Skip to main content Skip to search
28 Aug 2018
7 min 23 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Ugyen

རྩང་མོ་ཟེར་མི་འདི་ རང་རང་སོ་སོའི་ཚོར་བ་དང་བསྟུན་པའི་ཚིག་དང་ གདངས་དབྱངས་མ་འདྲཝ་ལེ་ཤ་ཅིག་གི་ཐོག་ལས་ རང་རྐྱང་གི་སེམས་ཀྱི་ཚོར་བ་ཚུ་ གཞན་མི་ལུ་བརྡ་དོན་སྤྲོད་མི་ཅིག་ལུ་གོ་ནི་དང་ དེ་ཡང་ དགའ་བ་ སྐྱོ་བ་ བསྟོད་པ་ སྨད་པ་ལ་སོགས་པའི་ཚོར་བ་ཚུ་ གཞན་ལུ་བརྡ་དོན་ཚུ་སྤྲོདཔ་ཨིན། རྩང་མོ་འདི་ གདངས་དབྱངས་ཧན་ཏོང་ཏོ་གི་སྒོ་ལས་ཚིག་ཚུ་འཐེན་ནི་མ་གཏོགས་ རྐངམ་གིས་བྲོ་ལ་སོགས་པ་འཁྲབ་ནི་མེདཔ་ཨིན། ད་ལྟོའི་རྩང་མོ་འདི་ ག་ར་སླ་བསྲེ་སྦེ་འཐེན་ཡོདཔ་ད་ མ་གཞི་ངོ་མ་འགྲན་བསྡུར་འབད་ཨིན་པ་ཅིན་ ཕར་ལོགསམ་དང་བསྟུན་ཏེ་ ཕར་ལས་དགྲ་བཏང་པ་ཅིན་ལན་ཡང་དགྲ་འབད་དང་ གཉེན་བཏང་པ་ཅིན་ ལན་ཡང་གཉེན་འབད་འཐེན་ཏེ་ མཇུག་ལུ་འཆམ་ཁ་བཟོ་སྟེ་འཐེནམ་ཨིན། ད་ལྟོའི་ གློག་བརྙན་འདི་ནང་ མ་འདྲཝ་ག་ཅི་འདུག་ཟེར་བ་ཅིན་ གཡུས་ཁའི་ཨམ་སྲུ་ཚུ་གིས་ ལཱ་འབད་ཡི་ར་རྩང་མོ་འདི་འཐེན་ནི་འདུག འདི་གི་དོན་དག་གཙོ་བོ་ར་ ཁོ་ར་ལཱ་འབད་བའི་སྐབས་སུ་ འུ་སྡུགཔ་མ་ཚོར་བར་ དགའ་སྤྲོའི་སྣང་བ་ཤར་ནིའི་དོན་ལུ་ཨིན་མས།

Show More

  • ཚེ་རིང་གཡུ་སྒྲོན་ Tshering Youden
    སེམས་ཅན་སྟག་གི་གུ་ལ། །རི་མོ་འབྲི་མཁན་སུ་རེད། ། བུ་མོ་ང་ཡི་རྒྱབ་ཏུ། །བཀོད་རྒྱ་ཞེས་མཁན་སུ་རེད། །
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    ཤར་ཕྱོགས་རི་བོའི་རྩེ་ལ། །མ་བཞེངས་ལྷ་ཡི་མཆོད་རྟེན། ། ཉིན་ཟླ་མགུ་གིས་བསྐོར་ཚེ། །བཞེངས་པ་ལ་ཡང་ལྷ་་་་། །
  • ཚེ་རིང་གཡུ་སྒྲོན་ Tshering Youden
    ཚེས་ཆེན་བཅོ་ལྔའི་ཟླ་བ། །ཤར་ཏ་ང་ལ་ཤར་སོང་། ། ལས་ངན་སྤྲིན་པོ་གཅིག་ལ(གིས)། །བར་ཆད་ཨ་ལེ་བྱུང་སོང་། །
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    སྤགས་པ་བརྒྱ་འཐོན་སྟོང་འཐོན། །འགལ་མཁན་ང་རང་གཅིག་པུ། ། ཕར་ཁ་རུ་ལུང་རུ་ལུང་། །ཚུར་ཁ་རུ་ལུང་རུ་ལུང་། །
  • ཚེ་རིང་གཡུ་སྒྲོན་ Tshering Youden
    ཕར་རི་ཤོག་རྩལ་བསྒུར་བསྒུར། །ཚུར་རི་ཤོག་རྩལ་བསྒུར་བསྒུར། ། བསྒུར་ན་མཉམ་དུ་བསྒུར་ཤིག །མ་བསྒུར་རང་རང་སོ་སོ། །
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    སྤང་ལ་ཤ་ཡོད་ཟེར་ཏེ། །མདའ་མོ་བཀུག་སྟེ་འདུག་ཤིག ། ཆུ་ལ་ཉ་ཡོད་ཟེར་ཏེ། །མིག་ཁར་བསྒུག་སྟེ་འདུག་ཤིག །
  • ཚེ་རིང་གཡུ་སྒྲོན་ Tshering Youden
    གཡུ་འདི་སྔོན་མོ་དགོ་ན། །ང་རང་སྐེ་ལ་བཏགས་ཡོད། ། ཆུ་ཡི་རྡོ་གཡུ་སྔོན་མོ། །བཏགས་དགོ་བསམ་པ་མིན་འདུག །
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    ཕར་ཕར་བྲག་གི་ལོགས་ལ། །བྲག་མའི་ཤེལ་གྱི་མཆོད་རྟེན། ། བསྐོར་ར་བསྐོར་པི་མ་གཏོགས། །དད་པ་ཆེ་ཏ་མ་ཆེ། །
  • ཚེ་རིང་གཡུ་སྒྲོན་ Tshering Youden
    རྒྱ་ལམ་ལྟག་པའི་མཆོད་རྟེན། །ནང་གཟུངས་ཅི་བཙུགས་མ་ཤེས། ། བསྐོར་བ་བསྐོར་ཏེ་མ་གཏོགས། །དད་པ་ཆེ་ས་མིན་འདུག །
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    ཆུ་མོ་ཆུ་རིས་གཤིབ་གཤིབ། །ཟམ་པའི་འོག་གི་ཆུ་མོ། ། ཉ་མོ་ཉ་རིས་གཤིབ་གཤིབ། །གཤོག་ཐེ་ཆག་སྟེ་གཤིབ་གཤིབ། །
  • ཚེ་རིང་གཡུ་སྒྲོན་ Tshering Youden
    ཆུ་མོ་ཉ་ཡོད་ཟེར་ཏེ། །ལག་པ་དག་སྟེ་འདུག་་་་་་་་ [ཉེ་ཁར་བསྒུག་སྟེ་འདུག་ཤིག ། བྲག་གི་བྲང་ཡོད་ཟེར་འདི། །ལག་པ་དག་སྟེ་འདུག་ཤིག །?]
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    ཆུ་ཅིག་དབོག་པར་སོང་ན། །ཨེ་མ་ལ་ཅིག་ཕྲཱ་དེས། ། ཤིང་ཅིག་འཐུ་བར་སོང་ན། །ཅོ་ཀ་ཤིང་ཅིག་ཕྲཱ་དེས། །
  • ཚེ་རིང་གཡུ་སྒྲོན་ Tshering Youden
    ཆུ་ལ་སྐྱོ་རོགས་ཉ་མོ། །བྲག་ལ་སྐྱོ་རོགས་འུག་པ། ། ལས་ངན་ཅན་གྱི་སྤྲང་མོ། །སྐྱོ་རོགས་བྱེད་མཁན་མིན་འདུག །
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    ཤར་ཕྱོགས་རི་བོའི་རྩེ་ལ། །སྨུག་པའི་རིམ་པང་ཤིབ་ཤིབ། ། སྨུག་པའི་རིམ་པང་མ་རེད། །རང་སེམས་དགའ་བའི་རིམ་པང། །
  • ཚེ་རིང་གཡུ་སྒྲོན་ Tshering Youden
    ཤིང་གཅིག་པདྨའི་ལྗོན་ཤིང་། །སྤོག་པའི་རྩེ་ལ་ཆགས་ཡོད། ། བྱ་གཅིག་སྐལ་བཟང་སྒྲོལ་མ། །ཤིང་མོའི་རྩེ་ལ་ཆགས་ཡོད། །
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    བྱ་རེད་སྐམ་པའི་སྤོག་པ། །ཀོང་བུ་མི་གི་ཁྱེར་དོ་་་་་་ སྡོང་རས་མི་གིས་འཁལ་དོ། ། སྡོང་རས་མི་གིས་འཁལ་རུང་། །ཀོང་བུ་ང་འབངས་ཟེར་ཤིག །
  • ཚེ་རིང་གཡུ་སྒྲོན་ Tshering Youden
    ང་ནི་གསེར་གྱི་བུམ་པ། །ཁྱོད་ནི་དངུལ་གྱི་བུམ་པ། ། ཁྲུས་ཆུ་མཉམ་པོར་བླུགས་པ། །གཡང་ཟ་སྟེ་རང་མ་ཚུགས། །
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    ཁྱོད་རང་མཁས་པ་ཡོད་ན། །བོལ་མ(བྱེ་མ)ཐག་པ་འཁལ་ཤོག ། ང་རང་མཁས་པ་ཡོད་ན། །རྡོ་ལ་མ་ཎི་བཞེངས་པ། །
  • ཚེ་རིང་གཡུ་སྒྲོན་ Tshering Youden
    ལམ་ལ་རྒྱ་གྲམ་སྦུག་ལ། །གནག་ཐག་ནག་པོ་དཔྱངས་ཡོད། ། སྟག་ཤར་ཤི་བའི་བསྒང་ལ། །རོ་བསྡམས་གཏང་རྒྱུ་ཨིན་བ། །
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    ཕར་རི་བརྒྱ་བྲམ་སྦུག་ལས། །ཙི་ཙི་རོ་བ་ཤི་ཡོད། ། སྨན་ཆུང་ཤི་རིགས་ཤི་ཚད། །ཚོད་མ་བཅོ་རྒྱུ་ཡིན་པ། །
  • ཚེ་རིང་གཡུ་སྒྲོན་ Tshering Youden
    ཨོ་འདི་མར་ཁར་བལྟ་ན། །ཨོམ་ཆུ་ལྟམ་ལྟེམ་གསུམ་ཡོད། ། ག་ཏྲ་འབག་སྟེ་སོང་ན། །ཡོན་ཆབ་བཏུབ་པའི་ཆུ་མེད། །
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    ཨོ་འདི་ཡར་ཁར་བལྟ་ན། །ཤིང་མོ་ཤ་ར་ཤོ་རོ། ། སྟག་རེ་འབག་སྟེ་སོང་ན། །བཟོ་ཤིང་བཏུབ་པའི་ཤིང་མེད། །
  • ཚེ་རིང་གཡུ་སྒྲོན་ Tshering Youden
    ཨོ་ཏ་སིང་སིང་སྤྲེ་མ། །ཏར་བྱ་མེར་བྱ་འོང་དོ། ། ཐོབ་ན་དངུལ་ཤན་བཏགས་མཁན། །མ་ཐོབ་ཟངས་ཤན་བཏགས་མཁན། །
  • བསོད་ནམས་དཔལ་སྐྱིད་ Sonam Pekey
    ཁམ་བུའི་ཁམ་ཤིང་རིང་ནས། །ལག་པས་ལེན་ས་མིན་འདུག ། འབྲས་བུའི་ཐུགས་ལས་ཡོད་ན། །སྤང་ལ་བསྒྲིལ་ཏེ་ཤོག་ཤིག། །།