རེད་ལགས། ཨོའོ་་་་འདི་ནང་བཞིན་རེད་ལགས། འདི་ཨོའོ་་་་དེ་འདྲས་ཟེ་བྱས། དེ་ནི་འདིའི་རྩེད་ཐང་དགའ་ལྡན་ཆོས་འཁོར་ཟེ་༿ཟེར་༾བྱས། ཨོའོ་་་་འདུག་ཟེ།༿ཟེར་༾ དེ་མི་དབང་གི་དུས་ལ་དེ་ནི། ཨོང་། དཱ་མི་དབང་གི་སྲིད་སྐྱོང་། སྲིད་ཀྱི་འདི་གནང་མཁན་དེས་ཕོ་ལྷ་ཡིན་པ་འདྲ་འདུག་གཱ ཨོང་། བྱས་ཙང་ཕོ་ལྷས་དེ་ནི་དཱ་འདི། དེ་ནི་ཨོང་་་མིང་དེ་དགེ་ལུགས་ལ་འགྱུར། ཨོང་་་་དེ་ནི་འདི་དེ་གང་ཟེར་ནོ་གས། ཆོས་དེ་དགེ་ལུགས་ལ་འགྱུར། དེ་ནས་དེ་ནི་དང་པོའི་དགེ་རྒན། འདིའི་དགོན་པ་འདི་དང་པོ་དཱ་དགེ་ལུགས་ཆགས་ནས་རྙིང་མས་དཱ་དགེ་ལུགས་ཀྱི་འདི་ཡོང་གི་མ་རེད་པཱ་ལགས། འདི་དཱ་དང་པོའི་དགེ་རྒན་སུམ་ཅུ་སོ་གཉིས། རྒྱུད་ནས་ཚུར་གདན་དྲངས། མཁྱེན་རྗེ་དཔལ་འབྱོར་གྲགས་པ་ཟེར་འདི་ད་དེའི་མཁན་པོ་འདི་བྱས་གཙོ་བོ་འདི་བྱས།
- བློ་གྲོསཨོའོ་་་་དེ་ནས་དེ་ནི་དགེ་རྒན་སུམ་ཅུ་སོ་གཉིས་ཀྱི་དེ་ནི་འདིའི་དགོན་པོ་༿པ་༾འདི་ཕྱག་བཏབ་དཱ་དོན་སྤྱི་ཁ་འབྲས་དང་དེ་གྱད་ཀྱི་ཨོའོ་་་་དེ་གྱད་ཀྱི་འདི་དེ་གནང་བྱས། ཨོའོ་་་་དེ་ནི་འདི་རྒྱུད་སྨད་པའི་དགོན་ལག་རེད་ལགས། སྔ་མ་ཡིན་ན་བརྟེན་རྒྱས་གླིང་གི་དགོན་ལག་རེད། དགོན་པ་འདི་འདི་དེ་བརྟན་རྒྱས་གླིང་རེད་ལགས། ཨོང་་་་དེ་ནི་རྗེས་ལ་ད་བརྟན་རྒྱས་གླིང་འདི་གཞུང་བཅོས་ཕྱིན་པ་རེད་པཱ་ལགས། བརྟན་རྒྱས་གླིང་དེ་གཞུང་བཅོས་ཕྱིན་པ་དང་དཱ་གཞུང་གི་ཕྱིན་པ་རེད་པཱ་ལགས། ཨོའོ་་་་འདི་གཞན་བརྟན་རྒྱས་གླིང་གི་ཁོངས་རེད་དགོན་པ་འདི།
- བུ་ཆུང་རྙིང་མའི་དགོན་པ་འདི་ཕྱག་བཏབ་ཉན༿མཁན་༾དེ་སུ་རེད།
- བློ་གྲོསརྙིང་མའི་དགོན་པ་ཕྱག་བཏབ་ཉན་༿མཁན་༾སུ་ཡིན་ན་འདི་ཤོད་ཡས་མི་འདུག། དཱ་འདི་དཔེར་ན། དེ་འདྲས་རེད་གསུང་མ་གཏོགས་ཅིག་གི་དཱ། སྔ་མ་ཕལ་ཆེར་རྩེ་འདི་རྒྱལ་མཆོག་ལྔ་པའི་དུས་ལ་དཱ་ཕལ་ཆེར་དཱ་མང་ཆེ་བ་དཱ་རྙིང་མ་ལ་འགྱུར་བྱས་དེ་ནི་དེ་འདྲས་ཅིག་ལ་ནེ་༿འདི་༾འདྲས་འདུག་གཱ ཚུར་འདི་གནང་མེད་འགྲོ། ང་ཚོའི་འབོད་བྱོན་༿སྦུག་ཆལ་༾དང་དེ་འདྲས་ལ་དགའ་ལྡན་ཕོ་བྲང་དགའ་ལྡན་ཕོ་བྲང་ཟེར། མཚན་བྱང་དེ་ལ་འདུག་གཱ་ལགས། འབོད་བྱོན་༿སྦུག་ཆལ་༾གྱི་ཤུ་༿ཤུབ་༾དེ་འདྲས་ལ། ཨོའོ་་་་དེ་འདྲས་ཨོའོ་་་་དཱ་འདི་དེ་འདྲས་རེད་གསུངས་པ་མ་གཏོགས་ཅི་༿ཅིག་༾། གཞན་འདི་ང་བཤད་རྒྱུ་ཏན་ཏན་མེད། ཨོང་།
- བུ་ཆུང་ཕག་མོ་གྲུབ་པའི་སྐབས་ལ་བརྟེན་གནས་དེ་ག་པར་འཁེལ་གྱི་ཡོའོ་༿ཡོད་༾རེད་པས། ལྟེ་བ་དེ། ཕག་མོ་གྲུབ་པའི་བཞུགས་ས་འདི། བཞུགས་གནས་དེ། ཕོ་བྲང་དེ་ག་པར་འཁེལ་ཡོའོ་༿ཡོད་༾རེད།
- བློ་གྲོསཕག་མོ་གྲུབ་པའི་ཕོ་བྲང་དཱ་ཡེ་རུ་༿ཡ་གེར་༾རྒྱལ་པོ་སྣེ་གདོང་གིས་བསད་བགས་༿པ་༾ན། རྒྱལ་པོ་སྣེ་གདོང་གིས་བསད་བགས་༿པ་༾ན། འདི། འདི་སྡེ་སྲིད་བྱང་ཆུབ་རྒྱན་མཚན་ཟེར་འདི། རྒྱལ་པོ་སྣེ་གདོང་གི་བསད་པ་མིན་འགྲོ། ཨོང་། ཨོའོ་་་་འདི་གས་༿ཡིས་༾འདི་གནང་། དཱ་ཕག་མོ་གྲུབ་པ་རང་འདི། འདི་རེད་པཱ་ལགས། ཨོང་། གདན་ས་མཐིལ་དང་། འབྲི་གུང་། རེད་པཱ་ལགས། ཨོའོ་་་་དེ་ཚོ་རེད་ལགས།
- བུ་ཆུང་སྡེ་སྲིད་བྱང་ཆུབ་རྒྱན་མཚན་གྱི་འཁྲུངས་ས་ག་པར་འཁྲུངས་པ་རེད། དེ་བར་འཁྲུངས་པ་མིན་འགྲོ།
- བློ་གྲོསསུ་ལགས།
- བུ་ཆུང་སྡེ་སྲིད་བྱང་ཆུབ་རྒྱན་མཚན།
- བློ་གྲོསསྡེ་སྲིད་བྱང་ཆུབ་རྒྱལ་མཚན་ཡེ་གའི་སྣེངདོང་ལ། སྣེ་གདོང་རྒྱལ་པོའི་སྲས་རེད་པཱ་ལགས།ཡ་གའི་འཁྲུངས་ཡོའོ་༿ཡོད་༾རེད། འཁྲུངས་ཡོད་ན།
- བུ་ཆུང་སྐབས་དེའི་དགོན་པ་དེ་ག་རེད། རྙིང་མ་རེད་པས།
- བློ་གྲོསདེའི་གོ་དུས་༿སྐབས་སུ་༾དགོན་པ་དེ་རྙིང་མ་ཡིན་ནཱ་བཀའ་གདམས་ཡིན་ནཱ། ད་འདི་བཤད་ཡས་མིན་འདུག་ལགས། བྱས་ཙང་དཱ་ཁོང་རྣམས་ཚོས་གསུང་ཡས་ལ་བྱས་ན། བཀའ་གདམས་པའི་དགོན་པ་འདི་ཕ་གི་རེད་གསུང་གི་ཡོའོ་༿ཡོད་༾རེད་དཱ། ཁག་གཅིག་གི་གསུང་ན་དཱ། བཀའ་གདམས་པའི་དགོན་པོ་༿པ་༾དེ་དཱ་རྒྱ་ཆེན་པོ་ཞེ་དྲག་ཡོའོ་༿ཡོད་༾རེད་ཟེ་༿ཟེར་༾དང་པོ། དཱ་རྗེས་ལ་དེ་ནི་ཕར་ཚུར་འདི་བྱས་བྱས་ཨོའོ་་་་དེ་ནི། ད་དེ་འདྲས་ཅིག་ནས་ཕར་འགྱུར་བ་མིན་འགྲོ་འདི་གསུངས་འདུག་གཱ་ལགས། ཨོའོ་་་་དེ་འདྲས་རེད་ལགས།
- བུ་ཆུང་སྡེ་སྲིད་བྱང་ཆུབ་རྒྱན་མཚན་གྱི་ཨ་ནི་་་་དེའི་བཞངས་༿བཞེངས༾དགོས་ཡས་ཀྱི་དགོན་པ་ཅིག་ཡོའོ་༿ཡོད་༾མ་རེད་པས། གནས་ག་རེ་ག་རེ་བཞངས་༿བཞེངས༾ཡོའོ་༿ཡོད་༾རེད་པས། རྩེད་ཐང་རྒྱུད་ལ་ཡོའོ་༿ཡོད་༾རེད་པས།
- བློ་གྲོསགནས་དེ་འདྲས་གའེ་ཡོའོ་༿ཡོད་༾མ་རེད་ལགས། ཨོང་། ཆོས་ཁང་རྙིང་པ་ཟེར་ཅིག་ཡོའོ་༿ཡོད་༾རེད། དེའི་བརྒྱབ་དེ་ཡཱ། ལྔ་མཆོད་པའི་བརྒྱབ་དེའི་ཡོའོ་༿ཡོད་༾རེད། དཱ་ཆོས་ཁང་འདི། ཨོང་ལགས། དཱ་འདི་ཆོས་ཁང་རྙིང་པ་ཟེར་ཅིག་ཡོའོ་༿ཡོད་༾རེད་ལགས། ལྔ་མཆོད་པའི་ལ་དཱ། གནས་ཆ་བཞག་ན། དེའི་ལྔ་མཆོད་ཁང་ཟེར་ཅིག་ཡ་རུ་ཁང་པ་བརྒྱབ་འདུག་གཱ འདི་ང་ཚོས་བཤད་ཡས་དེ་དུས་གསུམ་སངས་རྒྱས་གཅིག་ཡོའོ་༿ཡོད་༾རེད་ལགས། དཱ་བྱས་ཙང་། བགྲེས་ཁོག་ཁག་གཅིག་གི་གསུང་ཚུལ་ལ་དཱ་འདི་དེ་ནི། ལྔ་མཆོད་པ་ལྔ་མཆོད་པ་ཟེར་ཡས་མིང་ཐོབ་ཡས་དེ་དེ་ནས་ཕར་དར་རེད་ཟེར། ཨོའོ་་་་དེ་འདྲས་གསུང་ཚུལ་འདྲ་ཅིག་ཡོའོ་༿ཡོད་༾རེད།
- བློ་གྲོསཨོང་། ལྔ་མཆོད་ཁང་ཟེར། དེའི་ལྔ་མཆོད་ཁང་ཟེར་གྱི་རེད་ལགས། དེའི་ཁང་པ་གསར་པ་གཅིག་འདུག་གཱ་ལགས་དེའི། རིང་པོ་འདི། ཨོའོ་་་་འདི་སྒེ་ཁུང་ཡོད་ས་དེའི། སྔས་མ་ཡིན་ན་ལྷ་ཁང་འདི་ཡོའོ་༿ཡོད་༾རེད་ལགས། ཨོའོ་་་་དེ་འདྲས་ཟེར་གྱི་རེད་ལགས།
- བུ་ཆུང་ཨ་ནི་་་་བསམ་སྤྲིན་བཞི་རེད་ལྔ་རེད་ཅིག་ཡོད་པཱ། རྨ་བྱ་དང་རུས་སྦལ་དང་ཟེར་ཡས་ཅིག། ཨོའོ་་་་དེ་ཚོ་ཡོད་སར་དགོན་པ་ཡོའོ་༿ཡོད་༾རེད་པས།
- བློ་གྲོསཡོའོ་༿ཡོད་༾མ་རེད་ལགས། ཡོའོ་༿ཡོད་༾མ་རེད་ལགས། གླང་ཆེན་དེ་འདི་རེད་འདི། འདི་དཱ་འདི་བྱས། ཕ་གའི་ཏན་ཧྲེ་ཐའེ་༼རྒྱ་སྐད་ཀྱི་སྒྲ་དེ་བརྙན་འཕྲིན་ཞེས་པའི་དོན་ལགས་༽ཡོད་འདུག་གཱ་ལགས། ཨོའོ་་་་འདི།
- བུ་ཆུང་དེ་ནས་ཉ་མགོ་ཕ་གའི་དགོན་པ་ཅིག་ཡོའོ་༿ཡོད་༾རེད་ཟེར་གྱི་རེད་པས་ལགས།
- བློ་གྲོསཉ་མགོའི་དགོན་པོ་ཅིག་ཡོའོ་༿ཡོད་༾རེད། དེའི་སྤྲེའུ་གི་༿ཡི་༾ཡར་ཙམ་དེ་གྲུ་ཁར་ལ་བལྟས་ཡོའོ་༿ཡོད་༾རེད། དེ་ཡང་དེ་ནས་མར་ཕྱིན་ན། སྤྲེའུ་འདི་སླེབས་ཀྱི་རེད། རྨ་བྱ་དེ་འདེའི་ཡོའོ་༿ཡོད་༾རེད་ལགས་དཱ།
- བུ་ཆུང་དགོན་པ་ཡོའོ་༿ཡོད་༾རེད་པས།
- བློ་གྲོསཨོང་། དགོན་པ་ཡོའོ་༿ཡོད་༾མ་རེད། ཉ་མགོའོ་དེའི་ལ་གྲུབ་ཐོག་ཐང་སྟོང་གི་དགོན་པ་གཅིག་ཡོའོ་༿ཡོད་༾རེད་ལགས། འདེའི་དགོན་པ་ཡོའོ་༿ཡོད་༾མ་རེད་ལགས། རྨ་བྱའི། རྨ་བྱ་བྱས། ད་འདི། སྣ་གདོང་སྣ་གདོང་ཟེར་འདི། གླང་པོ་ཆེ་གི་༿ཡི་༾དེའི་སྟང་༿སྟེང་༾ལ་ཆགས་བསྡད་ཡོད་ཟེར། ཨོའོ་་་་དེ་འདྲས་ཟེར་གྱི་རེད། སྣ་གདོང་། སྣེ་གདོང་ཟེར་འདི་སྣ་དོང་ཟེ༿ཟེར་༾། སྣ་ཁུག་སྟང་༿སྟེང་༾ལ། ཨོའོ་་་་དེ་འདྲས་ཅིག་ཆགས་བསྡད་ཡོད་ཟེར་གྱི་རེད
- བུ་ཆུང་སྲོང་བཙན་སྒམ་པོས་གོངས་པོ་རིའི་རྒྱུད་དེའི་དགོན་པ་བཞི་བཞངས་༿བཞེངས་༾པ་རེད་གསུང་གི་འདུག འདི་ག་རེ་ག་རེ་རད་༿རེད་༾།
- བློ་གྲོསསྲོང་བཙན་སྒམ་པོའི་སྐབས་ལ། དགོན་པ་བཞི་དེ་གང་ཡིན་ན་༿ནམ་༾། དཱ་ཕལ་ཆེར། དོན་འགྲོ་དགོན་པོ་༿པ་༾། གྲོ་སོ་དགོན་པོ་༿པ་༾།
- བུ་ཆུང་ཉ་མགོ་ཡོད་ས་དེ་རུ་དགོན་པ་གཅིག་བྱས། དེ་ནས་དགོན་པ་བཞི་བཞངས་༿བཞེངས་༾པ་རེད་ཟེར་ཡས་གཅིག་འདུག
- བློ་གྲོསཨོའོ་་་་འདི། གང་འདྲས་ཡིན་ན་ང་ལ་ཞུ་རྒྱུ་མེད།
- བློ་གྲོསཕྱོགས་བཞི་ལ་ཁ་སྣོན་ལ་དགོན་པ་བཞི་བཞངས་༿བཞེངས་༾པ་རེད་ཟེར་ཡས་ཅིག། དེ་འདྲས་ཅིག་འདུག།
- བློ་གྲོསལའོ་ལོའོ་སོ། ཨོའོ་་་་་འདི་ད་དཔེར་ན།
- བུ་ཆུང་ཁྲ་འབྲུག་ལྷ་ཁང་བཞེངས་པ་རེད་པཱ། ཁྲ་འབྲུག་ལྷ་ཁང་མ་བཞེངས་པ་གོང་ལ་ཕྱོགས་བཞི་ལ་དགོན་པོ་༿པ་༾བཞི།
- བློ་གྲོསའདི་ག་གི་ཡིན་ན། ང་ལ་ཤོད་ཡས་མེད།
- བུ་ཆུང་དེ་བྱ་ས་ལྷ་ཁང་དང་དེ་ཚོ་འབྲེལ་བ་ཡོའོ་༿ཡོད་༾རེད་པས།
- བློ་གྲོསབྱ་ས་ལྷ་ཁང་དང་དེ་ཚོ་འབྲེལ་བ་ཡོའོ་༿ཡོད་༾མ་རེད། བྱ་ས་ལྷ་ཁང་དེ་དཱ་འདི་རེད་པཱ་ལགས། ཡར་ཀླུང་བརྟེན་གསུམ་གྱི་གྲས་རེད་པཱ་ལགས། ཨོང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡོའོ་༿ཡོད་༾རེད་པཱ་ལགས། ད་དེ་གས་ལ། ཨོང་། ཁྲ་འབྲུག་དེ་སྤྲུལ་སྐུའི་ཆ་ཤས་བྱས། ཙན་ཐང་གཡུ་ཡི་ལྷ་ཁང་འདི། ལོངས་སྐུའི་ཆ་ཤས་བྱས། རྣམ་སྣང་དེ་དཱ། མ་རྣམ་སྣང་ཡིན་ནའི་ཁོ་བྱ་སྟོབས་དེ། བྱས་ས་ལྷ་ཁང་དེ་སྤྲུལ་སྐུའི་ཆ་ཤས་བྱས། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ཨོའོ་་་་དེ་འདྲས་ཟེ་རེད་པཱ་ལགས། ད་བྱས་ས་ལྷ་ཁང་ཕ་གི། བཟོ་བའི་སྐབས་བེ་ཤུ་ཀྭརྨས་དེ་ནི་རྣམ་སྣང་སྒྲོག་ཟེར་དེའི་ནང་ལ་ལུགས་བརྒྱབ་ནས་བཞེངས་པ་རེད་པཱ་ལགས་དཱ། དཱ་དེ་རིང་སང་ཕ་གའི་ཕྱག་མཛུབ་གཅིག་བསྡད་འདུག་གཱ གཞན་བསྡད་མི་འདུག་གཱ་ལགས། ཨོའོ་་་་་འདི། རྣམ་སྣང་དེ་ཐེ་འགུལ་རེད་ཟེར། ཐེ་འགུལ། རྣམ་སྣམ་དེ་ཆེན་པོ་ཞེ་དྲག་ཡོའོ་༿ཡོད་༾རེད། དེ་ང་ཚོས་འདུག་ཟེར་༿བཟོ་༾བཞུགས་ཁྲི་དེ་ལ་མཛུབ་མོས་འདུག་ཟེར་༿བཟོ་༾བྱས་ན། རྣམ་སྣང་དེ་འགུལ་ཀྱོག་བསྐྱོན་གྱི་ཡོའོ་༿ཡོད་༾རེད། དག་ཟེར་༿འདུག་ཟེར་༾འདུག་ཟེར་བྱས་ན་གོག་ཐུབ་ཡས་ཡོའོ་༿ཡོད་༾མ་རེད་ལགས།
- བློ་གྲོསཨོའོ་་་་་འདུག། མཐེ་འགུལ། ལོའོ། མཐེ་འགུལ། མཐེ་མོས་འདུག་ཟེར་བྱས་ནས་དེ་ནི་རྣམ་སྣང་དེ་འགུལ་བསྐྱོད་ཐེབས་པ། ཨོང་། ཐེམ་འགུལ། ཐེམ་འགུལ་ འདུག་ཟེར་མཛུབ་མོ་བཙུགས་ནས་དཱ་འགུལ་པ། ཨོང་ཨོང་། ཨོའོ་་་་་དེ་འདྲས་ཟེར་གྱི་རེད། ཨོའོ་་་་དེ་གྱད་ཆོས་ལོངས་སྤྲུལ་གསུམ་རེད་པཱ་ལགས། ད་དེ་ནས་དེ་ནི།
- བུ་ཆུང་གནས་དེ་གནས་སྒོ་ཕྱེ་ས་དེ་བྱ་ས་རེད། རེད་པཱ་ལགས།
- བློ་གྲོསབྱ་ས་རེད་ལགས། ཨོང་།
- བུ་ཆུང་གང་འདྲས་ཟེར་ཐད་ཀྱི་རེད། གནས་བསྐོར་ལ་ཐད་ན། མགོ་བཙུགས་ས་དེ་བྱ་ས་ནས།
- བློ་གྲོསབྱ་ས་ནས་བྱས་ནས་དེ་འདི་གང་འདྲས་ཟེར་ཐད་ཡོད་ན། དཔེར་ན། གོངས་པོ། དེ་ནས་ཁྲ་འབྲུག་ལ་བྱས་ནས་གསང་སྔགས་ཕོ་བྲང་། གསང་སྔགས་ཕོ་བྲང་མ་ཟག༿ཟེར་༾ གང་ཟག་༿ཟེར་༾ན་མདུན་འདིའི། ཨོང་་་་གནས་བརྟན་ལྟག་ཤོད། གནས་བརྟན་ལྟག་ཤོད་དེ་དཱ་ཁྲ་འབྲུག་གི་དང་པོ་ཨོའོ་་་་་འདི་ཆོས་རྒྱལ་གྱི་ཨོའོ་་་་་དེ་རུ་བཞུགས་གདན་འཇགས་པ་གནང་། དེ་རུ་བཞུགས་གདན་འཇགས་ནས་དེ་ནི་དེ་གྱད་ཀྱི་སྒྲིག་གཞི་དེ་གྱད་གནང་བྱས། དེ་ནི་ཁྲ་འབྲུག་འདི་བཞེངས་གནང་པ་གནང་། ཨོའོ་་་་་འདུག་ཟེར་བགས་༼ཡུལ་སྐད་དེ་རེད་ཞེས་པའི་དོན་༽ལ། གནས་བརྟན་ལྟག་ཤོད་ཟེར་འདི། ཨ་ནི་་་་་ད་ནིང་ལམ་ཁ་བཟོ་དུས་ཁག་ཅིག་གི་ནི་གནས་བརྟན་ལྟག་ཤོད་ཀྱི་དེ་བར་འཁེལ་གྱི་རེད་ཟེར། ངས་གནས་བརྟན་ལྟག་ཤོད་བཤིག་གི་མ་བགས་༿རེད་༾ཟེར་འདི། འདི་ཁོ་ལོ་རྒྱུས་ཐོག་གི་ཁང་པ་བགས་༿རེད་༾ཟེར་དཱ་དེ། ཁྲ་འབྲུག་མ་ཆགས་གོང་ནས་དེ་ཆོས་རྒྱལ་དེ་རུ་བཞུགས་ནས་ཆགས་ཚར་བགས་ན། དེ་འདི་དེ་ལོ་རྒྱུས་ཐོག་ལ་ཡིན་ཙང་མི་དེ་རྒྱུན་ནས་བཤིག་གི་མ་རེད་ཟེར། ཨོའོ་་་་་དེ་འདྲས་རེད་ཟེར།
- བུ་ཆུང་པཱ་ལགས་འཁྲུངས་ཡུལ་ག་ནས་ཡིན་ནོ།
- བློ་གྲོསལོའོ་ང་ལོའོ། ང་ཡར་ཀླུང་ནང་ལ་ཡིན།
- བུ་ཆུང་ཡར་ཀླུང་ག་ནས་ཡིན་ན་༿ནམ་༾།
- བློ་གྲོསཕིབ་པོ་ཟེར་འདི་ནས།
- བུ་ཆུང་དགུང་ལོ་ག་ཚོད་ལ་ཕེབས་ཀྱི་ཡོད་ན།
- བློ་གྲོསལོ་བདུན་ཅུ་དོན་ལྔ།
- བུ་ཆུང་བདུན་ཅུ་དོན་ལྔ། མཚན་ལ་ག་རེ་བཞུ་གི་ཡོད་ན།
- བློ་གྲོསབློ་གྲོས།
- བུ་ཆུང་ཆུང་ཆུང་སྒང་ལ་གྲྭ་པ་གང་། དགོན་པ་ག་གི་༿གང་གི་༾གྲྭ་པ་རེད།
- བློ་གྲོསདེའི་གྲྭ་པ་རེད་ལགས། ལོ་ལྔ་ནས་ལོ་སུམ་ཅུ་ཐམ་པ་བར་དུ་དེའི་གྲྭ་པ་བྱས་བསྡད་པ་རེད། འདིའི་གྲྭ་པ་བྱས། ད་ལོ་སུམ་ཅུ་ཐམས་པ་ནས་དེ་ནི། གྲྭ་པ་སློགས་པ་རེད་པཱ། ཨོའོ་་་་་དེ་ནས་ནང་ལ་ཡར་ཕྱིན། དཱ་དེ་ནས་དགོན་པོ་༿པ་༾དེ་མར་བསྐྱར་བཟོ་བྱས་པ་དང་། དཱ་གྲྭ་པ་ཟེར་ཡོའོ་༿ཡོད་༾མ་རེད། དེ་ནི་ང་ཚོ་གྲྭ་སློགས་དེ་ཚོས་ད་སྔ་མ་ཡིན་ན་འདི་གཙང་སྒོའི་རེད། དེ་ནི་ད་ད་ག་སེཨེ་དེ་དེ་རུ་མགོ་འཁོར་འཁོར་འདྲ་ཅིག། དེ་འདྲས་ཅིག་བྱས་བཞག་པཱ་རེད།
- བུ་ཆུང་ཨོའོ་་་་། ཐུགས་ཆེ་གནང་།