Skip to main content Skip to search
15 Dec 2011
1 hr 4 min 45 sec
Rating
0
No votes yet
Video Overview
Creators: 
Unknown

Prof. Tsering Gyalpo of the Tibet Academy of Social Sciences provides an introduction to the history of the Ngari region.

Show More

  • ཚེ་རིང་རྒྱལ་པོ
    ད་དེ་རིང་ངས་ད་ལྟ་མངའ་རིས།  སྟོད་མངའ་རིས་ཀྱི་ལོ་རྒྱུས་འདྲ་པོ་གཅིག་མདོར་བསྡུས་གཅིག་བཤད་ཀྱི་ཡིན།
  • ཚེ་རིང་རྒྱལ་པོ
    ཕོ་བྲང་བྱང་ཆུབ་འོད་དང་། དེ་རེད། ག་རེ་ཟེར་ན། བཙུན་པ་ཞི་བ་འོད་ཟེར་གྱི་ཡོད་རེད། ཕོ་བྲང་ཞི་བ་འོད་དང་བཙུན་པ་བྱང་ཆུབ་འོད་ཟེར་གྱི་ཡོད་རེད།   
  • ཚེ་རིང་རྒྱལ་པོ
    སྟོད་མངའ་རིས་དེ་ག་རེ་རེད་ཟེར་ན། ད་ལྟ་སྟོད་མངའ་རིས་ལ་ས་ཆ་དེ་ག་པར་ཆགས་ཡོད་རེད་ཟེར་ན། ཨ་ནི་་་་་་དེ་ག་རེ་ཟེར། ཡུ་གུར་རང་སྐྱོང་ལྗོངས་བྱས། དེའི་ལྷོ་ཕྱོགས་ནུབ་ཕྱོགས་ལ་ཡུ་གུར་རང་སྐྱོང་ལྗོངས་བྱས། དེ་ནས་ག་རེ་ཟེར། པར་ཀི་སི་ཐན་བྱས། རྒྱ་གར་བྱས། རྒྱ་གར་གྱི་ལ་དྭགས་བྱས། དེ་ནས་ནེ་པ་ལ་༿ནེ་པོལ་༾བྱས། ཨ་ནི་་་་་དེ་ནས་བོད་རང་སྐྱོང་ལྗོངས་ནང་ལོགས་ནས་འབྲོང་པ་རྫོང་དང་། དེ་ནས་ཨ་ནི་་་་་་ནག་ཆུ་ས་ཁུལ་གྱི་ད་ལྟ་ཉི་མ་རྫོང་དེ་ཚོ་དང་ས་མཚམས་འབྲེལ་བྱས། ད་ས་ཆ་དེ་རྒྱ་ཆེན་པོ་ཞེ་དྲག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ག་རེ་རེད་ཟེར་ན། སྤྱི་ལེ་ག་ཚོད་ཡོད་རེད་ཟེར་ན། སྤྱི་ལེ་གྲུ་བཞི་མ་སུམ་ཅུ་སོ་ལྔ་ལྷག་ཙམ་ཅིག་ཡོད་རེད། རྒྱ་ཁྱོན་དེར།
  • ཚེ་རིང་རྒྱལ་པོ
    མི་འབོར་ཁྲི་དྲུག་ལྷག་ཙམ་ཅིག་ཡོད་རེད། ད་ལྟ་མངའ་རིས་ནང་ལོགས་ལ།
  • ཚེ་རིང་རྒྱལ་པོ
    ད་མངའ་རིས་དེ་མང་ཆེ་བ་དེ་འབྲོག་པར་བརྩི་གི་ཡོད་རེད། མངའ་རིས་ཀྱི་ནང་ལོགས་ལ་ད་ལྟ་རྫོང་ཁག་བདུན་ཡོད་རེད།
  • ཚེ་རིང་རྒྱལ་པོ
    རྫོང་ཁག་བདུན་དེ། ནུབ་ཕྱོགས་ཀྱི་རྫོང་ཁག་བཞི་དེ་སྤྱིར་བཏང་ཞིང་པ་དང་ས་མ་འབྲོག་རེད། ཨ་ནི་་་་་བྱང་ཕྱོགས་ཀྱི་རྫོང་ཁག་གསུམ་དེ་འབྲོག་པ་ཁེ་གཙང་༿ཁབ་གཙང་༾རེད།
  • ཚེ་རིང་རྒྱལ་པོ
    བྱས་ཙང་ད་འབྲོག་པ་བྱས། ས་མ་འབྲོག་བྱས། ཨ་ནི་་་་་་ཞིང་པ་བྱས། ཨ་ནི་་་་་རོང་པ་བྱས་དེ་འདྲས་ཁག་བཞི་འདྲ་པོ་གཅིག་འདུག་ཟེ་བྱས་གནས་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་མངའ་རིས་འདི་ལོ་རྒྱུས་དེ་ད་རིང་པོ་ཞེ་དྲག་རེད། མངའ་རིས་དེ་ད་འཛམ་བུ་གླིང་གི་རྒྱལ་ཁབ་གཞན་དག་དང་འདྲ་བར་མངའ་རིས་དེ་ཡང་༿དེ་ཡའི་༾ལོ་རྒྱུས་རིང་པོ་ཞེ་དྲག་རེད།
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གཉིས་ལོ་ལ་ད་ལྟ་བོད་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོ་རྣམས་ཚོའི་ཞིབ་འཇུག་བྱེད་མཁན་༿བྱེད་ཉན་༾ཚོགས་པ་ག།ཅིག་ད་ལྟ་མངའ་རིས་ལ་ཕྱིན་བྱས། མི་ཕལ་ཆེར་ཁོ་རྣམས་ཚོ་མི་བདུན་ལྷག་ཙམ་གཅིག ད་དེའི་ནང་ལོགས་ལ་བོད་ཀྱི་མཁས་པ་ཆེན་པོ་དེ་འདྲས་༿ཨཻ་འདྲས་༾ཡོད་རེད།  རྒྱ་ནག་གི་རྒྱ་རིགས་མཁས་པ་ཆེན་པོ་དེ་འདྲས་ཡོད་རེད། ཁོང་ཚོ་མཉམ་པོར་སྒྲིག་འཛུགས་བྱས་བྱས་མངའ་རིས་རྫོང་ཁག་བདུན་ལ་ཕྱིན་པ་རེད།
  • ཚེ་རིང་རྒྱལ་པོ
    དེ་ནས་འགོ་བཙུགས་བྱས། པུ་རང་ནས་འགོ་བཙུགས་བྱས། པུ་རང་བྱས། སྤྲ་ཏ་བྱས། ཨ་ནི་་་་་སྤྲ་ཏ་དེ་ད་ལྟ་བྱས་ན་ད་སྤྲ་ཏ་ཟེར་ཡས་དེ་རྫོང་ཁག་གཅིག་རེད་དེ། ཡིན་ནའི་སྔོན་མ་༿སྔན་མ་༾བྱས་ན་རྫོང་ཁག་གཉིས་འཁེལ་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    གཅིག་རྩྭ་རང་རྫོང་འཁེལ་གྱི་ཡོད་རེད། གཅིག་མདའ་བ་རྫོང་འཁེལ་གྱི་ཡོད་རེད། དེའི་གཞུ་གུ་ལ་ཨ་ནི་་་་་་བཅིངས་འགྲོལ་བཏང་བའི་རྗེས་སུ་ད་རྩྭ་རང་དང་མདའ་བ་གཉིས་མཉམ་པོར་རྫོང་ཁག་གཅིག་བཙུགས་བྱས། ཨ་ནི་་་་་་མིང་དེ་གཉིས་གཉིས་ཀ་༿གཉིས་ཅག་ལོགས་༾བསྡུས་བྱས། རྩྭ་མདའ་ཟེར་ཡས་དེ། འོ་དེ་འདྲས་ཟེ་ཆགས་བྱས་འདུག་ཟེ་རེད། 
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་་ད་ཁོ་ཚོ་བྱས་ཙང་མི་བདུན་ལྷག་ཙམ་གཅིག་སྒྲིག་བཛུགས་བྱས་བྱས། མངའ་རིས་ཀྱི་ས་ཆ་ག་ས་ག་ལ་ཕྱིན་བྱས། འདུག་ཟེ་བལྟ་དུས་ཙམ་པར། ཨ་ནི་་་་་་ཁོ་ཚོར་རྡོ་ཆས་རྙིང་པའི་སྐབས་ཀྱི་ད་རྡོ་མང་པོ་གཅིག་རྙེད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་དེ་ལོ་ཁྲི་བརྒྱ་ཕྲག་་ཁ་ཤས་ཀྱི་གོང་གི་རྡོ་དེ་འདྲས། དཔེར་ན་ཆ་བཞག་ན། རྡོ་གྲུ་བཞི་དེ་འདྲས་བྱས། པགས་པ་བཤག་ཡས་ཀྱི་རྡོ་དེ་འདྲས་དང་། ད་ཡང་ག་རེ་ཟེར་ན་ཤ་དེ་འདྲས་བཏུབ་ཡས་ཀྱི་རྡོ་དེ་འདྲས་དང་། ཨ་ནི་་་་་་ག་རེ་རེད། གཡག་གི་ཀོ་བ་དང་འབྲོང་གི་ཀོ་བ་ལ་སོགས་པར་ཨི་ཁུང་༿ཨཻ་ཁང་༾ཕུག་ཡས་ཀྱི་རྡོ་དང་དེ་འདྲས། ཡོ་བྱད་༿ཡབ་ཆས་༾དེ་འདྲས་སྣ་མིན་སྣ་ཚོགས་རྡོ་ཞེ་དྲག་རྙེད་པ་རེད།
  • ཚེ་རིང་རྒྱལ་པོ
    ད་དེ་ནས་ག་རེ་མཚོན་ཐུབ་ཀྱི་ཡོད་རེད་ཟེར་ན། རྡོ་ཆས། ད་ཁོ་ཚོས་ཟེར་ཡས་དེ་ལ། བསྡོམས་རྩིས་བརྒྱབ་པ་ལ། ག་རེ་རེད་ཟེར་ན། རྡོ་ཆས་རྙིང་པ་དང་རྡོ་ཆས་གསར་པའི་སྐབས་ཀྱི་རྡོ་མང་པོ་གཅིག་དོན་ཙང་། སྐབས་དེ་དུས་ནས་འགྲོ་བ་མིའི་རིགས་ས་ཆ་དེར་འཚོ་བ་སྐྱེལ་གྱི་ཡོད་པ་དང་། ཨ་ནི་་་་་ཁོང་ཚོས་འཚོ་བའི་ཡོ་བྱད་༿ཡབ་ཆས་༾དེ་འདྲས་མང་པོ་གཅིག་ཨ་ནི་་་་་་བེད་སྤྱོད་བཏང་བྱས་འཚོ་བ་སྐྱེལ་གྱི་ཡོད་པ་དེ་དག་༿དེ་གྱད་༾མཚོན་གྱི་ཡོད་པ་དེ། ཁོང་ཚོས་བྱས་ཙང་བརྟག་དཔྱད་བྱས་པའི་གཞུ་གུ་ལ་ཁོང་ཚོས་ཨ་ནི་་་་་བརྩམ་དེ་འདྲས་རྩོམ་དེ་འདྲས་མང་པོ་གཅིག་བརྩམས་བྱས།  འོ་དེ་འདྲས་ཟེ། དེའི་ནང་ལོགས་ལ་ད་མངའ་རིས་ཀྱི་ལོ་རྒྱུས་དེ་ཧ་ཅང་རིང་པོ་ཡིན་པ་གཅིག་མཚོན་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེ་མིན་པ་གཅིག ཨ་ནི་་་་་་ཁོང་ཚོས་སྐབས་དེ་དུས། ད་ལྟ་བྱས་ན་སེང་གེ་གཙང་པོ། སེང་གེ་ཁ་འབབ་ཟེར་ཡས་དེ་མངའ་རིས་ཀྱི་རྒྱལ་ས་ལྟེ་གནས་འདྲ་པོ་གཅིག་རེད།
  • ཚེ་རིང་རྒྱལ་པོ
    དེ་དང་ཐག་ཉེ་པོ་ཡིན་པ་གཅིག་ལ་ས་ཆ་དེ་སྟེང་གྲུམ་རྩེ་ཟེར་ཡས་གཅིག་ཡོད་རེད། མངའ་རིས་སྟེང་གྲུམ་རྩེ་ཟེར་ཡས་གཅིག སྟེང་གྲུམ་རྩེ་ཟེར་ཡས་དེ་ལས་ཡང་རྫ་དེ་འདྲས་མང་པོ་གཅིག་རྙེད་འདུག་ག རྫ་ཆས་དེ་འདྲས།
  • ཚེ་རིང་རྒྱལ་པོ
    རྫ་ཆས་དེ་འདྲས་རྙིང་པ་གཅིག་མང་པོ་གཅིག་རྙེད་ཡོད་རེད་དེ། རྫ་ཆས་དེ་ཁོང་ཚོས་ཟེར་ཡས་བྱས་ན། ཨ་ནི་་་་་བརྟག་དཔྱད་བྱས་པའི་མཇུག་ལ་ད་ཁོ་རྣམས་ཚོ་ག་རེ་རེད་ཟེར་ན། དེ་རེད་པཱ། ག་རེ་ཟེར་ན། གནའ་རྫས་ལ་བརྟག་དཔྱད་བྱེད་མཁན་༿བྱེད་ཉན་༾མཁས་པ་ཆེན་པོ་དེ་འདྲས་རེད།
  • ཚེ་རིང་རྒྱལ་པོ
    ཁོང་ཚོས་བརྟག་དཔྱད་བྱས་ནས། ལོ་ཁྲི་ག་ཚོད་རེད། ཁྲི་གསུམ་བཞི་གཅིག་གི་གོང་ལ། ཨ་ནི་་་་་་སྐབས་དེ་དུས་ཀྱི་རྫ་གཅིག་རེད་ཟེར།
  • ཚེ་རིང་རྒྱལ་པོ
    ལྷག་པར་དུ་རྫ་ཆས་དེ་ཚོའི་ནང་ལ་ག་རེ་ཡོད་རེད་ཟེར་ན། ཚོན་ཁྲ་བྱས་པ་༿བྱས་འགྱོ་༾དེ་འདྲས། རྫ་ལ་ཚོན་ཁྲ་བཏང་བ་༿བཏང་འགྱོ་༾དེ་འདྲས། འོ་དེ་ཚོ་ཚོན་ཁྲ་བཏང་བ་༿བཏང་འགྱོ་༾དེ་ཚོ་ཧ་ཅང་གི་ལག་རྩལ་ཡག་པོ་དང་སྐབས་དེ་དུས་ཨ་ནི་་་་་་ག་རེ་རེད་ཟེར་ན། ཡ་གླིང་གི་དབུས་མའི་རིག་གནས་དེ་ཤུགས་ཆེན་པོ་གཅིག་ཡོད་པ་དེ་འདི་ནས་མཚོན་གྱི་འདུག་ཟེར།
  • ཚེ་རིང་རྒྱལ་པོ
    མཚོན་གྱི་ཡོད་པས་མ་ཚད་ལོ་རྒྱུས་དེ་ཡང་༿དེ་ཡའི་༾རིང་པོ་རེད་ཞག་ཟེར།
  • ཚེ་རིང་རྒྱལ་པོ
    དེས་མ་ཚད། ཨ་ནི་་་་་ཁོང་ཚོ་ལ་སྐབས་དེ་དུས། ཨ་ནི་་་་་སྒམ་དེ་འདྲས་དང་། ཨ་ནི་་་་བང་སོ་དེ་འདྲས་དང་དེ་འདྲས་མང་པོ་ཞིག་རྙེད་འདུག་ཀ།
  • ཚེ་རིང་རྒྱལ་པོ
    དེ་ཚོ་འགང་ག་ལོགས་ལོ་ཁྲི་ཕྲག་མང་པོའི་གོང་ལ་རེད་ཞག་ཟེར།
  • ཚེ་རིང་རྒྱལ་པོ
    བྱས་ཙང་དེ་ནས་ག་རེ་མཚོན་གྱི་རེད་ཟེར་ན། ཨ་ནི་་་་་ད་སྐབས་དེ་དུས་མངའ་རིས་ཀྱི་ལོ་རྒྱུས་དེ་ཞེ་དྲག་རིང་པོ་ཡིན་པ་གཅིག་དེ་ནས་ཡང་མཚོན་གྱི་འདུག ད་དེས་མ་ཚད། ཨ་ནི་་་་་མངའ་རིས་ལ་ད་ལྟ་དེ་གཅིག་ཡོད་རེད། རུ་ཐོག་ལ། འདྲེ་རིས་ཟེར་ཡས་གཅིག འདྲེ་ཡི་༿འདྲེ་གི་༾རི་མོ་རེད་ཟེར་གྱི་ཡོད་རེད། ཁོ་རང་ཚོས་ཟེར་ན། ཡིན་ནའི་ག་རེ་ཟེར་ན། བྲག་དང་ཕ་བོང་བྱས་དེ་འདྲས་སྒང་ལ་རི་མོ་སྣ་མིན་སྣ་ཚོགས་བྲིས་བཞག་པ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་སེམས་ཅན་ནི་ཡོད་རེད། སྣ་མིན་སྣ་ཚོགས་ཡོད་རེད། དཔེར་ན་ཆ་བཞག་ན། རི་དྭགས་བརྒྱབ་པ་དེ་འདྲས་བྱས། ཨ་ནི་་་་སེམས་ཅན་ཤྭ་བ་ཡོད་རེད། འབྲོང་ཡོད་རེད། གནའ་བ་ཡོད་རེད། ཨ་ནི་་་་་་ཁྱི་ལ་སོགས་པ་དེ་ནས་མི་ཡོད་རེད། ཨ་ནི་་་་ལུག་འཚོ་མཁན་༿འཚོ་ཉན་༾དེ་འདྲས་ཀྱི་འཚོ་བ་དེ་འདྲས་ཡོད་རེད། ཨ་ནི་་་་་དེ་ནང་ལོགས་ལ་ཨ་ནི་་་་་་ཉི་མ་དང་ཟླ་བ་དང་ག་རེ་ཡིན་ནའི་རང་བྱུང་གི་དེ་འདྲས་དང་། ག་རེ་ཡིན་ནའི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་དེ་ཚོ་ལོ་རྒྱུས་རྦད་དེ་སྔ་མོ་སྔ་མོ་རེད་དེ། ཡིན་ནའི་ལོ་རྒྱུས་དེ་ག་དུས་ཡིན་མིན་ད་ཞེ་དྲག་གསལ་པོ་ཞེ་དྲག་བཤད་ཡས་ཡོད་མ་རེད། རེད་དེ། དེ་ལོ་རྒྱུས་དེ་ག་རེ་རེད་ཟེར་ན། ད་ལྟ་མངའ་རིས་ལ་ཡོད་པ་དེ་ཚོ་ད་བྲག་གི་རི་མོ། ད་ལྟ་མངའ་རིས་ཀྱི་འདྲེ་རིས་ཟེར་ཡས་གཅིག་ཡོད་རེད་པཱ། དེ་བྱས། ཨ་ནི་་་་་་མངའ་རིས་ལ་ཡང་ཐོག་ཟེར་ཡས་གཅིག་ཡོད་རེད། ཐོག་མདེལ་ཟེར་ཡས་གཅིག ཐོག་མདེལ་ཟེར་ཡས་གཅིག ལྕགས་གཅིག་ཡོད་རེད། ད་ཐོག་མདེལ་དེ་ཡང་མང་པོ་ཞེ་པོ་གཅིག་ཡོད་རེད། ས་ཆ་ག་ས་ག་ལ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེ་ནས་མངའ་རིས་ལ་ཡང་ཁོང་ཚོ་དེ་གཅིག་ཡོད་རེད། ག་རེ་ཟེར་ན་རྡོ་རིང་གཅིག རྡོ་རིང་དེ་འདྲས་རིང་པོ་དེ་འདྲས། ག་ས་ག་ལ་རྙེད་ཡས་ཡོད་རེད། ལྷག་པར་དུ་ད་ལྟ་བྱང་ཤར་ཕྱོགས་ཀྱི་རྫོང་ཁག་གསུམ་ཡོད་རེད་པཱ། འོ་ད་དེའི་ས་ཆ་དེའི་བྱང་ཐང་ཡོད་ས་དེར་རྡོ་རིང་དེ་འདྲས་སྣ་མིན་སྣ་ཚོགས་གཅིག ཨ་ནི་་་་་་་་་རྡོ་གྲུ་བཞི་དེ་འདྲས་བྱས། ག་རེ་ཟེར་ན་ས་ཆ་གྲུ་བཞི་བང་སོ་བཟོ་འདྲ་གཅིག་གྲུ་བཞི་བྱས། གྲུ་བཞི་སྒང་ལ་ཨ་ནི་་་་་་་རྡོ་དེ་འདྲས་སྣ་མིན་སྣ་ཚོགས་བྱས། རྡོ་དཀར་གོང་མང་ཆེ་བ་བཏང་། ཨ་ནི་་་་་དེ་ནས་རྡོ་རིང་རེ་ཙམ་རེ་ཙམ་༿རེ་ཙ་རེ་ཙ་༾བསླངས་བཞག་པ་༿བཞག་འགྱོ་༾དེ་འདྲས་ཀྱི། འདི་ཡང་ཁོ་རང་མངའ་རིས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ཡིན་པའི་རིག་གནས་གཅིག དེ་དག་༿དེ་གྱད་༾གསུམ་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    འདྲེ་ཡི་༿འདྲེ་གི་༾རི་མོ་བྱས། རྡོ་ཡི་༿རྡོ་གི་༾བང་སོ་དེ་བྱས། བང་སོའི་ཤུལ་དེ་དག་༿དེ་གྱད་༾གཅིག་བྱས། རེད་པཱ། ཨ་ནི་་་་་་ཐོག་མདེལ་བྱས་ད་དེ་དག་༿དེ་གྱད་༾གང་རེད་ཟེར་ན་མངའ་རིས་གཅིག་པོ་མིན་པ། དེ་ག་རེ་རེད་ཟེར་ན། སྐབས་དེ་དུས་ད་ལྟ་ཨེ་རང་གི་རེད་པཱ། ཨེ་རང་དང་ཨེ་རག་གི་ས་ཆ་དེ་དག་༿དེ་གྱད་༾བྱས། ཨ་ནི་་་་་དེ་ཨུ་རུ་སུའི་ད་ལྟ་སའི་འགེའི་རུ་ཝའེ་དེ་དག་༿དེ་གྱད་༾བྱས། མོང་གོལ་ས་ཆ་འགང་ག་ལོགས་ལ་དེ་དག་༿དེ་གྱད་༾ཚང་མ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    བྱས་ཙང་སྐབས་དེ་དུས་ད་མི་རིགས་གཅིག དེ་ཤུགས་ཆེན་པོ་གཅིག་ད་དེ་ནས། གཅིག་བྱས་ན་ནུབ་ཕྱོགས་ནས་ཡོང་བ་༿ཡོང་འགྱོ་༾ཡིན་གྱི་རེད། གཅིག་བྱས་ན་ད་གང་ལྟར་ཨུ་རུ་སུ་ཕར་ནས་ག་ནས་ཡོང་པ་ཡིན་ན། མི་རིགས་གཅིག་ཤུགས་ཆེན་པོ་གཅིག་སླེབས་བྱས་འདིར་༿འདའི་༾དེའི་ཤུལ་བཞག་དེ་རེད་པཱ།
  • ཚེ་རིང་རྒྱལ་པོ
    ད་ལྟ་དུས་ཚོད་ཧ་གོ་གི་མིན་འདུག ག་དུས་ཡིན་མིན་དུས་ཚོད་ཧ་གོ་གི་མིན་འདུག ཨ་ནི་་་་་་མི་རིགས་དེ་ག་འདྲ་གཅིག་ཡིན་མིན་ཡང་༿ཡའི་༾ཞེ་དྲག་ཧ་གོ་གི་མིན་འདུག་དེ། ཡིན་ནའི་ཤུལ་དེ་ནས་མཚོན་ཐུབ་ཀྱི་འདུག
  • ཚེ་རིང་རྒྱལ་པོ
    མངའ་རིས་གཅིག་པོ་མིན་པར། ད་ལྟ་ནག་ཆུའི་ཉི་མ་རྫོང་རེད་པཱ། ད་སྔོན་མ་༿སྔན་མ་༾བྱས་ན་དེ་རེད། ནགས་ཚང་ཟེར་གྱི་ཡོད་རེད། ནགས་ཚང་ཟེར་ས་དང་དེ་ཚོ་ག་ས་ག་ལ་ད་ལྟ་གཉན་རོང་བྱས། ནགས་ཚང་བྱས། དཔལ་མགོན་༿པན་ཀ་༾བྱས་དེ་ཚོ་ཚང་མ་ལ་དེ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཐོག་མདེལ་བྱས། དེ་དག་༿དེ་གྱད་༾གསུམ་དེ་མངོན་གསལ་དོད་པོ་རེད་པཱ། ཐོག་མདེལ་གཅིག་བྱས། ད་ལྟ་བང་སོའིཤུལ་དེ་གཅིག་བྱས། ཨ་ནི་་་་་འདྲེ་རིས་རེད་ཟེར་ཡས་དེ་རི་མོ་དེ་དག་༿དེ་གྱད་༾
  • ཚེ་རིང་རྒྱལ་པོ
    བྱས་ཙང་དེ་དུས་སྐབས་དེ་དུས་ད་རྦད་དེ་རིག་གནས་དེ་འདྲས་དར་བའི་༿དར་འགྱོ་གི་༾མི་རིགས་གཅིག་བྱུང་ཡོད་པ་ཡིན་ནའི་འདྲ། གང་ལྟར་ག་ནས་ཤུགས་རྐྱེན་བྱུང་པ་ཡིན་ནའི། དེ་ཤུགས་ཆེན་པོ་གཅིག་མངའ་རིས་ལ་བྱུང་ཡོད་པ་དེ། དེ་ང་རས་བསམ་པར་ད་ཕལ་ཆེར་ཞང་ཞུང་གི་གོང་ཙམ་དེ་པར་རེད་བསམ་གྱི་འདུག
  • ཚེ་རིང་རྒྱལ་པོ
    ཞང་ཞུང་དེ་ག་རེ་རེད་ཟེར་ན། ད་དུས་རབས་བྱས་ན་སྤྱི་ལོའི་དུས་རབས་དང་པོ་ནས་དྲུག་པའི་གོང་ཙམ་དེ་པར། དེའི་དཀྱིལ་དེ་པར་གཅིག་ཞང་ཞུང་རྒྱལ་རབས་ཟེར་ཡས་གཅིག་ཤུགས་ཆེན་པོ་གཅིག་བྱུང་ཡོད་རེད་པཱ། དེའི་གོང་དེ་པར་གཅིག་ལ་མིན་འགྲོ་བསམ་གྱི་འདུག ལགས་འོང་། ག་རེ་རེད་ཟེར་ན། ད་དེ་ཤུགས་ཆེན་པོ་གཅིག ཡང་དེ་འདྲས་ཀྱི་ཤུགས་ཆེན་པོ་མངའ་རིས་གཅིག་པོ་མིན་པར་རྦད་དཔེ་རྒྱ་ཆེན་པོ་སོག་པོ་ནས་འགོ་བཙུགས་པ་གཅིག ཨེ་རང་དང་དེ་པར་ཀི་སི་ཐན་དང་དེ་ནས་མར་ད་ལྟ་ཨབ་འགའ་ནི་སི་ཐན་ཟེར་ཡས་དེ། དེ་ཚོ་ཁོ་ཚོ་ལས་དེ་འདྲས་ཆ་ཆ་རྐྱང་རྙེད་ཀྱི་ཡོད་རེད་ཟེར། ཁ་ཉིན་ང་ཚོ་དེ་ཐོན་ནི་ཧུག་པ་ལ་སྐད་ཆ་བྱུང་དུས་ཁོ་རང་གིས་དེ་འདྲས་ཟེར་གྱི་འདུག རྒྱ་ཆེན་པོ་ཞེ་པོ་གཅིག་ཡོད་རེད་ཟེར།
  • ཚེ་རིང་རྒྱལ་པོ
    བྱས་ཙང་དེ་མངོན་གསལ་དོད་པོ་ཞེ་པོ་གཅིག་མངའ་རིས་དེ་སྐབས་དེ་དུས་ནས་མིའི་འགྲོ་བ་མིའི་རིགས་ཡོད་པ་ལ། ཨ་ནི་་་་་་་་རིག་གནསཡང་དཔེ་ཕུན་སུམ་ཚོགས་པོ་ཡིན་པ། དར་རྒྱས་ཆེན་པོ་ཡིན་པ། དེ་འདྲས་གཅིག་ཡིན་པ་དེ་ད་ལྟ་ད་དེ་མཚོན་གྱི་ཡོད་རེད་དེ། ད་ལྟ་ཡིན་ནའི་ཞིབ་ཕྲ་བྱེད་མཁན་༿བྱེད་ཉན་༾བྱུང་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    ཞིབ་འཇུག་ཞིབ་ཕྲ་བྱེད་མཁན་༿བྱེད་ཉན་༾བྱུང་ཡོད་མ་རེད་ལ། དངོས་སུ་བརྟག་དཔྱད་བྱེད་མཁན་༿བྱེད་ཉན་༾ཟེ་ཞེ་དྲག་བྱུང་ཡོད་མ་རེད། ས་ཆ་དེའི་སྒང་ལ།
  • ཚེ་རིང་རྒྱལ་པོ
    དེའི་སྒང་ལ་དེ་དག་༿དེ་གྱད་༾གསུམ་ལ་དམིགས། རྐང་བཙུགས་ནས་དམིགས་བཀར་བྱས་བརྟག་དཔྱད་བྱེད་མཁན་༿བྱེད་ཉན་༾དང་དེ་འདྲས་བྱུང་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    ད་འདྲེ་རིས་རེད་ཟེར་ཡས་དེ་ལ་རྒྱ་ནག་གི་མཁས་པ་ཆེན་པོ་དེ་འདྲས་ཀྱིས་ཏོག་ཙམ་ཏོག་ཙམ་༿ཏད་ཙ་ཏད་ཙ་༾དཔར་འདྲ་གཅིག་༿ར་གཅིག་༾བརྒྱབ། ངོ་སྤྲོད་ཏོག་ཙམ་ཏོག་ཙམ་༿ཏད་ཙ་ཏད་ཙ་༾བྱེད་ཀྱི་ཡོད་རེད་དེ།
  • ཚེ་རིང་རྒྱལ་པོ
    ཡིན་ནའི་དུས་ཚོད་ག་དུས་བྱུང་ཡོད་མེད། དེ་ལོ་རྒྱུས་ག་རེ་ཡིན་མིན། དེའི་ནང་དོན་ག་རེ་རེད། དེ་ཆོས་ལུགས་ག་རེ་དང་འབྲེལ་བ་ཡོད་རེད། དེ་ནུབ་ཕྱོགས་དང་འབྲེལ་བ་ཡོད་རེད་ཡོད་མ་རེད། རེད་པཱ། དེ་ཡ་གླིང་དབུས་མའི་གི་རིག་གནས་དེ་དམིགས་བསལ་གྱི་རིག་གནས་དེ་ག་འདྲས་ཡིན་མིན། དེ་དངོས་འབྲེལ་ད་ལྟ་ཞིབ་འཇུག་བྱེད་མཁན་༿བྱེད་ཉན་༾ད་ལྟ་བྱུང་ཡོད་མ་རེད་དེ།
  • ཚེ་རིང་རྒྱལ་པོ
    ཡིན་ནའི་ཞིབ་འཇུག་བྱེད་ཡས་ཀྱི་དེ་གཅིག་ད་ཆ་རྐྱེན་དེ་ཡག་པོ་ཞེ་པོ་གཅིག་ཡོད་རེད། ཕ་གིའི་ནང་ལོགས་ལ།
  • ཚེ་རིང་རྒྱལ་པོ
    དེ་ག་རེ་རེད་ཟེར་ན། ད་ལྟ་ད་རུ་ཐོག་དང་དེའི་སྐབས་ལ་ཡོད་པའི་འདྲེ་རིས་དང་ད་ལྟ་དེ་རིག་གནས་དེ་མི་རིགས་དེ་འདྲས་གཅིག་གི་སྐབས་གཅིག་བྱས། དེའི་གཞུག་གུ་ལ་ད་ལྟ་ད་ཞང་ཞུང་ཟེར་ཡས་དེ་ད་རྒྱ་ཆེན་པོ་ཞེ་དྲག་རེད།
  • ཚེ་རིང་རྒྱལ་པོ
    ད་ལྟ་ང་ཚོས་ཟེར་ཡས་དེ་ཞང་ཞུང་ཞང་ཞུང་ཟེར་ཡས་དེ་ད་ལྟ་ཡང་༿ཡའི་༾ཟེར་གྱི་ཡོད་རེད། མངའ་རིས་ལ། ག་པར་གོ་གི་ཡོད་རེད་ཟེར་ན། ད་ལྟ་བྱས་ན་ཞང་ཞུང་ཟེར་ཡས་དེ་གུ་གེ་ས་ཆ་དེ་ལ་གོ་གི་ཡོད་རེད། གུ་གེ་ཡོད་ས་༿ཡོད་འགྱོ་༾དེ་ལ། གུ་གེ་ཡོད་ས་༿ཡོད་འགྱོ་༾དེ་ལ་ཞང་ཞུང་ཟེར་ཡས་དེ། མངའ་རིས་སྐད་ལ་ཞང་ཞུང་ཟེར་ཞ་དེ་སྒྲ་དེ་ཡོད་མ་རེད། ཞ་ཞ་ཟེར་ཡས་སྒྲ་དེ་ཡོད་མ་རེད། ཡ་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    བྱས་ཙང་ཡ་ཟེར་གྱི་ཡོད་ཙང་། ད་ལྟ་ཡང༿ཡའི་༾ཡང་ཡུང་ཟེར་གྱི་ཡོད་རེད། ཡང་ཡུང།
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། ཞྭ་མོ་ལ་ཡ་མོ་ཟེར་གྱི་རེད། ལགས་འོང་། ད་དབུ་ཞྭ་ཟེ་བྲིས་ཡོང་དུས་དབུ་ཡ་ཟེར་གྱི་རེད། ཡ་ཞ་དེ་སྒྲ་དེ་ཡོད་མ་རེད། མངའ་རིས་ཀྱི་སྐད་ནང་ལོགས་ལ། བྱས་ཙང་ཡང་ཡུང་ཟེར་གྱི་ཡོད་རེད། དེ་ཡང་ཡུང་ཟེར་ཡས་དེ་དང་ངས་བྱས་ན་དེ་དང་འདྲ་པོ་འདུག་བསམ་གྱི་འདུག རྒྱ་ནག་གི་ད་ལྟ་རྒྱ་སྐད་ནང་ཡང་ཐུང་ཡང་ཐུང་ཟེར་ཡས་གཅིག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཡང་ཐུང་ཟེར་གྱི་འདུག རྒྱ་སྐད་ནང་ལོགས་ལ། ད་ལྟ་ཐང་རྒྱལ་རབས་ཀྱི་སྐབས་ཀྱི་ད་བོད་ཀྱི་ལོ་རྒྱུས་སྐོར་ལ་རེད་པཱ། ཨ་ནི་་་་་ཡིག་ཆ་མང་པོ་གཅིག་ནང་ལོགས་ལ་ཡང་ཐུང་ཟེར་ཡས་དེ་མང་པོ་ཞེ་པོ་གཅིག་བེད་སྤྱོད་བཏང་ཡོང་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེ་དང་སྐབས་དེ་དུས། ད་ལྟ་མངའ་རིས་ཀྱི་ས་གནས་ད་གའི་ཡང་ཡུང་ཟེར་ཡས་དེ་དང་དངོས་འབྲེལ་འདྲ་པོ་ཞེ་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    རེད་དེ། ཞང་ཞུང་ཡང་ཡུང་། ད་ལྟའི་ཡང་ཡུང་ཟེར་ཡས་དེ་ག་པར་གོ་གི་ཡོད་རེད་ཟེར་ན། སྤྲ་ཏ་རྩ་མདའ་ཡོད་ས་དེ་ཆུང་ཆུང་གཅིག་ལ་མ་གཏོགས་༿མ་དེ་༾། ཆེན་པོ་རྒྱ་ཆེན་པོ་ཟེ་གང་ཡང་༿གའི་༾གོ་གི་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    ཡང་ཡུང་ཟེར་ཡས་དེ།  བྱས་ཙང་སྐབས་དེ་དུས་ཀྱི་ད་ཞང་ཞུང་ཟེར་ཡས་དེ་ད་ལྟ་ང་ཚོ་ནམ་མཁའི་ནོར་བུ་ལགས་ཁོ་རྣམས་ཚོ་མཁས་པ་ཆེན་པོ་མང་པོས་ཞིབ་འཇུག་གནང་ཡོད་རེད་ལ། གོ་ཡས་དེ་རྒྱ་ཆེན་པོ་ཞེ་པོ་གཅིག་གོ་གི་འདུག
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། ད་དེའི་ནང་ལོགས་ལ་ཕ་ནས་ལ་དྭགས་བྱས། སྦལ་ལི་བྱས། ལ་དྭགས་བྱས། ཨ་ནི་་་་་་ཁུ་ནུ་བྱས། གར་ཞ་བྱས། ཟངས་དཀར་དང་དེ་དག་༿དེ་གྱད་༾ཚང་མ་ཚུད་པའི་མངའ་རིས་དེ་དག་༿དེ་གྱད་༾། སྐོར་གསུམ་ཆ་ཚང་བྱས། ཨ་ནི་་་་་དེ་ནས་ཚུར་ཡོང་པའི་ད་དཔེར་ན་ཆ་བཞག་ན། དྭངས་ར་གཡུ་མཚོ་ཡོད་ས་ནས་མཐའ་ན། ཨ་ནི་་་་་་་ད་ལྟ་ང་ཚོ་ཆབ་མདོ་རྫོང་གི་སྟེང་ཆེན། ཁྱུང་པོ་སྟེང་ཆེན་དེ་ཡང་༿དེ་ཡའི་༾ཁྱུང་པོ་རེད་པཱ།
  • ཚེ་རིང་རྒྱལ་པོ
    རི་བོ་རྩེ་དྲུག ཁྱུང་པོ་རི་བོ་རྩེ་དྲུག་དེ་དག་༿དེ་གྱད་༾འགང་ག་ལོགས་ཚུད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། ད་ལོ་རྒྱུས་ཀྱི་དེབ་ཐེར་རྙིང་པ་མང་པོ་གཅིག་གི་ནངལོགས་ལ་མངའ་རིས་དེར་ཞང་ཞུང་སྒོ་ཕུག་བར་གསུམ་ཟེར་གྱི་ཡོད་རེད། ཁོ་ཚོས།
  • ཚེ་རིང་རྒྱལ་པོ
     སྒོ་དེ་སྒོ་དེ་ག་པར། སྒོ་བྱས་ཕུ་བྱས་བར་གསུམ་རེད་པཱ། ཕུ་དེ་ག་པར་འཁེལ་གྱི་ཡོད་རེད་ཟེར་ན། ད་ལྟ་མཚོ་རིན་པོ་ཆེ་དང་གངས་རིན་པོ་ཆེ་ཡོད་ས་དེ་ནས་སྤུ་ཧྲེང་དང་གུ་གེ་ལྟེ་གནས་བྱས་པའི་ས་ཆ་དེ་དག་༿དེ་གྱད་༾འགང་ག་ལོགས་ཞང་ཞུང་ཕུ་ཟེར་གྱི་འདུག
  • ཚེ་རིང་རྒྱལ་པོ
    ཞང་ཞུང་བར་དེ་ག་པར་གོ་གི་ཡོད་རེད་ཟེར་ན།  བསྟར་སྒོ་ཟེར་ཡས་ད་ལྟ་མཚོ་ཆེན་རྫོང་ཡོད་ས་དེ། ད་མཚོ་ཆེན་ད་ལྟ་མཚོ་ཆེན་རྫོང་ཡིན་ཟེར་གྱི་ཡོད་རེད་དེ། སྔོན་མ་༿སྔན་མ་༾དེ་ཟེར་གྱི་ཡོད་རེད། མཆོག་ཆུ་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཚོ་པ་ཆེན་པོ་ཞེ་པོ་གཅིག་ཡོད་རེད། ཤུགས་ཆེན་པོ་ཡོད་རེད། འོ་དེ་མཆོག་ཆུ་ཟེར་ས་དང་། ནགས་ཚང་རྒྱུད་དེར་བསྟར་སྒོ་དང་། ལྷ་ཆེ་ཤོས་དེ་བསྟར་སྒོ་རེད་པཱ། བསྟར་སྒོ་ཕྲ་རིང་ཟེར་རི་ཆེན་པོ་གཅིག་ཡོད་རེད། ཨ་ནི་་་་་་མཚོ་དེ་ལ་དྭངས་ར་གཡུ་མཚོ་ཟེར་གྱི་རེད། དྭངས་ར་གཡུ་མཚོ་དང་བསྟར་སྒོ་ཡོད་ས་དེ་ག་རེ་འཁེལ་གྱི་ཡོད་རེད་ཟེར་ན། ཞང་ཞུང་བར་དེ་འཁེལ་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་ཞང་ཞུང་སྒོ་ཕུག སྒོ་དེ་ག་པར་འཁེལ་གྱི་ཡོད་རེད་ཟེར་ན། ད་ལྟ་ཁྱུང་པོ་སྟེང་ཆེན་རི་བོ་རྩེ་དྲུག་ཡོད་ས་དེར་འཁེལ་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    བྱས་ཙང་ད་ཞང་ཞུང་སྒོ་ཕུག་བར་གསུམ་ཟེར་ལབ་པ་ཡིན་ན། ད་རྒྱ་ཆེ་ཐག་ཆོད་རེད།
  • ཚེ་རིང་རྒྱལ་པོ
     ད་ལྟ་ཁྱོན་ནས་ཆབ་མདོ་ཡོད་ས་ནས་བྱས་པ་གཅིག་གིས་ཆ་ཚང་། ད་ལྟ་སྔོན་མའི་ཧོར་ཚོ་པ་སུམ་ཅུ་སོ་དགུ་ཡོད་སའི་ས་ཆ་ཆ་ཚང་བྱས། ཨ་ནི་་་་་སྟོད་མངའ་རིས་བྱང་ཐང་། ད་ལྟ་མཚོ་ཆེན་ཡོད་ས་བྱས། སྒེར་རྩེ་ཡོད་ས་བྱས། རེད་པཱ།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་འབྲོང་པ་འབྲོང་པ་༿འབོང་པ་འབོང་པ་༾ཟེར་གྱི་རེད། ད་ལྟ་དགེ་རྒྱས་ཟེར་གྱི་རེད་པཱ། དགེ་རྒྱས་དང་འབྲོང་པ་༿འབོང་པ་༾ཡོད་ས་ས་ཆ་བྱས། ཨ་ནི་་་་་རུ་ཐོག་བྱས། དེ་དག་༿དེ་གྱད་༾འགང་ག་ལོགས། ཨ་ནི་་་་་་གུ་གེ པུ་ཧྲེང་དེ་དག་༿དེ་གྱད་༾ཆ་ཚང་བྱས་པའི་ཞང་ཞུང་དེ་རྒྱ་ཆེན་པོ་ཞེ་པོ་གཅིག་འཁེལ་གྱི་ཡོད་རེད་ལ། ཨ་ནི་་་་་་ལྷག་པར་དུ་མངའ་རིས་ལོ་རྒྱུས་ནང་ལོགས་ལ་ཞང་ཞུང་མཁར་ཆེན་བཅོ་བརྒྱད་ཟེར་ཡས་གཅིག་འཁེལ་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    མཁར་ཆེན་བཅོ་བརྒྱད་ཟེར་གྱི་ཡོད་རེད་ལ།  མཁར་ཆེན་བཅོ་བརྒྱད་ཀྱི་ཤུལ་དེ་ཚོ་ད་ལྟ་ཆ་ཚང་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། ད་ལྟ་སྒེར་རྩེ་ལ་ཡོད་པའི་གསེར་རིམ་འབྲོང་མོ་མཁར་ཟེར་ཡས་གཅིག མཁར་ཆེན་པོ་ཞེ་པོ་གཅིག་ཧང་་སངས་ཡས་ཀྱི་མཁར་ཆེན་པོ་གཅིག་ཡོད་རེད་དེ། ད་དེ་ད་ལྟ་ཞིབ་འཇུག་བྱེད་མཁན་༿བྱེད་ཉན་༾བྱུང་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    མཁར་དེ་དམིགས་བསལ་གྱི་ཁྱད་ཆོས་ཡོད་རེད། གཞན་དག་དང་མ་འདྲ་བའི། དམིགས་བསལ་ཁྱད་ཆོས་ཆེན་པོ་གཅིག་འདུག་གསེར་རིམ་འབྲོང་མོ་མཁར་ཟེར་ཡས་བྱས། ཨ་ནི་་་་་མ་ཕམ་པུས་མོ་མཁར་དེ། མ་ཕམ་པུས་མོ་མཁར་དེ་མ་ཕམ་གཡུ་མཚོའི་འཁྲིས་དེ་པར་གཅིག་ལ། ད་ལྟ་སྟོབས་ཆེན་རི་ཟེར་ཡས་གཅིག་ཡོད་རེད། དེའི་སྒང་ལ་ཡང་མཁར་ཤུལ་ཆེན་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    མ་ཕམ་པུས་མོ་མཁར་བྱས། ཨ་ནི་་་་་་་གུ་གེ་རྩྭ་རང་མཁར་ནི་བཤད་མ་དགོས་པ་རེད།
  • ཚེ་རིང་རྒྱལ་པོ
    ད་དེ་དུས་ག་རེ་རེད་ཟེར་ན། གུ་གེ་གི་ལྟེ་གནས་ལྟ་བུ་གཅིག་འཁེལ་གྱི་ཡོད་རེད། ཞང་ཞུང་གི་ལྟེ་གནས་དེ་གུ་གེ་རྩྭ་ཧྲེང་མཁར་ལ་འཁེལ་གྱི་ཡོད་རེད། ཨ་ནི་་་་་་་་དེ་ནས་པུ་ཧྲེང་སྟག་ལ་མཁར་བྱས། པུ་ཧྲེང་སྟག་ལ་མཁར་ནི་པུ་ཧྲེང་ལ་མཁར་ཆེན་བཅོ་བརྒྱད་ནང་ལོགས་ཀྱི་རེད་པཱ། སྟག་ལ་མཁར་གཅིག་བྱས། ཨ་ནི་་་་་་མདའ་བ་རྫོང་ཡོད་ས་དེ་ལ་ནི་མདའ་བ་འཆི་མེད་མཁར་བྱས། ད་དེ་ཚོ་འགང་ག་ལོགས་མཁར་ཆེན་བཅོ་བརྒྱད། ཞང་ཞུང་མཁར་ཆེན་བཅོ་བརྒྱད་ཟེར་ཡས་དེ་སྐད་གྲགས་ཆེན་པོ་ཞེ་དྲག་ཡོད་རེད་ལ། ཞང་ཞུང་མཁར་ཆེན་བཅོ་བརྒྱད་ལ་སྐབས་དེ་དུས་ད་ག་རེ་ཟེར་ན། ཚོ་པ་དང་ཁྱད་མེད་དེ་འདྲས་བྱས་བྱས་ཁོང་ཚོའི་ཚོ་པའི་མགོ་པ་དེ་ཚོས་ཨ་ནི་་་་་་དབང་བསྒྱུར་བྱས་བྱས་བསྡད་ཡོད་པ་དང་། དེའི་ལྟེ་གནས་དེ་ག་པར་འཁེལ་གྱི་ཡོད་རེད་ཟེར་ན།
  • ཚེ་རིང་རྒྱལ་པོ
    ད་ང་རས་ད་ལྟ་དཔེ་ཆ་མང་པོ་གཅིག་བལྟས་པ་དང་། འདུག་ཟེ་ནུབ་ཕྱོགས་ཀྱི་མཁས་པ་དེ་འདྲས་ལ་མཉམ་པོར་བཀའ་མོལ་གནང་བྱས། འདུག་ཟེ་དེ་བྱས་པ་ཡིན་ན། དཔེར་ན་དེ་རེད་ཞག་ག་རེ་ཟེར། ལྟེ་གནས་དེ་གུ་གེ་རྩྭ་ཧྲེང་མཁར་ལ་འཁེལ་གྱི་འདུག
  • ཚེ་རིང་རྒྱལ་པོ
    ག་རེ་ཟེར་ན། ཁོང་ཚོ་གུ་གེ་རྩྭ་ཧྲེང་མཁར་དང་ཁྱུང་ལུང་དངུལ་མཁར་ཟེར་ཡས་གཅིག་ཡོད་རེད་པཱ། ད་དེ་ཁྱུང་ལུང་དངུལ་མཁར་ཟེར་ཡས་དེ་མཁར་ཆེན་བཅོ་བརྒྱད་ནང་ལོགས་ནས་ཤུགས་ཆེན་པོ་གཅིག་རེད།
  • ཚེ་རིང་རྒྱལ་པོ
    ད་ཁོང་ཚོས་དེ་དུས་དེ་བྱེད་ཀྱི་འདུག གཙོ་ཆེ་ཤོས་དེ་དབྱར་ཁ་དེ་དེར་བསྡད་ཀྱི་ཡོད་རེད། གུ་གེ་རྩྭ་ཧྲེང་མཁར་ལ་བསྡད་ཀྱི་འདུག་དགུན་ཁ་དེ་མང་ཆེ་བ་ཁྱུང་ལུང་དངུལ་མཁར་ལ་བསྡད་བྱས། འོ་འདུག་ཟེ་བྱས་བྱས། ཨ་ནི་་་་་་མདའ་བ་བྱས། མདོང་པོ་བྱས་དེའི་རྒྱུད་དེ་འགང་ག་ལོགས་ཨ་ནི་་་་་་་་་ཞང་ཞུང་གི་ལྟེ་གནས་དེ་དེ་པར་འདྲ་པོ་གཅིག་ལ་འཁེལ་བྱས། ཨ་ནི་་་་་་་་ཁོང་ཚོས་དབང་བསྒྱུར་བྱས། དེ་འདྲས་གཅིག་ཡོད་རེད་དེ། ད་ཡིན་ནའི་ཞང་ཞུང་དེ་དངོས་སུ་ཞང་ཞུང་ལ་ག་རེ་ཟེར་ན་ཆབ་སྲིད་ཀྱི་སྒྲིག་གཞི་བྱས། དཔལ་འབྱོར་གྱི་སྒྲིག་གཞི་བྱས། ཨ་ནི་་་་་ཁོ་ཚོས་ད་བོན་པོའི་ཆོས་ལུགས་ཀྱི་སྒྲིག་གཞི་དང་དེ་འདྲས་ཤུགས་ཆེན་པོ་ག་འདྲས་བྱུང་ཡོད་མིན། སྟོན་གཤེན་རབ་ཀྱི་འབྲེལ་བ་གང་འདྲས་ཡིན་མིན། དེ་འདྲས་ཞིབ་འཇུག་བྱེད་མཁན་༿བྱེད་ཉན་༾ད་ལྟ་བྱུང་་་་་་་ཞིབ་འཇུག་གཞི་ནས་བྱེད་རྒྱུ་རེད།
  • ཚེ་རིང་རྒྱལ་པོ
    ཞིབ་ཕྲ་བྱེད་མཁན་༿བྱེད་ཉན་༾བྱུང་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    ཞང་ཞུང་གི་ལོ་རྒྱུས་དེ་དཔེར་ན་ཆ་བཞག་ན། ཞང་ཞུང་ལ་རྒྱལ་པོ་ག་ཚོད་བྱུང་ཡོད་མེད། རྒྱལ་རབས་ག་ཚོད་བྱུང་ཡོད་མེད། ད་ད་ལྟ་བྱས་ན་ཏུན་ཧོང་ནས་དོན་པའི་༿དོན་འགྱོ་༾ཞང་ཞུང་གི་རྒྱལ་པོ་ལིག་མི་སྐྱ་ཟེར་ཡས་གཅིག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    དེ་གཅིག་པོ་མ་རེད། ཞང་ཞུང་རྒྱལ་པོ་ཞེ་དྲག མང་པོ་ཞེ་དྲག་མཐོང་ཡས་ཡོད་མ་རེད་པཱ། ཞང་ཞུང་ལིག་མི་སྐྱ་དེ་གཞུག་གུ་གཞུག་གུ་ལ་དྭངས་ར་གཡུ་མཚོའི་འཁྲིས་དེ་པར་གཅིག་ལ། ཨ་ནི་་དམག་བརྒྱབ་བྱས་བསད་པ་རེད་ཟེར་ཡས་གཅིག་དང་། གཞི་ནས་ཨ་ནི་་་་་་བཙན་པོ་དང་འབྲེལ་བ་བྱེད་ཡས་ཀྱི་རྒྱལ་པོ་སྐད་གྲགས་ཆེན་པོ་གཅིག་ཆགས་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་་དེའི་གོང་ལ་དངོས་འབྲེལ་རྒྱལ་པོ་ག་པར་བྱུང་ཡོད་མེད། ག་ཚོད་བྱུང་ཡོད་མེད།  རྒྱལ་རབས་ག་འདྲས་བྱུང་ཡོད་མེད། ཁོང་ཚོས་དབང་བསྒྱུར་ག་འདྲས་བྱེད་ཀྱི་ཡོད་མེད། ཆབ་སྲིད་ཀྱི་སྒྲིག་གཞི་དེ་ག་འདྲས་རེད། མཁར་ཆེན་བཅོ་བརྒྱད་ཀྱི་ནང་ལོགས་ལ་ཨ་ནི་་་་་ཁོ་རྣམས་ཚོ་མགོ་པ་དང་ཨ་ནི་་་་་་རྒྱལ་པོའི་འབྲེལ་བ་འདྲ་པོ་བྱས་བྱས་དབང་བསྒྱུར་བྱེད་ཀྱི་ཡོད་དམ། གང་འདྲས་བྱེད་ཀྱི་ཡོད་མེད། དེ་དངོས་འབྲེལ་ད་ལྟ་ཁ་གསལ་པོ་གཅིག་ཁྱོན་ནས་ཡོད་མ་རེད་ལགས། ད་ལྟ་ཞིབ་འཇུག་བྱེད་རྒྱུ་རེད།
  • ཚེ་རིང་རྒྱལ་པོ
    དེ་མིན་པའི། ཨ་ནི་་་་་ཞང་ཞུང་གི་རིག་གནས་དེ། ཞང་ཞུང་རིག་གནས་དེ་དམིགས་བསལ་གྱི་ད་ལྟ་བྱས་ན་བོན་པོའི་ཆོས་ལུགས་ཡིན་པའི། གཙོ་ཆེ་ཤོས་བོན་པོའི་ཆོས་ལུགས་བྱས་པའི། ཨ་ནི་་་་་་རིག་གནས་དམིགས་བསལ་ཅན་གཅིག་ཡིན་ཟེར་གྱི་ཡོད་རེད་དེ།
  • ཚེ་རིང་རྒྱལ་པོ
    ཡིན་ནའི་རིག་གནས་དེ་དངོས་སུ་ག་འདྲས་ཡིན་མིན། དེར་ཡང་༿འདའི་ཡས་༾ད་ལྟ་ཞིབ་འཇུག་བྱེད་རྒྱུ་རེད།
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། ཞང་ཞུང་ཡི་གེ་དེ་གང་འདྲས་ཡིན་མིན་ད་ལྟ་ཧ་གོ་ཡས་ཡོད་མ་རེད། ཞང་ཞུང་དམར་ཆེན་དམར་ཆུང་དེ་ནི་བོད་ཡིག་སྤྱིར་བཏང་བོད་ཡིག་རང་རེད། བོད་ཡིག་འདྲ་པོ་རེད་གནའ་སྔ་མོའི་བོད་ཡིག་རང་རེད་མ་གཏོགས་༿མ་དེ་༾དེ་ཞང་ཞུང་གི་ཡི་གེ་རེད་ཟེར་བཤད་ཐུབ་ཀྱི་མིན་འདུག
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་མང་པོ་གཅིག་ནི་སྔོན་མའི་རྒྱ་གར་གྱི་རེད་པཱ། ཡི་གེ་རང་རེད། ད་ལྟ་གུ་གེ་དེ་པར་ལ་ལྡེབས་རིས་དེ་པར་ལ་ཡི་གེ་རེད། ཞང་ཞུང་ཡི་གེ་རེད་ཟེར་ཡས་ཏོག་ཙམ་ཏོག་ཙམ་༿ཏད་ཙ་ཏད་ཙ་༾ཡོད་རེད་དེ། དེ་ཞང་ཞུང་གི་ཡི་གེ་རེད་ཟེར་སྤྱིར་བཏང་བཤད་ཐུབ་ཀྱི་མིན་འདུག་ལ། ཁག་གཅིག་གིས་ཞང་ཞུང་སྐད་ལ་དཔེར་ན་ཆ་བཞག་ན། མངའ་རིས་ས་ཆ་ལ་ཏི་ཟེར་ཡས་མང་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཏི་ཡ་ཟེར་ཡས་དེ་འདྲས་དང་། ཆུ་མོ་ཏི་ཟེར་ཡས་དང་། ཏི་ཏི་ཏི་ཟེར་ཡས་མང་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཁག་གཅིག་གིས་ད་ཏི་ཟེར་ཡས་དེ་དངོས་སུ་ད་ཞང་ཞུང་གི་སྐད་རེད་ཟེར་གྱི་འདུག ཞང་ཞུང་གི་སྐད་རེད་ཟེར་གྱི་ཡོད་རེད་དེ། ཡིན་ནའི་ཏི་ཟེར་ཡས་དེ་རྒྱ་གར་སྐད་ལ་ཡང་༿ཡའི་༾ཆུ་ལ་ཏི་ཟེར་གྱི་་ཡོད་རེད་ཟེར་གྱི་འདུག
  • ཚེ་རིང་རྒྱལ་པོ
    ཁོ་རང་ཚོས་ཟེར་ན། ད་ལྟ་མངའ་རིས་ལ་ཡོད་པའི་༿ཡོད་འགྱོ་༾སྤོ་བོ་ལགས་ཁག་གཅིག་གིས་ཏི་ཟེར་ཡས་དེ་ཞང་ཞུང་གི་སྐད་རེད་ཟེར། ཞང་ཞུང་སྐད་ལ་ཆུ་ལ་ཏི་ཟེར་གྱི་ཡོད་རེད་ཟེ་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཏི་ཟེར་ཡས་ཅིག། ཡིན་ནའི་ད་ང་ཚོ་ད་ལེགས་སྦྱར་སྐད་དང་རྒྱ་གར་སྐད་ཤེས་ཀྱི་མ་རེད་དེ། དེ་ཁོང་ཚོ་རྒྱ་གར་ན་ཡོད་པ་༿ཡོད་་འགྱོ་༾ཁག་གཅིག་གིས་ཏི་ཟེར་ཡས་དེ་རྒྱ་གར་སྐད་ལ་ཆུ་ལ་ཏི་ཟེར་གྱི་ཡོད་རེད་ཟེར།
  • ཚེ་རིང་རྒྱལ་པོ
    བྱས་ཙང་དེ་རྒྱ་གར་དང་སྐད་དང་ཤུགས་ཆེན་པོ་དང་། རྒྱ་གར་གྱི་རིག་གནས་དེ་ཤུགས་ཆེན་པོ་གཅིག་མངའ་རིས་ལ་སླེབས་བསྡད་ཡོད་པ། དེ་འདྲས་གཅིག་མཚོན་གྱི་འདུག་བསམ་གྱི་འདུག ཞང་ཞུང་རིག་གནས་དེ་རྒྱ་གར་གྱི་རིག་གནས་དང་ཤུགས་ཆེན་པོ་ཡོད་པ་ལ། བོན་པོའི་སྐབས་དེ་དུས་ཀྱི་བོན་པོའི་ད་ལྷ་དང་ཀླུ་དང་དེ་འདྲས་གསོལ་ཡས་ཀྱི་བོད་རང་གི་རིག་གནས་ཡིན་པ་དང་། ཨ་ནི་་་ཡང་གཞན་དག་གི་རེད་པཱ། རིག་གནས་གཞན་དག་དཔེར་ན་ཆ་བཞག་ན།
  • ཚེ་རིང་རྒྱལ་པོ
    མུ་སི་དེ་ག་རེ་ཟེར། ཁ་ཆེའི་ཆོས་ལུགས་དང་ཁ་ཆེའི་རིག་གནས་དང་དེ་འདྲས་ཅིག་ཡིན་པ། ཤུགས་ཆེན་པོ་གཅིག་ཡོད་པའི་༿ཡོད་དགྱོ་གི་༾དེ་འདྲས་གཅིག་ཡིན་པ་རེད་བསམ་བསམ་འདྲ་ཅིག་མ་གཏོགས་༿མ་དེ་༾ད། དངོས་འབྲེལ་རང་ད་དེ་ཞང་ཞུང་དེ་ག་འདྲས་ཡིན་མིན། དངོས་འབྲེལ་ད་ལྟའང་ཞིབ་འཇུག་བྱེས་དང་བྱེད་བཞིན་པའི་སྒང་རེད་ལ། ཡིན་ནའི་མུ་མཐུད་ནས་བྱེད་རྒྱུ་ཡིན་པ། དངོས་སུ་ག་འདྲས་ཡིན་མིན་དེ་ཚོ་གཞི་ནས་དེ་བྱེད་རྒྱུ་རེད་མ་གཏོགས་༿མ་དེ་༾ད་ལྟ་ཤུགས་ཆེན་པོ་གཅིག་བྱུང་མིན་འདུག་བསམ་གྱི་འདུག
  • ཚེ་རིང་རྒྱལ་པོ
    ད་དེ་ཞང་ཞུང་དེ་ང་རས་བསམ་པར་སྤྱིར་བཏང་བོད་བཙན་པོའི་སྐབས་བར་དུ་ཞང་ཞུང་རེད། ད་ལྟ་ད་སྤྱིར་བཏང་མཁས་པ་ཆེན་པོ་མང་ཆེ་བས་ཁས་ལེན་གྱི་ཡོད་རེད་ལ། དེབ་ཐེར་ལོ་རྒྱུས་ཁག་མང་ཆེ་བ་ལས་ཞང་ཞུང་ཟེར་ཡས་དེ་བོད་བཙན་པོའི་བར་དུ་ཞང་ཞུང་ཟེར་ཡས་དེ་གནས་ཡོད་པ་གཅིག ད་དེ་གཏན་གཏན་ཡིན་པ་རེད།  བོད་བཙན་པོའི་སྐབས་ནས་ཨ་ནི་་་་་་ད་སྲོང་བཙན་སྒམ་པོའི་སྐབས་ལ་ད་དེ་ནས་བྱས་བྱས། དབུས་གཙང་ནས། ལྷག་པར་དུ་ཨ་ནི་་་ད་ལྟ་ཡར་ལུང་བྱས། ཡར་ལུང་ནས་བྱས། ཨ་ནི་་་་་་་ལྷ་ས་བྱས་བྱས།ཁོ་ཚོ་སྐབས་དེ་དུས་ད་ཤུགས་ཆེན་པོ་ཞེ་དྲག་བྱུང་ཡོད་ཙང་། ཨ་ནི་་་་བོད་དང་། ལི་ཡུལ་དང་། སུམ་པ་དང་འགང་ག་ལོགས་དབང་བསྒྱུར་བྱས་ཡོད་རེད། བྱས་ཙང་སྐབས་དེ་དུས་ཞང་ཞུང་དེ་མ་གཞི་ཤུགས་ཆེན་པོ་ཞེ་དྲག་བྱུང་བྱས། སྲོང་བཙན་སྒམ་པོས་དམག་བརྒྱབ་ཡས་བྱས་ནའི་གླགས་མ་འཁེལ་བ་བྱས།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་གཞུ་གུར་སྲོང་བཙན་སྒམ་པོ་ཁོ་རང་ཚོས་ག་རེ་ཟེར་ན་གཉེན་འབྲེལ་གྱི་འབྲེལ་བ་བཙུགས་བྱས། ཨ་ནི་་་་་་་་གཞི་ནས་ཞང་ཞུང་ཚུར་དབང་བསྡུས་པ་བཟོ་འདྲ་གཅིག་བྱས་པ་རེད་དེ། ཡིན་ནའི་ཞང་ཞུང་དེ་ཁོ་རང་ཁོ་རང་རིག་གནས་དང་ག་རེ་ཡིན་ནའི་སྐབས་དེ་དུས། ཨ་ནི་་་་་་ནུབ་ཕྱོགས་དང་། ད་གང་ལྟར་རྒྱ་གར་དང་དེ་ཚོ་ཤུགས་ཆེན་པོ་ཡོད་པའི་རིག་གནས་གཅིག་ཁོ་རང་གི་སྒྲིག་གཞི་གཅིག་ཆགས་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེ་ད་ག་རང་རྨང་གཞི་བྱས་བྱས་བསྡད་ཡོད་འདུག་བསམ་གྱི་འདུག་མ་གཏོགས་༿མ་དེ་༾གཞན། གཞན་དག་ཁྱོན་ནས་ང་ཚོ་དེ་ནས་དེ་བྱས་བྱས།  དབུས་གཙང་ནས་རྦད་དེ་ཤུགས་ཆེན་པོ་གཅིག་ཕར་དེ་བྱས་བྱས་དབང་བསྒྱུར། དངོས་སུ་དབང་བསྒྱུར་བྱས་བྱས་དེ་ནས་ཤུགས་ཆེན་པོ་གཅིག རིག་གནས་ཀྱི་ཐོག་ནས་ཡིན་ནའི་འདྲ། ཆོས་ལུགས་ཀྱི་ཐོག་ནས་ཡིན་ནའི་འདྲ། ག་རེ་ཡིན་ནའི། ཨ་ནི་་་་་་ལུང་པ་གཞན་དག་དང་མ་འདྲ་བའི་ཁྱད་ཆོས་གཅིག་སྐབས་དེ་དུས་ཁོ་རང་ལ་བསྡད་ཤག་བསམ་གྱི་འདུག
  • ཚེ་རིང་རྒྱལ་པོ
    ལགས་འོང་། ཡིན་ནའི་ག་རེ་རེད་ཟེར་ན། ད་ཞང་ཞུང་ཁོ་རང་། འོ་དེ་བྱས་བྱས་དེ་ནས་བྱས་བྱས་ད་ཞང་ཞུང་ཟེར་ཡས་དེ་ཞང་ཞུང་རྒྱལ་པོ་ཟེར་ཡས་ལིག་མི་སྐྱ་དེ་མེད་པ་ཆགས་བྱས། དངོས་སུ་ད་བོད་བཙན་པོའི་ཁོངས་སུ་གཏོགས་བྱས། བོད་བཙན་པོའི་ཁོངས་གཏོགས་ཀྱི་ད་ཚོ་པ་ཟེར་ནའི་འདྲ། ས་གནས་ཀྱི་དབང་བསྒྱུར་བྱེད་མཁན་ཡིན་ནའི་འདྲ། དེ་འདྲས་གཅིག་ཆགས་བསྡད་ཡོད་རེད། ཞང་ཞུང་ཟེར་ཡས་དེ།
  • ཚེ་རིང་རྒྱལ་པོ
    ལགས་འོང་། ད་དེ་ག་རེ་རེད་ཟེར་ན། བོད་བཙན་པོ་དེ་དབང་བསྒྱུར་ལོ་ག་ཚོད་རེད། ཉིས་བརྒྱ་ལྷག་ཙམ་གཅིག་ནང་ལོགས་ལ་ཆ་ཚང་འདུག་ཟེ་བསྡད་ཡོད་རེད་དེ།
  • ཚེ་རིང་རྒྱལ་པོ
    ཁོའི་ནང་ལོགས་ལ་འགྱུར་ལྡོག་ག་འདྲས་ཕྱིན་ཡོད་མེད་དང་། ཁོས་ག་འདྲས་བྱེད་ཀྱི་ཡོད་མེད། ཁོ་དང་འདི་ག་རེ་ཟེར་དབུས་གཙང་གི་ད་ལྟ་བཙན་པོའི་བར་གྱི་༿བར་དབྲག་གི་༾འབྲེལ་བ་གང་འདྲས་ཡོད་མེད། ད་བཙན་པོའི་ལོ་རྒྱུས་མང་པོ་གཅིག་ལ་ཏུན་ཧོང་གི་ནང་ལོགས་ལ། 
  • ཚེ་རིང་རྒྱལ་པོ
    ད་ལྟ་གུ་གེ་ཟེར་ཡས་གཅིག་དོན་ཡོང་གི་འདུག ཞང་ཞུང་ཟེར་ཡས་གཅིག་ཏོག་ཙམ་ཏོག་ཙམ་༿ཏད་ཙ་ཏད་ཙ་༾དོན་ཡོང་གི་འདུག
  • ཚེ་རིང་རྒྱལ་པོ
    གཞན་དག་སྤྱིར་བཏང་དོན་ཡས་མིན་འདུག ལ་དྭགས་ཟེར་ཡས་དང་། པུ་ཧྲེང་ཟེར་ཡས་དང་དེ་འདྲས་མང་པོ་ཅིག་ད་ལྟ་ཏུན་ཧོང་ནང་ལོགས་ལ་ད་སྔ་མོ་སྔ་མོའི་ཡིག་ཆའི་ནང་ལོགས་ལ་སྤྱིར་བཏང་མཐོང་ཡས་ཉུང་ཉུང་རེད་ཤག
  • ཚེ་རིང་རྒྱལ་པོ
    རེད་དེ། ད་ལྟ་པུ་ཧྲེང་ལ་དེ་གཅིག་ཡོད་རེད། ག་རེ་ཟེར་རྡོ་རིང་གཅིག་འདུག
  • ཚེ་རིང་རྒྱལ་པོ
    པུ་ཧྲེང་རྡོ་རིང་ནང་ལོགས་དེའི་ཡི་གེ་གཅིག ཡི་གེ་དེ་ཚོ་འབྲི་སྟངས་དང་འགང་ག་ལོགས་ཏུན་ཧོང་དང་སྤྱིར་བཏང་འདྲ་པོ་རེད།
  • ཚེ་རིང་རྒྱལ་པོ
    རེད། གི་གུ་དེ་ཚོ་སྒང་ལ་ལོག་པ་༿ལོག་འགྱོ་༾དང་དེ་འདྲས། འཇམ་དཔལ་དབྱངས་དང་ད་ལྟ་རིགས་གསུམ་མགོན་པོའི་སྐོར་གཅིག དེ་འདྲས་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    རྡོ་རིང་གཅིག བྱས་ཙང་སྐབས་དེ་དུས་ཏོག་ཙམ་༿ཏད་ཙ་༾ཤུགས་འདྲ་ཅིག་སླེབས་ད་སླེབས་ཡོད་རེད་དེ། ཡིན་ནའི་ཁོ་རང་དམིགས་བསལ་གྱི་ཁྱད་ཆོས་བྱས་པ་༿བྱས་དགྱོ་༾གཅིག བྱས་བྱས་བསྡད་ཡོད་རེད། 
  • ཚེ་རིང་རྒྱལ་པོ
    ཞང་ཞུང་ཟེར་ཡས་དེ། ཞང་ཞུང་རྒྱལ་ཁབ་ཁོ་རང་གི་ཞང་ཞུང་མཁར་དང་དེ་ཚོ་འགང་ག་ལོགས་མ་འདྲ་བའི། དེ་ཚོ་དང་མ་འདྲ་བར་བསྡད་ཡོད་རེད་ལ། ང་ཚོ་དབུས་གཙང་དང་མ་འདྲ་བ་བྱས་བྱས། ད་ལྟ་བར་དུ། དེའི་བར་དུ་འདུག་ཟེ་བསྡད་ཞག
  • ཚེ་རིང་རྒྱལ་པོ
    ད་དེ་ནས་བོད་བཙན་པོ་དེ་དབང་བསྒྱུར་བྱས། ཤུགས་ཆེན་པོ་ཞེ་དྲག་བྱས་བྱས་བསྡད་ཡོད་རེད་དེ། གཞུ་གུ་ལ་བོད་བཙན་པོ་དེ་སིལ་བུར་འཐོར་པ་རེད་པཱ། གླང་དར་མའི་སྐབས་ལ་བྱས་བྱས། ཨ་ནི་་་་བོད་བཙན་པོ་དེ་འཐོར་པ་རེད།
  • ཚེ་རིང་རྒྱལ་པོ
    བོད་བཙན་པོ་དེ་འཐོར་བྱས། ག་རེ་རེད་ཟེར་ན། དེ་མངའ་རིས་དེ་རིག་གནས་དང་ག་རེ་ཡིན་ནའི་ཏོག་ཙམ་༿ཏད་ཙ་༾མ་འདྲ་བ་ཅིག་ཡོད་པ་ལ། བོད་བཙན་པོའི་སྐབས་ཀྱི་ཁོང་ཚོས་དབང་བསྒྱུར་བྱེད་ཡས་ཀྱི་ཤུགས་དེ་སྤྱིར་བཏང་ས་ཆ་གཞན་དག་དང་བསྡུར་པ་ཡིན་ན་ཆུང་ཆུང་ཡིན་ཙང་། ཨ་ནི་་་་་ག་རེ་བྱས་པ་རེད་ཟེར་ན། བོད་བཙན་པོའི་གཞུག་གུ་ལ་ད་གཙོ་ཆེ་ཤོས་གླང་དར་མའི་གཞུ་གུ་ལ། གླང་དར་མས་བོད་བཙན་པོ་འཐོར་བྱས། འོད་སྲུང་དང་ཡུམ་བརྟན་བར་ལ་དང་འོད་སྲུང་དང་ཡུམ་བརྟན་གྱི་རྒྱུད་པ་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཁོ་གཉིས་བར་ལ་དམག་ཆེན་པོ་ཞེ་པོ་གཅིག་ལངས་བྱས། ད་མང་ཆེ་བ་དེ་ག་རེ་རེད་ཟེར་ན་འོད་སྲུང་གིས་འཕྲོག་ཕྱིན་པ་རེད་པཱ།
  • ཚེ་རིང་རྒྱལ་པོ
    ད་ཡར་ལུང་རྒྱུད་ཡིན་ནའི་འདྲ། ལྷ་ས་ངོས་ཡིན་ནའི་འདྲ། བོད་དབུས་གཙང་། དབུས་གཙང་ལ་གང་ལྟར་རུ་གཞིའི་ས་ཆ་མང་ཆེ་བ་འོད་སྲུང་གིས་དབང་བསྒྱུར་བྱས་བྱས། འོད་སྲུང་གིས་་་་་་་དེ་ག་རེ་ཟེར། ཡུམ་བརྟན་གྱི་རྒྱུད་པས་དབང་བསྒྱུར་རེད། ཡུམ་བརྟན་གྱིས་འཕྲོག་ཕྱིན་བྱས། ད་འོད་སྲུང་དེ་གཙོ་ཆེ་ཤོས་དཔལ་འཁོར་བཙན་དེ་རེད་པཱ། དཔལ་འཁོར་བཙན་གི་བུ་གཉིས་བྱུང་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་སྐྱིད་ལྡེ་ཉི་མ་མགོན། ཨ་ནི་་་་་ཁོ་གཉིས་གཉིས་ཅག་ལོགས་ཡར་སྟོད་ལ་འགྲོ་རྒྱུ་གལ་བ་རེད།
  • ཚེ་རིང་རྒྱལ་པོ
    སྟོད་ཀྱི་དགོན་གཉིས་ཟེར་ཡས་དེ། ཨ་ནི་་་་་དེ་ནས་ཆགས་པ་རེད། སྟོད་སྟོད་སྟོད་ཟེར་ཡས། སྟོད་མངའ་རིས་ཀྱི་སྟོད་ཟེར་ཡས་དེ་ཡང་༿དེ་ཡའི་༾ད་དེ་ནས་འགོ་བཙུགས་བྱས། ཨ་ནི་་་་་་སྟོད་མངའ་རིས་ཀྱི་སྟོད་ཟེར་ཡས་དེ་ནས་འགོ་བཙུགས་འདུག
  • ཚེ་རིང་རྒྱལ་པོ
    བྱས་ཙང་གཅིག་དེ་ག་རེ་རེད་ཟེར་ན། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དེ་བསྡད་ས་དེ་མང་ཆེ་བ་ད་ལྟ་བྱས་ན། དེ་རེད། ཤེལ་དཀར་བྱས། དིང་རི་བྱས། གཉའ་ལམ་བྱས། རྫོང་དགའ་བྱས། ཨ་ནི་་་་་གཏིང་སྐྱེས་བྱས་དེའི་རྒྱུད་དེའི་ས་ཆ་ཆ་ཚང་། ད་ལྟ་སྟོད་ཡོད་ས། སྟོད་ལྷ་རྩེ་བྱས་ངམ་རིང་གི་ས་ཆ་ཁག་གཅིག་དེ་གྱད་འགང་ག་ལོགས་ཁོ་རང་གིས་དབང་བསྒྱུར་བྱས།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་ཁོ་རང་གི་དེ་ག་རེ་ཟེར་ན། འོག་མ་སྐྱིད་ལྡེ་ཉི་མ་དགོན་དེ་ཡར་མངའ་རིས་ལ་ཕྱིན་བྱས། མངའ་རིས་དེ་ག་རེ་ཟེར་ན་བཙན་པོའི་ཤུགས། དེ་ག་ཙམ་ཤུགས་ཆེན་པོ་ཡོད་མ་རེད་པཱ།
  • ཚེ་རིང་རྒྱལ་པོ
    གལ་སྲིད་བཙན་པོའི་དབང་བསྒྱུར་ཤུགས་ཆེན་པོ་ཞེ་པོ་ཡོད་པ་ཡིན་ན། ད་དེ་དུས་ཁག་པོ་བྱེད་ཀྱི་ཡོད་རེད། ག་རེ་ཟེར་ན་ཡུམ་བརྟན་གྱི་དེ་དབང་བསྒྱུར། ཡུམ་བརྟན་ཁོ་རྦད་ཤུགས་ཆེན་པོ་ཅིག་ལྡན་གྱི་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    བྱས་ཙང་། ཨ་ནི་་་་་་ཁོ་ཡར་དེ་བྱས་བྱས་དཀའ་ལས་ཆེན་པོ་ཞེ་དྲག་བྱས་བྱས་བྲོས་༿བོས་༾ བྲོས་༿བོས་༾བྱས་ཡར། བོས་༿བྲོས་༾པ་རང་རེད།
  • ཚེ་རིང་རྒྱལ་པོ
    དེ་ནས་ཡར་བྲོས་༿བྲོས་༾བྱས། ད་ལམ་ཁ་ལ་དཀའ་ལས་ཞེ་པོ་བརྒྱབ་བྱས། ད་ལྟ་དེབ་ཐེར་མང་པོ་གཅིག་ནང་ལོགས་ལ་དེ་ཟེར་གྱི་འདུག
  • ཚེ་རིང་རྒྱལ་པོ
    ག་རེ་ཟེར། ད་ཉ་དང་སྒོང་ང་རྦད་དེ་བཟས་བྱས། ལམ་ཁ་ལ་ཉ་དང་སྒོང་ང་ཡང་༿ཡའི་༾བཟའ་རྒྱུ་གལ། དཀའ་ལས་དཔེ་མ་སྲིད་པ་དཀའ་ལས། ག་རེ་རེད་ཟེར་ན། ས་ཐག་རིང་པོ་ཞེ་དྲག་རེད། དབུས་གཙང་ནས་སྟོད་མངའ་རིས་དེ་ས་ཐག་རིང་པོ་ཞེ་དྲག་ཡིན་ཙང་། ཁོ་རངདཀའ་ལས་ཞེ་དྲག་བརྒྱབ་ཙང་། དང་པོ་ཐོག་མར་སླེབས་ས་དེ་ར་ལ་མཁར་དམར་ཟེར་ས་དེར་སླེབས་ཞག
  • ཚེ་རིང་རྒྱལ་པོ
    ར་ལ་མཁར་དམར། ར་ལ་ཟེར་ས་དེ་ས་ཆ་དེ། ར་ལ་ཟེར་ས་ཆ་དེ་ག་པར་ཡོད་རེད་ཟེར་ན། ད་ལྟ་སེང་གེ་ཁ་འབབ་ཡོད་ས་དེའི་འཁྲིས་དེར་ཡོད་རེད། སེང་གེ་ཁ་འབབ་ནས་མར་ཙམ་༿མར་ཙ་༾ཕྱིན་ན། སྤྱི་ལེ་སུམ་ཅུ་ལྷག་ཙམ་ཅིག་འགྲོ་དགོས་རེད། དེ་ནས་མཁར་དམར། མཁར་ཆེན་པོ་ཞེ་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་ལྟ་ཡང་བསྡད་ཡོད་རེད། ཤུལ་དེ། བྱས་ཙང་ཁོ་རང་གི་དེ་ཕ་གིར་སླེབས་བྱས། ར་ལ་མཁར་དམར་ཟེར་ཡས་མཁར་ཆེན་པོ་ཅིག་བརྒྱབ། ཨ་ནི་་་་་་དེ་ནས་ག་རེ་རེད་ཟེར་ན། དེར་བསྡད་བྱས། ཡིན་ནའི་ས་ཆ་དེ་ག་རེ་རེད་ཟེར་ན།
  • ཚེ་རིང་རྒྱལ་པོ
    གཅིག་ནས་དབུས་གཙང་ངོས་ནས་འབྲེལ་བ་བྱེད་ཡས་ཐག་རིང་པོ་ཞེ་དྲག་རེད། གཅིག་ནས་དེ་བྱས། གཅིག་ནས་ད་ས་ཆ་དེ་ག་རེ་ཟེར་ན། ཡང་ཕར་ནས་ཤུགས་ཆེན་པོ་གཅིག ཉེན་ཁ་ཡང་ཆེན་པོ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། ད་ལྟ་ལི་ཡུལ་བྱས། ལི་ཡུལ་ངོས་ནས་ཉེན་ཁ་ཡོད་རེད། ཡར་མཁན་དང་དེ་ཚོ་ག་རེ་ཟེར་ན།
  • ཚེ་རིང་རྒྱལ་པོ
    ཁ་ཆེའི་ཆོས་ལུགས་དང་རིག་གནས་དེ་ཚོ། མི་རིགས་གཞན་དག་ཕྱིའི་མི་རིགས་ཀྱིས་དེ་བྱས་བྱས། བཙན་འཛུལ་བྱེད་ཡས་དང་དེ་འདྲས་ཀྱི་ཉེན་ཁ་གཅིག་ཆེན་པོ་གཅིག་ཡོད་རེད། གཅིག་ནས།
  • ཚེ་རིང་རྒྱལ་པོ
    གཅིག་ནས་ས་ཆ་དེ་མཐོ་པོ་ཡིན་པ། ཨ་ནི་་་་་་ཁོ་རང་ཚོ་སྤྱིར་བཏང་སྐབས་དེ་དུས་ནས་ད་ཡར་ལུང་དང་དབུས་གཙང་ངོས་ནས་ཡར་འགྲོ་བ་༿འགྲོ་དགྱོ་༾ཡིན་ཙང་ས་ཆ་དེ་དམའ་པོ་བྱས། ཤིང་ནགས་དང་ཡག་པོ་ཞེ་པོ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཕ་གིར་མཐུན་རྐྱེན་དང་འགང་ག་ལོགས་ཕ་གིར་ཡོད་མ་རེད། ས་ཆ་མཐོ་པོ་ཞེ་དྲག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སྐབས་དེ་དུས། ཨ་ནི་་་་་་གཅིག་ནས་ས་ཆ་མཐོ་པོ་ཡིན་པ་ལ་གཉིས་ནས་སྐྱེ་དངོས་དང་དེ་ཚོའི་ཆ་རྐྱེན་ཡང་མེད་པ། གསུམ་ནས་བཙན་འཛུལ་བྱེད་ཡས་ཀྱི་ཉེན་ཁ་དང་བྱས་བྱས། མཐའ་མཚམས་འདྲ་པོ་གཅིག་འཁེལ་གྱི་ཡོད་ཙང་། ཨ་ནི་་་་་་གཞུག་གུར་ཁོ་རང་ཚོ་ཚུར་སྤོས་པ་རེད། སྤུ་ཧྲེང་ལ་སྤོས་བྱས། སྤུ་ཧྲེང་ལ་ད་ལྟ་དེ་གཅིག་ཡོད་རེད། སྐུ་མཁར་ཉིས་གཟུངས་ཟེ་མཁར་ཆེན་པོ་ཞེ་པོ་གཅིག་བརྒྱབ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་དེ་བརྒྱབ་ས་དེ་ག་པར་རེད་ཟེར་ན། སྤུ་ཧྲེང་དཀར་དུང་ཟེར་ས་དེ་ལ་རེད། ད་ལྟ་བྱས་ན་དཀར་དུང་ཟེར། གླང་ཆེན་རི་ཟེར་རི་གླང་ཆེན་རི་ཟེར། རི་ཆེན་པོ་ཞེ་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེར་ང་ཡང་ཐེངས་མ་གཉིས་ཙམ་གཅིག་འགྲོ་མྱོང་ཡོད། རི་དེའི་སྒང་ལ་མཁར་གྱི་ཤུལ་ཁྱོན་ཆེན་པོ་ཞེ་པོ་འདུག་ལ། ཁོ་ཚོས་ཁོ་རང་ཚོས་ཟེར་ན། བརྒྱ་གྲོང་ཟེར་གྲོང་པ་དེ་དུས་བརྒྱ་གྲོང་བརྒྱ་ཕྲག་མང་པོ་ཡོད་རེད་ཟེར།
  • ཚེ་རིང་རྒྱལ་པོ
    དེའི་སྒང་ལ། བྱས་ཙང་བརྒྱ་གྲོང་གི་ཤུལ་དེ་འདྲས་གྲོང་པ་མི་ཚང་མང་པོ་ཡོད་པ་དེ། ཤུལ་དེ་དག་༿དེ་གྱད་༾ཆ་ཚང་བསྡད་ཤག བྱས་ཙང་སྐབས་དེ་དུས་ཀྱི་སྐབས་ལ་ད་ཁྱོན་ནས་ཤུགས་ཆེན་པོ་ཞེ་པོ་གཅིག་ཡིན་པ་གཅིག དཀར་དུང་ཟེར་ཡས་དེ། ད་ལྟ་དཀར་དུང་ཟེར་ཡས་ཤུལ་དེ་རི་གླང་ཆེན་རི་སྒང་ལ་ཆ་ཚང་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    འོ་དེར་སླེབས་བྱས། ད་དེ་ག་རེ་རེད་ཟེར་ན། གཅིག་ནས་དབུས་གཙང་ངོས་ལ་འབྲེལ་བ་བྱེད་ཡས་ཐག་ཉེ་རུ་ཕྱིན་པ་རེད།
  • ཚེ་རིང་རྒྱལ་པོ
    སྟབས་བདེ་པོ་ཞེ་དྲག་ཆགས་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    གཅིག་ནས། གཉིས་ནས་ག་རེ་རེད་ཟེར་ན། མཐའ་མཚམས་དང་སྤྱིར་བཏང་ཐག་རིང་རུ་ཕྱིན་པ་རེད། གསུམ་ནས་ད་ས་ཆ་ཆ་རྐྱེན་དེ་ས་བབས་དེ་ཡག་པོ། ས་ཆ་དམའ་པོ་ཡིན་པ། ཨ་ནི་་རྩྭ་སྣ་ཆུ་སྣ་འཛོམས་པོ། ཡག་པོ་ཞེ་དྲག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དཀར་དུང་རི། འོ་ད་དེར་སླེབས་བྱས། ཨ་ནི་་་་་་་སྐུ་མཁར་ཉིས་གཟུངས་ཟེར་ཡས་མཁར་ཤུགས་ཆེན་པོ་དེ་བཙུགས་བྱས། ད་དེ་ག་རེ་རེད་ཟེར་ན། མངའ་རིས་ཀྱི་ལོ་རྒྱུས་ཐོག་ལ། ད་སྟོད་མངའ་རིས་ལོ་རྒྱུས་ཐོག་ཡིན་ནའི་འདྲ། བོད་ཁ་བ་ཅན་གྱི་ལོ་རྒྱུས་ཐོག་ལ་སྐད་གྲགས་ཚ་ཤོས་གཅིག་ད་སྐུ་མཁར་ཉིས་གཟུངས་ཟེར་ཡས་དེ། སྐྱིད་ལྡེ་ཉི་མ་མགོན་ནས་འགོ་བཙུགས། ཨ་ནི་་་་་་ཁོ་རང་དེར་བསྡད་བྱས། ད་ཁོ་རང་ག་རེ་རེད་ཟེར་ན། མངའ་རིས་ཀྱི་རྒྱལ་པོ་དང་པོ་དེ་ད་ཁོ་རང་ཆགས་པ་རེད། སྟོད་མངའ་རིས་ཀྱི་རྒྱལ་པོ་དང་པོ་དེ་ཁོ་རང་རེད།
  • ཚེ་རིང་རྒྱལ་པོ
    དེའི་མདུན་ལ་ག་རེ་རེད་ཟེར་ན་ས་ཆ་དེ་ཞང་ཞུང་གི་ས་ཆ་རེད་པཱ། ཞང་ཞུང་ཟེར་གྱི་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ད་དེ་ནས་མཁར་ཆེན་བཅོ་བརྒྱད་དང་བཅས་པ་ཞང་ཞུང་རེད་དེ། ད་སྐབས་དེ་ནས་བྱས་བྱས། ཁོ་རང་མངའ་རིས་ཟེར་དགོས་ཡས་རྒྱུ་མཚན་ག་རེ་རེད་ཟེར་ན། བཙན་པོའི་དབང་བསྒྱུར་བྱེད་ཡས་ཀྱི་མངའ་ཁོངས་སུ་དངོས་སུ་གཏོགས་པས་ཡིན།
  • ཚེ་རིང་རྒྱལ་པོ
    ས་ཆ་ཡིན་ཟེར་ལབ་ཙང་། མངའ་རིས་ཟེར་ལབ་པ་རེད་པཱ། མངའ་རིས་ཟེར་ཡས་ས་ཆ་དེའི་མིང་དེ་ཡང་༿དེ་ཡའི་༾དེ་ནས་ཐོག་མ་བྱུང་པ་རེད། དེའི་མདུན་ལ་ཞང་ཞུང་ཟེར་གྱི་ཡོད་རེད། ད་དེ་ནས་བྱས་བྱས་མངའ་རིས་ཟེར་ཡས་ཀྱི་མིང་དེ་དེ་ནས་ཐོག་མར་བཏགས་པ་རེད།
  • ཚེ་རིང་རྒྱལ་པོ
     ཁོ་རང་མངའ་རིས་ཀྱི་རྒྱལ་པོ་དེ། ཐོག་མར་མངའ་རིས་རྒྱལ་པོ། དངོས་སུ་མངའ་རིས་རྒྱལ་པོ་བྱེད་མཁན་༿བྱེད་ཉན་༾དེ་སྐྱིད་ལྡེ་ཉི་མ་མགོན་ཆགས་པ་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་ཁོ་རང་གིས་ད་དབུས་གཙང་ངོས་ལ་འབྲེལ་བ་བྱས་བྱས། དཔེར་ན་ཆ་བཞག་ན་ད་ལྟ་ཅོག་རོ། ཅོག་རོ་ཟེར་ཡས་མི་ཚང་སྐད་གྲགས་ཆེན་པོ་གཅིག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    བློན་པོ་ཅོག་རོ་ལི་སྒྲ་ལེགས་ཟེར་ཡས་གཅིག་བྱས་རེད་པཱ། ཨ་ནི་་་་་པ་ཚབ་བྱས། དེ་ཚོ་དང་འབྲེལ་བ་བྱས་བྱས། ཁོ་གཉིས་ཁོ་གཉིས་ཀྱིས་ཕར་ཁོ་རང་བོས་༿བྲོས་༾འགྲོ་དུས་ཁོ་གཉིས་ཀྱིས་དེ་བྱས། གཙང་གི་བྱེ་མ་གཡང་དྲུང་བར་དུ་བསྐྱལ་ག་ཕྱིན་པ་རེད། རྦད་དེ་ཕ་གིར་བསྐྱལ་ག་ཕྱིན། བསྐྱལ་ཚར་ནས་ཁོ་རང་མར་མངའ་རིས་ལ་ཕྱིན་པ་རེད། ཁོ་གཉིས་ཚུར་ལོག་ཡོང་པ་རེད། གཞུ་གུར་ཚུར་འབྲེལ་བ་བྱས་བྱས། ཨ་ནི་་་་་་ཁོ་གཉིས་ཀྱིས་བུ་མོ་གཅིག་ཡར་མནའ་མ་གནང་བྱས། ཨ་ནི་་་་་ཁོ་རང་དངོས་སུ་ཕ་གིར་བཞུགས། ཨ་ནི་་་་་དེར་དེ་བྱས་བྱས་བུ་གསུམ་བྱུང་པ་རེད།
  • ཚེ་རིང་རྒྱལ་པོ
    བུ་དེ་ག་རེ་ཟེར་ན། དཔལ་ལྡེ་རིག་པ་མགོན་བྱས། ཁྲི་བཀྲ་ཤིས་མགོན་བྱས། ལྡེ་གཙུག་མགོན་བྱས་བུ་གསུམ། མངའ་རིས་ལ་ཡ་ད་ཁོ་རང་གི་བུ་གསུམ་སྐད་གྲགས་ཆེན་པོ་ཞེ་པོ་རེད་པཱ།
  • ཚེ་རིང་རྒྱལ་པོ
    སྟོད་མངའ་རིས་ཀྱི་བུ་གསུམ་བྱས། བུ་གསུམ་བྱུང་ཙང་། ཁོ་རང་གིས་རྒྱལ་པོ་བྱས། རྒྱལ་པོ་དེ་ལ་བུ་གསུམ་བྱུང་། བུ་གསུམ་བྱུང་བྱས། ད་ཁོ་གི་བསམ་པ་ལ་ག་རེ་རེད་ཟེར་ན།
  • ཚེ་རིང་རྒྱལ་པོ
    ཁོ་རང་གི་ཡབ་མེས་མེས་པོའི་སྐབས་ལ་ག་རེ་རེད་ཟེར་ན། གླང་དར་མའི་སྐབས་ལ་ད་དབང་བསྒྱུར་གྱི་དོན་དག་ལ། དབང་བསྒྱུར་བྱེད་ཡས་ཀྱི་དོན་དག་ལ་དམག་བརྒྱབ་བྱས་ཁྱོན་ནས་ཟི་ལིང་དགུ་ལིང་བཟོས་པ་རེད་པཱ།
  • ཚེ་རིང་རྒྱལ་པོ
    ད་སྟོད་མངའ་རིས་དེ་ཡང་༿དེ་ཡའི་༾དཔེར་ན། ཁོ་རང་གི་གལ་སྲིད་བུ་གསུམ་ཅག་ལོགས་འདུག་ཟེ་བཞག་པ་ཡིན་ན། ཨ་ནི་་་་དབང་ཆའི་དོན་དག་ལ་ཁོ་རང་རྒན་གོག་ཆགས་ཁོ་རང་ཤི་བ་ཡིན་ན། ཨ་ནི་་་་་་ཁོ་རང་གི་གཞུག་གུར་ད་དེ་འདྲས་གཅིག་ཆགས་རྒྱུ་གཏན་འཁེལ་བ་རེད་བསམས་བྱས། ང་མེས་པོ་ནང་བཞིན་བྱས་བྱས། བུ་གསུམ་དེ་ཕར་ཚུར་དམག་བརྒྱབ་བྱས། ས་ཆའི་དོན་དག་ལ། ཨ་ནི་་་་་་འཆམ་གྱི་མ་རེད།
  • ཚེ་རིང་རྒྱལ་པོ
    འཆམ་མ་འཆམ་པར་དམག་བརྒྱབ་པ་ཡིན་ན། ཨ་ནི་་་་་་ས་ཆ་དེ་ལ་ཡ་རྦད་དེ་བདེ་སྐྱིད་དང་ཁྱོན་ནས་ཡོང་སྲིད་ཀྱི་མ་རེད་བསམ་བྱས། ཁོ་རང་མ་ཤི་གོང་ལ་ཁོས་དེ་སློབ་གསོ་གཅིག་ལེན་བྱས། མངའ་རིས་དེ་ས་ཆ་ཁག་གསུམ་ལ་བགོ་བཤའ་བརྒྱབ་པ་རེད།
  • ཚེ་རིང་རྒྱལ་པོ
    མངའ་རིས་དེ་ས་ཆ་ཁག་གསུམ་ལ་ག་འདྲས་ཟེར་བགོ་བཤའ་བརྒྱབ་པ་རེད་ཟེར་ན། བུ་རྒན་པ་དེ་ད་ལྟ་མར་ཡུལ་ལ་སྤྲད། མར་ཡུལ་དེ་ད་ལྟ་ལ་དྭགས་ཡོད་ས། ལ་དྭགས་སླད་ལྟེ་གནས་བྱས་པའི་མར་ཡུལ་དེ་བུ་རྒན་པ་ལ་སྤྲད་པ་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་བུ་རྒན་པ་དེ་བསྡད་བྱས་བྱས། བུ་རྒན་པ་དེ་དེའི་རྒྱལ་པོ་འདྲ་པོ་གཅིག་བྱས། ལ་དྭགས་རྒྱལ་པོ་དེ་སྐད་གྲགས་ཆེན་པོ་གཅིག་རེད་ལ། ད་ལྟའི་བར་དུ་ལ་དྭགས་རྒྱལ་པོ་དེ། ད་ཆིག་སྟོང་བརྒྱད་བརྒྱ་བཞི་བཅུ། བཞི་བཅུའི་གོང་དེ་པར་གཅིག་ནས། ཨ་ནི་་་་་་་སིག་དང་དམག་བརྒྱབ་བྱས། ཡར་བྱས་མར་བྱས། ཨ་ནི་་་་་་དབྱིན་ཇིའི་དེ་ཚོ་གཅིག་ཤུགས་རྐྱེན་སླེབས་བྱས། ཨ་ནི་་་་་གཞི་ནས་ད་ཉམས་རྒུད་ཕྱིན་པ་རེད་མ་གཏོགས་༿མ་དེ་༾
  • ཚེ་རིང་རྒྱལ་པོ
    དེའི་བར་དུ་ལ་དྭགས་རྒྱལ་རབས་ཡིན་པ་ལ། ལ་དྭགས་རྒྱལ་པོ་ཡང་༿པོ་ཡའི་༾ཡོད་པ། ཤུགས་ཆེན་པོ་ཞེ་དྲག་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེ་བུ་རྒན་པ་དེ་རེད། བུ་འབྲིང་བ་དེ་ག་པར་བསྡད་ཡོད་རེད་ཟེར་ན། སྤུ་ཧྲེང་ལ་མུ་མཐུད་ནས། ད་ལྟ་སྐུ་མཁར་ཉིན་གཟུངས་ཟེར་ཡས་གཅིག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ད་ལྟ་དཀར་དུང་ལ་སྐུ་མཁར་ཉིན་གཟུངས། ད་ག་རང་ལ་མུ་མཐུད་ནས་དབང་བསྒྱུར་བྱས་བྱས་བསྡད། ད་བུ་ཆུང་བ་དེ་ག་པར་བཏང་བ་རེད་ཟེར་ན། ཟངས་དཀར་ལ་བཏང་བ་རེད། ཟངས་དཀར་རྒྱལ་པོ། ད་ཟངས་དཀར་རྒྱལ་པོ་དེ་ད་ལྟའང་༿ད་ལྟའི་༾ད་ང་འགྲོ་མྱོང་ད་མེད་དེ། ཟངས་དཀར་རྒྱལ་པོའི་རྒྱལ་བརྒྱུད་དེ་ད་ལྟ་ཡང་༿ད་ལྟའི་༾ཡོད་རེད་ཟེར།
  • ཚེ་རིང་རྒྱལ་པོ
    ཟངས་དཀར་རྒྱལ་པོ་ཟེར་ཡས་གཅིག་ཡོད་རེད། ཟངས་དཀར་ལ་ཡང་༿ལ་ཡའི་༾མཁར་ཆེན་པོ་གཅིག་ཡོད་རེད་ཟེར་གྱི་འདུག
  • ཚེ་རིང་རྒྱལ་པོ
    ཁོ་རང་ཚོས། བྱས་ཙང་སྟོད་མངའ་རིས་དེ་བུ་གསུམ་ལ་དེ་འདྲས་ཟེ་བགོ་བཤའ་བརྒྱབ་ཙང་། ཨ་ནི་་་་་་དེ་བྱས་པ་རེད་ག་རེ་རེད་ཟེར་ན། སྟོད་མངའ་རིས་སྐོར་གསུམ་ཟེར་ཡས་གཅིག་ཡོད་རེད་པཱ། མངའ་རིས་སྐོར་གསུམ་མངའ་རིས་སྐོར་གསུམ་ཟེར་ད་བོད་ཀྱི་ལོ་རྒྱུས་དཔེ་ཆ་ཡིན་ནའི་འདྲ། ལོ་རྒྱུས་དེབ་ཐེར་འགང་གའི་ནང་ལོགས་ལ་སྟོད་མངའ་རིས་སྐོར་གསུམ་སྟོད་མངའ་རིས་སྐོར་གསུམ་ཟེར་ཡས་གཅིག་དོན་ཡོང་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་དེ་ག་རེ་རེད་ཟེར་ན། དེའི་གོང་ལ་ཞང་ཞུང་ཟེར་གྱི་ཡོད་རེད། སྐྱིད་ལྡེ་ཉི་མ་མགོན་སླེབས་ནས་མངའ་རིས་ཟེར་ཡས་མིང་དེ་ཐ་སྙད་དེ་ཐོག་མར་བྱུང་པ་རེད་ལ། ས་ཆ་དེ་ཡོངས་ལ་མངའ་རིས་བྱས། ཁོ་རང་མངའ་རིས་ཀྱི་རྒྱལ་པོ་དེ་ཐོག་མ་རེད།
  • ཚེ་རིང་རྒྱལ་པོ
    དེ་ནས་ཁོའི་༿ཁོ་གི་༾བུ་གསུམ་གྱི་སྐབས་ལ་མངའ་རིས་སྐོར་གསུམ་ཟེར་ཡས་དེ། ད་བོད་ཀྱི་ལོ་རྒྱུས་སྒང་ལ་མངའ་རིས་སྐོར་གསུམ་ཟེར་ཡོངས་གྲགས་སུ་སྐད་གྲགས་ཡོད་པ་དེ། དེ་ནས་བྱས་བྱས་འགོ་བཙུགས་པ་རེད་བསམ་གྱི་འདུག
  • ཚེ་རིང་རྒྱལ་པོ
    དེའི་གོང་ལ་མངའ་རིས་ཟེར་ཡས་དེ་ཡང་༿དེ་ཡའི་༾ཡོད་མ་རེད་ལ། མངའ་རིས་སྐོར་གསུམ་ཟེར་ཡས་དེ་ཡང་༿དེ་ཡའི་༾ཡོད་མ་རེད་པཱ།
  • ཚེ་རིང་རྒྱལ་པོ
    དེ་ནས་བྱས་བྱས་མངའ་རིས་སྐོར་གསུམ། སྐོར་གཅིག་ག་རེ་རེད་ཟེར་ན། མར་ཡུལ་ལ་དྭགས་སོགས་པའི་དེ་དག་༿དེ་གྱད་༾གཅིག་བྱས། ཨ་ནི་་་་་་ད་ལྟ་གར་ཞ་དང་མང་པོ་གཅིག་ཚུད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    གཅིག་དེ་ག་རེ་རེད་ཟེར་ན། ཟངས་དཀར་དེ་རེད། ད་ལྟ་ལ་དྭགས་ཀྱི་འཁྲིས་ལ་ཡོད་པའི་ད་ལྟ་རྒྱལ་པོ་ཆེན་པོ་གཅིག་རེད།
  • ཚེ་རིང་རྒྱལ་པོ
    གཅིག་དེ་ག་རེ་རེད་ཟེར་ན། སྤུ་ཧྲེང་བྱས། འོ་ད་དེ་དག་༿དེ་གྱད་༾སྟོད་མངའ་རིས་ཀྱི་ལོ་རྒྱུས་ཐོག་ལ་སྟོད་མངའ་རིས་སྐོར་གསུམ་ཟེར་ཡས་དེ།
  • ཚེ་རིང་རྒྱལ་པོ
    དེ་འདྲས་བྱས་བྱས། འོ་དེ་ནས་འགོ་བཙུགས་བྱས་བྱུང་པ་རེད་བསམ་གྱི་འདུག
  • ཚེ་རིང་རྒྱལ་པོ
    དེ་ག་རེ་རེད་ཟེར་ན། མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས། ད་དེ་འདྲས་གཅིག་ཆགས་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་ཡིན་ནའི་ག་རེ་རེད་ཟེར་ན། གཞུག་གུར་ད་ལ་དྭགས་དེ་ལ་དྭགས་དེ། ལ་དྭགས་རྒྱལ་པོ་དེ་ཤུགས་ཆེན་པོ་ཞེ་པོ་གཅིག་བྱུང་པ་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་ཟངས་དཀར་དེ། དངོས་འབྲེལ་བྱས་ན་ཟངས་དཀར་བྱས། སྤི་ཏི་བྱས། སྤི་ཆོག་བྱས་ཟངས་དཀར་སྒོ་གསུམ་ཟེར་ཡས་དེ། ས་ཆ་དངོས་འབྲེལ་བྱས་ན་རྒྱ་ཆེན་པོ་བྱུང་འདུག་ཏེ། གཞུག་གུ་ལ་ཁག་གཅིག་ལ་དྭགས་ལ་ཏོག་ཙམ་༿ཏིག་ཙ་༾ཤོར་ཞག
  • ཚེ་རིང་རྒྱལ་པོ
    ཁག་གཅིག་གུ་གེ་ལ་ཤོར་བྱས། ཡིན་ནའི་ཁོ་རང་གི་རྒྱལ་བརྒྱུད་དེ་ད་ལྟ་མུ་མཐུད་ནས། ད་ལྟ་བར་དུ་བསྡད་ཡོད་རེད་ཟེར་གྱི་འདུག་ལ། ཤུགས་ཆེན་པོ་གཅིག བྱས་ཙང་མངའ་རིས་སྐོར་གསུམ་ཟེར་ཡས་དེ། དེ་ནས་བྱས་བྱས་དེ་འདྲས་གཅིག་ཆགས་བྱས་ནས་སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་དེ་འོ་ད་དེ་ནས་བྱས་བྱས་ཨ་ནི་་་་་་འགོ་བཙུགས་པ་རེད།
  • ཚེ་རིང་རྒྱལ་པོ
    སྟོད་མངའ་རིས་སྐོར་གསུམ་ཟེར་ཡས་ཀྱི་ལོ་རྒྱུས་དེ་དེ་ནས་འགོ་བཙུགས་པ་རེད།
  • ཚེ་རིང་རྒྱལ་པོ
    དེ་ནས་བྱས་བྱས་ད་ལ་དྭགས་རྒྱལ་བརྒྱུད་གཅིག་བྱས། ཟངས་དཀར་རྒྱལ་བརྒྱུད་གཅིག་བྱས། སྤུ་ཧྲེང་རྒྱལ་བརྒྱུད་གཅིག་རེད།
  • ཚེ་རིང་རྒྱལ་པོ
    དངོས་འབྲེལ་བྱས་ན། རེད་དེ། ད་ཁྲི་བུ་འབྲིང་བ་དེ་དེ་རེད་པཱ། ག་རེ་ཟེར་ན། བཀྲ་ཤིས་ཁྲི་བཀྲ་ཤིས་བརྩེགས། བཀྲ་ཤིས་དེ་ག་རེད་ཟེར་ན་དེར་བསྡད། སྤུ་ཧྲེང་ལ་མུ་མཐུད་ནས་དབངབསྒྱུར་བྱས་ཙང་ཁོ་རང་ལ་བུ་གཉིས་བྱུང་ཤག
  • ཚེ་རིང་རྒྱལ་པོ
    བུ་གཅིག་གི་མིང་ལ་འཁོར་རེ་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    གཅིག་གི་མིང་ལ་སྲོང་ངེ་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་སྲོང་ངེ་ཟེར་ཡས་དེ་སུ་རེད་ཟེར་ན། ད་ལྟ་བོད་ཀྱི་ལོ་རྒྱུས་ཐོག་ལ་སྐད་གྲགས་ཤིན་ཏུ་ཆེ་བའི་དེ་རེད།
  • ཚེ་རིང་རྒྱལ་པོ
    ག་རེ་ཟེར་ན། གཞུག་གུར་ད་ཁོ་རང་གི་དེ་རེད་པཱ། སྐུ་ཚེའི་སྟོད་ལ་ག་རེ་རེད་ཟེར་ན། གུ་གེ་ལ་གུ་གེ་རྒྱལ་པོ་བྱས་པ་རེད།
  • ཚེ་རིང་རྒྱལ་པོ
    སྐུ་ཚེའི་སྨད་ལ་ཁོ་རང་དེ་རབ་ཏུ་བྱུང་བྱས། ཨ་ནི་་་་་བོད་ཀྱི་ལོ་རྒྱུས་ཐོག་ལ་ལྷ་བླ་མ་ཡེ་ཤེས་འོད་ཟེར་ཡས་གཅིག་ཡོད་རེད་པཱ། ད་ལྟ། སྐད་གྲགས་ཆེན་པོ་ལྷ་བླ་མ་ཡེ་ཤེས་འོད། འོ་ད་དེ་ལྷ་བླ་མ་ཡེ་ཤེས་འོད་དེ་སྲོང་ངེ་ཡིན་པ་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་འཁོར་རེ་དེ་ག་རེ་རེད་ཟེར་ན། མུ་མཐུད་ནས་དེར་དབང་བསྒྱུར་བྱས་ནས་བཞུགས་པ་རེད།
  • ཚེ་རིང་རྒྱལ་པོ
    ད་དུང་སྤུ་ཧྲེང་རང་ལ། ད་ལྟ་སྤུ་ཧྲེང་སྐུ་མཁར་ཉིན་གཟུངས་ཡོད་ས། ལྟོ་ཡོད་ཡོད་ས། དེ་ག་རེ་ཟེར། དེ་རེད་དཀར་དུང་ཡོད་ས་ད་ག་རང་ལ། དཀར་དུང་གི་གླང་ཆེན་རི།
  • ཚེ་རིང་རྒྱལ་པོ
    གླང་ཆེན་རི་སྒང་ལ། སྤུ་ཧྲེང་སྐུ་མཁར་ཉིན་གཟུངས་ཡོད་ས་དེ་ལ་འཁོར་རེ་མུ་མཐུད་ནས་བསྡད་བྱས། ཨ་ནི་་་་་་སྲོང་ངེ་དེ་ཁོ་རང་གི་་ཁྲི་དེ་ག་རེ་ཟེར་ན། བཀྲ་ཤིས་གིས་ཕར་བཏང་བ་བྱས། འཁོར་རེ་དེ་སྲོང་ངེ་དེ་གུ་གེ་ལ་ཡར་བཏང་། གུ་གེ་དེ་ག་རེ་རེད་ཟེར་ན། གུ་གེ་རྩྭ་ཧྲེང་མཁར་ཟེར་ས། ཞང་ཞུང་སྐབས་ལ་ཤུགས་ཆེན་པོ་ཞེ་དྲག་ཡོད་ཙང་ཁོ་ཕར་གུ་གེ་ལ་དབང་བསྒྱུར་བྱེད་ག་བཏང།
  • ཚེ་རིང་རྒྱལ་པོ
    འཁོར་རེ་དེ་མུ་མཐུད་ནས་སྤུ་ཧྲེང་རང་ལ་བསྡད་བྱས། ཨ་ནི་་་་ཁོའི་བུ་ག་རེ་རེད་ཟེར་ན། སྐད་གྲགས་ཆེན་པོ་གཅིག་ད་ལྟ་ལྷ་ལྡེ་ཟེར་ཡས་དེ་བྱུང་པ་རེད།
  • ཚེ་རིང་རྒྱལ་པོ
    ལྷ་ལྡེ་ཟེར་ཡས་གཅིག་བྱས། ཨ་ནི་་་་་་ལྷ་བླ་མ་ཡེ་ཤེས་འོད་དེ་ཟེར་ཡས་དེ།  ད་ལྟ་སྲོང་ངེ་རེད་པཱ། སྲོང་ངེ་ཕ་གིར་སླེབས་བྱས་ཁོ་རང་ཡང་༿ཡའི་༾སྐུ་ཚེ་སྟོད་ལ་ད་གུ་གེ་ལ་དབང་བསྒྱུར་བྱས་བྱས་ཤུགས་ཆེན་པོ་ཞེ་དྲག་བྱུང་བྱས། ཨ་ནི་་་་་་་སྐད་གྲགས་ཆེན་པོ་ཆགས་པ་རེད་དེ། སྐུ་ཚེ་སྨད་ལ་ཁོ་རང་རབ་ཏུ་བྱུང་ཙང་། ཨ་ནི་་་་་ཁོ་རང་ལ་ཡང་༿ལ་ཡའི་༾བྱུང་ཡས་བྱས་ན། བུ་གཉིས་དང་བུ་མོ་གཅིག་བྱུང་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཚང་མ་རབ་ཏུ་བྱུང་ཙང། འགང་ག་ལོགས་ཨ་ནི་་་་རབ་བྱུང་ཆགས་ཙང་། ཨ་ནི་་་་་་ད་ག་རེ་ཟེར་ན། རྒྱལ་བརྒྱུད་དེ་ཆད་པའི་བཟོ་འདྲ་གཅིག་ཆགས་པ་རེད།
  • ཚེ་རིང་རྒྱལ་པོ
    གུ་གེ་ནང་ལོགས་ལ། སྤ་ཧྲེང་ལ་མུ་མཐུད་ནས་དབང་བསྒྱུར་བྱེད་མཁན་༿བྱེད་ཉན་༾དེ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    འཁོར་རེ་ནས་འགོ་བཙུགས་པ་གཅིག་གི་རེད་པཱ།
  • ཚེ་རིང་རྒྱལ་པོ
    འཁོར་རེའི་བུ་དེ་སུ་རེད་ཟེར་ན། ཨ་ནི་་་་ལྷ་ལྡེ་རེད་པཱ། 
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་ལྷ་ལྡེ་ལ་ག་རེ་རེད་ཟེར་ན། བུ་གསུམ་བྱུང་ཡོད་རེད།
  • ཚེ་རིང་རྒྱལ་པོ
    གཅིག་ག་རེ་རེད་ཟེར་ན་འོད་ལྡེ་ཟེར་ཡས་དེ་རེད།
  • ཚེ་རིང་རྒྱལ་པོ
    གཅིག་ལྷ་བླ་མ་བྱང་ཆུབ་འོད་དང་། ཨ་ནི་་་་་་་་་་དེ་རེད་ག་རེ་ཟེར། ཞི་བ་འོད་ཟེར་ཡས།
  • ཚེ་རིང་རྒྱལ་པོ
    བུ་གསུམ་སྐད་གྲགས་ཆེན་པོ་གསུམ། བོད་ད་མངའ་རིས་ལོ་རྒྱུས་ཐོག་ལ་དེ་དག་༿དེ་གྱད་༾གསུམ་ཅག་ལོགས་སྐད་གྲགས་ཆེན་པོ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ལྷ་ལྡེ་ཡི་༿གི་༾བུ་དེ་དག་༿དེ་གྱད་༾ ལྷ་ལྡེ་དེ་ག་རེ་རེད་ཟེར་ན། དེར་བཞུགས་སྤུ་ཧྲེང་ལ་བཞུགས་ཙང་ཁོ་རང་གི་སྐབས་ལ་ད་དུང་དེ་གཅིག་བཞེངས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དགོན་པ་གཅིག ད་ལྟ་སྤུ་ཧྲེང་ལ་འཁོར་ཆགས་ཟེར་ཡས་དགོན་པ་སྐད་གྲགས་ཆེན་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དགོན་པ་ཡག་པོ་ཞེ་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སྤུ་ཧྲེང་འཁོར་ཆགས་ཀྱི་དགོན་པ་དེ་དངོས་སུ་ག་རེ་ཟེར་ན། འགོ་བཙུགས་ཡས་དེ་ཁོ་རང་གིས་དེ་བྱས་ཤག བཞེངས་བྱས། ཨ་ནི་་་་་་དངུལ་སྐུ་མཆེད་གསུམ། དེའི་ནང་ལོགས་ལ་སྐུ་རིགས་གསུམ་མགོན་པོའི་སྐུ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དངུལ་གྱིས་བཞེངས་པ་༿བཞེངས་འགྱོ་༾གཅིག དེ་དག་༿དེ་གྱད་༾འགང་ག་ལོགས་ལྷ་ལྡེའི་སྐབས་ལ་བཞེངས་པ་༿བཞེངས་འགྱོ་༾རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་ལྷ་ལྡེ་ལ་བུ་གསུམ་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    བུ་གསུམ་ནང་ལོགས་ནས་གཉིས་དེ་ག་རེ་རེད་ཟེར་ན། གུ་གེ་ལ་ཕྱིན་པ་རེད།
  • ཚེ་རིང་རྒྱལ་པོ
    ད་ལྟ་ཞི་བ་འོད་དང་བྱང་ཆུབ་འོད་དེ་གུ་གེ་ལ་ཕྱིན། དཔེར་ན། གུ་གེ་ལ་ག་རེ་ཡོད་རེད་ཟེར་ན། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྐབས་དེ་དུས་གུ་གེ་མཐོ་གླིང་དགོན་པ་ཟེར་ཡས་སྐད་གྲགས་ཆེན་པོ་ཞེ་པོ་དེ་བཞེངས་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ད་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་ལ་དེ་དུས་དགོན་པ་བཞེངས་ཡས་ དེ་ལོ་ཙྭ་བ་རིན་ཆེན་བཟང་པོ་དང་དེ་བྱས་བྱས། རབ་གནས་གནང་བྱས། བཞེངས་ཡས་དེ་དགོན་པ་གསུམ་བཞེངས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    གཅིག་ག་རེ་རེད་ཟེར་ན། སྤུ་རང་གི་འཁོར་ཆགས་དགོན་པ་བྱས། གཅིག་ད་ལྟ་གུ་གེའི་མཐོ་གླིངདགོན་པ་བྱས། གཅིག་ལ་དྭགས་ཀྱི་ཉར་མ་དགོན་པ་ཟེར་ཡས་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་དེའི་ནང་ལོགས་ལས་ལ་དྭགས་ཉར་མའི་དེའི་ནང་ལོགས་ཀྱི་རྟེན་གཙི་བོ་དེ་ག་རེ་ཡིན་ཟེར་གྱི་ཡོད་རེད་ཟེར་ན། སངས་རྒྱས་མར་མེ་མཛད་ཡིན་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    གུ་གེ་མཐོ་གླིང་དེའི་གང་ཡིན་ཟེར་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཕ་གིར་ག་རེ་རེད་ཟེར་ན། ཨ་ནི་་་་་འཁོར་ཆགས་དེའི་ག་རེ་ཟེར་ན། སངས་རྒྱས་རྒྱལ་བ་བྱམས་པ་མགོན་པོ། བྱས་ཙང། དེ་དུས་གསུམ་སངས་རྒྱས་ཆ་ཚང་ཡོད་པའི་དགོན་པ་གསུམ་བཞེངས་པ་དེ། ད་ལྟ་ཡང་༿ཡའི་༾ཆ་ཚང་བསྡད་ཡོད་རེད་ལ། ད་བོད་མངའ་རིས་ལོ་རྒྱུས་ཐོག་ལ་ཡང་༿ལ་ཡའི་༾ད་ལོ་རྒྱུས་ཀྱི་རིན་ཐང་ལོ་རྒྱུས་དངོས་འབྲེལ་ལོ་རྒྱུས་དང་ལྡན་པ། རིག་གནས་ཡོད་པ་དེ་དག་༿དེ་གྱད་༾ད་དགོན་པ་དེ་དག་༿དེ་གྱད་༾ད་ལྟ་ཡང་༿ཡའི་༾ཆ་ཚང་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    བྱས་ཙང་ཨ་ནི་་་་་་་་ལོ་ཙྭ་བ་རིན་ཆེན་བཟང་པོའི་སྐབས་ལ། ཨ་ནི་་་་་་་འོ་ད་དགོན་པོ་དེ་དག་༿དེ་གྱད་༾བཞེངས། རབ་གནས་མཛད།
  • ཚེ་རིང་རྒྱལ་པོ
    དེ་དག་༿དེ་གྱད་༾བྱས་པ་དེ་གཅིག་ནས་ལོ་ཙྭ་བ་རིན་ཆེན་བཟང་པོའི་སྐབས་ལ་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་གཅིག་ནས་ལྷ་བླ་མ་ཡེ་ཤེས་འོད་བྱས། ལྷ་བླ་མ་ཡེ་ཤེས་འོད་ཁོ་རང་གི་བུ་གཉིས་བྱས། ནཱ་ག་རཱ་ཛ་དང་དེ་ཝ་རཱ་ཛ་ཟེར་ཡས་གཉིས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་ཁོ་རང་གི་ད་ཚ་བོ་རེད་པཱ། ལྷ་བླ་མ་བྱང་ཆུབ་འོད་དང་།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་ཁོ་རྣམས་ཚོ་དེ་དག་༿དེ་གྱད་༾གསུམ་གྱིས།
  • ཚེ་རིང་རྒྱལ་པོ
    ད་རྦད་དེ་སངས་རྒྱས་ཆོས་ལུགས་དེ་ག་རེ་ཟེར་ན། བསྟན་པ་ཕྱི་དར་གྱི་འགོ་བཙུགས་ཡས་དེ། བསྟན་པ་ཕྱི་དར་ད་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པ་ཕྱི་དར་སྐབས་ལ་དེ་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    འདུལ་བ་སྟོད་བརྒྱུད་དང་འདུལ་བ་སྨད་བརྒྱུད་ཟེར་ཡས་གཅིག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    འདུལ་བ་སྟོད་བརྒྱུད་དེ་འགོ་བཙུགས་ཡས་དེ་ལྷ་བླ་མ་ཡེ་ཤེས་འོད་ནས་དབུ་བཙུགས་བྱས། ཨ་ནི་་་་་དར་རྒྱས་ཀྱི་དར་ཞིང་རྒྱས་སུ་བཏང་མཁན་༿བཏང་ཉན་༾དེ་སུ་རེད་ཟེར་ན། ཞི་བ་འོད་དང། བྱང་ཆུབ་འོད་ཀྱི་སྐབས་ལ་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཞི་བ་འོད་དང་བྱང་ཆུབ་འོད་ཀྱི་སྐབས་ལ་ག་རེ་རེད་ཟེར་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཕར་ནས་ཚུར་གདན་འདྲེན་ཞུས་བྱས། ཕ་གིར་ལོ་གསུམ་བཞུགས་པ་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཕ་གིར་ཡིན་ན་ག་རེ་ཟེར་ན། མཐོ་གླིང་དགོན་པ་ལ་ལོ་གསུམ་གཞུགས། འོ་དེ་དུས་ག་རེ་རེད་ཟེར་ན། ད་སྤུ་ཧྲེང་གི་རྒྱལ་པོ་ད་ལྟ་ག་རེ་ཟེར་ན། འཁོར་རེ་ནས་འགོ་བཙུགས་ལྷ་ལྡེ་བྱས། འོད་ལྡེ་བྱས། ཨ་ནི་་་་ད་ལྟ་དེ་དག་༿དེ་གྱད་༾རེད་དེ།
  • ཚེ་རིང་རྒྱལ་པོ
    ཡིན་ནའི་གུ་གེ་ཡི་དེ་ལྷ་བླ་མ་ཡེ་ཤེས་འོད་དེ། སྤུ་ཧྲེང་དེ་རབ་ཏུ་བྱུང་བ་ཡིན་ཙང།  ད་རྒྱལ་བརྒྱུད་ཆད་པའི་བཟོ་འདྲ་གཅིག་བྱས་ཙང་། སྲིད་ཀྱི་དབང་བསྒྱུར་བྱེད་མཁན་༿བྱེད་ཉན་༾དེ་ཤུགས་ཆུང་ཆུང་གཅིག་ཆགས་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཤུགས་ཆེན་པོ་ཞེ་དྲག་ཡོད་མ་རེད། ཆོས་ལུགས་ཀྱི་ཐོག་ནས་ཤུགས་ཆེན་པོ་ཞེ་དྲག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    མཐོ་གླིང་དགོན་པ་ཕ་གིར་ཡོད་ཙང། ཤུགས་ཆེན་པོ་ཞེ་དྲག་ཡོད་རེད། ཨ་ནི་་་་་་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་ཞུ་ཡས་ལ་སོགས་པ་ད་ཁྱོན་ནས་ཤུགས་ཆེན་པོ་ཞེ་དྲག་རེད་དེ། སྲིད་སྒང་ལ་ད་གཙོ་ཆེ་ཤོས་དེ་ལ་དྭགས་ལ་དྭགས་རང་རེད།
  • ཚེ་རིང་རྒྱལ་པོ
    ཟངས་དཀར་ཟངས་དཀར་རང་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཡིན་ནའི་ད་སྤུ་ཧྲེང་དེ་ག་རེ་ཟེར་ན། ད་ལྟ་གུ་གེ་དང་སྤུ་ཧྲེང་ཡོད་ས་ལྟེ་གནས་དེ་སྤུ་ཧྲེང་རང་རེད།
  • ཚེ་རིང་རྒྱལ་པོ
    དེ་དུས། ཨ་ནི་་་་་་དེའི་སྐབས་ལ་ག་རེ་ཟེར་ན། བྱང་ཆུབ་འོད་བར་དུ། ག་རེ་རེད་ཟེར་ན། ད་ལྟ་ཁོ་རང་གི་ད་འོད་ལྡེ་ཡོད་པཱ། འོད་ལྡེ་ཡི་བུ་བར་དུ་དེ་སྤུ་ཧྲེང་ལ་འཁེལ་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དབང་བསྒྱུར་བྱེད་ཡས་དེ། ཤུགས་ཆེ་ཤོས་དེ། ད་སྤུ་ཧྲེང་ལ་འཁེལ་གྱི་ཡོད་རེད་མ་གཏོགས་༿མ་དེ་༾། གུ་གེ་ལ་འཁེལ་གྱི་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    ད་འོད་ལྡེ་ལ་བུ་གསུམ་བྱུང་ཡོད་རེད། བུ་གསུམ་ནང་ལོགས་ནས་ལྷག་པར་དུ་ཨ་ནི་་་་་སྐད་གྲགས་ཆེན་པོ་གཅིག་ལ། རྩལ་ལྡེ་ཟེར་ཡས་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་རྩལ་ལྡེ་དེས་ག་རེ་བྱས་པ་རེད་ཟེར་ན། ཨ་ནི་་་་་ཁོ་རང་གིས་དངོས་སུ་གུ་གེ་ལ་ཕྱིན་བྱས། གུ་གེ་ལ་མངགས།  གུ་གེ་ལ་ད་དངོས་སུ་གུ་གེ་རྒྱལ་པོ་དེ་ད་དེ་བྱས་བྱས། ད་གུ་གེ་རྒྱལ་པོ་རྒྱལ་རབས་ཟེར་ཡས་ཀྱི་འགོ་བཙུགས་ཡས་དེ། དངོས་སུ་འགོ་བཙུགས་ཡས་དེ་རྩལ་ལྡེ་ནས་འགོ་བཙུགས་བྱས། ཨ་ནི་་་་་་ཁོ་རང་ད་ཤུགས་ཆེན་པོ་ཞེ་དྲག་གཅིག་ཆགས་པ་རེད།
  • ཚེ་རིང་རྒྱལ་པོ
    ཨཱ་དེ། སྤུ་ཧྲེང་ལ་ག་རེ་ཟེར་ན། སྤུ་ཧྲེང་ལ་བུ་གསུམ་བྱུང་ཡོད་རེད།
  • ཚེ་རིང་རྒྱལ་པོ
    བུ་གཅིག་ག་རེ་རེད་ཟེར་ན། སྤུ་ཧྲེང་གི་རྒྱལ་བརྒྱུད་མུ་མཐུད་ནས་ད་ལྟ་སྐུ་མཁར་ཉིན་གཟུངས་ལ་བཞག
  • ཚེ་རིང་རྒྱལ་པོ
    བུ་གཅིག་ག་པར་བཏང་བ་རེད་ཟེར་ན། ཡ་རྩེ་ལ་བཏང་བ་རེད། ཡ་རྩེ་ཟེར་ཡས་དེ་ད་ལྟ་ནེ་པ་ལའི་ཁོངས་གཏོགས་རེད།
  • ཚེ་རིང་རྒྱལ་པོ
    ད་ལྟ་འཛུམ་ལང་རྒྱལ་པོ་ཟེར་ཡས་གཅིག གློ་བོ་སྨོན་ཐང་དང་མུ་སི་ཐང་བརྒྱུད་དེ་པར། གློ་བོ་སྨོན་ཐང་དང་གློ་རྒྱལ་པོ་ཟེར་ཡས། འོ་དེའི་བརྒྱུད་ཀྱི་འཛུམ་ལང་བརྒྱུད་ཀྱི་ཡ་རྩེ་རྒྱལ་པོ་གཅིག་བྱས། ཡ་རྩེ་རྒྱལ་པོ་དེ་ག་རེ་རེད་ཟེར་ན། དེ་རེད་པཱ། དེ་རེད་ག་རེ་ཟེར། འོད་ལྡེ་ཡི་༿གི་༾བུ་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་སྤུ་ཧྲེང་རྒྱལ་པོ་དེ་འོད་ལྡེ་ཡི་༿གི་༾བུ་ཡིན་ཡིན་པ་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་གུ་གེ་རྒྱལ་པོ་དེ་འོད་ལྡེ་ཡི་༿གི་༾བུ་ག་རེ་རེད་ཟེར་ན། རྩལ་ལྡེ་ཟེར་ཡས་དེ་ཡིན་ཙང་ད་རྒྱལ་ཁག ད་ལྟ་ག་རེ་ཟེར་ན། སྤུ་ཧྲེང་གི་བུ་གསུམ་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    བུ་གསུམ་མངའ་རིས་སྐོར་གསུམ་ནང་ལོགས་ལ། སྤུ་ཧྲེང་དེ་སྤྱིར་བཏང་བྱས་ན། བུ་འབྲིང་བ་དེས་དབང་སྒྱུར་བྱེད་ས་དེ། རྒྱལ་ཁབ་གསུམ་འདྲ་པོ་གཅིག་ཆགས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    གུ་གེ་རྒྱལ་པོ་བྱས། སྤུ་ཧྲེང་རྒྱལ་པོ་གཅིག་བྱས། ཡ་རྩེ་རྒྱལ་པོ་བྱས་ཆགས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཕར་ཕྱོགས་དེ་ཟངས་དཀར་དེ་ཟངས་དཀར་རང་ལ་བསྡད་ཡོད་རེད། རྒྱལ་པོ་དེ་མུ་མཐུད་ནས་བསྡད་ཡོད་རེད་ལ། ཁོ་རྒྱལ་ཕྲན་དང་དེ་འདྲས་ཟེ་གང་ཡང་༿གའི་༾ཆགས་པའི་ལོ་རྒྱུས་ཟེ་གང་ཡང་༿གའི་༾མིན་འདུག
  • ཚེ་རིང་རྒྱལ་པོ
    ལ་དྭགས་དེ་ལ་ཡང་༿དེ་ལའི་༾དེ་འདྲས་ཟེ་གང་ཡང་༿གའི་༾མིན་འདུག
  • ཚེ་རིང་རྒྱལ་པོ
    ལོ་རྒྱུས་རྒྱལ་ཕྲན་ཆགས། ཁོས་དབང་བསྒྱུར་གཞན་དག་བྱས་དེ་འདྲས་ཟེ་གང་ཡང་༿གའི་༾མིན་འདུག་ཏེ།
  • ཚེ་རིང་རྒྱལ་པོ
    ཡིན་ནའི་རྒྱལ་ཁག་ཆུང་ཆུང་ཆུང་ཆུང་དེ་འདྲས་དང་། མགོ་པ་དང་ཚོ་པ་དང། ཚོ་པའི་མགོ་པ་དེ་འདྲས་ད་བྱུང་ཡོད་ཀྱི། གཏན་གཏན་བྱུང་ཡོད་རེད་བསམ་གྱི་འདུག་ཏེ། ཡིན་ནའི་ལྟེ་གནས་དེ་ད་ཁོ་རང་ཚོ་ལ་དྭགས་ནི་ལ་དྭགས་རང་རེད།
  • ཚེ་རིང་རྒྱལ་པོ
    ཟངས་དཀར་ནི་ཟངས་དཀར་རང་རེད། སྤུ་ཧྲེང་དེ་དངོས་འབྲེལ་བྱས་ན། སྤུ་ཧྲེང་སྐུ་མཁར་ཉིན་གཟུངས་ལྟེ་གནས་རེད་དེ།
  • ཚེ་རིང་རྒྱལ་པོ
    གཞུག་གུར་ཁག་གསུམ་ལ་བགོས་བྱས། དེ་ནས་བྱས་བྱས། འོད་ལྡེ་ཡི་༿གི་༾བུ་ནས་བྱས་བྱས་ཁག་གསུམ། གུ་གེ་གཅིག་བྱས། སྤུ་ཧྲེང་གཅིག་བྱས། ཡ་རྩེ་གཅིག་བྱས། འོ་ད་དེ་འདྲས་བྱས་བྱས། སྟོད་མངའ་རིས་ལོ་རྒྱུས་ཐོག་ལ་ད་སྐད་གྲགས་ཤིན་ཏུ་ཆེ་བའི་གུ་གེ་རྒྱལ་རབས་གུ་གེ་རྒྱལ་པོ་ཟེར་ཡས་གཅིག་ད་ལྟ་ཡང་༿ཡའི་༾ཨ་ནི་་་་་་གུ་གེ་རྒྱལ་པོའི་གནའ་ཤུལ་དེ་མཁར་ཤུལ་ཆེན་པོ། དཔེ་མི་སྲིད་པའི་མཁར་ཤུལ་ཆེན་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཧང་སངས་ཡས་ཀྱི་མཁར་ཤུལ་ཆེན་པོ་གཅིག དེ་ག་རེ་རེད་ཟེར་ན། འོ་ད་དེ་ནས་རྩལ་ལྡེ་ནས་འགོ་བཙུགས་བྱས། གུ་གེ་རྒྱལ་པོ་ཟེར་ཡས་གཅིག་དེ་ནས་བྱུང་ཡོད་རེད་ལ། ཨ་ནི་་་་་་དེ་ནས་གུ་གེ་རྒྱལ་པོ་དེ་རྒྱལ་ཐོག་བཅོ་ལྔ་ནས་བཅུ་དྲུག་བར་ལ།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་གཞི་ནས་ག་རེ་བྱས་པ་རེད་ཟེར་ན། ཤུགས་རྦད་དེ་དཔེ་མི་སྲིད་པའི་ཤུགས་ཆེན་པོ་གཅིག་ཆགས་ཙང་། ཨ་ནི་་་་་སྤུ་ཧྲེང་དེ་ཡང་༿ཡའི་༾ཁོ་ཚོའི་འོག་ལ་ཚུར་བསྡུས་པ་རེད།
  • ཚེ་རིང་རྒྱལ་པོ
    ཡ་རྩེ་དེ་ཡང་ཁོ་ཚོའི་འོག་ལ་ཚུར་བསྡུས་བྱས། ད་གུ་གེ་རྒྱལ་པོ་གཅིག་དངོས་སུ། སྟོད་མངའ་རིས་ཀྱི་ལྟེ་གནས་དེ་ག་པར་ཆགས་པ་རེད་ཟེར་ན། མངའ་རིས་སྐོར་གསུམ་གྱི་ནང་ལོགས་ཀྱི་བུ་འབྲིང་བའི་ལྟེ་གནས་དེ་ག་པར་ཆགས་པ་རེད་ཟེར་ན། གུ་གེ་ལ་ཆགས་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    བྱས་ཙང་སྟོད་མངའ་རིས་སྐོར་གསུམ་ཟེར་ཡས་དེ། ད་ལྟ་ཡང་༿ཡའི་༾སྐབས་དེ་དུས་ཡང་༿ཡའི་༾ལ་དྭགས་གཅིག་བྱས། ཟངས་དཀར་གཅིག་བྱས།  གུ་གེ་གཅིག་ཆགས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དངོས་འབྲེལ་བྱས་ན་སྤུ་ཧྲེང་རེད་པཱ།  ད་སྤུ་ཧྲེང་དེ་ཉམས་རྒུད་དུ་ཕྱིན་པ་རེད།
  • ཚེ་རིང་རྒྱལ་པོ
    ཡ་རྩེ་དེ་ཡང་༿དེ་ཡའི༾སྤྱིར་བཏང་ཉམས་རྒུད་ཕྱིན་ཙང། ད་སྟོད་མངའ་རིས་སྐོར་གསུམ་ཟེར་ཡས་དེ། ཐོག་མ་བྱས་ན་དངོས་འབྲེལ་བྱས་ན་དེ་རེད་པཱ།
  • ཚེ་རིང་རྒྱལ་པོ
    ལ་དྭགས་བྱས། ཟངས་དཀར་བྱས། སྤུ་ཧྲེང་རེད་དེ། གཞུག་གུར་ད་ལ་དྭགས་བྱས། ཟངས་དཀར་བྱས། གུ་གེ་ཟེ་ད་དེ་འདྲས་ཟེ་ཆགས་བྱས། ཨ་ནི་་་་་གུ་གེ་རྒྱལ་པོ་ཟེ་རྒྱལ་རབས་ཟེར་ཡས་དེ་ད་ཁྱོན་ནས་བོད་རང་ལ་མ་ཚད་པའི་ཡ་གླིང་དབུས་མ་རེད་པཱ།
  • ཚེ་རིང་རྒྱལ་པོ
    རྦད་དེ། སན་ཁྲའོ་ཨེ་ཤེ་ཡ། ཡ་གླིང་དབུས་མ་རང་ལ་སྐད་གྲགས་ཡོད་པའི་༿ཡོད་འགྱོ་གི་༾རྒྱལ་པོ་གཅིག་ཆགས་པ་མ་ཚད། ཨ་ནི་་་་་་་ཁོས་རྦད་དེ་དགོན་པ་ཡང་མང་པོ་བཞེངས། ཨ་ནི་་་་་་རིག་གནས་དང་ག་རེ་ཡིན་ནའི། རྦད་གཅིག་ཡོད་རེད་ག་རེ་ཟེར་ན། ད་ལྟ་ལག་ཤེས་བཟོ་ལས་དེ་འདྲས་ཀྱི་རྦད་དེ་སྣ་མིན་སྣ་ཚོགས། ཨ་ནི་་་་་་གཞས་དང་ཞབས་བྲོ་དང་ཡིན་ནའི་འདྲ།
  • ཚེ་རིང་རྒྱལ་པོ
    རིག་གནས་ག་རེ་ཡིན་ནའི་དར་རྒྱས་ཆེན་པོ་གཅིག་ཕྱིན་པ་བྱས། ག་རེ་མཚོན་གྱི་ཡོད་རེད་ཟེར་ན། དཔེར་ན་ཆ་བཞག་ན། རྒྱལ་དབང་ལྔ་པའི་སྐབས་ལ་རེད་པཱ། ཨ་ནི་་་་་ད་ལྟ་གར་ཟེར་ཡས་གར་ཕྲུག་གི་གར་དེ་ཡང་༿དེ་ཡའི་༾སྟོད་མངའ་རིས་ནས་དར་བ་རེད།
  • ཚེ་རིང་རྒྱལ་པོ
    ནང་མ་དང་འགང་ག་ལོགས་སྟོད་མངའ་རིས་ནས་དར་བ་རེད་པཱ།
  • ཚེ་རིང་རྒྱལ་པོ
    མངའ་རིས་ག་ནས་རེད་པས་ཟེར་ན། གུ་གེ་ནས། ད་གུ་གེ་སྐབས་ཀྱི་སྐབས་དེ་དུས་ཀྱི་ད། ཧང་སངས་ཡས་ཀྱི་རིག་གནས་ཡོད་པ་བྱས། འགང་ག་ལོགས་ཤུགས་ཞེ་པོ་གཅིག་ལ་སླེབས་ཡོང་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེ་ག་རེ་ཟེར་ན། བོད་ཀྱི་དབུས་ངོས་ལ་རེད་པཱ། དབུས་གཙང་ངོས་ལ་ཡང་༿ལ་ཡའི་༾ཤུགས་ཆེན་པོ་ཞེ་པོ་གཅིག་སླེབས་བསྡད་ཡོད་རེད། བྱས་ཙང་དེ་དག་༿དེ་གྱད་༾གསུམ་རེད།
  • ཚེ་རིང་རྒྱལ་པོ
    ད་དེས་དབང་བསྒྱུར་གཅིག་བྱས་ནས་ལོ་བདུན་བརྒྱ་ལྷག་ཙམ་ཕྱིན་པ་རེད། གུ་གེ་རྒྱལ་པོ་ཟེར་ཡས་ཀྱི་རྒྱལ་རབས་ཀྱིས་ལོ་དྲུག་བརྒྱ་བདུན་བརྒྱ་ཅིག་ད་ཁོས་དབང་བསྒྱུར་བྱས་ཙང། གཞུག་གུར་ཨ་ནི་་་ག་རེ་བྱས་པ་རེད་ཟེར་ན། ལ་དྭགས་དེ་ད་ཆིག་སྟོང་དྲུག་བརྒྱ་སུམ་ཅུ་ཙམ་དེ་པར་ལ། ཨ་ནི་་་་ལ་དྭགས་་སེང་གེ་རྣམ་རྒྱལ། རྒྱལ་པོ་སེང་གེ་རྣམ་རྒྱལ་གྱི་སྐབས་ལ། ཨ་ནི་་་་་་སེང་གེ་རྣམ་རྒྱལ་བྱས་ཁོ་རང་གི་ཡབ་དང། ཁོ་རང་གི་སྐབས་ལ། ཨ་ནི་་་་་་ལ་དྭགས་དེ་ཤུགས་ཆེན་པོ་ཞེ་པོ་བྱས། གུ་གེ་དེ་ཏོག་ཙམ་༿ཏད་ཙ་༾ཉམས་རྒུད་ཕྱིན་བྱས། གུ་གེ་དེ་ག་རེ་རེད་ཟེར་ན། ཉམས་རྒུད་འགྲོ་ཡས་དེ་ནང་ལོགས་ལ་སྙོག་དྲ་ཏོག་ཙམ་༿ཏད་ཙ་༾ལངས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། དེ་ཕོ་ཐཱ་འགེའུ་ཟེར་མཁན་གཅིག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ནུབ་ཕྱོགས་རྒྱལ་ཁབ་གཅིག སི་པན་ནིའི་འཁྲིས་དེའི་རྒྱལ་ཁབ་གཅིག ཁོ་ཡང་༿ཁོ་ཡའི་༾མི་ཞིའི་ན་རིའི་དེ་འདྲས་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཆོས་པ་དེ་འདྲས་མང་པོ་གཅིག་སླེབས། མཆོད་ཁང་དེ་འདྲས་བཙུགས་བྱས། གུ་གེ་ལ། ད་དེ་བོད་ཀྱི་ལོ་རྒྱུས་ཐོག་ལ་དང་པོ་དེ་རེད།
  • ཚེ་རིང་རྒྱལ་པོ
    ག་རེ་ཟེར་ན། ནུབ་ཕྱོགས་ཀྱི་ཡེ་ཤུའི་ཆོས་པ་ཡོང་མཁན་༿ཡོང་ཉན་༾དེ། བོད་ཀྱི་ལོ་རྒྱུས་ཐོག་ལ་དང་པོ་དེ་གུ་གེ་ལ་སླེབས་པ་རེད།
  • ཚེ་རིང་རྒྱལ་པོ
    དེ་གཞིས་ཀ་རྩེ་དང་སླེབས་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    ལྷ་ས་ཉེ་འཁོར་ག་པར་གཅིག་ལ་སླེབས་ཡོད་མ་རེད་དེ།
  • ཚེ་རིང་རྒྱལ་པོ
    དང་པོ་ཐོག་མར་སླེབས་ས་དེ་ག་པར་སླེབས་པ་རེད་ཟེར་ན། གུ་གེ་ལ་སླེབས་པ་རེད།
  • ཚེ་རིང་རྒྱལ་པོ
    གུ་གེ་ལ་སླེབས་ཙང་དེའི་བར་ལ་རྙོག་དྲ་འདྲ་གཅིག་བྱུང་ཙང་། ཨ་ནི་་་་་ནང་ལོགས་ལ་རྙོག་དྲ་བྱས། ཁོས་རྦད་ཕོ་ཐཱ་འགེའུ་ཁོས་ཆོས་པ་དེ་ཚོ་ཡོང་བྱས་རྙོག་དྲ་ཆེན་པོ་གཅིག་ལངས་ཙང། ཁོ་ཏོག་ཙམ་༿ཏད་ཙ་༾ཉམས་རྒུད་ལ་ཕྱིན། ཨ་ནི་་་་་་་་་ལ་དྭགས་རྒྱལ་པོ་དེ། ཁོས་དཔེར་ན་ཆ་བཞག་ན། འབྲི་གུང་བཀའ་བརྒྱུད་ལ་སོགས་པ་སྟག་ཚང་ལོ་ཙཱ་བ་དང་དེ་འདྲས་ཀྱི་འབྲི་གུང་གི་ཆོས་ལུགས་དེ་ཆོས་པ་དེ་ཤུགས་ཆེན་པོ་གཅིག་ཡིན་ཙང་། ཨ་ནི་་་་་ཁོ་ག་རེ་ཟེར་ན་་་འབྲི་གུང་འབྲུག་པའི་ཆོས་ལུགས་དེ། ལ་དྭགས་ལ་ཤུགས་ཆེ་རུ་ཕྱིན། དེ་ཚོའི་ག་རེ་ཟེར་ན། ཆོས་ལུགས་ཀྱི་དབང་གིས་བྱས་བྱས། འབྲུག་པ་དང་འབྲེལ་བ་ཡག་པོ་ཆགས།
  • ཚེ་རིང་རྒྱལ་པོ
    གུ་གེ་དང་ལ་དྭགས་ཀྱི་རྒྱལ་པོ་དང་འབྲུག་པ་བར་ལ་འབྲེལ་བ་དཔེ་ཡག་པོ་ཆགས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    བྱས་ཙང་ག་རེ་རེད་ཟེར་ན། རི་བོ་ཧི་མ་ལ་ཡ་ནུབ་ཕྱོགས་ཀྱི་ཕ་ནང་ངོས་ཀྱི་རེད་པཱ། ད་ག་རེ་ཟེར་དགོས་རེད། ཚོ་པ་དང་དེ་ཚོ་མང་པོ་གཅིག་ལ་དྭགས་དང་འབྲེལ་བ་ཡག་པོ་ཆགས་ཙང་། ཨ་ནི་་་ཁོས་དེའི་དབང་གི་སྟོབས་ཤུགས་དེ་བེད་སྤྱོད་བཏང་བྱས། ཁོས་དབང་བསྒྱུར་བྱས་བྱས། གུ་གེ་རྒྱལ་པོ་དེ་གཏོར་བ་རེད།
  • ཚེ་རིང་རྒྱལ་པོ
    གུ་གེ་རྒྱལ་པོ་མཐའ་མ་དེའི་མིང་ལ། གུ་གེ་ས་ཆ་ལ་ཁོ་རང་ཚོ་སླེབས་ན། གུ་གེ་འཇོ་བདག་པོ་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    གུ་གེ་འཇོ་བདག་པོ་འཇོ་བདག་པོ་ཟེར་གྱི་ཡོད་རེད། དངོས་སུ་ག་རེ་ཟེར་ན། ཁྲི་བཀྲ་ཤིས་གྲགས་པ་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཁྲི་བཀྲ་ཤིས་གྲགས་པ་ཟེར་ཡས་དེ་གུ་གེ་རྒྱལ་པོ་མཐའ་མ་དེ་རེད།
  • ཚེ་རིང་རྒྱལ་པོ
    ད་ཁོས་དེ་དུས་དེ་གཅིག་གཏོར་བྱས། ཨ་ནི་་་་་ལ་དྭགས་ཀྱི་ད་ཁྱོན་ཡོངས་ལ་དབང་བསྒྱུར་བྱེད་ཀྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་ཟངས་དཀར་དེ་ཕུད་པའི་རེད་པཱ། ཨ་ནི་་་་་མངའ་རིས་ད་ལྟ་གུ་གེ དེའི་སྔོན་ལ་གུ་གེས་དབང་བསྒྱུར་བྱེད་ས་དེ་ཆ་ཚང་བྱས། སྤུ་ཧྲེང་བྱས། ཆ་ཚང་ལ་དྭགས་ཀྱིས་དབང་བསྒྱུར་བྱས་བྱས། ཆིག་སྟོང་དྲུག་བརྒྱ་སུམ་ཅུ་ཐམ་པ་ནས་དྲུག་བརྒྱ་བརྒྱ་ཅུ་གྱ་གཉིས་བར་དུ་ལོ་ལྔ་བཅུ་ལྷག་ཙམ་གཅིག་ལ་དྭགས་ཀྱིས་དབང་བསྒྱུར་བྱས་པ་རེད།
  • ཚེ་རིང་རྒྱལ་པོ
    ད་དེ་དུས། དེ་དུས་སྐབས་ལ། ཨ་ནི་་་་་ལ་དྭགས་རྒྱལ་པོས་་ག་རེ་བྱས་བྱས་རེད་མ་གཏོགས་༿མ་དེ་༾མངའ་རིས་ལ། གུ་གེ་ནི་བསྡད་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    བཏུལ་ཚར་བ་རེད། ཨ་ནི་་་་་་ལ་དྭགས་ཀྱིས་རྦད་དེ་ག་རེ་བྱས་བྱས་བྱས་བྱས། ད་འབྲོག་ནས་སེམས་ཅན་ག་རེ་ཡིན་ནའི་འཁྱེར་དགོས་ཡས་ཡིན་ནའི་འདྲ། རྒྱུ་ནོར་ཡིན་ནའི་འདྲ། ག་རེ་ཡིན་ནའི་འཁྱེར་བྱས། ཨ་ནི་་་་་་ལ་དྭགས་ཀྱི་རྦད་དེ་ཤུགས་ཆེན་པོ་བྱས་བྱས། ཨ་ནི་་་་་་མངའ་རིས་ཀྱི་དགོན་པ་མང་པོ་གཅིག་ཡང་འབྲུག་པ་བཀའ་བརྒྱུད་དང། བཀའ་བརྒྱུད་པའི་ཆོས་ལུགས་ལ་བསྒྱུར་བྱས། དེ་འདྲས་བྱས་པའི་དུས་སྐབས་གཅིག འོ་དེ་འདྲས་བྱས་བྱས་འཁྱེར་བྱས་ལོ་ལྔ་བཅུ་བསྡད་པ་རེད།
  • ཚེ་རིང་རྒྱལ་པོ
    ལོ་ལྔ་བཅུ་བསྡད་པས་མ་ཚད་གཞུག་གུ་ལ། ད་བོད་ནང་ལོགས་ལ་ཡང་༿ལ་ཡའི་༾རྙོག་དྲ་བྱུང་པ་རེད་པཱ། ག་རེ་ཟེར་ན་ཀརྨ་བཀའ་བཀའ་བརྒྱུད་དང་། བཀའ་བརྒྱུད་པ་དང་དགེ་ལུགས་པའི་བར་ལ་ཡང་རྙོག་དྲ་ཆེན་པོ་གཅིག་བྱུང་བྱས། ཨ་ནི་་་་་་ལྷག་པར་དུ་ཀརྨ་བཀའ་རྒྱུད་པ་དང་དགེ་ལུགས་པ་རྙོག་དྲ་བྱས། ཨ་ནི་་་་་དགེ་ལུགས་པས་སོག་པོ་གདན་འདྲེན་ཞུས་བྱས་རེད་པཱ།
  • ཚེ་རིང་རྒྱལ་པོ
    སོག་པོ་གདན་འདྲེན་ཞུས་བྱས། ཨན་ཐ་ཧན་གདན་འདྲེན་ཞུས་བྱས། ཨ་ནི་་་་་་ཀརྨ་པ་གཏོར་པ་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཀརྨ་པ་ཕམ་ཙང་། ཨ་ནི་་་་་་་ག་རེ་རེད་ཟེར་ན། ཀརྨ་པ་དེ་བཀའ་བརྒྱུད་པ་རེད།
  • ཚེ་རིང་རྒྱལ་པོ
    ཡིན་ནའི་ད་ལ་དྭགས་ལ་མང་ཆེ་བ་བཀའ་རྒྱུད་པ་ལ་ཧང་སངས་ཡས་ཀྱི་ཤུགས་ཆེན་པོ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ག་རེ་ཟེར་ན། འབྲུག་པ་དེ་ཡང་༿དེ་ཡའི་༾བཀའ་བརྒྱུད་རེད། ཨ་ནི་་་་་་ནུབ་ཕྱོགས་དེའི་རི་བོ་ཧི་མ་ལ་ཡའི་ནུབ་ཕྱོགས་ཀྱི་ད་ལྟ་ཚོ་པ་དང་མང་པོ་གཅིག བཀའ་བརྒྱུད་པ་ལ་ཤུགས་ཆེན་པོ་ཞེ་པོ་གཅིག་སླེབས་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    བྱས་ཙང་ཁོ་ཚོས་དེའི་དབང་གིས་ད་དེ་བྱས་བྱས། དེ་དུས་རྒྱལ་དབང་ལྔ་པ་རེད།
  • ཚེ་རིང་རྒྱལ་པོ
    རྒྱལ་དབང་ལྔ་པའི་སྐབས་ལ་ད་སོག་པོ་ཚུར་གདན་འདྲེན་ཞུས་བྱས་གཙང་པ་རྒྱལ་པོ་གཏོར་ཙང་། དགེ་ལུགས་པ་ཤུགས་ཆེ་རུ་ཆགས་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་བཀའ་བརྒྱུད་པའི་ཤུགས་དེ་ད་ཉམས་པ་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཉམས་པ་ཡིན་ཙང་། ཨ་ནི་་་་་་ཁོ་ཚོས་དེའི་དབང་གིས། ཨ་ནི་་་་་་འབྲུག་པས་ཚུར་ལ་དབང་དེ་བྱས་བྱས། ཏོག་ཙམ་ཏོག་ཙམ་༿ཏད་ཙ་ཏད་ཙ་༾བརྙས་བསྐོས་བྱས། བོད་ལ་ཚུར་བརྙས་བསྐོས་ཀྱི་ཡོད་རེད་ལ། ལ་དྭགས་ཀྱིས་ཀྱང་༿ཀྱིས་ཡའི་༾འབྲུག་པ་དང་མཉམ་པོར་དེ་བཅོམ་བྱས། ཨ་ནི་་་་་་ཚུར་བཙན་འཛུལ་འདྲ་པོ་གཅིག་བྱས་བྱས། ག་ལེར་ག་ལེར་ཤེལ་དཀར་དང་དིང་རི་དང་ས་ཆ་མང་པོ་གཅིག་ཁོས་ཟིན་ཡོང་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ལ་དྭགས་ཀྱིས་ཚུར་ཟིན་བྱས། ལ་དྭགས་ཀྱིས་ཟིན་ཡོང་དུས་ཙམ་པར། ད་རྒྱལ་དབང་ལྔ་པའི་སྐབས་ལ་ག་རེ་རེད་ཟེར་ན། དེ་དེ་བོད་དབུས་གཙང་དེ་དག་༿དེ་གྱད་༾འགང་ག་ལོགས་སོག་པོའི་རེད་པཱ།
  • ཚེ་རིང་རྒྱལ་པོ
    འགོ་ཁྲིད་བསྟན་འཛིན་ཆོས་རྒྱལ་གྱིས་རྒྱལ་དབང་ལྔ་པ་ལ་གནང་བ་བྱས། ད་རྒྱལ་དབང་ལྔ་པ་ཁོ་ཤུགས་ཆེན་པོ་ཞེ་པོ་གཅིག་ཆགས་བསྡད་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཁོ་རྦད་དེ་ལྟེ་གནས་འདྲ་པོ་གཅིག་ལྷ་ས་ལ་ཟིན། དེའི་གོང་ལ་ལྷ་ས་དེ་ལྟེ་གནས་མ་རེད་པཱ།
  • ཚེ་རིང་རྒྱལ་པོ
    ད་ཁོས་ལྟེ་གནས་ལྷ་ས་ལ་ཕྱིན། པོ་ཏ་ལ་རྩེ་ཕོ་བྲང་པོ་ཏ་ལ་བཞེངས། ཨ་ནི་་་་་་ཁོ་རང་དེ་རྒྱལ་དབང་ལྔ་པ་དེ་དེ་རེད་པཱ།
  • ཚེ་རིང་རྒྱལ་པོ
    སྤྱན་རས་གཟིགས་ཀྱི་སྤྲུལ་སྐུ་ཆགས་ས། ད་ཁྱོན་ནས་སྲོང་བཙན་སྒམ་པོ་ནང་བཞིན་གྱི་གཅིག་ཤུགས་ཆེན་པོ་གཅིག་ཆགས་བྱས། ཨ་ནི་་་་་ཁོས་ཚུར་དབང་བསྒྱུར་བྱས་ཡོང་དུས་ཙམ་པར། ད་འགྲིག་གི་མ་རེད་བསམ་བྱས། ད་ང་ཚོ་ལ་དྭགས་དེ་མ་གཏོར་བ་ཡིན་ན་ཡོང་གི་མ་རེད་ཟེར། 
  • ཚེ་རིང་རྒྱལ་པོ
    ད་དེའི་གོང་ལ་ག་རེ་རེད་ཟེར་ན། མངའ་རིས་ཟེར་ཡས་དེ། མངའ་རིས་སྟོད་དང་སྨད། ད་གིན་སྟོད་མངའ་རིས་སྟོད་མངའ་རིས་ཟེར་ཡས་གཅིག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    སྟོད་སྟོད་སྟོད་མངའ་རིས་ཟེར་ཡས་དེ་གཉིས་ཚུད་ཡོད་རེད་པཱ། གཅིག་ནི་ག་རེ་རེད་ཟེར་ན། སྟོད་ཆ་ཚང་ལྷ་རྩེ་དང། དིང་རི་དང། ད་ལྟ་ཤེལ་དཀར་ཡོད་ས་དང། གཉའ་ལམ་དང། རྫོང་དགའ་བྱས། སྤུམ་རོང་དང། དེ་ཚོ་ཆ་ཚང་སྟོད་གཅིག་རེད་པཱ།
  • ཚེ་རིང་རྒྱལ་པོ
    སྟོད་མངའ་རིས་གཅིག་རེད། ཨ་ནི་་་་་་གཅིག་དེ་ག་རེ་རེད་ཟེར་ན། ད་གུ་གེ་དང་ལ་དྭགས་དང་དེ་ཚོ་འགང་ག་ལོགས་སྟོད་མངའ་རིས་གཅིག་རེད་དེ། ཡིན་ནའི་ས་སྐྱའི་སྐབས་ཡིན་ནའི་འདྲ། ཕག་མོ་གྲུབ་པའི་སྐབས་ལ་ཡིན་ནའི་འདྲ། ཁོ་ཚོ་ལ་སྤྱིར་བཏང་ཤུགས་རྐྱེན་བྱུང་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    སྟོད་མངའ་རིས་ཟེར་ཡས་ཀྱི་མངའ་རིས་མངའ་རིས་དེ། ཁྲི་སྐོར་བཅུ་གསུམ་ནང་ལོགས་ལ་མངའ་རིས་ཁྲི་སྐོར་གཅིག་རེད་ཟེར་ཡས་དེ། གཙོ་ཆེ་ཤོས་དེ་རྫོང་དགའ་ལྟེ་གནས་བྱས་པའི་དེ་ག་རེ་ཟེར་ན། ཁོ་རང་གི་བུ། དཔལ་འཁོར་བཙན་གྱི་བུ་གཉིས་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    བུ་རྒན་པའི་དབང་བསྒྱུར་བྱེད་ས་དེར། འོ་དེར་ག་རེ་ཟེར་ན། སྟོད་མངའ་རིས། མངའ་རིས་སྐོར་གསུམ་དེ་ཁྲི་སྐོར་གཅིག་རེད་ཟེར་བ་དེར་ཟེར་གྱི་ཡོད་རེད་མ་གཏོགས་༿མ་དེ་༾ ཨ་ནི་་་་་་བུ་ཆུང་བ་ད་ལྟ་སྐྱིད་ལྡེ་ཉི་མ་མགོན་གྱིས་དབང་བསྒྱུར་བྱེད་ས་དེར་གོ་གི་ཡོད་མ་རེད། བྱས་ཙང་འོ་ད་དེ་འདྲས་བྱས་བྱས་དབང་བསྒྱུར་དེ། འདུག་ཟེ་བྱས་ཙང་ལ་དྭགས་བར་ལ་ཡང་ག་རེ་ཟེར་ན། ཁོས་དབང་བསྒྱུར་བྱེད་ཐག་ཆོད། ཚུར་བཙན་འཛུལ་བྱེད་ཀྱི་ཡོད་ཙང་། ཨ་ནི་་་་་རྒྱལ་དབང་ལྔ་པས་ད་འཁྱེར་རྒྱུ་ཡོད་མ་རེད་ཟེར། ད་ཡིན་གཅིག་མིན་གཅིག་ད་ལ་དྭགས་ལ་དམག་བརྒྱབ་དགོས་ཀྱི་འདུག་ཟེར། ལ་དྭགས་ལ་དམག་བརྒྱབ་བྱས་ད་ང་ཚོ་མངའ་རིས་ས་ཆ་དེ་ཚུར་ལེན་དགོས་ཀྱི་ཡོད་རེད་ཟེ། ཟེར་བྱས་དེ་དུས་རྒྱལ་དབང་ལྔ་པ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སོག་པོ་ཏཱ་ལའི་ཧན་གཅིག་ཡོད་རེད། ཨ་ནི་་་་་་སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཨ་ནི་་་་་ཁོ་རྣམ་གསུམ་གྲོས་བསྡུར་བྱས་བྱས། ད་དམག་དཔོན་ཆེན་པོ་གཅིག་བཏང་དགོས་ཀྱི་ཡོད་རེད་ཟེར། ད་དེ་མ་བྱས་པ་ཡིན་ན། ལ་དྭགས་ཀྱིས་རྦད་དེ་བློ་ཤེད་བྱས་བྱས། འབྲུག་པ་ལ་བརྟེན་བྱས་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཆོས་ལུགས་ཁ་གཡར་བྱས། འབྲུག་པ་བཀའ་བརྒྱུད་ཀྱི། ཁྱེད་རང་ཚོས་འབྲུག་པ་བཀའ་བརྒྱུད་ལ་ཡང་༿ལའི་༾དེ་བྱེད་ཀྱི་འདུག བརྙས་བཅོས་བྱེད་ཀྱི་འདུག་ཟེར། ང་ཚོས་འབྲུག་པ་བཀའ་བརྒྱུད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཟེར་ཁུལ་བྱས་༿ཟེར་ཁག་བྱས་༾ གཅིག་ནས་ཆོས་ལུགས་སྒང་ལ་དེ་འདྲས་ཟེ་ཁ་གཡར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    གཅིག་ནས་ག་རེ་རེད་ཟེར་ན། ད་ཁོས་དངོས་སུ་རྦད་བཙན་འཛུལ་བྱེད་ཡས་ཀྱི་དབང་ཤུགས་འདྲ་པོ་བྱས་བྱས། ཚུར་ཡོང་གི་ཡོད་ཙང་། ཨ་ནི་་་་་་ཁོང་ཚོས་དམག་ཆེན་པོ་དམག་དཔོན་ཆེན་པོ་གཅིག་བཏང་པ་རེད། དེའི་སྐབས་ལ་དམག་དཔོན་དེ་སུ་བཏང་པ་རེད་ཟེར་ན། སོག་པོའི་དམག་དཔོན་ཆེ་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དགའ་ལྡན་ཚེ་དབང་དཔལ་བཟང་པོ་ཟེར། ད་མངའ་རིས་ལོ་རྒྱུས་སྒང་ལ། ང་ཚོ་མངའ་རིས་ཀྱིས་རྒྱལ་པོ་རྒྱལ་པོ་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    རྒྱལ་པོ་དགའ་ལྡན་ཚེ་དབང་ཟེར་གྱི་རེད།
  • ཚེ་རིང་རྒྱལ་པོ
    ད་ཁོ་རྒྱལ་པོ་འདྲ་པོ་གཅིག་ལ་བརྩིས་བྱས། དངོས་འབྲེལ་བྱས་ན་རྒྱལ་པོ་ད་གང་ཡང་༿གའི་༾མ་རེད།
  • ཚེ་རིང་རྒྱལ་པོ
    དམག་དཔོན་ཆེན་པོ་ཞེ་པོ་གཅིག་རེད། སོག་པོའི། སྐབས་དེ་དུས་ག་རེ་རེད་ཟེར་ན། ཁོ་གཙང་བཀྲ་ཤིས་ལྷུན་པོ་འདུག་ག བཀྲ་ཤིས་ལྷུན་པོ་དགོན་པའི་གྲྭ་པ་གཅིག་བྱས་བྱས་བསྡད་ཡོད་རེད། དང་པོ་བྱས་ན་ཁོ་དམག་བརྒྱབ་མཁན་༿བརྒྱབ་ཉན་༾སྐད་གྲགས་ཆེན་པོ་གཅིག་རེད།
  • ཚེ་རིང་རྒྱལ་པོ
    དགའ་ལྡན་ཚེ་དབང་དེ། ཡིན་ནའི་ད་གཞུག་གུར་ད་གཙང་པ་དེ་ཚོ་ཕམ་ཙང། དགེ་ལུགས་པ་ལ་རྦད་དེ་རྒྱལ་ཁ་ཐོབ་པ་རེད་པཱ། ཨ་ནི་་་་་་་ཁོས་གཞུག་གུར་ད། འགྱོད་བཤགས་འདྲ་པོ་བྱས་བྱས། བཀྲ་ཤིས་ལྷུན་པོ་དགོན་པའི་ནང་ལོགས་གྲྭ་པ་བྱས་བསྡད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་ཁོང་ཚོས་བྱས་ན། འོ་ད་ད་ཁོ་སྐད་གྲགས་ཡོད་ཙང་། ཁོ་རང་གྲྭ་ལོག་བྱེད་དགོས་རེད་ཟེ། གྲྭ་པ་ལོག་བཅུག་བྱས། ཡང་བསྐྱར་དམག་དཔོན་བྱས་བྱས།
  • ཚེ་རིང་རྒྱལ་པོ
    སོག་པོའི་དམག་དེ། ལྷག་པར་དུ་ཁོས་དམག་བརྒྱབ་ཡས་རྟ་བཞོན་བྱས་དམག་བརྒྱབ་ཡས་དེ་མཁས་པ་ཞེ་པོ་གཅིག་ཡོད་རེད། སོག་པོ་རེད་པཱ།
  • ཚེ་རིང་རྒྱལ་པོ
    རྟ་བཞོན་བྱས་ད་ཁྱོན་ནས་ག་ས་ག་ལ། དེ་རིང་འདིར་བསྡད་ན། སང་ཉིན་ཕ་གིར་རྒྱུགས་འགྲོ་གི་རེད། ཨ་ནི་་་་་་གྲི་རྩལ་དང་ག་རེ་ཧང་སངས་ཡས་ཀྱི་མི་དེ་སྟོབས་ཆེན་པོ་ཞེ་པོ་གཅིག་ཡོད་རེད་ཟེར་གྱི་འདུག་ག།
  • ཚེ་རིང་རྒྱལ་པོ
    རྒྱལ་པོ་དགའ་ལྡན་ཚེ་དབང་ཟེར་ཡས་དེ། ཨ་ནི་་་་་་་ཁོ་གྲྭ་ལོག གྲྭ་པ་ལོག་བཅུག་བྱས། ཁོར་རྟ་དམག་ལྔ་བརྒྱ་ཙམ་གཅིག་འཁྱེར་བྱས། ཨ་ནི་་་་་་ཡར་ཕྱིན་འདུག་ག
  • ཚེ་རིང་རྒྱལ་པོ
    དམག་བརྒྱབ་བྱས། ད་ཁོས་དམག་གཅིག་བརྒྱབ་བཞག་དུས་ཙམ་པར། སྤུ་ཧྲེང་ནས་འགོ་བཙུགས་བྱས། ད་ལྟ་ས་དགའ་ནས་ཕྱིན་པ་རེད།
  • ཚེ་རིང་རྒྱལ་པོ
    ས་དགའ་བྱས། འབྲོང་པ་བྱས། དེ་ནས་ཡར་སྤུ་ཧྲེང་བྱས། ས་ཆ་ཆ་ཚང་ཚུར་ལེན། དེ་ལེན་ཚར་ནས། ཨ་ནི་་་་ཁོས་ག་པར་ཕྱིན་པ་རེད་ཟེར་ན། སྒར་དེ་དག་༿དེ་གྱད་༾ལེན་བྱས། ད་སྒར་ཟེར་ཡས། ད་ལྟ་སྒར་རྫོང་སྒར་རྫོང་ཟེར་ཡས་དེ་དམག་སྒར་ལ་གོ་གི་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    དམག་སྒར་ཡིན་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། དགའ་ལྡན་ཚེ་དབང་གི་དམག་སྒར་དེ་དེར་ཆགས་བཞག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སྒར་ཟེར་ས་དེ་ལ། སྒར་ཡིད་འོང་ཟེར་ས་དེ། ལུང་པ་སྐྱིད་པོ་ཞེ་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    བྲག་དམར་བྱས། ཤིང་ནགས་བྱས། སྐྱིད་པོ་ཞེ་པོ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    འོ་ད་ལུང་པ་དེར་ཁོས་མཐའ་མཚམས་དང་ཐག་ཉེ་པོ་རེད།
  • ཚེ་རིང་རྒྱལ་པོ
    ཁོས་དམག་སྒར་དེ་དེར་བྱས་བྱས། ད་ག་ས་ག་ལ་ལེན་འདུག་ག ག་རེ་ཟེར་ན། སྤུ་ཧྲེང་དེ་དག་༿དེ་གྱད་༾ལེན། དེ་ནས་ག་རེ་ཟེར་ན། གུ་གེ་དང་མདའ་བ་ཡོད་ས་དེ་རྩྭ་ཧྲེང་མཁར། གུ་གེ་རྩྭ་ཧྲེང་མཁར། སྤུ་ཧྲེང་སྟག་ལ་མཁར་ཡོད་ས་ཆ་ཚང་ལེན། དེ་ནས་རྩྭ་ཧྲེང་མཁར་ཡོད་ས། གུ་གེ་རྩྭ་ཧྲེང་མཁར་ཡོད་ས་ཆ་ཚང་གཅིག་ལེན། ལེན་ཚར་ནས། སྒར་དེ་དག་༿དེ་གྱད་༾ཆ་ཚང་ལེན། སྒར་ས་ཆ་དེ་དག་༿དེ་གྱད་༾། དེ་ནས་ག་རེ་བྱས་པ་རེད་ཟེར་ན། ཁོས་རུ་ཐོག་དེ་ལ་དམག་བརྒྱབ་བྱས་རུ་ཐོག་ཆ་ཚང་ལེན་བྱས། ཨ་ནི་་་་་་ལ་དྭགས་རྦད་དེ་ཕར་འབུད་༿སྤུད་༾པ་རེད།
  • ཚེ་རིང་རྒྱལ་པོ
    ད་ལ་དྭགས་ག་རེ་རེད་ཟེར་ན། རྦད་དེ་མཐའ་མཚམས་བར་བསྐྱལ་པ་རེད། ཁོ་རང་ཚོའི་ས་ཆ་བར། སླད་བར་དུ་གཏུགས་པ་རེད།
  • ཚེ་རིང་རྒྱལ་པོ
    སླད་ལ་གཏུགས་བྱས། ཨ་ནི་་་་་ཁོས་དབྱུགས་བཞག་པ་རེད།
  • ཚེ་རིང་རྒྱལ་པོ
    ད་དེའི་མཐའ་མཚམས། ཡིན་ནའི་ཟེ་མཐའ་མཚམས་དེ་སྐབས་དེ་དུས་མཐའ་མཚམས་གསལ་པོ་མིན་འདུག
  • ཚེ་རིང་རྒྱལ་པོ
    ག་རེ་རེད་ཟེར་ན། ཡིག་ཆའི་ནང་ལོགས་ལ་གཅིག་བྱས་ན་ཡོད་མདོག་ཁ་པོ་རེད་དེ། ཡིན་ནའི་སྐབས་དེ་དུས་ཀྱི་མཐའ་མཚམས་དེ་ག་འདྲས་རེད། རེད་པཱ།
  • ཚེ་རིང་རྒྱལ་པོ
    ལ་དྭགས་དང་བོད་བར་གྱི་མཐའ་མཚམས་དེ་གསལ་པོ་ཞེ་དྲག་ཡོད་མ་རེད་དེ།
  • ཚེ་རིང་རྒྱལ་པོ
    ཡིན་ནའི་ལ་དྭགས་ཀྱིས་ད་བོད་ཀྱི་ཁོངས་གཏོགས་ཡིན་ཟེར་ལབ་ཡོད་རེད་དེ། ལབ་ཡོད་རེད་ལ། ཁོ་རང་ཚོས་ཀྱང་༿ཚོ་ཡའི་༾་ལོ་རེ་རེ་ལ་ལོ་ཕྱག་ཟེར་ཡས་གཅིག་ཕུལ་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ལོ་གསར་སྐབས་ལ་ལོ་ཕྱག ད་མངའ་རིས་ཁམ་བུ་ལ་སོགས་པ། ད་དེ་འདྲས་ཁོ་རང་ཚོའི་ལུང་པའི་ཐོན་ཁུངས་ཡག་པ་༿ཡག་ག་༾དེ་དག་༿དེ་གྱད་༾ཆ་ཚང་། ཨ་ནི་་་་་་་དེ་དགའ་ལྡན་ཕོ་བྲང་རེད་པཱ། དེ་སྡེ་པ་གཞུང་ལ་ཁོ་རང་ཚོས་འཕུལ་བར་༿འཕུལ་ག་༾ཡོང་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ལ་དྭགས་ལོ་ཕྱག་ཟེར་ཡས་དེ། དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། ཁོ་ཚོས་ང་ཚོ་ཁྱེད་རང་ཚོའི་ཁོངས་གཏོགས་ཡིན་ཟེར། ཡང་ང་ཚོར་གལ་སྲིད་ཡང་རྒྱལ་ཁབ་གཞན་དག་གིས་བརྙས་བསྐོ་མཁན་༿བསྐོ་ཉན་༾བྱུང་ན། ཁྱེད་རང་ཚོས་རོགས་པ་བྱེད་དགོས་ཀྱི་ཡོད་རེད་ཟེར། ཕར་ཚུར། ཨ་ནི་་་་་་་་་་་ཁྱེད་རང་ཚོའི་ཚོང་པ་ཡར་མར་འགྲོ་དགོས་ཡོད་ནའང་། ང་ཚོ་བརྒྱུད་དགོས་ཀྱི་ཡོད་རེད་ཟེར། འོ་འདུག་ཟེ་བྱས་བྱས། ལ་དྭགས་ལོ་ཕྱག་ཟེར་ཡས་དེ་ཕུལ་གྱི་ཡོད་རེད་ལ། ཨ་ནི་་་་་ལ་དྭགས་དེ་ད་སྤྱིར་བཏང་བྱས་ན་གུ་གེ་དང་མ་འདྲ་བའི་ཁོ་རང་ཡང་དམིགས་གསལ་གྱི་ཡང་གཅིག་ཆགས་ཡོད་རེད། ཚོ་པ་གཅིག ཟངས་དཀར་ནི་ཟངས་དཀར་ཁོ་རང་ཆགས་ཆགས་པ་རེད་པཱ།
  • ཚེ་རིང་རྒྱལ་པོ
    དང་པོ་རང་ནས་ཡོད་རེད་ལ། རྒྱལ་པོ་རྒྱལ་བརྒྱུད་བསྡད་ཡོད་རེད་པཱ། ཨ་ནི་་་་་ལ་དྭགས་རྒྱལ་པོ་རྒྱལ་བརྒྱུད་དེ་བྱས། ད་ཡིན་ནའི་གུ་གེ་རྒྱལ་པོ་རྒྱལ་བརྒྱུད་དེ་ཉམས་ཚར་བ་རེད། རྦད་དེ་ཉམས་པ་རེད།
  • ཚེ་རིང་རྒྱལ་པོ
    ཉམས་བྱས། དངོས་འབྲེལ་བྱས་ན་མངའ་རིས་ཀྱི་ལྟེ་གནས་དེ། ཆབ་སྲིད་དང་ཡིན་ནའི་འདྲ། རིག་གནས་དང་ག་རེ་ཡིན་ནའི། ལྟེ་གནས་དེ་གུ་གེ་རྩྭ་ཧྲེང་མཁར་ལ་འཁེལ་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་དེ་ནས་བྱས་བྱས། དགའ་ལྡན་ཚེ་དབང་ནས་འགོ་བཙུགས་པ་བྱས་བྱས། མངའ་རིས་ལྟེ་གནས་དེ་སྒར་ཟེར་ས་དེ་ནས་འགོ་བཙུགས་པ་རེད། སྒར་ལ་སྒར་དགུན་ས་དང། དབྱར་ས་ཟེར་ཡས་གཅིག གཉིས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དགུན་ཁ་བསྡད་ས་གཅིག་དང། དབྱར་ཁ་བསྡད་ས་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སྒར་དཔོན་དེ་དེ་ནས་ལྷ་ས་ནས་བཏང་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སྒར་དཔོན་དེ་ཆ་ཚང་། ད་སྒར་དཔོན་དེ་ག་རེ་རེད་ཟེར་ན། གཉིས་གཉིས་གཉིས་བཏང་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སེར་མོ་བ་གཅིག་དང། སྐྱ་མི་གཅིག་བཏང་གི་ཡོད་རེད། དེ་གཉིས་ཅག་ལོགས་ད་ལྟ་མཉེས་ཐང་གི་ལྷ་ཆེ་མོ་འདུག་ག
  • ཚེ་རིང་རྒྱལ་པོ
    དེ་ཕར་དོན་སོང་ན། ཁོ་གཉིས་ལ་རིམ་པ་བཞི་པའི་གོ་གནས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཕྱིའི་རིམ་བཞི་ཟེར་གྱི་རེད། རིམ་པ་བཞི་པ་དེ་དངོས་འབྲེལ་བྱས་ན་མཐོ་པོ་རེད་པཱ། ཕྱིའི་རིམ་བཞི་ཟེར་གྱི་རེད། ཁོ་གཉིས་ལ། དེ་ནས་ཡང་ཚུར་ལོག་ཡོང་དུས་ཚུར་སླེབས་པ་དང་ཡང་གོ་གནས་རིམ་པ་ལྔ་པའི་གོ་གནས་ལས་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    ཁོ་གཉིས་དངོས་འབྲེལ་བྱས་ན་གོ་གནས་རིམ་པ་ལྔ་པ་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཡིན་ནའི་མཉེས་ཐང་ལྷ་ཆེ་མོ་དེ་ཕར་བརྒྱབ་པ་ཙམ་གྱིས་སྟོད་མངའ་རིས་ལ་སླེབས། སྟོད་མངའ་རིས་ནང་ལོགས་ལོ་ག་ཚོད་བསྡད་ཡོད་ནའི་དེ་ཤུལ་རིང་ལ་༿རིང་ཁ་༾ཁོ་གཉིས་ཕྱིའི་རིམ་བཞི་རེད།
  • ཚེ་རིང་རྒྱལ་པོ
    ག་རེ་ཟེར་ན། མངའ་རིས་དེ་ས་ཆ་དེ་མཐའ་མཚམས་ས་ཆ་རེད་པཱ། རྒྱ་ཆེན་པོ་ཡིན། མཐའ་མཚམས་ས་ཆ་རྒྱ་ཆེན་པོ་ཡིན་ཙང་དབང་ཆ་ཆེ་བ་ཡོད་རེད། རྫོང་གཞན་དག་ལས་དབང་ཆ་ཆེ་བ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་གཞུག་གུར་མངའ་རིས་སྤྱི་ཁྱབ་ཟེར་ཡས་དེ། གཞུག་གུར། ད་དེ་ད་གཞུག་གུར་རེད།
  • ཚེ་རིང་རྒྱལ་པོ
    མངའ་རིས་སྤྱི་ཁྱབ། མངའ་རིས་སྤྱི་ཁྱབ་ཟེར་ཡས་གཅིག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    སྤྱི་ཁྱབ་བཙུགས་ཡས་དེ་ད་གཞུག་གུར་རེད་དེ། ཡིན་ནའི་ད་ལྟེ་གནས་དེ་ག་པར་འཁེལ་ཡོད་རེད་ཟེར་ན། དེར་བཙུགས། སྒར་དཔོན་ཟེར་ཡས་གཅིག མངའ་རིས་སྒར་དཔོན་དབུ་གུར་ཟེར་ཡས་དེ་ད་སྒར་ལ་ཆགས་བསྡད་ཡོད་རེད། དེའི་འོག་ལ་ག་རེ་ཡོད་རེད་ཟེར་ན། རྫོང་བཞི་དཔོན་དྲུག་ཟེར་ཡས་གཅིག་བཙུགས་པ་རེད།
  • ཚེ་རིང་རྒྱལ་པོ
    རྫོང་ཁག་བཞི་བྱས། དཔོན་དྲུག་བྱས། རྫོང་ཁག་བཞི་དེ་ག་རེ་རེད་ཟེར་ན། མདའ་བ་རྫོང་གཅིག་བྱས། རྩྭ་ཧྲེང་རྫོང་གཅིག་བྱས། སྤུ་ཧྲེང་རྫོང་གཅིག་བྱས། རུ་ཐོག་རྫོང་གཅིག་བྱས། རྫོང་ཁག་བཞི་བྱུང་སོང་ང་།
  • ཚེ་རིང་རྒྱལ་པོ
    རྫོང་ཁག་བཞི་ཡི་༿གི་༾རྫོང་དཔོན་དེ་ཡང་༿དེ་ཡའི་༾ལྷ་ས་ནས་བཏང་གི་ཡོད་རེད། ཆ་ཚང་།  ལྷ་ས་རང་ནས་ད་དྲུང་གོག་དང་རྩེ་དྲུང་ནང་ལོགས་ནས་བཏང་གི་ཡོད་རེད་པཱ ཆ་ཚང་ལྷ་ས་ནས་བཏང་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དཔོན་དྲུག་ཡོད་རེད། དཔོན་པོ་དྲུག དཔོན་པོ་དྲུག་དེ་ག་རེ་རེད་ཟེར་ན། ཟ་རངས་རུ་དཔོན་གཅིག་རེད། ཆུ་དི་དཔོན་གཅིག་རེད། གནམ་རུ་དཔོན་གཅིག་རེད། དེ་ནས་རུ་ཐོག་རྡོ་གལ་ཞན་དཔོན་གཅིག་རེད། འབོན་པོ་དཔོན་བྱས་དཔོན་དྲུག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དཔོན་དྲུག་དེ་ག་རེ་རེད་ཟེར་ན། ད་ཁོ་རང་ཚོ་ག་རེ་རེད་ཟེར་ན། མི་བརྒྱུད་ནས་མི་བརྒྱུད་བྱས་བྱས་ཤུལ་འཛིན་བྱེད་ཡས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཕ་ཤུལ་བུས་འཛིན་ཡས་ཡོད་རེད། ད་པཱ་ལགས་གྲོངས་པ་ཡིན་ན་བུ་༿བུ་གུ་༾དེས་མུ་མཐུད་ནས་དབང་བསྒྱུར་བྱེད་ཡས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེ་གྲོངས་ན། ད་གང་ལྟར་དེ་ཆེ་ཆུང་འདེམས་ཡས་ཡོད་མ་རེད། གདམ་ཡས་ཡོད་མ་རེད། འདེམས་བསྐོ་བྱེད་ཡས་དང་དེ་འདྲས་ཡོད་མ་རེད། ད་ཕ་ཤུལ་བུ་འཛིན་རང་བྱས་བྱས་དབང་བསྒྱུར་བྱེད་ཡས་ཀྱི་དབང་ཆ་ཡོད་རེད། ཁོ་ཚོར། རྫོང་དཔོན་དེ་ཚོ་བརྗེ་པོ་བརྒྱབ་འགྲོ་གི་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    སྒར་དཔོན་ནང་བཞིན་རེད། ཁག་གཅིག་ལོ་གཉིས་ནས་བརྗེ་པོ་བརྒྱབ་ཀྱི་འདུག ཁག་གཅིག་ལོ་གསུམ་ནས་བརྗེ་པོ་བརྒྱབ་ཀྱི་འདུག ཁག་གཅིག་ཡང་ལོ་ལྔ་ཙམ་༿ཙ་༾དྲུག་ཙམ་༿ཙ་༾བསྡད་བྱས། དེ་འདྲས་བྱས་བྱས་བརྗེ་པོ་བརྒྱབ་འགྲོ་གི་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཁོ་ཚོ་དེ་དག་༿དེ་གྱད་༾ད་ད་ག་རང་། ས་ཆ་ད་ག་རང་གི་མི་ཡིན་པ་ལ་ཕ་ཤུལ་བུ་འཛིན་བྱས་ནས་བསྡད་ཡས་ཡོད་པ། དེ་འདྲས་ཀྱི་སྒྲིག་གཞི་གཅིག་བཙུགས་པ་རེད།
  • ཚེ་རིང་རྒྱལ་པོ
    རྫོང་བཞི་དཔོན་དྲུག་ཟེར་ཡས་ཀྱི་སྒྲིག་གཞི་གཅིག་བཙུགས། ཨ་ནི་་་་་་ད་ལྟ་དེའི་ནང་ལོགས་ལ་ད་ད་ལྟ་དམིགས་བསལ་བཤད་དགོས་ཡས་གཅིག་ལ། སྒེར་རྩེ་དཔོན་ཟེར་ཡས་གཅིག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    སྒེར་རྩེ་དཔོན་ཟེར་ཡང་སྐད་གྲགས་ཆེན་པོ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སྒེར་རྩེ་དཔོན་དེ་བསེ་ར་རྗེ་ནས་བཏང་། བསེ་ར་རྗེ་དང་འབྲེལ་བ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཡོད་རེད་མ་གཏོགས་༿མ་དེ་༾། ཡང་དེ་དང་འབྲེལ་བ་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    སྒར་དཔོན་དང་འབྲེལ་བ་ཡོད་མ་རེད། སྟོད་མངའ་རིས་སྒར་དཔོན་དང་འབྲེལ་བ་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    སྒེར་རྩེ་དཔོན་དེ། ཡིན་ནའི་ད་ལྟ་བྱས་ན་སྒེར་རྩེ་དཔོན་དེ་མངའ་རིས་ཁོངས་གཏོགས་རང་རེད།
  • ཚེ་རིང་རྒྱལ་པོ
    ས་ཆ་རང་བྱས་ན། རེད་དེ། ད་སྒེར་རྩེ་དཔོན་བྱས། ཨ་ནི་་་་་་ད་ལྟའི་མངའ་རིས་ད་ལྟ་མཚོ་ཆེན་ཡོད་ས་དང་དེ་ཚོ་སྐབས་དེ་དུས་མཆོག་ཆུ་ཟེར་གྱི་ཡོད་རེད། ཨ་ནི་་་་་ནགས་ཚང་ཟེར་ཡས། མཆོག་ཆུ་བྱས། ད་དེ་ཚོ་ཧང་སངས་ཡས་ཀྱི་ཤུགས་ཆེན་པོ་རེད།
  • ཚེ་རིང་རྒྱལ་པོ
    འགོ་པ་དང་ཚོ་པ་དེ་འདྲས། ཤུགས་ཆེན་པོ་ཞེ་པོ་དེ་འདྲས་རེད།
  • ཚེ་རིང་རྒྱལ་པོ
    ནགས་ཚང་ཟེར་ཡས་བྱས། མཆོག་ཆུ་བྱས། གྭ་ཤ་བྱས། བཀྲ་བསམ་བྱས། དེ་ཚོ་འགང་ག་ལོགས་ག་རེ་ཟེར་ན། ཚོ་པ་ཚོ་པ་ཚོ་པ་ཚོ་པ་རྐྱང་རྐྱང་བྱས་བྱས་བསྡད་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ད་དེ་ཚོའི་ལོ་རྒྱུས་ད་ལྟ་ཞིབ་འཇུག་བྱེད་མཁན་༿བྱེད་ཉན་༾བྱུང་ཡོད་མ་རེད། ཨ་ནི་་་་་་མར་བཙན་ཟེར་ཡས་དང། གཞུང་པ་མར་བཙན་ཟེར་ཡས་དང། འབོང་པ་ཟེར་ཡས་དང། དགེ་རྒྱས་ཟེར་ཡས་དང། ཚོ་པ་ཁྱོན་ནས་ད་ལྟ་མངའ་རིས་བྱང་ཕྱོགས་ཀྱི་དེ་དག་༿དེ་གྱད་༾དེ་ག་རེ་ཟེར་དགོས་རེད། ཤར་ཕྱོགས་ཀྱི་རྫོང་ཁག་དེ་དག་༿དེ་གྱད་༾ལ་ཚོ་པ་རྐྱང་རྐྱང་བྱས་བྱས། ད་ཡང་ལོ་རྒྱུས་ངེས་ཅན་ཞིག་ལྡན་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེ་གཅིག་བྱས་ན་ད་ལྟ་དཔེར་ན་ཆ་བཞག་ན། དེ་འདུག་ག ག་རེ་ཟེར། སྒོ་གཙང་སྟོད་དང། སྒོ་གཙང་སྨད་ཟེར་ཡས་གཅིག་ཡོད་རེད། ཨ་ནི་་་་་་དེས་མ་ཚད་པའི་དགེ་རྒྱས་དང། དེ་ཚོ་འགང་ག་ལོགས་ལ་ད་ལྟ་མཁས་པའི་དགའ་སྟོན་ནང་ལོགས་ལ་སུམ་པ་རུ་རེད་ཟེར་གྱི་འདུག། སུམ་པའི་ཁོངས་གཏོགས། སུམ་པ་རུ་ཁོངས་གཏོགས། སུམ་པ་རུ་ནང་ལོགས་ལ་བཞག་གི་འདུག
  • ཚེ་རིང་རྒྱལ་པོ
    སྐབས་དེ་དུས། བྱས་ཙང་ཁོ་ཚོའི་ལོ་རྒྱུས་དེ། ད་ཡང་ཞང་ཞུང་དང་མ་འདྲ་བའི་ཡང་གཅིག་ཡོད་པ་གཅིག དམིགས་བསལ་གཅིག ས་ཆ་དེའི་དུས་སྐབས་ལ་ཚོ་པ་མ་འདྲ་བ་གཅིག རེད་པཱ། དེ་འདྲས་གཅིག་ལོ་རྒྱུས་གཅིག་ལྡན་ཡོད་རེད་ལ། ཡང་སྒེར་རྩེ་དེ་དམིགས་བསལ་གྱི་མ་འདྲ་བ་གཅིག་ག་རེ་རེད་ཟེར་ན། སྒེར་རྩེ་ཟེར་ཡས་དེ། ཨ་མདོ་རེད། མ་གིའི་ག་རེ་ཟེར། ཨ་མདོ་ནས་བཏང་བ་རེད། ག་རེ་ཟེར་ན། དུས་རབས་བཅུ་གཞི་ཙམ་དེ་པར་གཅིག་ལ་ཨ་མདོ་ནས་མི་ཚང་བདུན་འདུག་ག།
  • ཚེ་རིང་རྒྱལ་པོ
    ཨ་མདོ་སྒེར་རྩེ་ཟེར་ཡས་དེ། རུས་མིང་སྒེར་རྩེ་ཟེར་ཡས་གཅིག་ཡོད་རེད། ཚོ་པ་ཆེན་པོ་གཅིག་ཡོད་རེད། ཨ་མདོ་ནས། ད་ཁོ་ཚོའི་དེ་ལ་དཔེར་ན། སྐབས་དེ་དུས་ན་ཚ་འདྲ་བྱུང་པ་ཡིན་ན། དམག་འདྲ་བྱུང་པ་ཡིན་ན། ཐན་པ་བསྟན་པ་ཡིན་ན། ག་རེ་བྱས་ན། གང་ལྟར་ཐན་སྐྱོན་ཤུགས་ཆེན་པོ་གཅིག་བྱུང་འདུག་ག
  • ཚེ་རིང་རྒྱལ་པོ
    བྱུང་ཙང་། ཨ་ནི་་་་་་ཁོ་ཚོས་དེ་བཏང་བྱས། ག་རེ་ཟེར་ན། མི་ཚང་བདུན་སླེབས་འདུག་ག
  • ཚེ་རིང་རྒྱལ་པོ
    མི་ཚང་བདུན་ཨ་མདོ་ནས་ཚུར། ཨ་མདོ་སྒེར་རྩེ་ནས་བྲོས་༿བོས་༾ཡོང་བྱས། སྟོད་མངའ་རིས་ལ་ཡར་བྲོས་༿བོས་༾བྱས། ད་ལྟ་སྒེར་རྩེ་ཟེར་ས་ས་ཆ་དེ་ལ་བསྡད། ཨ་ནི་་་་་་་སྒེར་རྩེ། སྐབས་དེ་དུས་ད་སྒེར་རྩེ་ལ། ཨ་ནི་་་་ཡང་སེང་སྒོར་ཟེར་ཡས་དང། ཁོ་རང་ཚོ་ཚོ་པ་མང་པོ་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    དེ་ཚོ་དང་ཡར་མར་བྱས་བྱས། ད་ཁོ་ཚོ་དེར་བསྡད་བྱས། ཨ་ནི་་་་་་་སྒེར་རྩེ་ཟེར་ཡས་དེ་དེ་འདྲས་གཅིག་ཆགས་འདུག་ག
  • ཚེ་རིང་རྒྱལ་པོ
    ད་ལྟ་སྒེར་རྩེ་རྫོང་གི་མིང་དེ་ཁྱོན་ཡོངས་དེ་ད་རྒྱ་ཆེན་པོ་ཞེ་དྲག་རེད། སྔ་མའི་སྒེར་རྩེ་རྫོང་དེ་རྒྱ་ཆེན་པོ་ཞེ་དྲག་མ་རེད།
  • ཚེ་རིང་རྒྱལ་པོ
    ད་ལྟ་སྒེར་རྩེ་དཔོན་པོ་གཅིག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    སྒེར་རྩེ་དཔོན་དེ། བསེ་ར་རྗེ་དང་འབྲེལ་བ་ཡོད་པ་༿ཡོད་དགྱོ་༾དེ་རྒྱ་ཆེན་པོ་ཞེ་དྲག་ཧ་ལས་ཡས་ཀྱི་རྒྱ་ཆེན་པོ་མ་རེད།
  • ཚེ་རིང་རྒྱལ་པོ
    ཁོ་ཚོའི་ནང་ལོགས་དང་འབོང་པ་དཔོན་གྱི་ཁོང་གཏོགས་མང་པོ་གཅིག ད་ལྟ་སྒེར་རྩེ་ཁོངས་ལ་ཕྱིན་པ་རེད་དེ།
  • ཚེ་རིང་རྒྱལ་པོ
    སྐབས་དེ་དུས་སྒེར་རྩེ་དཔོན་དེ་ཡང་དམིགས་བསལ་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེ་ཕུད་པའི་དཔོན་དྲུག་དེ་དག་༿དེ་གྱད་༾ཆ་ཚང་སྒར་དཔོན་འོག་ལ་རེད།
  • ཚེ་རིང་རྒྱལ་པོ
    རྫོང་བཞི་དང་དཔོན་དྲུག་འགང་ག་ལོགས་སྒར་དཔོན་འོག་ལ་རེད།
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། སྒར་འཆར་ཅན་ཟེར་ཡས། ད་མངའ་རིས་ཀྱི། ད་ལྟ་སྟོད་མངའ་རིས་ལ་དབྱར་ཁ་རེད་པཱ། དབྱར་སྟོན་ཆེན་པོ་ཞེ་པོ་གཅིག་ཡོད་རེད་ད།
  • ཚེ་རིང་རྒྱལ་པོ
    ད་དེའི་ནང་སྐབས་དེ་དུས། ཨ་ནི་་་་་་་་་རྟ་རྒྱུགས་བཏང་གི་རེད། རྟ་རྒྱུགས་ཀྱི་རེད། དམིགས་བསལ་གྱི་ད་ཁྱོན་ཧང་སངས་ཡས་ཀྱི་རྟ་རྒྱུགས་བཏང་གི་རེད། དེ་ག་རེ་རེད་ཟེར་ན། དགའ་ལྡན་ཚེ་དབང་ནས་འགོ་བཙུགས་བྱས་རེད།
  • ཚེ་རིང་རྒྱལ་པོ
    དགའ་ལྡན་ཚེ་དབང་ག་རེ་རེད་ཟེར་ན། དམག་རྒྱལ་ཁ་ཐོབ་པ་རེད་པཱ། རྒྱལ་ཁ་ཐོབ་ཡས་དེའི་རྟེན་འབྲེལ་གྱི་ཆེད་དུ། ཨ་ནི་་་་་་དགའ་སྟོན་རྟེན་འབྲེལ་ཆེན་པོ་ཞེ་པོ་གཅིག་བཙུགས་བྱས་རྟ་རྒྱུགས་ཡས་དང་། སོག་པོའི་ལུགས་སྲོལ་ཆ་ཚང་ཡོད་རེད། ཁོང་ཚོར།
  • ཚེ་རིང་རྒྱལ་པོ
    ད་ཞྭ་མོ་དེ་ཚོ་ཙོག་ཙོག་གཅིག་གོན་བྱས། ཕྲུ་གུ་༿བུཨུ་གུ་༾ག་རེ་རེད་ཟེར་ན། ལོ་བཅུ་ནས་ལོ་བཅུ་གཉིས་བར་རྐྱང་རྐྱང་རེད། རྟ་བཞོན་མཁན་༿བཞོན་ཉན་༾འགང་ག་ལོགས། དེ་ཚོ་འགང་ག་ལོགས་སོག་པོ་དང་འདྲ་པོ་རེད།
  • ཚེ་རིང་རྒྱལ་པོ
    བྱས་ཙང་དེ་དུས་སྒར་འཆར་ཅན་ཟེར་ཡས་གཅིག་ཡོད་རེད་པཱ། སྒར་འཆར་ཅན་གྱི་སྐབས་ལ། ཨ་ནི་་་་་་་སྒེར་རྩེ་དཔོན་དེ་སླེབས་མིན་འབྲེལ་བ་མིན་འདུག་ག ག་རེ་རེད་ཟེར་ན། དཔོན་གཞན་དག་དེ་ཚོ་ད་ཁོ་ཚོ་འདུག་ཟེ་གྲལ་ལ་འདུག་ཟེ་བསྡད་ཀྱི་རེད་པཱ།
  • ཚེ་རིང་རྒྱལ་པོ
    དེའི་དཀྱིལ་དེར་སྒར་དཔོན་དེ་དག་༿དེ་གྱད་༾བསྡད་ཀྱི་རེད། སྒར་དཔོན་དེ་དག་༿དེ་གྱད་༾བསྡད། ཨ་ནི་་་་་་་གཡོ་རུ་དང་པོ་གཡས་རུ་དང་པོ། གཡོ་རུ་གཡས་རུ་གཉིས་པ། གཡོན་རུ་དང་པོ་ཟེ། གཡས་རུ་དང་གཡོན་རུ་ཟེ་འདུག་ཟེ་རུ་ཁོ་རང་བྱས་བྱས་མིང་བཏགས་ཡོང་དུས་ཙམ་པར། ཨ་ནི་་་་་་་གཡས་རུ་དང་པོ་གཙོ་གཙོ་དཔོན་ཟེར་ཡས་དེ། གཙོ་གཙོ་དཔོན་པོ་བྱུ་རུས་མཚོན་པས་་འདུག ཟེ་ཡ་བྱས།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་སོ་སོ་མོན་པ་དཔོན་པོ་ར་ཕོ་ཁ་ལུག་ཟེར་ཡས་བྱས། ཆུ་དི་དཔོན་པོ་ག་རེ་་་་། ཨ་ནི་་་་་་སོ་སོ་སོ་སོ་དཔོན་དེ་དག་༿དེ་གྱད་༾འགང་ག་ལོགས་ཆ་ཚང་དོན་ཡོང་གི་འདུག་ག
  • ཚེ་རིང་རྒྱལ་པོ
    དེ་ག་རེ་རེད་ཟེར་ན།  དེའི་ནང་ལོགས་ལ་སྒེར་རྩེ་དཔོན་དེ་ཚུད་མིན་འདུག བྱས་ཙང་སྐབས་དེ་དུས་སྒར་འཆར་ཅན་ཟེར་ཡས་ཀྱི་ས་ཆ་དེ།  སྐབས་དེ་དུས་ད་རྟ་རྒྱུགས་དགའ་པོ་སྐྱིད་པོ་ཞེ་པོ་བཏང་། གཞས་ཅི་དག་བྱས་ཞབས་བྲོ་བརྒྱབ་བྱེད་ཀྱི་ཡོད་རེད། ཨ་ནི་་་་་་ཚོང་པས་ཚོང་འདོན་ཤུགས་ཆེན་པོ་ཞེ་པོ་གཅིག་སྤེལ་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སྐབས་དེ་དུས། ལ་དྭགས་ཚོང་པ་ཚང་མ་ཡོང་གི་ཡོད་རེད། མངའ་རིས་སྐད་ལ་ལ་དྭགས་ཟེར་གྱི་མ་རེད། ལ་རགས་ཟེར་གྱི་རེད། ལ་དྭགས་ཚོང་པ་ཆ་ཚང་ཅིག་ཡོང་གི་རེད།
  • ཚེ་རིང་རྒྱལ་པོ
    གཅིག་ནས། གཅིག་ནས་ག་རེ་རེད་ཟེར་ན། དེ་རེད། ག་རེ་ཟེར་ན། ཉུང་ཏི་བྱས། ཁི་ནའུ་ཟེར་རེད་པཱ། ཁུ་ནུ་བྱས། ཨ་ནི་་་་་་ཟངས་དཀར་བྱས། གར་ཞ་བྱས། ཐ་བོ་ཁམ་པ་བྱས་དེ་ཆ་ཚང་། ཚོང་པ་རྒྱ་ཆེན་པོ་ཞེ་པོ་གཅིག འཁྲུགས་པོ། ལོ་གསར། ཧང་སངས་ཡས་ཀྱི་ལོ་གསར་རྒྱ་ཆེན་པོ་གཅིག མངའ་རིས་སྟོད་མངའ་རིས་ཀྱི་ལོ་རྒྱུས་སྒང་ལ། ད་དེ་འདྲས་ཅིག་བཏང་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སྔ་མ་འདྲ་བྱས་ན། སྒར་འཆར་ཅན་ཟེར་ཡས་གཅིག འོ་ད་དེ་དུས་འགང་ག་ལོགས་མཉམ་པོར་འཛོམས་ཡོང་དུས། ཨ་ནི་་་་་་མངའ་རིས་ཀྱི་ད་ཁྲལ་བསྡུ་གི་ཡོད་རེད། སྡེ་པ་གཞུང་གི་ཁྲལ། ད་ཁོ་ལ་ལས་འགན་གཙོ་ཆེ་ཤོས་གཉིས་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    སྒར་དཔོན་ཟེར་ཡས་དེར། གཅིག་ཁོས་ཁྲལ་བསྡུ་གི་ཡོད་རེད་པཱ། མི་སེར་རྩ་ནས་ཁྲལ་བསྡུ་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    གཅིག་ག་རེ་ཟེར་ན། ཁོས་མཐའ་མཚམས་རྙོག་དྲ་བྱུང་ན་ཁོས་སྲུང་སྐྱོབ་འདྲ་པོ་བྱས་བྱས། ད་ཁོ་རང་ད་གང་ཡང་༿གའི་༾། དམག་མི་ཡོད་མ་རེད། གང་ཡང་༿ག་གའི་༾ཡོད་མ་རེད་པཱ། མི་གཉིས་རེད། མངའ་རིས་ཁྱོན་ཡོངས་སུ་རེད་པཱ། དབང་བསྒྱུར་བྱེད་མཁན་༿བྱེད་ཉན་༾མི་གཉིས་ལས་ཡོད་མ་རེད། ད་དངོས་འབྲེལ་བྱས་ན།
  • ཚེ་རིང་རྒྱལ་པོ
    སྐབས་དེ་དུས། ད་མི་གཉིས་གང་ཡང་༿གའིཟེ་༾ དམག་མི་ཡོད་མ་རེད། གང་ཡང་༿ག་གའི་༾ཡོད་མ་རེད། ད་ཁོ་གཉིས་ལན་སྐྱེལ་ཡས་འདྲ་པོ་གཅིག་རེད་པཱ།
  • ཚེ་རིང་རྒྱལ་པོ
    ལན་སྐྱེལ་ཡས་དེར་ཐབས་ཤེས་ག་རེ་བྱེད་ཀྱི་ཡོད་རེད་ཟེར་ན། རིའི་སྒང་ལ། མངའ་རིས་དེ་དུས་རིའི་སྒང་ལ། རི་མཐོན་པོ་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ད་རུ་ཐོག་ནས་དམག་ཡོང་གི་ཡོད་ན། རུ་ཐོག་རི་མཁར་གཅིག་ཡོད་རེད། མཁར་དེའི་རྩེ་ནས་དུ་བ་བཏང་བྱས་མེ་བཏང་བྱས། དེ་ནས་ཕུང་པོ་ལྔ་བྱས་ཡང་རི་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    རི་དེའི་སྒང་ལ་དུ་བ་གཅིག་བཏང་། ཡང་ཁོ་དུ་བ་ཡར་ཡོང་གི་ཡོད་རེད་པཱ། དེ་ནས་རི་དེད་དེད་དེད་་་་་་རྦད་དེ་ཡར་དུ་བ་རྐྱང་རྐྱང་བཏང་བྱས་བརྡ་སྤྲད་ཀྱི་ཡོད་རེད་ཟེར་གྱི་འདུག་ག སྐབས་དེ་དུས། འོ་འདུག་ཟེ་བྱས་བྱས། ཨ་ནི་་་་་་ཁོས་དེ་འདྲས་སྲུང་སྐྱོབ་བྱེད་ཡས་ཅིག ལས་འགན་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཁྲལ་བསྡུ་ཡས་ལས་འགན་གཅིག་ཡོད་རེད། ཨ་ནི་་་་་དེ་པར་གཅིག་རྙོག་དྲ་འདྲ་གཅིག་ཞེ་པོ་བྱུང་ན། ཨ་ནི་ཞེ་དྲག་གི་ཁོ་དེ་ཐག་ཟེ་གང་ཡང་༿གའི་༾ཆོད་ཡས་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། མཐའ་ན་ཨ་ནི་ཁྲིམས་ཀྱི་ཐོག་ནས་གང་ཡང་༿གའི་ཟེ་༾ཐག་ཆོད་ཀྱི་མ་རེད། ཁོས།
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། ད་མི་གཉིས། ཚོ་པ་་་་་་དེའི་བར་ལ་བྱས་བྱས། ཚོ་པ་དང་ཚོ་པ་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    རྩྭ་ཐང་དོན་དག་ལ་རྒྱག་རེས་༿རྒྱ་འདྲེས་༾ཤོར་པ་ཡིན་ན། རྒྱག་རེས་༿རྒྱ་འདྲེས་༾ཞེ་པོ་ཤོར་གྱི་རེད་དེ་དུས། དེའི་རྩྭ་ཐང་ངའི་ཡིན་ཟེར་གྱི་རེད། ཁོས་ཟེར་ན་འདིའི་རྩྭ་ཐང་ངའི་རེད་ཟེར་གྱི་རེད། དེའི་བར་ལ་རྒྱག་རེས་༿རྒྱ་འདྲེས་༾ཞེ་པོ་གཅིག འཁྲུག་པ་ཞེ་པོ་ཤོར་གྱི་རེད། ཤོར་ཁ་མཆུ་བརྒྱབ་དགོས་རེད་པཱ། ཁ་མཆུ་བརྒྱབ་ནའི་ཁོས་ཞེ་དྲག་ཐག་ཆོད་ཀྱི་མ་རེད།
  • ཚེ་རིང་རྒྱལ་པོ
    ད་ཕ་ནས་ཁོས་ཐག་མ་ཆོད་པ། ཁོ་ཚོས་ཁ་མཆུ་བརྒྱབ་བྱས་སྔོན་ལ་དཔོན་པོར་གཏུགས་དགོས་རེད་པཱ།
  • ཚེ་རིང་རྒྱལ་པོ
    དཔོན་པོས་ཐག་མ་ཆོད་པ་ཡིན་ན། སྒར་དཔོན་ལ་གཏུགས་དགོས་རེད། སྒར་དཔོན་གིས་ཐག་མ་ཆོད་ན་ག་རེ་བྱེད་དགོས་རེད་ཟེར་ན། ཨ་ནི་་་་་་སོ་སོའི་ཡུལ་ལྷ་བཙལ་ག་འགྲོ་གི་རེད།
  • ཚེ་རིང་རྒྱལ་པོ
    ཡུལ་གྱི་ཡུལ་ལྷ་ཡོད་རེད་པཱ། ཡུལ་ལྷའི་མདུན་ལ་ཆོ་ལོ་གཡུགས་བྱས། ཨ་ནི་་་་་་་ཆོ་ལོ་སུ་ལ་ཆེ་བ་དོན་སོང་། འོ་དེ་འདྲས་བྱས་བྱས་ཐག་བཅད་ཀྱི་ཡོད་རེད་པཱ། 
  • ཚེ་རིང་རྒྱལ་པོ
    བྱས་ཙང་ཁོ་ཁྲིམས་ཀྱི་ཐོག་ནས་ཁོ་ཐག་བཅད་ཡས་ཡོད་མ་རེད། དམག་མིའི༿མི་གི་༾དེ་ནི་ཤུགས་ཆེན་པོ་ཟེ་ཡོད་མ་རེད། སྲིད་ཀྱི་སྒང་ནས་ད་ཁོ་ཁྲལ་བསྡུ་ཡས་དང་དེ་འདྲས་ཅིག་རང་རེད།
  • ཚེ་རིང་རྒྱལ་པོ
    མངའ་རིས་དེ། འོ་ད་དེ་འདྲས་ཅིག་རེད་དེ། ཡིན་ནའི་མངའ་རིས་གཞུང་ཡིག་སྒང་ལ་ག་རེ་རེད་ཟེར་ན། དེ་དུས་ཡང་མངའ་རིས་སྐོར་གསུམ་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    མངའ་རིས་སྐོར་གསུམ་ཟེར་གྱི་ཡོད་རེད།  གཞུང་ཡིག་སྒང་ལ། ད་ག་རེ་ག་རེ་ག་རེ་བྱས་བྱས་མངའ་རིས་སྐོར་གསུམ་གྱི། སྐོར་གསུམ་གྱི་མི་སེར་ག་རེ་ག་རེ་ཚང་མ་ལོགས་ཟེར་ཁུལ་བྱེད་ཀྱི་རེད།
  • ཚེ་རིང་རྒྱལ་པོ
    སྐོར་གསུམ་སྐོར་གསུམ་སྐོར་གསུམ། མངའ་རིས་སྐོར་གསུམ་ཟེར་གྱི་ཡོད་རེད། ཡིན་ནའི་དེ་དུས་སྐབས་ཀྱི་མངའ་རིས་སྐོར་གསུམ་དེ་ཆུང་ཆུང་ཞེ་པོ་རེད།
  • ཚེ་རིང་རྒྱལ་པོ
    སྐབས་དེ་དུས་སྐྱིད་ལྡེ་ཉི་མ་མགོན་གྱི་བུ་གསུམ་གྱི་སྐབས་ཀྱི་མངའ་རིས་སྐོར་གསུམ་མ་རེད།
  • ཚེ་རིང་རྒྱལ་པོ
    སྐྱིད་ལྡེ་ཉི་མ་མགོན་གྱི་བུ་གསུམ་སྐབས་ཀྱི་མངའ་རིས་སྐོར་གསུམ་དེ་ག་པར་གོ་གི་ཡོད་རེད་ཟེར་ན། ལ་དྭགས་ཡོད་རེད། ཟངས་དཀར་ཡོད་རེད། ཨ་ནི་་་་་་གུ་གེ་བྱས། སྤུ་ཧྲེང་དེ་གྱད་ཆ་ཚང་ཚུད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཡིན་ནའི་སྐབས་དེ་དུས་ཀྱི་ད་མངའ་རིས་སྐོར་གསུམ་ཟེར་ཡས་དེ། ད་དགའ་ལྡན་ཚེ་དབང་གི་དམག་ཚུར་སླེབས་ཚར་ནས། དགའ་ལྡན་ཚེ་དབང་ཚུར་ལོག་ཡོང་བྱས། ལྷ་སར་སླེབས་བྱས། རེད་པཱ། ཨ་ནི་་་་་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ཁོ་ཚོས་ད་རྦད་དེ་དེ་བྱས་བྱས། དགའ་སྟོན་གཏང་རག་རྒྱ་ཆེན་པོ་གཅིག་བཏང་། ཁོ་ཞེ་པོ་བྱས་བྱས། ད་ལྟ་དགའ་ལྡན་ཁང་གསར་ཟེར་ཡས་གཅིག ཁང་པ་དེ་ཚོ་ཁོ་ལ་གནང་བྱས། དགའ་ལྡན་དར་ཆེན་ཟེར་དར་ཆེན་གཅིག ད་ལྟ་གཙུག་ལག་ཁང་གི་དེར་དར་ཆེན་པོ་གཅིག་འདུག་ག
  • ཚེ་རིང་རྒྱལ་པོ
    དགའ་ལྡན་དར་ཆེན་ཟེར། འོ་ཁོ་དེ་བྱས་པ་རེད། དེའི་ཆེད་དུ། ག་རེ་ཟེར་ན་ད་དྲན་རྟེན་བཟོ་འདྲའི་ཆེད་དུ། རྦད་དེ་བྱས་རྗེས་ཆེན་པོ་བཞག་པ་རེད་པཱ།
  • ཚེ་རིང་རྒྱལ་པོ
    དགའ་ལྡན་དར་ཆེན་ཅི་དག་བཞེངས་བྱས་ཞེ་དྲག་བྱས་པ་རེད།
  • ཚེ་རིང་རྒྱལ་པོ
    བྱས་ཙང་། ཨ་ནི་་་་་་དགའ་ལྡན་ཁང་གསར་གཅིག་གནང་བྱས། ཁོ་བྱས་རྗེས་ཆེན་པོ་ཞེ་དྲག་ཡིན་ཙང་། ཨ་ནི་་་་་་བཀའ་འདྲི་ཞུས་འདུག་ག
  • ཚེ་རིང་རྒྱལ་པོ
    སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ཁོ་རྣམས་ཚོས། ད་ལྟ་བེཌུར་ཡ་སེར་པོ་དང་དེ་ཚོའི་ནང་ལོགས་ལ་གསལ་པོ་ཞེ་དྲག་ཡོད་རེད། གཞུང་ཡིག་དེ་ཚོའི་ནང་ལོགས་ལ་ཡང་༿ལ་ཡའི་༾ད་ག་འདྲས་བྱུང་སོང་ཟེ། མངའ་རིས་དེ་དམག་བརྒྱབ་བྱས་ག་འདྲས་བྱུང་སོང་ཟེ་ལབ་འདུག་ག
  • ཚེ་རིང་རྒྱལ་པོ
    ཁོ་དགའ་ལྡན་ཚེ་དབང་ལ་བཀའ་འདྲི་ཞུས་འདུག་ག ཨ་ནི་་་་དགའ་ལྡན་ཚེ་དབང་གིས་མངའ་རིས་དེ་ག་རེ་ཟེར་ན། སྤྱིར་བཏང་བྱས་ན་དཀའ་ལས་ཟེ་ཞེ་དྲག་མ་བྱུང་ཟེ། ལས་སླ་པོ་ཞེ་དྲག་རེད་ཞག་ཟེ། ལ་དྭགས་དེ་ཚོ་དེ་འདྲས་ཀྱི་རྦད་དེ་མཁྲེགས་པོ་༿མཁྲགས་པོ་༾བྱས། ཞེ་པོ་དེ་འདྲས་མིན་འདུག་ཟེ། ལགས་འོང་། ད་ཁོ་རང་ཚོ་སོག་དམག སོག་པོ་ཟེར་ཡས་དེ། དམག་བརྒྱབ་ཡས་ལ་དགའ་པོ་བྱས། དམག་བརྒྱབ་ཡས་ལ་མཁས་པ་བྱས། དམག་རྩལ་བྱས། ལྷག་པར་དུ་རྟ་དམག རྟའི་སྒང་ལ་དམག་བརྒྱབ་མཁན་༿བརྒྱབ་ཉན་༾དེ་ཞེ་དྲག་ཡོད་རེད་པཱ། དེ་ཡིན་ཙང་། 
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་ས་དེ་ཚོ་ཏོག་ཙམ་༿ཏད་ཙ་༾རོང་དང་བྱས་བྱས། ཏོག་ཙམ་༿ཏད་ཙ་༾ཁག་ཙམ་འདུག་མ་གཏོགས་༿མ་དེ་༾། ཨ་ནི་་་་་ལྷག་པར་དུ་ད་བྱང་ཐང་ངོས་ཕྱོགས་ལ་ལས་སླ་པོ་ཞེ་དྲག་རེད་ཟེ། ད་ཁོ་ཚོ་ཁྱོན་ནས་ང་ཚོས་ལས་སླ་པོ་ཞེ་དྲག་བཏུལ་ཐུབ་བྱུང་ཟེ་ལབ་འདུག་ག ཨ་ནི་་་་་་དཔེར་ན་ཆ་བཞག་ན།  སྤུ་ཧྲེང་དེར་སླེབས་བྱས། སྤུ་ཧྲེང་ཟེར་དུས་ག་འདྲས་གཅིག་རེད་ཟེར་ན། སྤུ་རྐང་གཅིག་རེད་པཱ། སྤུ་རྐང་གཅིག་བཅད་པ་ནང་བཞིན་བྱས་བྱས་ལས་སླ་པོ་རེད་ཞག་ཟེ་ལབ་འདུག་ག།
  • ཚེ་རིང་རྒྱལ་པོ
    བྱས་ཙང་དེ་ནས་བཟུང་བྱས་ད་སྡེ་པ་གཞུང་གི་གཞུང་ཡིག་ཆ་ཚང་ནང་ལོགས་ལ། སྤུ་ཧྲེང་ཟེར་གྱི་ཡོད་རེད། ས་པ་བཏགས་པ་ཞབས་ཀྱུ་སྤུ། ཧ་ར་བཏགས་ཧྲ་འགྲེང་བུ་ཧྲེ་ང་ཧྲེང་། སྤུ་ཧྲེང་སྤུ་ཧྲེང་སྤུ་ཧྲེང་ཟེར་གྱི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེའི་མདུན་གྱི་གཞུང་ཡིག་དེ་དག་༿དེ་གྱད་༾ཆ་ཚང་ལ་པུ་རང་ཟེར་མ་གཏོགས་༿མ་དེ་༾། སྤུ་ཧྲེང་ཟེ་མཐོང་ཡས་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    གཞུང་ཡིག་ཡིན་ནའི་འདྲ། ལོ་རྒྱུས་དེབ་ཐེར་ནང་ལོགས་ལ། ད་དཔེར་ན་ཆ་བཞག་ན། ད་ལྟ་ང་རང་ཚོའི་ལོ་རྒྱུས་དེབ་ཐེར་ཆོས་འབྱུང་མེ་ཏོག་སྙིང་པོ་ཡིན་ནའི་འདྲ། ཉང་ཉི་མ་འོད་ཟེར་གྱིས་བྲིས་པའི་༿བྲིས་དགྱོ་༾ཆོས་འབྱུང་མེ་ཏོག་སྙིང་པོ་ཡིན་ནའི་འདྲ། ལྡེའུ་ཆོས་འབྱུང་ཡིན་ནའི་འདྲ། ད་ག་པར་བལྟས་པ་ཡིན་ནའི་རེད་པཱ། བུ་སྟོན་ཆོས་འབྱུང་དང་། མཁས་པའི་དགའ་སྟོན། དེབ་ཐེར་སྔོན་པོ་དང་། དེབ་ཐེར་དམར་པོ། རྒྱལ་རབས་གསལ་བའི་མེ་ལོང་། ག་པར་བལྟས་ནའང་༿ནའི་༾པུ་རང་པུ་རང་པུ་རང་ཟེར་མ་གཏོགས་༿མ་དེ་༾། སྤུ་ཧྲེང་ཟེར་བརྒྱབ་ཡས་ལུགས་སྲོལ་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    དགའ་ལྡན་ཚེ་དབང་དེ་ནས་བྱས་བྱས། རྒྱལ་དབང་ལྔ་པ་ནས་བྱས་བྱས། གཞུང་ཡིག་ཆ་ཚང་ལ་སྤུ་ཧྲེང་ཟེ་བརྒྱབ་ཀྱི་རེད། ཧ་ར་བཏགས་ཧྲ་འགྲེང་བུ་ཧྲེ་ང་ཧྲེང་། ག་རེ་ཟེར་ན་སྤུ་ཧྲེང་ཧྲེང་གཅིག་བཅད་པ་ནང་བཞིན་ལས་སླ་པོ་རེད་ཞག་ཟེ། ས་ཆ་དེ། ས་ཆ་དེ་མ་གཞི་སྤུ་རང་རེད་ཟེ། སྤུ་རང་བ་༿རངས་འགྱོ་༾ནང་བཞིན་རེད་དེ། སྤུ་ཧྲེང་གཅིག སྤུ་རྐང་གཅིག་བཅད་པ་ནང་བཞིན་ལས་སླ་པོ་བྱུང་ཟེ་ལབ་བྱས། ཨ་ནི་་་་་སྤུ་ཧྲེང་ཟེར། མིང་དེ་དེ་ནས་ཐོགས་པ་རེད།
  • ཚེ་རིང་རྒྱལ་པོ
    ད་དེ་ནས་མདའ་བ་དང་རྩྭ་ཧྲེང་ཟེར་ཡས། གུ་གེ་རྩྭ་ཧྲེང་མཁར་དེ་ག་རེ་རེད་ཟེར་ན། རྩྭ་རྐང་གཅིག་རེད་པཱ། རྩྭ་རྐང་གཅིག་བཅད་པ་ནང་བཞིན་ཏོག་ཙམ་༿ཏིག་ཙ་༾ཁག་པ་༿ཁག་ག་༾བྱུང་ཟེར།
  • ཚེ་རིང་རྒྱལ་པོ
    སྤུ་དང་རྩྭ་བྱས་ན་རྩྭ་ཏོག་ཙམ་༿ཏིག་ཙ་༾ཁག་གི་རེད་པཱ། གྲིས་བཅད་པ་ཡིན་ན། ཏོག་ཙམ་༿ཏིག་ཙ་༾ཁག་པ་༿ཁག་ག་༾འདུག་ཟེ། བྱས་ཙང་རྩ་ཧྲེང་ཧྲེང་གཅིག་གི་ནང་བཞིན་ཅིག་བྱུང་ཟེར། ལབ་ཙང། དེ་ནས་བྱས་བྱས་གཞུང་ཡིག་འགང་ག་ལོགས་ལ་རྩ་ཧྲེང་ཟེ་ལབ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ར་ཙ་བཏགས་རྩྭ། ཧ་ར་བཏགས་ཧྲ་འགྲེང་བུ་ཧྲེ་ང་ཧྲེང་། རྩྭ་ཧྲེང་རྫོང་རྩྭ་ཧྲེང་རྫོང་ཟེར་གྱི་རེད་མ་གཏོགས་༿མ་དེ་༾ རྩྭ་རང་རྫོང་ཟེར་གྱི་མ་རེད། དེའི་མདུན་གྱི་ད་ལྟ་ཡིག་ཆ་འགང་ག་ལོགས་ལ། དེབ་ཐེར་ཁག་ནང་ལོགས་ལ། རྩྭ་རང་རྩྭ་རང་ཟེར་གྱི་རེད། ར་ཙ་བཏགས་རྩྭ། ར་ང་རང་། རྩྭ་རང་རྩྭ་རང་རྐྱང་རྐྱང་ཟེར་གྱི་རེད་མི་གཏོགས་༿མ་དེ་༾། རྩྭ་ཧྲེང་ཟེར་གྱི་མ་རེད།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་ག་རེ་རེད་ཟེར་ན། ད་དེ་དེ་ནས་ཚུར་ཡོང་བྱས། ད་རུ་ཐོག་དེ་ག་རེ་རེད་ཟེར་ན། རུས་པ་ཐོག་པ་ནང་བཞིན་བྱུང་ཟེར། རུས་པ་ཟེར་ན་རུས་ཀོག་རེད་པཱ། རུས་ཀོག་དེ་དཔེར་ན་ཆ་བཞག་ན། ལུག་གི་མཇིང་པའི་རུས་ཀོག་རེད། ཁོ་ཐོག་དགོས་ན། ལུག་གི་མཇིང་པའི་རུས་ཀོག་དེ་ཐོག་ཁག་པོ་ཞེ་དྲག་ཡོད་རེད། གསེང་གསེང་ག་ས་ག་ལ་ཤ་བྱས་བྱས། རེད་པཱ།
  • ཚེ་རིང་རྒྱལ་པོ
    འདུག་ཟེ་འདྲུ་དུས་འདི་ནས་གཅིག་དྲུས་ན་འདི་ནས་གཅིག་ཡོད་པའི་བཟོ་འདྲ་གཅིག་འདི་ནས་གཅིག ག་ས་ག་ལ་ཁོ་ཤ་རྡོག་རྡོག་བཟའ་ཡས་མེད་པ་གཅིག་ལ།  ཡོད་ཡས་ཡོད་པ་ཅིག་ལ་རྡོག་རྡོག་བཟའ་ཡས་མེད་པ་གཅིག དེ་ནང་བཞིན་བྱུང་ཟེར། ག་ས་ག་ལ་འཛུལ་བྱས། ལ་དྭགས་དམག་དེ་རི་གསེང་ག་ས་ག་ལ་འཛུལ་བྱས། དེ་ནས་གཅིག་གཏོར་གིན་གཏོར་གིན་ཡང་ཕར་ནས་ཅིག་ཡོད་པའི་བཟོ་འདྲ་གཅིག ཕར་ནས་ཅིག་གཏོར་གིན་གཏོར་གིན་འདི་ནས་ཅིག་ཡོད་པའི་བཟོ་འདྲ་གཅིག་བྱས་བྱས། རི་གསེང་འགང་ག་ལོགས་ལ་དྭགས་དམག་འཛུལ་བྱས། ཁག་པོ་ཞེ་པོ་བྱུང་ཟེར།
  • ཚེ་རིང་རྒྱལ་པོ
    རུས་ཀོག་ཐོག་པ་ནང་བཞིན་བྱུང་ཟེ་ལབ་ཙང་། དེ་ནས་བྱས་བྱས་རུ་ཐོག་ཟེར་ཡས་དེ། ར་ཞབས་ཀྱུ་རུ། ཐ་ན་རོ་ཐོ་ག་ཐོག རུ་ཐོག་ཟེ། ཡིན་ནའི་མངའ་རིས་སྐད་ནང་ལོགས་ལ་ད་ལྟ་ཡང་༿ཡའི་༾རུ་ཐོག་ཟེར་གྱི་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    ད་ལྟ་དཔེར་ན་གཅིག པུ་རང་ལ་ཡང་༿ལ་ཡའི་༾སྤུ་ཧྲེང་ཟེར་གྱི་མ་རེད། མི་ཚད་ཀྱིས་པུ་རང་ཟེར་གྱི་རེད།
  • ཚེ་རིང་རྒྱལ་པོ
    རྩྭ་རང་ལ་ཡང་༿ལ་ཡའི་༾ད་ལྟ་ཡང་༿ཡའི་༾རྩྭ་རང་ཟེར་གྱི་རེད་མ་གཏོགས་༿མ་དེ་༾། རྩྭ་ཧྲེང་ཟེར་གྱི་མ་རེད། ཨ་ནི་་་་་་རུ་ཐོག་ལ་ཡང་༿ལ་ཡའི་༾ད་ལྟ་ཡང་༿ཡའི་༾རུ་རོག་ཟེར་གྱི་རེད། རུ་ཐོག་ཟེར་གྱི་མ་རེད།
  • ཚེ་རིང་རྒྱལ་པོ
    རུ་རོག་ཟེར་ཡས་དེ་དཔེར་ན། བོད་ཀྱི་དེབ་ཐེར་གཞུང་ཡིག་ཁག་ནང་ལོགས་ལ་ཡོད་མ་རེད། སྤྱིར་བཏང་རུ་ཐོག་ཟེར་ཡས་དེ་དོན་ཡས་ཡོད་མ་རེད། མེད་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། རུ་ཐོག་ཁྱུང་རྫོང་ཟེར་ཡས་གཅིག་རྫོང་གཅིག་ཡོད་ད་ཡོད་རེད་དེ། དེ་ཞེ་དྲག་ཤུགས་ཆེན་པོ་མེད་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། དེ་ལ་དྭགས་ཀྱི་ཁོངས་སུ་གཏོགས་ཀྱི་འདུག་ག ལ་དྭགས་ཀྱི་རྒྱལ་པོའི་དགུན་ཁ་བསྡད་ས་དབྱར་ཁ་བསྡད་ས་དེ། དབྱར་ཁ་དེ་རུ་ཐོག་དེ་པར་ཡོང་། དགུན་ཁ་དེ་མར་སླད་ནས་མར་ལོག་བྱས་བསྡད་ཀྱི་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    བྱས་ཙང་དེ་ཚུར་ལེན་ཙང་། ད་དེ་སྟོད་མངའ་རིས་སྐོར་གསུམ་དེ་ག་འདྲས་ཅིག་འདུག་ཟེར་ན། སྤུ་ཧྲེང་། རྩ་ཧྲེང་། རྩ་ཧྲེང་ཡོད་ས་དེ་ག་རེ་ཟེར་ན་གུ་གེ་རེད་པཱ། ཨ་ནི་་་་་་པུ་རང་སྤུ་ཧྲེང་བྱས་གུ་གེ་བྱས། ཨ་ནི་་་་་་་རུ་ཐོག་བྱས་དེ་དག་༿དེ་གྱད་༾གསུམ་ལ་སྟོད་མངའ་རིས་སྐོར་གསུམ་ཟེ་ལབ་པ་རེད།
  • ཚེ་རིང་རྒྱལ་པོ
    ག་རེ་རེད་ཟེར་ན། རུ་ཐོག་དེ་རེད། རུ་ཐོག་མཚོ་ཡིས་བསྐོར་བ། རེད་པཱ། གུ་གེ་གཡའ་ཡིས་བསྐོར་བ། པུ་རང་གངས་ཀྱིས་བསྐོར་བ་ཟེར།
  • ཚེ་རིང་རྒྱལ་པོ
    སྟོད་མངའ་རིས་སྐོར་གསུམ་ཟེར་ཡས་དེ། སྐོར་གསུམ་སྐོར་གསུམ་སྐོར་གསུམ་ཟེ་བོད་ཀྱི་གཞུང་ཡིག་ནང་ལོགས་ལ། སྟོད་མངའ་རིས་སྐོར་གསུམ་ཟེར་ཡས་དེ་རྒྱ་ཆུང་དུ་༿རུ་༾ཞེ་དྲག་ཕྱིན་པ་རེད།
  • ཚེ་རིང་རྒྱལ་པོ
    ད་དེའི་ནང་ལོགས་ལ་དེ་ཚུད་ཡོད་མ་རེད། ལ་དྭགས་ཚུད་ཡོད་མ་རེད་ལ། ཨ་ནི་་་་་་ཟངས་དཀར་ཡང་༿ཡའི་༾ཡོད་མ་རེད། ལ་དྭགས་ཡོད་མ་རེད། ཟངས་དཀར་ཡོད་མ་རེད། ཨ་ནི་་་་་་གར་ཞ་དང་ཁུ་ནུ་དང་ཆ་ཚང་ཚུད་ཡོད་མ་རེད། སྦལ་ལི་དང་རེད་པཱ། སྔ་མ་དེ་དག་༿དེ་གྱད་༾ཆ་ཚང་། སྟོད་མངའ་རིས་སྐོར་གསུམ་ཆེ་བའི་སྐབས་ལ། སྐྱིད་ལྡེ་ཉི་མ་མགོན་གྱི་བུ་གསུམ་གྱི་སྐབས་ཀྱི་སྟོད་མངའ་རིས་སྐོར་གསུམ་དེ་རྒྱ་ཆེན་པོ་ཞེ་དྲག་རེད།
  • ཚེ་རིང་རྒྱལ་པོ
    ད་དགའ་ལྡན་ཚེ་དབང་གི་སྐ་བས་ཀྱི། རྒྱལ་དབང་ལྔ་པའི་སྐབས་ཀྱི་མངའ་རིས་ཅིག་སྐོར་གསུམ་ཟེར་ཡས་ཅིག་ཡོད་རེད་པཱ། ད་ཆུང་དུ་༿རུ་༾ཞེ་དྲག་ཕྱིན་པ་རེད།
  • ཚེ་རིང་རྒྱལ་པོ
    པུ་རང་བྱས། གུ་གེ་བྱས། དེ་བྱས་རང་རེད། པུ་རང་བྱས། གུ་གེ་བྱས། ཨོའོ་་་་་་་་རུ་ཐོག་བྱས། གུ་གེ་བྱས། པུ་རང་བྱས་དེ་དག་༿དེ་གྱད་༾གསུམ་ལས་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    སྟོད་མངའ་རིས་སྐོར་གསུམ་སྐོར་གསུམ་སྐོར་གསུམ་ཟེར་ཡས་དེ། འོ་ད་འདུག་ཟེ་བྱས་བྱས། ཨ་ནི་་་་ས་ཆ་ཡང་༿ཡའི་༾རྒྱ་ཆུང་དུ་༿རུ་༾ཞེ་དྲག་ཕྱིན་བྱས། མངའ་རིས་སྐོར་གསུམ་ཟེར་ཡས་དེ། མངའ་རིས་ཟེར་ཡས་དེ། ད་ག་པར་གོ་གི་ཡོད་རེད་ཟེར་ན། དེ་འདྲ་པོ་ཅིག་གོ་གི་ཡོད་རེད་མ་གཏོགས་༿མ་དེ་༾། སྤྱིར་བཏང་ལ་དྭགས་དེ་གོ་གི་མེད་པའི་བཟོ་འདྲ་ཅིག ད་སྐབས་དེ་དུས་བྱས་ན་རེད་པཱ། རྒྱལ་དབང་ལྔ་པ་ནས་འགོ་བཙུགས་བྱས། རྒྱལ་དབང་ལྔ་པའི་གོང་ལ་མངའ་རིས་ཟེར་ཡས་དེ་ལ་དྭགས་ཡང་༿ཡའི་༾ཚུད་ཡོད་རེད།
  • ཚེ་རིང་རྒྱལ་པོ
    འགང་ག་ལོགས་མངའ་རིས་ཁོངས་གཏོགས་ཚུད་ཡོད་རེད་པཱ། དེ་ནས་བྱས་བྱས་ལ་དྭགས་ནི་ཡང་ལ་དྭགས་ལ་དྭགས་ཁོ་རང་གཅིག་བྱས། འོ་འདུག་ཟེ་བྱས་བྱས། ཨ་ནི་་་་་་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་དེ་ད་རྫོང་བཞི་དཔོན་དྲུག་གིས་བཙུགས་བྱས། གང་གི་༿ག་གིའི་༾བར་དུ་བསྡད་པ་རེད་ཟེར་ན། ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུ་བར་དུ་བསྡད་པ་རེད་པཱ། ཨ་ནི་་་་་་་ལྔ་བཅུ་ང་དགུ་ནས་ད་བོད་ཡོངས་ལ་བཅིངས་འགྲོལ་བཏང་།  སྟོད་མངའ་རིས་ཡང་༿ཡའི་༾དེ་ནང་བཞིན་བཅིངས་འགྲོལ་བཏང་བྱས། ཨ་ནི་་་་་་ག་རེ་རེད་ཟེར་ན། ཐོག་མ་ཨ་ནི་་་་་་དམག་མིའི་སྒྲིག་གཞི་གཅིག་བཙུགས་ཡོད་རེད། སྒར་ལ།
  • ཚེ་རིང་རྒྱལ་པོ
    ཨ་ནི་་་་་་་གཞུག་གུར་ག་རེ་རེད་ཟེར་ན། མངའ་རིས་ཀྱི་ལྟེ་གནས་དེ་ད་ད་ལྟ་སེང་གེ་ཁ་འབབ་ལ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སེང་གེ་ཁ་འབབ་ལ་མངའ་རིས་ཀྱི་ལྟེ་གནས་དེ་ཆགས་པ་རེད།
  • ཚེ་རིང་རྒྱལ་པོ
    ཆགས་པ་མ་ཚད་མངའ་རིས་འོག་ལ་ད་རྫོང་ཁག་བདུན་ཡོད་རེད།
  • ཚེ་རིང་རྒྱལ་པོ
    རྫོང་ཁག་བདུན་དེ་ག་རེ་རེད་ཟེར་ན། ནུབ་ཕྱོགས་རྫོང་ཁག་བཞི་དང་ཤར་ཕྱོགས་རྫོང་ཁག་གསུམ་ཟེར་གྱི་རེད།
  • ཚེ་རིང་རྒྱལ་པོ
    ནུབ་ཕྱོགས་རྫོང་ཁག་བཞི་དེ་ག་རེ་རེད་ཟེར་ན། རུ་ཐོག་གཅིག་རེད། རྩྭ་མདའ་གཅིག་རེད། ད་གིན་ངས་ཟེར་ཡས་དེ། རེད་པཱ། ག་རེ་རེད་ཟེར་ན། རྩྭ་རང་དང་མདའ་བ་གཉིས། དེའི་སྔོན་ལ་དེ་ག་རེ་ཟེར་ན། སྲིད་གཞུང་རྙིང་པའི་སྐབས་ལ་ཁོ་གཉིས་རྫོང་ཁག་གཉིས་རེད་པཱ།
  • ཚེ་རིང་རྒྱལ་པོ
    རྩ་རང་ནི་རྩྭ་རང་རྫོང་གཅིག་རེད། མདའ་བ་ནི་མདའ་བ་རྫོང་གཅིག་རེད། མདའ་བ་བཀྲ་ཤིས་ལྷུན་པོ་ཟེ་ཡང་དགོན་པ་སྐད་གྲགས་ཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    རྩྭ་རང་ལ་ཡང་༿ལ་ཡའི་༾དགོན་པ་ཡོད་རེད། མཐོ་གླིང་དང་གཅིག་གཅིག་ཞེ་དྲག་ཡོད་རེད། རྒྱས་པོ་ཞེ་དྲག་ཡོད་རེད། རིག་གཞུང་དང་ཞེ་དྲག་བསྡད་ཡོད་རེད། ད་དེའི་གཞུག་གུར་རྩྭ་མདའ་ཟེ་རྫོང་གཅིག རྫོང་ཨུ་ཡོན་ལྷན་ཁང་བཙུགས། རྫོང་གི་ལྟེ་གནས་དེ་ག་པར་འཁེལ་གྱི་ཡོད་རེད་ཟེར་ན། མཐོ་གླིང་དགོན་པ་ཡོད་ས་དེ་ལ་རྫོང་མཁར་དེ་དེར་བཙུགས་ཡོད་རེད། ཨ་ནི་་་་་དེ་བྱས། ག་རེ་ཟེར་ན་པུ་རང་། པུ་རང་དེ་རྫོང་གཅིག་རེད། སྒར་དེ་དེ་སྔོན་གྱི་སྒར་སྤྱི་ཁྱབ་ཡོད་ས་སྒར་དེ། རྫོང་གཅིག་བཙུགས་པ་རེད།
  • ཚེ་རིང་རྒྱལ་པོ
    དེ་ག་རེ་རེད་ཟེར་ན། ནུབ་ཕྱོགས་ཀྱི་རྫོང་བཞི་ཟེར་གྱི་རེད། དེ་གཙོ་ཆེ་ཤོས་ས་མ་འབྲོག་དང་ཞིང་པ་ས་ཆ་རེད། ཨ་ནི་་་་་་དེ་ནས་ཤར་ཕྱོགས་ལ་རྫོང་ཁག་གསུམ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་ལྟ་མཚོ་ཆེན་བྱས། སྒེར་རྩེ་བྱས། དགེ་རྒྱས་བྱས། ད་དེ་ཚོ་འགང་ག་ལོགས་ཚོ་པ་རྐྱང་རྐྱང་རེད། སྔ་མ་ཡིན་ན་སྤྱི་ཚོགས་རྙིང་པའི་སྐབས་ལ་ཚོ་པ་རྐྱང་རྐྱང་རེད། འབྲོག་པ་རྐྱང་རྐྱང་རེད་ཁོང་ཚོ། ཞིང་པ་ཡོད་མ་རེད། འབྲོག་པ་བྱས། ཚོ་པ་དེ་ཡང་༿དེ་ཡའི་༾འབྲོག་པའི་ས། ཚོ་པའི། ཚོ་པ་ཟེར་ཡས་གཅིག་ཡོད་རེད་པཱ།
  • ཚེ་རིང་རྒྱལ་པོ
    ཚོ་པ་བྱས། ཚོ་པའི་ཁོ་རང་ཚོ་མགོ་པ་བྱས་བྱས། དེ་འདྲས་ཀྱི་ད་ཡང་རིག་གཞུང་དང་ག་ནས་ཡིན་ནའི་འདྲ་གི་མ་རེད།
  • ཚེ་རིང་རྒྱལ་པོ
    རྫོང་ཁག་ནུབ་ཕྱོགས་རྫོང་ཁག་བཞི་དང་མ་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་རེད། ཡང་ཁོ་རང་ཚོར། ད་ཞང་ཞུང་དང་ཅིག་མང་པོ་གཅིག་གི སུམ་པ་དང་ལོ་རྒྱུས་དང་རིག་གཞུང་དང་མང་པོ་གཅིག་འདྲེས་བསྡད་པ་གཅིག་ལ། ཨ་ནི་་་་་་་འབྲོག་པའི་འཚོ་བ་སྐྱེལ་མཁན་༿སྐྱེལ་ཉན་༾ཡིན་པ་ལ་ས་ཆ་ཡང་༿ཡའི་༾མཐོན་པོ་ཡིན་པ། ས་ཆ་མཐོན་པོ་ཡིན་པ་ལ་རི་མཐོན་པོ་ཞེ་དྲག་མེད་པ།
  • ཚེ་རིང་རྒྱལ་པོ
    རི་རྦད་དེ་རི་འགང་ག་ལོགས་རི་ཆུང་ཆུང་རྐྱང་རྐྱང་། ཨ་ནི་་་་དེ་འདྲས་ཀྱི་སྡིངས་སྡིངས་སྒང་ལ། གངས་བཟོ་འདྲ་བྱས་དེ་འདྲས་དཀྱིལ་ལ་ཆགས་བསྡད་པའི་༿ཉན་༾ས་ཆ། འབྲོག་པ་རྒྱ་ཆེན་པོ་ཡིན་པ་ལ། ཨ་ནི་་་་་་ཁོ་རང་ཚོ་ཚོ་པའི་དེ་འདྲས་ཀྱི་སྒྲིག་གཞི་ཡོད་པ། ཡང་ཁོ་རང་ཡུལ་ལྷ་དང་ལྷ་གསོལ་ཡས་དང་ཅིག མང་པོ་ཅིག་རྦད་དེ་ཆ་ཚང་བ་ཡོད་པ་དེ་རེད་དེ། ད་ལྟ་མངའ་རིས་མང་ཆེ་བ་ལོ་རྒྱུས་དང་ཞིབ་འཇུག་བྱེད་མཁན་༿བྱེད་ཉན་༾མང་ཆེ་བ་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་མང་ཆེ་བ་རེད།
  • ཚེ་རིང་རྒྱལ་པོ
    མངའ་རིས་མངའ་རིས་ཟེར་ཡས་དེ་རུ་ཐོག་པུ་རང་བྱས། གུ་གེ་བྱས། དེ་དག་༿དེ་གྱད་༾ཀྱི་ལོ་རྒྱུས་དང་དེ་དག་༿དེ་གྱད་༾མང་ཆེ་བ་གལ་ཆེ་བ་ལ་བརྩི་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ད་ཡུལ་སྐོར་སྤྲོ་འཆམ་འགྲོ་མཁན་༿ཉན་༾ཡིན་ནའི་འདྲ། རྩོམ་པ་པོ་མཁས་པ་དེ་འདྲས་ཡིན་ནའི་འདྲ། སྙན་ངག་པ་མཁས་པ་དེ་འདྲས་ཡིན་ནའི་འདྲ། ལོ་རྒྱུས་པ་མཁས་པ་དེ་འདྲས་ཡིན་ནའི་འདྲ། ཨ་ནི་་་་་་གནའ་ཤུལ་དེ་འདྲས་ཞིབ་འཇུག་བྱེད་མཁན་༿ཉན་༾མཁས་པ་ཡིན་ནའི་འདྲ། འགང་ག་ལོགས་དེར་འགྲོ་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    མངའ་རིས་ཟེར་ཡས་དེ། ཡིན་ནའི་དེ་ཤར་ཕྱོགས་ཀྱི་རྫོང་ཁག་གསུམ་དེར་ཞེ་དྲག་འགྲོ་མཁན་༿ཉན༾ཟེ་ཡོད་མ་རེད་དེ། ད་ཡིན་ནའི་ཤར་ཕྱོགས་རྫོང་ཁག་དེ་ལ་རིག་གནས་ག་རེ་ཡིན་ནའི་ཁྱད་ཆོས་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཡོད་རེད་ལ། སྔ་མ་བྱས་པ་ཡིན་ན། ཡང་ཁོ་ཚོ་མགོ་པ་དང་དཔོན་པོ་རེད་པཱ།
  • ཚེ་རིང་རྒྱལ་པོ
    དེ་འདྲས་ཀྱི་སྒྲིག་གཞི་བྱས་བྱས། འོ་དེ་འདྲས་ཅིག་བསྡད་པ་གཅིག་༿བསྡད་དགྱོ་གཅིག་༾བྱས་བྱས། འདུག་ཟེ་བསྡད་བསྡད་ཡོད་རེད་ལ། ཨ་ནི་་་་་་་ད་ལྟ་ཡང་༿ཡའི་༾ཁོ་ཚོ་ལུགས་སྲོལ་དང། གོམས་གཤིས་འདྲ་གི་མ་རེད་ལ། ཨ་ནི་་་་་དུག་ལོག་དང་ག་རེ་ཡིན་ནའི་འདྲ་གི་མ་རེད། ག་རེ་རེད་ཟེར་ན། ཁོ་ཚོ་མང་ཆེ་བ་ཏོག་ཙམ་༿ཏིག་ཙ་༾ག་པར་འདྲ་བ་ཡོད་རེད་ཟེར་ན། ནག་ཆུ་དང་ཐག་ཉེ་ཙམ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ནག་ཆུའི་འབྲོག་པ་དང་། ཧོར་གྱི་ལུགས་སྲོལ་དེ་ཚོ་ཏོག་ཙམ་༿ཏིག་ཙ་༾ཐག་ཉེ་ཙམ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཁོ་ག་རེ་ཟེར་ན། འབྲོག་པ་རང་རེད་པཱ། སྐད་དང་ལུགས་སྲོལ། སྐད་དེ་ཡང་འདྲ་གི་མ་རེད། ཁོ་ཚོ་མངའ་རིས་ཟེར་ཡས་དེ། ད་ལྟ་མངའ་རིས་ཟེར་ཡས་དེ། ནག་ཆུ་དང་འདྲ་པོ་ཡོད་པ་གཅིག་མི་འགང་གས་དེ་འདྲས་༿ཨེ་འདྲས་༾ཟེ་གོ་གི་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཨོའོ་མངའ་རིས་ཟེར་ཡས་དེ་ནག་ཆུ་དང་འདྲ་པོ་མེད་འགྲོ། ནག་ཆུ་དེ་ཡང་༿དེ་ཡའི་༾ཧོར་གྱི་ལུང་པ་རེད་པཱ། ཨ་ཕོ་ཧོར་ཟེར་ན་ཧོར་གྱི་ལུང་པ་རེད་པཱ། ཧོར་འདྲ་པོ་ཅིག་མེད་འགྲོ་བསམ་གྱི་ཡོད་རེད་དེ། དེ་དངོས་འབྲེལ་བྱས་ན་མ་རྦད་དེ་ནོར་བ་རེད།
  • ཚེ་རིང་རྒྱལ་པོ
    རྦད་དེ་ནོར་བ་རེད། མངའ་རིས་སྐོར་གསུམ་ཟེར་ཡས་དེ། ཁོ་ཞིང་པ་རྦད་དེ་ཞིང་པ་ཡིན་པ་ལ་གཞིས་ཀ་རྩེའི་༿གི་༾ད་ལྟ་སྐྱིད་རོང་ངོས་ཀྱི་འདྲ་པོ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    སྐྱིད་རོང་བྱས་དེ་ནས་རྦད་དེ་མར་རོང་ལ་ཆགས་མཁན་༿ཉན་༾དེ་ཚོ། དེ་ཚོ་འགང་ག་ལོགས་འདྲ་པོ་འདྲ་པོ་གཅིག རིག་གཞུང་ལོག་ཁག་རེད་ལ། ལོ་རྒྱུས་སྔ་མའི་ལོ་རྒྱུས་ལོག་ཁག་རེད་ལ། རིག་གཞུང་ལོག་ཁག་རེད་ལ། ཨ་ནི་་་་་་་དུག་ལོག་དང་ག་རེ་ཡིན་ནའི་རེད་པཱ། ཨ་ནི་་་་གཞས་དང་དེ་ཚོ། ཨ་ནི་་་་་་དཔེར་ན་ཆ་བཞག་ན། དེ་ལ་ནུབ་ཕྱོགས་དེ་ཚོ་ལ་དེ་ཅིག་ཡོད་རེད། ཤོན་ཟེར་ཡས་གཅིག་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དཔེར་ན་ཆ་བཞག་ན། རུ་ཐོག་ཤོན་སྣ་བཅུ་གསུམ་རེད་པཱ། ཨ་ནི་་་་གཞས་ཆེན་བཅོ་བརྒྱད་ཟེར་ཡས་དང། མང་པོ་ཞེ་པོ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    དེ་ཚོ་འགང་ག་ལོགས་དབུས་གཙང་དང་འདྲ་པོ་འདྲ་པོ་རེད། དཔེར་ན་ཆ་བཞག་ན། རིག་གནས་ཅིག་ཆ་བཞག་ན། ཨ་ནི་་་་་་ད་གིན་ནང་མ་དང་དེ་ཚོ་ནི་ཕ་ནས་ཚུར་དར་བ་༿དར་དགྱོ་༾རེད་པཱ། དེ་ཚོ་འགང་ག་ལོགས་ཡང་མངའ་རིས་ཀྱི་བྱང་་་་་་་ཤར་ཕྱོགས་ཀྱི་རྫོང་ཁག་གསུམ་དང་འདྲ་གི་ཡོད་མ་རེད།
  • ཚེ་རིང་རྒྱལ་པོ
    ད་རྗེས་མ་ང་ཚོས་ཤུགས་བརྒྱབ་དགོས་ཡས་དེ། ཤར་ཕྱོགས་ཀྱི་ལོ་རྒྱུས་དང་ཤར་ཕྱོགས་ཀྱི་དེ་ཡང་༿དེ་ཡའི་༾གལ་ཆེ་པོ་ཞེ་དྲག་ཡོད་རེད། ཁོང་ཚོར།
  • ཚེ་རིང་རྒྱལ་པོ
    ཨ༷ད་ད་གིན་ངས་ཟེར་གྱི་ཡོད། དེ་ག་རེ་ཟེར་ན། ད་ལྟ་འདྲེ་རིས་ཟེར་ཡས་རི་མོ་ཅིག་ཡོད་རེད་པཱ། དེ་ཚང་མ་ཤར་ཕྱོགས་ལ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    ཐོག་མདེལ་གྱི་རིག་གནས་ཅིག་ཡོད་རེད་པཱ། ཁག་གཅིག་རིག་གནས་གཅིག དེ་ཤར་ཕྱོགས་ལ་ཡོད་རེད། ཨ་ནི་་་་་བང་སོ་གཅིག བང་སོ་འདྲ་པོ་གཅིག་ཡོད་རེད་པཱ། རྡོ་ཁྱད་མཚར་པོ་དེ་འདྲ་རྡོ་རིང་སྣ་མིན་སྣ་ཚོགས་ཀྱི་རིག་གཞུང་ཅིག་ཡོད་རེད་པཱ། དེ་ཚོ་འགང་ག་ལོགས་ཤར་ཕྱོགས་ལ་ཡོད་རེད།
  • ཚེ་རིང་རྒྱལ་པོ
    བྱས་ཙང་མངའ་རིས་དེ་ས་ཆ་རྒྱ་ཆེན་པོ་ཡིན་པ་ལ་རིག་གཞུང་མ་འདྲ་བ། རེད་པཱ། དེ་འདྲས་ཕུན་སུམ་ཚོགས་པའི་ས་ཆ་དེ་འདྲས་གཅིག་ཆགས་བསྡད་ཡོད་རེད། འོ་ད་དེ་ལོ་རྒྱུས་མདོར་བསྡུས་དེ་འདྲས་འདྲ་པོ་ཅིག་རེད༎ ༎