Video Overview
Leki Dolma sang two different Tsangmo ballads, one aspirational ballad and the other laudatory Tsangmo, expressed through examples such as a godly bird (ལྷ་བྱ་གོང་མོ་) flowing in a river and cloudy sky with rain. The first stanza of the ballad shows the aspiration to be a calmly flowing river, so that the godly bird can swim in the river without any disturbance. The second stanza of the ballad is a laudatory Tsangmo, because the verses claim that the rain falling from the sky is holy water that would purify any defilements of the body.
- ལས་སྐྱིད་སྒྲོལ་མ་ Leki Dolmaཆུ་མོ་ལ་ཆུ་སྒྲ་ཞིབ་ཞི། །རླུང་གི་གཡབ་སྒྲ་ཨིན་པ། །ལྷ་བརྒྱ་བྱིན་ཐེ་ཚོམ་མེད་པ་མཚོ་མོའི་ཁ་ལ་ལྡིངས་ཤོག་ཟེར་ གང་ཡིན་ཏེ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukག་ཅི་སྨོ་ད་ དོན་དག་འདི་ག་ཅི་སྨོ་ཨ་ནཱི་གི་ རྩང་མོ་གི་དོན་དག? བཤད་པ་ཅིག་གནང་ཤིག
- ལས་སྐྱིད་སྒྲོལ་མ་ Leki Dolmaའོང་བཤད་པ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukབཤད་པ་གནང་ཤིག
- ལས་སྐྱིད་སྒྲོལ་མ་ Leki Dolmaཨའེ་ ཆུ་ལེགས་ཤོམ་སྦེ་ ཞིབ་སྟེ་འགྱོ་འགྱོཝ་སྡོད་སྡོདཔ་ཨིན་ཟེར་ ཨིན་པས་ ཆུ་མོ་ཆུ་སྒྲ་ཞིབ་ཞིབ་ཟེར།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་།
- ལས་སྐྱིད་སྒྲོལ་མ་ Leki Dolmaའེང་་་རླུང་གི་ཡར་སྒྲ་ཨིན་པ་ཟེརཝ་མས་མེན་ན་ ལྷ་བྱ་ཐེ་ཚོམ་མེད་པ་མཚོ་མོའི་ཁ་ལ་ལྡིངས་ཟེརཝ་མས་མེན་ན་ རོགས་ཆུ་ལེགས་ཤོམ་སྦེ་ཞིབ་ཞིབ་སྡོད་སྡོདཔ་ཨིན་ ཞིབ་ཞིབ་བཟུམ་སྦེ་ ལེགས་ཤོམ་སྦེ་སྡོད་སྡོདཔ་ཨིན་ མི་འབད་བ་ཅིན་ གཏམ་གྱི་འབྲས་བུ་འབད་བ་ཅིན་ ཨ་་་ཟེར།
- ལས་སྐྱིད་སྒྲོལ་མ་ Leki Dolmaཆུ་མོ་ཆུ་སྒྲ་ཞིབ་ཞིབ། རླུང་གི་གཡབ་སྒྲ་ཨིན་པ་ཟེརཝ་ད་ ཨ་ནཱི་ཆུ་གུ་རླུང་མ་ཕོག་སྟེ་ཟེར་ཨིན་པས་ ཨ་་་རླུང་གི་གཡབ་སྒྲ་ཨིན་པ། ལྷ་བྱ་ཐེ་ཚོམ་མེད་པ་ཟེར་ མི་གི་བར་ན་གནམ་མེད་ས་མེད་འོང་སྟེ་ གཅིག་གིས་ འདི་འབད་ཤིག་ གཅིག་གིས་འདི་འབད་ཤིག་ཟེར་ སླབ་མས་མེན་ན་ང་བཅས་ར་ ཇའུ་ཇའུ་བཏང་།
- ལས་སྐྱིད་སྒྲོལ་མ་ Leki Dolmaའ་ནཱི་ དེ་སྦེ་འབད་བའི་བར་ན་ རླུང་གི་གཡབ་སྒྲ་ཨིན་པ། ལྷ་བྱ་ཐེ་ཚོམ་མེད་པ། རླུང་གི་གཡབ་སྒྲ་ཨིན་པ། མཚོ་མོའི་ཁ་ལ་ལྡིངས་ཤོག་ཟེར་ དེ་འབདཝ་ཆུ་ཡང་ ཁ་ཡར་ལོག་དགོཔ་ཐོན་སོང་ཡི་ཟེར་ཨིན་པས་ ཙིགཔ་ཟ་སྟེ་ འ་ནཱི་སྦེ་ ཙིགཔ་ཟཝ་མས་མེན་ན་ ང་བཅས་ཀྱིས་ དཀྲོག་མི་འོངམ་ད་ འ་ནཱི་གཏམ་དེ་སྦེ་ཨིན།
- ལས་སྐྱིད་སྒྲོལ་མ་ Leki Dolmaཨིན་པས་ག་ ཨིན་ན་ མེན་པས་ག་ ཁྱོད་ཚུ་གིས་ཤེས་སྦ་ཏེ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཁྱོད་ར་གིས་ཤེས་ད།
- ལས་སྐྱིད་སྒྲོལ་མ་ Leki Dolmaཨ་་་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཁྱོད་ར་གིས་ཤེས་ས།
- ལས་སྐྱིད་སྒྲོལ་མ་ Leki Dolmaཧེ་་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukང་གིས་འདི་མི་ཤེས།
- ལས་སྐྱིད་སྒྲོལ་མ་ Leki Dolmaཁྱོད་ཚུ་གིས་ཡང་འཐེན་དོ་འོང་ ཨིན་པས་ག་ཟེར་ཏེ?
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཨིན་ཡང་ཨིནམ་འོང་ལགས།
- ལས་སྐྱིད་སྒྲོལ་མ་ Leki Dolmaཨིན་ན?
- ཡེ་ཤེས་དབང་ཕྱུག་ Yeshi Wangchukང་གིས་མི་ཤེས་པས་ལགས།
- ལས་སྐྱིད་སྒྲོལ་མ་ Leki Dolmaཆུ་མོ་ཆུ་སྒྲ་ཞིབ་ཞིབ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukད་རུང་ ཕུད་རྡོག་གཅིག་གཉིས་རེ།
- ད་ལྟོ་འདི་ནམ་ཡང་མི་རྫོགས་ཨ་ནཱི་ཨའི་གི་ ཨ་ནཱི་ཨ་མ་དང་གཅིག་ཁར་སྡོད་པ་ཅིན་ཁྱོད།
- ལས་སྐྱིད་སྒྲོལ་མ་ Leki Dolmaཧི་ཧི་་་་།
- ཟླཝ་ཡང་འགོར་འོང་ད།
- ལས་སྐྱིད་སྒྲོལ་མ་ Leki Dolmaནམ་མཁའི་དབྱིངས་ལས་ལ་གཟིགས་ད། སྤྲིན་མོ་བཀྱག་རི་ལ་ཞིབ་ཞིབ། གནམ་ལས་བབས་པའི་སྦྲང་ཆར། བདུད་རྩི་ལ་མིན་ན་གང་ཡིན་ཟེར།
- ལས་སྐྱིད་སྒྲོལ་མ་ Leki Dolmaཡར་གནམ་ཁར་ལུ་ ས་སྨུག་ཡོད་རུང་ཟེར་ སྤྲིན་མོ་ཟེར་མི་འདི་ ས་སྨུག་ཨིན་པས་མེན་ན་ བཀྱག་རི་ཞིབ་ཞིབ་སྡོད་རུང་ཟེར་ ས་སྨུག་ཨིན་རུང་ གནམ་ཁར་ལས་འབབ་པའི་ཆརཔ་ཨིན་པས་ཟེར་ བདུད་རྩི་བཟུམ་ཨིན་རོགས་ཟེར་ བདུད་རྩི་མིན་ན་གང་ཡིན་ཟེར་ཨིན་པས།
- ལས་སྐྱིད་སྒྲོལ་མ་ Leki Dolmaབདུད་རྩི་མེན་པ་ཅིན་ག་ཅི་སྨོ་ཟེར་ ཏེ་ས་སྨུག་འབད་རུང་ དེ་སྦེ་འབབ་འོང་མས་ཟེར་ཨིན་པས་ ཆུ་ལུ་འགྱུར་ཏེ་ བདུད་རྩི་འགྱུར་ཏེ་འོང་མས་ཟེར་ཨིན་པས།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའ་ནེམ་ཅིག་ཨིན་ན?
- ལས་སྐྱིད་སྒྲོལ་མ་ Leki Dolmaཆུ་ཅིག་ལ་བརྒལ་གེ་བསམ་པ། ལ་གི་ཕུལ་ནས་མ་འབྱུང་། ཆུ་མོ་ལ་ལས་འཕྲོ་ཅན་གྱིས། དཀར་ཡོལ་ལ་ནང་ལ་འདེགས་སོང་ཟེར། འ་ནཱི་ག་དེ་སྦེ་ཨིན་པས་ཏེ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukབཤད་པ་གནང་ཤིག་ཚར་གཅིག་ཡ་ལགས།
- ལས་སྐྱིད་སྒྲོལ་མ་ Leki Dolmaཧི་ཧི་་་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukང་གིས་འདི་ཚིག་ཧ་མི་གོ་བས་ ལ་ཅིག་བརྒལ་གེ་བསམ་པ་ཟེར་ སླབ་ཅི་མེན་ན་ ལ་ཅིག་བརྒལ་ཏེ་འགྱོཝ་ད་ཟེར་མས་ ལ་གཉིས་ཀྱི་སྦེ་འགྱོ་མ་ཚུགས་ཟེར་ཨིན་པས་ ལ་གཉིས་བརྒལ་ནི་མ་འབྱུང་།
- ལས་སྐྱིད་སྒྲོལ་མ་ Leki Dolmaཆུ་མོ་ལས་འཕྲོ་ཅན་གྱིས་ཟེར་ཨིན་པས་ ད་ཁོ་འགྱོ་ནི་འབདཝ་ད་ ཨ་ནཱི་མི་འབད་རུང་ག་ཅི་འབད་རུང་ ལ་ལུག་ཅིག་འདྲཝ་ཅིག་འབད་བ་ཅིན་ མི་ཨིན་ཟེར་སླབ་མས་མེན་ན་ འདི་གཉིས་ཀྱིས་འགྱོ་མ་བཅུག་ང་ཟེར་ཨིན་པས།
- ལས་སྐྱིད་སྒྲོལ་མ་ Leki Dolmaཆུ་མོ་ལས་འཕྲོ་ཅན་གྱིས་ཟེར་ དཀར་ཡོལ་ནང་ལ་འདེགས་སོང་ཟེརཝ་ད་ ཁོ་གིས་སེམས་ལེགས་ཤོམ་སྦེ་མནོ་སྟེ་ ང་འགྱོ་མ་བཅུག་ཟེར་ ཨིན་པས་མེན་ན? མེན་ག?
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཨིནམ་འོང་ལགས་ ང་གིས་འདི་མི་ཤེས་པས།
- ལས་སྐྱིད་སྒྲོལ་མ་ Leki Dolmaཧ་ཧ་་་་་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཨ་མ་ཁྱོད་ར་གིས་ དེ་སྦེ་གསུང་པ་ཅིན་ དེ་སྦེ་རང་ཨིནམ་འོང་།
- ལས་སྐྱིད་སྒྲོལ་མ་ Leki Dolmaཆུ་མོ་ལས་འཕྲོ་ཅན་གྱིས། དཀར་ཡོལ་ནང་ལ་འདེགས་སོང་ཟེར་ ལེགས་ཤོམ་ཡོད་པའི་ནང་རང་བཞག་ཡི་ཟེར་ཨིན་པས་ གཞན་འདི་ ཁོ་ཙིགཔ་ཟ་སྟེ་ འགྱོ་ནི་འབདཝ་ཨིན་པས་ཏེ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་ ལགས་སོ་ ལགས་སོ།
- ལས་སྐྱིད་སྒྲོལ་མ་ Leki Dolmaབཏུབ་ད་ ལེ་ཤ་ཅིག་རང་འགྱོཝ་མས།
- ཨ་ནཱི་ཨ་མ་དང་གཅིག་ཁར་ ཁྱོད་ཀྱིས་ནམ་ཚར་ནི་ད།