Skip to main content Skip to search
29 Sep 2014
6 min 54 sec
Rating
0
No votes yet
Video Overview
Creators: 
Rinzin Dema

༉  ཧཱ་རྫོང་ཁག་ལུ་ ལོ་བསྟར་གྱི་ཚེས་བཅུའི་སྐབས་སྤུངས་འཛོམས་འབད་མི་སྐུ་མགྲོན་ཆེ་འབྲིང་ཆུང་གསུམ་ཡོངས་ལུ་ བོད་སྒྲའི་གླུ་གཞས་ཙན་དན་སྡོང་པོ་འདི་ ལེའུ་འཁྲབ་སྟེ་ཕུལཝ་ཨིན་མས། འབོད་སྒྲའི་གླུ་གཞས་འདི་ ཡོངས་གྲགས་ལུ་ དང་ཕུ་དཔོན་གྱི་ཕྱག་ཞུ་མི་འབོད་སྒརཔ་ཚུ་གིས་རྐྱབ་རྐྱབ་འབདཝ་ལས་བརྟེན་ཏེ་ དེ་བཟུམ་གྱི་གླུ་གཞས་སྒོར་སྒོརམ་འབད་རྐྱབ་བཏུབ་མི་གླུ་གཞས་ཀྱི་རིགས་ཚུ་ལུ་ འབོད་སྒྲ་ ཟེར་སླབ་ཨིནམ་དང་ འབོད་སྒྲ་འདི་ ཧེ་མ་ཕམ་ཆ་ཁྱབ་ཀྱིས་བརྩམས་གནང་གནངམ་གི་ཚིག་ ག་ནི་བ་ཧན་པ་ལུ་ བྱིན་རླབས་ཅན་གྱི་ཚིག་ཚུ་ཡོདཔ་ལས་ ད་རེས་ནངས་པའི་ན་གཞོན་ཚུ་གིས་ཧ་མ་གོ་བར་ འབོད་སྒྲ་དང་གཞུང་སྒྲའི་གླུ་གཞས་ཚུ་ལུ་ གནམ་མེད་ས་མེད་སྤྲོ་བ་བསྐྱེད་མི་ཅིག་མེདཔ་ལས་ དང་ཕུ་གི་གླུ་གཞས་ཚུ་ ཉམས་དང་ཉམས་བཞིན་དུ་ཡོདཔ་ཨིན།

Show More

  • རྫོང་ཁག་ཞབས་ཁྲ་བརྐྱབ་མི་ Dzongkhag Performers
    ཤར་ཕྱོགས་ལ་གོས་དཀར་ལ་མོའི་ལ་སྟོད་ན་ལ་ལ་ཞོལ་ན། །ལ་སྟོད་ལ་ཡས་ལ་ཁ་བ་ཆེ་ཙམ་འདུག་ལ་ཆུང་ཙམ་འདུག། །
  • རྫོང་ཁག་ཞབས་ཁྲ་བརྐྱབ་མི་ Dzongkhag Performers
    ཁ་བ་ལ་ཆེ་བ་རྣམས་སུ་ཁྲི་གདུགས་ཤར་ལ་ཉི་མ་ཤར། །ལ་ང་དང་ཁྲི་གདུགས་ཉི་མ་ཤར་ནས་ཡོང་ལ་འཕྲོས་ནས་ཡོང་། །
  • རྫོང་ཁག་ཞབས་ཁྲ་བརྐྱབ་མི་ Dzongkhag Performers
    ལྷ་ས་ལ་འཇོ་ལ་འབྱུང་བ་གླིང་ལ་དབྱངས་ཅན་རུ་རུ།།སོང༌ཡ༌ལ༌